བྱ་གཞུང་འཇམ་བྷེ།
ཁབ་མིག་གི་བློ་གྲོས་ཀྱིས
འདས་མ་ད་གསུམ་ལ་བལྟ་བའི་སྐད་སྒྲ་ཆེ་བའི་ཇག་ཚོགས
རྣ་བ་རུལ་བ་དང་མིག་ཟུང་ཐེད་པའི་ཧམ་རྫུན་གྱི་བྲན་གཡོག་པ
ཁྱེད་ཚོ་རྫུན་པ་བདེན་སྒྲིག་གིས་རོ་ལངས་རྒྱག་སྲིད་ན་ཐང
འོན་ཀྱང་། མ་འོངས་བ་ན་–ཁྱོད་ཚོའི་སྐད་སྒྲ་ལ་བྲག་ཅ་མཆེད་མི་སྲིད
མ་འོངས་བ་ན་—ཁྱོད་ཚོའི་རྨི་ལམ་ལ་ཁ་དོག་ཡོད་མི་སྲིད
ཚེར་མ་གོས་ཀྱིས་གཡོགས་པའི་བསླབ་བྱ་དང
སྐྱག་པ་ཁ་བས་གཡོགས་པའི་གཏམ་བཤད་དེ་དག
ཁྱོད་ཚོའི་ང་རྒྱལ་གྱི་རྣ་ལུང་ཡིན་ནམ
ཁྱོད་ཚོའི་གཟི་བརྗིད་ཀྱི་ཕོ་བྲང་ཡིན་ནམ
ཁྱོད་ཚོའི་རྣམ་དཔྱོད་ཀྱི་སྒོ་མོར་ལྕགས་ཟ་དམ་པོར་བརྒྱབ་འདུག་པས
སྐབས་འཚོལ་བའི་ལྟག་རྒྱབ་ཏུ་བསྐུངས་བའི་གསང་བ་དེ་དག་མཐོང་སྐལ་དབེན་ནོ
བསམ་གཞིག་ཐན་ཐུན་དང་—-ཚོར་བ་ཐོལ་ཐོལ་གྱི་གློང་ནས
དངོས་ཡོད་ཀྱི་བདེན་པའི་གནས་ལུགས་འཚོལ་མཁན་ཞིག་ལ་མཚོན་ན
འཁྲུལ་སྣང་གི་ངོས་ནས་བདེན་པར་རློམ་པའི་གནས་ལུགས་ཅི་ཙམ་ཞིག་རྙེད་ཐུབ་བམ
དེར་བརྟེན—–སུ་ཡིས་སུ་ལ་མཛུབ་མོ་ཀེར་ཏེ་སྐྱོན་བརྗོད་བྱེད་ཨང
༢༠༡༦/༣/༢༢ ཉིན་ལ།