ཁྲོ་གཏུམ། ༼ཨོ་གླིང་།༽
རླུང་བུ་ལྡིང་བ་ནི་ཚ་བ་འགོག་བྱེད་ཡིན་པ་གནས་ལུགས་ཤིག
རླུང་བུ་ལ་སྡང་བ་ནི་ཚ་བར་དགའ་མཁན་ཞིག་ཡིན་པའང་གནས་ལུགས་ཤིག
རླུང་བུ་གཡུགས་པའི་སྟངས་སྟབས་ཀྱིས་སུ་ཞིག་ལ་ངོ་དགའ་བྱེད
གང་ཞིག་ལ་ཕོག་ཐུག་གཏོང་འདོད་ཡོད་མི་སྲིད
སྲིད་པ་ནི་རླུང་བུ་གཡུགས་དགོས་པའི་བར་སྣང་དེ་དང
ཡང་ན་རླུང་བུ་གཡུགས་སྲིད་པའི་གནས་ལུགས་ཤིག
ཧ་ཅང་ལས་སླ་བའི་གནས་ལུགས་འདི་དག་གི་ཧྲག་བར་ན
བསམ་བློ་ག་ཚོད་ཅིག་གསོན་པོར་ལྷག་ཡོད་དམ
ཡང་ན་ཤི་མ་གསོན
འོ་ན་ལྷག་མེད་དུ་གྱུར་བ
དེ་ན་གང་ཡང་མ་འཚོར་བར་ལྷག་པ
ཕྱི་ལོ་ ༢༠༢༠ ཟླ་ ༠༦ ཚེས་ ༢༢ ཉིན་ཤར་མཱེ་ཧྥེ་སློབ་ཆུང་གི་སྒོ་ཁ་ནས།