རྐ་སྲས་ཀྱིས་བསྒྱུར།
གལ་ཏེ་ད་ལྟའི་འཛམ་གླིང་གི་མི་འབོར་མི་གྲངས་བརྒྱ་ཙམ་ཡིན་པའི་དབང་དུ་བཏང་ན། འུ་ཅག་ལས་མི་བརྒྱ་ཕོ་ཡིན་པ་དང་བརྒྱ་མོ་ཡིན་ལ། ང་ཚོ་ལས་མི་ཉེར་ལྔ། ལོ་ཀླད་གོར་ནས་བཅུ་བཞི་བར་ཡིན་པ་དང་། མི་དྲུག་ཅུ་རེ་དྲུག ལོ་བཅོ་ལྔ་ནས་དྲུག་ཅུ་རེ་བཞི་བར་ཡིན། མི་དགུ་ནི་ལོ་དྲུག་བཅུ་རེ་ལྔ་དང་བགྲེས་སོང་གི་བར་ཡིན།
ས་རྒྱུས་རིག་པའི་ཆ་ནས་བཤད་ན། མི་དྲུག་ཅུ་ཨེ་ཤ་ཡ་ནས་ཡིན་པ་དང་། མི་བཅུ་དྲུག་ཨ་ཧྥེ་རི་ཁ་ནས། མི་བཅུ་ཡོ་རོབ་ནས། མི་དགུ་ལཱ་ཐེན་ཨ་མེ་རི་ཁ་དང་ཁཱ་རི་བྷིན་ནས་དང་། མི་ལྔ་བྱང་ཨ་རི་བཅས་ནས་ཡིན།
ཆོས་ལུགས་ཀྱི་ཆ་ནས་བཤད་ན། མི་སུམ་ཅུ་སོ་གཅིག་ཡེ་ཤུ་བ་དང་། མི་ཉི་ཤུ་རྩ་གསུམ་ཁ་ཆེ་བ། མི་བཅུ་དྲུག་ཆོས་ལུགས་མེད་མཁན། མི་བཅོ་ལྔ་ཧིན་ངྷི་བ། མི་བདུན་ནང་པ། མི་བརྒྱད་ཆོས་ལུགས་གཞན་དག་ལ་དད་པ་བྱེད་མཁན་བཅས་ཡིན།
དེ་ནས་ཕ་སྐད་ཀྱི་ཆ་ནས་བཤད་ན། མི་བཅུ་གཉིས་རྒྱ་ནག་གི་སྐད་ཤོད་མཁན་དང་། མི་དྲུག་སི་པན་པའི་སྐད་ཤོད་མཁན། ལྔ་དབྱིན་སྐད་ཤོད་མཁན། བཞི་ཧིན་ངྷིའི་སྐད་ཤོད་མཁན། གསུམ་ཨ་རབ་བྷེའི་སྐད་ཤོད་མཁན། ད་དུང་གསུམ་བྷེན་གྷོ་ལིའི་སྐད་ཤོད་མཁན། ཡང་གསུམ་ཕཱོ་ཆི་གྷེའི་སྐད་ཤོད་མཁན། གཉིས་རཱ་ཤེ་ཡའི་སྐད་ཤོད་མཁན། ཡང་གཉིས་ཉི་ཧུང་གི་སྐད་ཤོད་མཁན་དང་། དྲུག་ཅུ་ཐམ་པ་སྐད་རིགས་གཞན་དག་ཤོད་མཁན་བཅས་ཡིན།
ཡིག་རྨོངས་སེལ་མིན་གྱི་ཆ་ནས་བཤད་ན། མི་བརྒྱད་ཅུ་གྱ་དྲུག་གིས་འབྲི་ཀློག་ཐུབ་པ་དང་། མི་བཅུ་བཞིས་འབྲི་ཀློག་མི་ཐུབ། ཤེས་ཡོན་གྱི་ཆ་ནས་བཤད་ན། མི་བདུན་ཁོ་ནར་མཐོ་སློབ་གྱི་ལག་ཁྱེར་ཡོད་པ་དང་། མི་བདུན་ཅུ་དོན་བརྒྱད་ལ་སྡོད་ཁྱིམ་ཡོད་པ་དང་། མི་ཉེར་གཉིས་ལ་མེད། མི་དགུ་བཅུ་གོ་གཅིག་ལ་འཐུང་ཆུ་གཙང་མའི་མཐུན་རྐྱེན་ཡོད་པ་དང་། མི་དགུ་ལ་མེད།
མི་བཅུ་གཅིག་ལ་འཕྲོད་བསྟེན་གྱི་མཐུན་རྐྱེན་མེད་པ་དང་། མི་གཅིག་ཨེ་ཙའི་ནད་པ་ཡིན་ཞིང་། ཡང་མི་གཅིག་གློ་ནད་ཊི་བྷེ་ནད་པ་ཡིན། གཤམ་གྱི་འདིས་ང་རང་ཧང་སང་དུ་བཅུག་བྱུང་། མི་བཅུ་གཅིག་གི་འཚོ་བའི་གནས་ཚད་ནི། ཉིན་རེར་ཨ་སྒོར་གཅིག་དང་ཚེག་དགུ་བཅུ་ཡིན། མི་བརྒྱད་ཅུ་གྱ་གཉིས་ལ་གློག་གི་མཐུན་རྐྱེན་ཡོད་པ་དང་། མི་བཅོ་བརྒྱད་ལ་གློག་མེད། མི་དྲུག་ཅུ་རེ་ལྔ་གཅིག་པུར་ལག་ཁྱེར་ཁ་པར་ཡོད་པ་དང་། མི་བཞི་ཅུ་ཞེ་བདུན་ཁོ་ནར་དྲ་རྒྱའི་མཐུན་རྐྱེན་ཡོད།
འདི་དག་ཚང་མ་ལས་ངས་བསླབ་བྱ་ཆེན་པོ་གསུམ་ལེན་ཐུབ་པ་བྱུང་།
གཅིག་ནི། འདི་དག་གིས་ང་རང་སྣ་མང་རང་བཞིན་ལ་ཡིད་རངས་བྱེད་དུ་འཇུག་ཐུབ་སྟེ། ཡོད་ཚད་རང་ཉིད་དང་གཅིག་པ་གཅིག་རྐྱང་ཡིན་པའི་འཛམ་གླིང་ཞིག་ཏུ་འཚོ་དགོས་ཚེ། དེ་ནི་ཅི་འདྲའི་སུན་སྣང་སྐྱེ་བ་ཞིག་ཡིན་ངེས་འང་། ཁྱོད་ཀྱི་འཚོ་བའི་ཁྲོད་ཀྱི་མི་ཚང་མས་ཁྱོད་རང་ལྟར་སྐད་ཆ་ཤོད་ཅིང་བསམ་བློ་གཏོང་བ་དང་། ཁྱོད་རང་ལྟར་གོམ་པ་སྤོ་བའི་འཆར་ཡན་ཞིག་བྱོས་དང་། འཛམ་གླིང་ནི་ཅི་འདྲའི་སུན་སྣང་སྟེར་བའི་འཇིག་རྟེན་ཞིག་ཡིན་ངེས་འང་། དེར་རིག་གཞུང་གསར་བ་ཞིབ་འཇུག་བྱེད་ས་མེད་ལ་སྐད་ཡིག་གསར་བ་སྦྱོང་རྒྱུ་མེད། ཁྱོད་ཀྱི་མི་ཚེའི་ཁྲོད་ཉེན་ཁ་གསར་པ་བརྒྱུད་ས་འང་མེད།
བསླབ་བྱ་གཉིས་པ་ནི།
འདིས་ང་རང་ལ་ཅི་ཞིག་ཡོད་པ་དེའི་རིན་ཐང་དང་བཀའ་དྲིན་རྟོགས་སུ་བཅུག་བྱུང་། ང་ཚོས་ཧེ་བག་མི་འདྲ་བའི་གྲངས་ཀ་དེ་དག་མཐོང་དུས། ང་ཚོས་རང་ཉིད་ནི་ངོ་མ་ཅི་འདྲའི་ལས་བསྐལ་བཟང་པོ་ཅན་གྱི་མི་ཞིག་ཡིན་པ་ཤེས་ཐུབ།
བསླབ་བྱ་གསུམ་པ་ནི།
འདིས་འུ་ཅག་ལ་ད་དུང་འཛམ་གླིང་འདིའི་ནང་དུ་རང་ཉིད་ལ་ཅི་འདྲ་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་པ་དང་། དེ་དག་ལ་འཇུག་པའི་བསྐུལ་སློང་བྱེད་པ་ཡིན་ཏེ། ང་ཚོ་ཚང་མར་གཞན་གྱི་འཚོ་བ་ལ་ཞབས་འདེགས་བསྒྲུབ་ཞིང་། ལེགས་སྐྱེས་འབུལ་བའི་གོ་སྐབས་ཧ་ཅང་མང་པོ་ཞིག་ཡོད་པ་སྟེ། ང་ཚོས་མི་གཞན་གྱི་ལུས་སེམས་ཀྱི་དཀའ་ངལ་བསེལ་བ་དང་། གཞན་སྣང་མེད་དུ་སྐྱུར་བ་དོར་ནས། ཞབས་ཞུ་དང་རོགས་རམ་ཞུས་སྟེ། འགྲོ་བ་མི་ཡོངས་ལ་ཤུགས་རྐྱེན་བཟང་པོ་ཞིག་སྤྲོད་ཐུབ་པར་བྱེད་རྒྱུ་བཅས་ཡོད་པ་རེད།
དེ་ནི། མཧཱ་མཱ་ཊི་ཨ་ལིས་ཀྱིས “གཞན་ལ་ཞབས་འདེགས་ཞུ་བ་ནི། ང་ཚོ་གོ་ལ་འདིའི་ཐོག་སྡོད་པའི་ཁང་རིན་ཡིན།”ཞེས་གསུངས་པ་དེ་ཡིན།
གོང་གི་སྐད་ཆ་དེ་ཤོད་མཁན་Jay shetty ཇཱེ་ཤེ་ཊི་ནི། ཡོས་ཊོབ་དྲ་བརྙན་དུ་སྙན་གྲགས་ཧ་ཅང་ཆེ་བའི་གཏམ་བཤད་པ་ཞིག་ཡིན།
རྐ་སྲས་ཀྱིས་ལེགས་པར་བསྒྱུར་ཡོད་པ་ལ་དགའ་བསུ།
ཁ་ཆེ། ཞེས་པཡུལ་མིང་ཆོས་ལུགས་ལ་ཐོགས། དེ་ཡང་སུ་ནཱི་མུ་སུལ་མན་ལ་ཁ་ཆེ་ཟེར། ཤ་ཡ་མུ་སུལ་མན་ཆོས་ལུགས་པ་ལ། ཁ་ཆེ། ཞེས་འབྲི་ན། དོན་ལ་མི་འགྲིག ཁ་ཆེ་ཡུལ་ནས་བྱུང་བ་ལ་ཁ་ཆེ་དང་། ཤ་ཡ་མུ་སུལ་མན་་ལ་མིང་གཞན་ཞིག་འབྲི་དགོས།
་་་
བསེལ་བ། བྱ་ཚིག་འདི་ཉིད་དག་པར་བྲིས་ཏེ། ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་འབྲི་ཐུབ་ན། བོད་ཡིག་འབྲི་བ་ལ་ཕན་ནོ།
ཡག་པོ་བསྒྱུར་མི་འདུག མི་བརྒྱ་ལ་ཕོ་བརྒྱ་དང་མོ་བརྒྱ་ཡིན་ན་མི་ེཉིས་བརྒྱ་རེད། ། ཡང་བསྐྱར་ཞུ་དག་གཏོང་དགོས་འདུག
སྟོན་ཀ་ལཊ།ཐུཊ་བདེན་པ་རེད། ཕོ་ལྔ་བཅུ་དང་། མོ་ལྔ་བཅུ་རེད།
ཡག་པོ་ཁྱོན་ནས་བསྒྱུར་མི་འདུག ཧཧཧ
ཞུ་དག་ལ་ཡང། ཞུས་དག་ཅེས་བཅོས་ན།བོད་མཁས་པས་བྲིས་པ་དང་མཐུན་ནོ།
སྟོན་ཀ་ལགས། ཐུགས་བདེན་པ་རེད། ཕོ་ལྔ་བཅུ་དང་མོ་ལྔ་བཅུ་རེད།