བེ་རི་འཇིགས་མེད་དབང་རྒྱལ།
འབུམ་ཕྲག་ཟླ་ཟེར་འཐུང་བའི་ཀུན་མུ་ཏས།།
མཚོན་དུས་མ་ཡིན་ངག་དབང་དབྱངས་ལྡན་ལྷ།
སྙུག་ཐོགས་བུ་ངའི་མགྲིན་པའི་འོ་མཚོ་ལ།
རྩེན་ནས་ཉམས་འགྱུར་སྟོང་གི་ཤིས་པ་སྒྲུབས།
འཕགས་བོད་འདུ་བྱེད་མཁས་པའི་ཞལ་ཆབ་ལས།
བྱུང་བའི་ལེགས་བཤད་བདུད་རྩིའི་མཆོད་ཡོན་འཕྲུལ།
གསང་བའི་སྐུར་ཡིག་དོན་ལྡན་ནོར་བུའི་གཏེར།
འདི་ན་འཁྱིལ་ཞེས་འཛུབ་སྟོན་མདོར་བསྡུས་བྱ།
སྔོན་བྱོན་འཕགས་བོད་མཁས་པ་དུ་མའི་ཐབས་འཕྲུལ་ཕྱག་སྲོལ་རྒྱུན་འབྱམས་ལས་བྱུང་བའི་གསང་འཕྲིན་ཡིག་ཟོམ་གྱི་ཐབས་ལམ་བླ་ན་མེད་པའི་ལེགས་བྱས་ལ་བརྟེན་ནས། ལུགས་གཉིས་གནས་ལ་ཕན་རླབས་རྒྱ་ཆེར་བྱུང་བ་ནི་ལོ་རྒྱུས་ཀྱི་མེ་ལོང་ནང་གསལ་མོད། དེ་ལྟ་ནའང་དེང་རབས་གསར་པའི་སྤྱི་ཚོགས་ནང་དུ། ཡིག་འཕྲུལ་གྱི་གསང་བའི་ཐབས་ལམ་འདི་ཉིད་ལ་བློ་གྲོས་ཀྱི་ཁ་ལོ་བསྒྱུར་མྱོང་མེད་པའི་བློ་གསར་གཞོན་སྐྱེས་མི་ཉུང་བ་ཞིག་མཆིས་པ་བདེན་མི་ཟ་བས། དེས་ན་འདིར་གལ་ཆེན་སྒྲུབ་པའི་ཆ་ཤས་མེད་དུ་མི་རུང་བའི་གསང་འཕྲིན་གཏོང་ལེན་བྱེད་སྟངས་ཀྱི་གནད་བསྡུས་ཏེ་ཅུང་ཟད་ཞུ་ན།
དེ་ཡང་གསང་བའི་ཡིག་འཕྲིན་གཏོང་ལེན་བྱེད་མཁན་གཉིས་ཀས་འབྲི་འདོན་བྱེད་སྟངས་ཀྱི་གནད་རྣམས་ཚུལ་བཞིན་ཤེས་དགོས་པ་ལས། གཞན་དུ་ན་གསང་དོན་ཕྱིར་གྱར་བ་འམ། རང་ཉིད་ཀྱིས་ཀྱང་ནང་དོན་མི་གོ་བ་དང༌། ལོག་པར་གོ་བའི་སྐྱོན་ལ་བརྟེན་ནས་དམིགས་ཡུལ་ལས་གོ་ལྡོག་སྟེ། དོན་ཆེན་སྒྲུབ་པའི་གེགས་བྱེད་འབའ་ཞིག་ཏུ་འགྱུར་བའི་ཉེན་ཡང་ཡོད་པས་གཤམ་གསལ་འཆད་འགྱུར་ལ་ཙིས་ཀྱང་དོ་སྣང་དགོས།
གཅིག་དབྲི་སའི་ཤོག་གུ།
ཐོག་མར་གསང་བའི་ཡིག་འཕྲིན་གང་ཞིག་དབྲི་སའི་ཤོག་བུ་ཡིན་རུང༌། ནག་ནོག་སོགས་མེད་ཅིང་སྲབ་འཐུག་རན་པ། ཐིག་སོགས་མེད་པའམ་ཡང་ན་མངོན་ཆེར་མེད་པ། ཧ་ཅང་སླ་བ་མ་ཡིན་པ། ཚོན་གཞི་གཅིག་ཏུ་དཀར་བ་བཅས་དགོས་སོ།
གཉིས་འབྲི་བྱེད་སྨྱུ་གུ།
འབྲི་བྱེད་སྨྱུ་གུ་ནི་སྲ་ཞིང་མཁྲེགས་པའི་ཤིང་ལྤགས་སམ་སྨྱུགས་མ་གང་ཡང་རུང་བའི་ཁ་ལེགས་པར་གཏུབ་དགོས། འབྲི་བྱེད་སྣག་ཚ་སླ་བའི་རིགས་ཁ་ཤས་ལ་ལྕགས་སྨྱུག་གིས་བྲིས་ཀྱང་མི་རིགས་པ་མེད་ཅེས་ཡབ་ཆེན་དམ་པས་གསུངས།
གསུམ་པ་སྣག་ཚ།
འདིར་གསང་བའི་འཕྲིན་ཡིག་འབྲི་བྱེད་སྣག་ཚའི་སྒོ་ནས་རིགས་མི་འདྲ་བ་ལྔར་ཕྱེས་ནས་བཤད་ན།
༡༽ ས་ཡིག་ནི།
བ་ཕྱུགས་དང་ར་གང་རུང་གི་འོ་མའི་སྟེང་གི་སྤྲིས་ཀ་དང་ཞབས་ཀྱི་སྙིགས་མ་དོར་ཏེ་དཀའ་སླ་རན་པོར་བྱས་ནས་གོང་གསལ་ཤོག་སྨྱུག་བེད་སྤྱད་དེ་འབྲི་དགོས། འདིར་འབྲི་བྱེད་སྣག་ཚ་དཀའ་སླ་རན་མིན་ཞིབ་ཏུ་བརྟག་དགོས། སླ་ན་བཀླག་མི་ནུས་ཤིང༌། དཀའ་ན་ཐད་ཀར་ཡིག་འབྲུ་མངོན་པས་གསང་དོན་ཕྱིར་གྱར་བའམ། དམིགས་ཡུལ་ལྟར་འགྲུབ་མི་ནུས་པ་བཅས་གསང་འཕྲིན་གཞན་རྣམས་ལའང་རིགས་འགྲེ། ཡི་གེ་འདི་ཉིད་ཀློག་པའི་ཚེ་མེའམ་ཉི་དྲོད་ཕོག་སའི་སྟེགས་ཤིག་ཏུ་འཁོད་མཉམ་པའི་ལྕོག་ཙེ་དང་སྤང་ལེབ་ལྟ་བུ་ཞིག་ལ་སྐར་ཆ་འགའ་ཞིག་བཞག་སྟེ། ས་དཀར་དང་གོ་ཐལ་སོགས་ཞིབ་འཐག་བྱས་པའི་ཐལ་བ་འཁོད་མཉམ་པོར་བཀྲམ་ནས་དྲོད་ཅུང་ཟད་བསོས་རྗེས། སྤྲུག་སྤྲུག་ལྷོད་པོར་བཏང་ནས་ཀློག་ན་ཡིག་འབྲུ་གསལ་པོར་མཐོང་ཐུབ། དེ་བས་ན་མི་རྣམས་ཀྱིས་གསང་འཕྲིན་འདི་ལ་ས་ཡིག་ཅེས་བྱ་ཞིང༌། ཡིག་སྐོག་སྟེང་དུའང་སའི་ས་བོན་¿བ།¿ འམ་ ¿ས་¿ ཡིག་ཀྱང་འབྲི་སྲོལ་ཡོད་དེ། འདི་ལ་བརྟེན་ནས་ཀློག་པ་པོས་ས་ཡིག་ཡིན་པར་ངེས་དགོས།
༢༽ ཆུ་ཡིག་ནི།
གསེར་མདོག་ཐར་ནུ་(རོ་ཚ་ལ་མངར་ཞིང་ཞི་རྗེས་བསིལ། ནུས་པས་གཉན་ནད་སོགས་ཚ་གྲང་གཉིས་ཀའི་ནད་རྣམས་ཐུར་དུ་སྦྱོང་བར་བྱེད་པའི་སྨན་གྱི་རྩ་ལྡུམ་ཞིག་ཡིན།) སྣོད་གཙང་མ་ཞིག་གི་ནང་དུ་ཁུ་བ་ཕབ་སྟེ་གར་སླ་རན་པར་བྱས་ནས་འབྲི་དགོས། ཀློག་པའི་སྐབས་མཚུར་གྱི་ཆུ་ཚོས་གདན་བླུགས་པའི་ཆུ་ལ་སྦངས་ན་ཡི་འབྲི་རྣམས་གསལ་པོར་མངོན་ཐུབ། དེའི་ཕྱིར་མི་རྣམས་ཀྱིས་གསང་འཕྲིན་འདི་ལ་ཆུ་ཡིག་ཅེས་བྱ་ཞིང༌། མཚོན་བྱེད་དུ་ཆུའི་ས་བོན་¿ལྦམ་¿ཡིག་གམ་མིང་གཞི་¿ཆ་¿འབྲི་སྲོལ་ཡོད་དེ། འདི་ལ་བརྟེན་ནས་ཀློག་མཁན་གྱིས་ཆུ་ཡིག་ཡིན་པར་ངེས་དགོས།
༣༽ མེ་ཡིག་ནི།
ཚྭའམ་བུལ་ཏོག་གང་རུང་སྣོད་གཙང་མར་ཆུ་དྭངས་མ་ནང་བླུགས་ཏེ་དཀྲུགས་རྗེས་ཆུ་དེས་འབྲི་དགོས། འདི་ལྕགས་སྨྱུག་གིས་བྲིས་ཀྱང་རུང་བར་གསུངས། ཀློག་པའི་སྐབས་མེ་ཁྲོལ་གྱི་ངོས་སུ་ཤོག་བུ་དེ་ཉིད་ནག་པོ་མ་གྱུར་བར་དུ་བསྲོས་ན།ད་གཟོད་ཡིག་འབྲི་རྣམས་མངོན་ཐུབ། འདི་མེ་ཁྲོལ་སོགས་ཀྱི་ངོས་སུ་བསྲོལ་པའི་སྐབས་རྫ་ནོག་སོགས་ཀྱིས་གོས་ན་ཡིག་འབྲུ་མི་གསལ་བར་འགྱུར་བས་སྟབས་གཟབ་དགོས། གོང་གསལ་རྒྱུ་མཚན་ལ་བལྟས་ནས་མི་རྣམས་ཀྱིས་འཕྲིན་ཡིག་འདི་རིགས་ལ་ ¿མེ་ཡིག་¿ཅེས་བྱ་ཞིང༌། མཚོན་བྱེད་དུ་ཡིག་སྐོགས་ཐོག་¿རམ་¿¿དང¿¿་མ¿ གང་རུང་འབྲི་སྲོལ་ཡོད། དེ་ལ་བརྟེན་ནས་ཀློག་མཁན་གྱིས་འདི་ཉིད་མེ་ཡིག་ཡིན་པ་མཁྱེན་དགོས།
༤ ༽རླུང་ཡིག་ནི།
སྲོག་ཆགས་གྲུམ་པ་དང་བྱིའུ་གང་རུང་གི་མཁྲིས་པའི་ཁུ་བ་དཀའ་སླ་རན་པར་བྱས་ཏེ་འབྲི་དགོས། ཡི་གེ་ཀློག་དུས་ཤོག་བུ་དེ་ཉིད་རླུང་ངམ་རླུང་འཁོར་གྱི་ཁར་སྐར་ཆ་འགའག་ཞིག་འཕྱར་ནས་ཀློག་ན་ཡིག་འབྲུ་གསལ་པོར་མཐོང་ཐུབ། དེའི་ཕྱིར་མི་རྣམས་ཀྱིས་ཡི་གེ་འདི་ལ་རླུང་ཡིག་ཅེས་བྱ་ཞིང༌། མཚོན་བྱེད་དུ་ཡིག་སྐོགས་ཐོག་རླུང་གི་ས་བོན་¿ཨ་¿དང་མིང་གཞི་¿ར་¿གང་རུང་འབབྲི་སྲོལ་ཡོད། འདི་ལ་བརྟེན་ནས་ཀློག་པ་པོས་རླུང་ཡིག་པར་ཤེས་དགོས།
༥༽ མཁའ་ཡིག་ནི།
མར་ཁུའི་ནང་ཀ་ར་དང་སྦྲང་རྩི་གང་རུང་མང་ཉུང་རན་པར་བླུགས་ནས་དཀྲུགས་རྗེས། དེས་སྣག་ཚར་བྱས་ནས་འབྲི་དགོས། ཀློག་པའི་སྐབས་ཁང་པ་ནག་ཁུངས་དང་། ཡང་ན་མཚན་མོ་ལྟ་བུར་གློག་དང་ཞུན་མར་གྱི་འོད་ལ་ཤོག་བུ་དེ་ཉིད་ལ་རྒྱབ་བརྟེན་ནས་ཤོག་བུའི་གྲིབ་ནག་གུག་སའི་ཕྱོགས་ནས་ཕར་ཀློག་ན་ཡིག་འབྲུ་རྣམས་མངོན་ཐུབ། རྒྱུ་མཚན་དེར་བརྟེན་མི་རྣམས་ཀྱི་འདི་ལ་སྣུམ་ཡིག་གམ་ནམ་མཁའི་ཡི་གེ་ཟེར་ཞིང༌། མཚོན་བྱེད་དུ་ཡིག་སྐོགས་ལ་ནམ་མཁའི་ས་བོན་¿ཁ་¿དང་ཡང་ན་ ¿ན་¿ ཡིག་འབྲི་སྲོལ་ཡོད། གཟབ་དགོས་པ་ཞིག་ལ་ཤོག་བུ་སྟེབས་རྩིག་བྱེད་དུས་ཡི་གེ་བྲིས་ཡོད་སའི་ཐད་ལ་སྟེབས་རྩིགས་མི་ཐེབས་པར་བྱེད་དགོས། ད་དུང་གསང་བའི་ཡིག་སྐུར་རྣམ་གཞག་མང་དུ་ཡོད་ཀྱང༌། དེང་ཆར་ལག་ལེན་དུ་བསྟར་དཀའ་བས་དོར་ལ། འདི་ཡབ་ཆེན་དམ་པའི་ཞལ་ལུང་བཞིན་བཀོད་པར་ལགས་སོ།།
མང་མང་གསང་བའི་ཡིག་སྐུར་རྣམ་གཞག་ལས།
ཉུང་ཉུང་ཉེ་མཁོ་འགའ་ཞིག་འདིར་བཀོད་པས།།
གསལ་གསལ་བློ་མིག་ཡངས་པའི་གཞོན་སྐྱེས་རྣམས།།
མཁས་མཁས་ཤེས་བྱའི་མཛོད་ལ་དབང་འབྱོར་ཤོག།།
རྒྱ་གར་ལྷོ་ཕྱོགས་བློ་གསལ་རྩོམ་སྒྲིག་ཁང་ནས་༩༦ ཟླ་༡༡ ཚེས་༡༥ལ།
བེ་རི་ལགས། ཁྱེད་བོད་མི་རིགས་ནང་ཁུལ་དཀྲུག་ཤིང་བརྒྱབ། ཁམས་པ་ཚང་མ་ཨ་མདོ་བ་ཚོར་དགྲ་ལྟར་འདུ་ཤེས་བཟོ་བའི་མགོ་ཁྲིད། ད་འདིར་ཡོང་ནས་སྤྱང་ཀིས་བོང་ལྤགས་མགྱོན་དགོས་དོན་ཅི།
ཅིའི་ཕྱིར་ངེད་ཚོ་བོད་པའི་ཆིག་སྒྲིལ་ལ་དུག་སྦྱར་བཞིན་ཡོད། ཁྱོད་སྤྱི་འཐུས་ནང་ང་ཚོའི་རྒྱལ་བ་རིན་པོ་ཆེའི་དབུ་ལ་རྒྱོབ་པའི་བྱ་བ་དེ་ངེད་ཚོས་བརྗེད་པ་རེད་སྙམ་མམ།
ཨ་རོགས་མྱི་འདིའི་གསང་བའི་ཡིག་སྐུར་རྣམ་གཞག་རྒྱུད་ནས་
བོད་མི་རིགས་ནང་ཁུལ་དུ་ཕྱོགས་རིས་མཐུན་ཁྱེར་དང་གཡེན་དཀྲུག་བརྒྱབ་དགོས་པ་སོགས་ཤེས་ཡོད་པ་འདྲ་
བེ་རི། ཁྱོད་ལ་ཁ་སང་གི་སྤྱི་འཐུས་ཚོགས་ཁང་ནང་གི་སྐད་ཆ་བཤད་སྟངས་དེས་ཞེན་པ་ལོག་སོང་། མི་ཤེས་ཤེས་མདོག མི་འཇོན་འཇོན་མདོག ད་ཁྱོད་ལྟ་བུ་ཁ་ཤས་ཡོང་ན་སྤྱི་འཐུས་ནང་དུ་གྲྭ་བ་གཏན་འགོག་བྱེད་ཁོ་ཐག་རེད། དེ་ནང་ལ་དཔུང་པ་གང་སྦོམ་དང་། གླེན་པ་སུ་ཡིན་གྱིས་འགྲིག་ས་དེ་འདྲ་ཡིན་རྒྱུ་མ་རེད།
ཡང་གཞོན་ནུ་ཟླ་མེད་བེ་རིའི་ཐོག་ལ་ཤོར་གྱི་འདུག དགེ་བཤེས་ཞེ་སྡང་ཅན་འདིས་ཅིག་དཀའ་རྒྱུ་རེད་ཡ། ད་ཧ་ལམ་གཞོན་ནུ་ཟླ་མེད་མི་ལྔ་བཅུ་དང་རྒྱག་རེས་བརྒྱབ་ཚར་བ་ཡོད། སྙིགས་མའི་དུས་ཀྱི་དགེ་བཤེས་འདི་ཚོས་ཉི་མ་མ་ཆོད་དུས་འདི་འདྲ་བྱེད་ཀྱི་ཡོད་ས་རེད། གཅིག་བྱས་ན་སྔར་གདན་ས་ལ་ཡོད་དུས་འདྲེ་ཡི་བསྙེན་སྒྲུབ་བྱེད་རྒྱུ་མང་དྲག་པར་ཡིན་ན་ཡང་ཐང་། ངོ་མ་འདྲེ་སྟོབས་ཅན་དང་། ཁྲེལ་ཕྱི་ཐག་ཅན་གྱི་འདྲེ་ཟེར་ནོ་རེད་ཡ། གཞོན་ནུ་ཟླ་མེད་འདིའི་ལས་སྐལ་ནོར་མི་འདུག
མྱིག་རྫོབ།
ཁྱོད་ལྟར་ན་ཁ་བརྡ་ནང་ན་མི་ལྔ་བཅུ་གང་ན་ཡོད། རྩོམ་འབྲི་བ་མིང་བཅུ་ཁ་ཞིག་ནི་ཁྱོད་རང་གིས་རྡོ་སྦིས་བློ་བཟང་ཡོན་ཏན་རེད་ཟེར་ནས་ཐག་བཅད་ཚར་བ་རེད། ཡང་སྐོར་ཞིག་ནི་མདའ་ཚན་པ་རེད་ཟེར་ནས་ཐག་བཅད་ཚར་བ་རེད། དེ་ནས་སྐོར་ཞིག་སྟག་སྨྱོན་རེད་ཟེར་ནས་ཐག་བཅད་ཚར་བ་རེད། དེ་ན་ཁྱོད་འདིའི་ནང་ན་མི་གྲངས་ལྔ་བཅུ་གང་ན་ཡོད་ནས། ཁྱོད་ལ་དྲན་པ་བརྟན་པོ་མེད་ན་ཡང་ང་ལ་དྲན་པ་བརྟན་པོ་ཡོད་ནི་རེད་ཡ།
ཧ་ཧ་ཧ་ཧ། ད་རེས་ཁྱོད་ཀྱིས་ཡག་པོ་ཞིག་བྲིས་འདུག ཁྱོད་འདི་ཁ་རྒོད་ཞིག་ཡིན། ཡིན་ན་ཡང་ངས་མདའ་ཚན་པ་དང་སྟག་སྨྱོན་སོགས་ལ་གང་ཡང་ལབ་མེད། རྡོ་སྦིས་བློ་བཟང་ཡོན་ཏན་ལ་ངས་དེ་འདྲ་བཤད་པ་བདེན། ཁྱོས་ལྟོས་དང་། བོད་པ་ཟེར་བ་སོགས་བློ་ཡོན་ལ་བསྟོད་པ་བྱེད་མཁན་གང་མང་ཞིག སེམས་དང་སེམས་བྱུང་མཚུངས་ལྡན་བཤད་པ་ལྟར། བློ་ཡོན་དང་དུས་ཚོད་བརྗོད་གཞི་བརྗོད་ཚིག་ཡིག་ནོར་རྩོམ་གཤིས་སོགས་ཡོད་ཚད་མཚུངས་ལྡན་ཡིན་པས། བློ་ཡོན་མེད་ན་དེ་ཚོ་ཡང་མེད་པ་རེད། གང་ལྟར་ངས་ཁྱོད་བྱ་ནེ་ལེས་ཨ་བྲ་སྒུག་པ་ལྟར་དྲ་ཐོག་ལ་བལྟས་བལྟས་ལ་ཡོད་པ་ཤེས་ནས། ང་འདིར་ཐོན་ཡོད་པའི་བརྡ་ཞིག་བསྐྱལ་བ་ཡིན། གྲོགས་པོ་དགའ་བོ། དེ་རིང་ཡང་ཨུ་གཉིས་དགེ་ལུགས་ཀྱི་དོན་ལ་རྒྱག་རེས་རྒྱག་གམ། ཡང་ན་གཞན་ཞིག་གི་དོན་ལ་རྒྱག་རེས་རྒྱག ཉིན་རེར་ཁྱོད་དང་རྒྱག་རེས་རེ་མ་བརྒྱབ་ན་སྐྱིད་པོ་མི་འདུག་ཡ།
ཨ་རོགས་ངས་དེ་རིང་ཁྱེད་སང་གི་ཡིག་ཆ་ཞིག་ལ་བལྟ་གི་ཡོད། དེའི་ནང་ལ། “ཡང་ན་འདིར་ལས་དང་ཉོན་མོངས་པ་ཙམ་ཉིད་རྒྱུ་སྟེ། དེ་དག་ཡོད་པ་དང་མེད་པས་ཚེ་ཡོད་པ་དང་མེད་པར་སྣང་བའི་ཕྱིར་རོ།། དེའི་ཕྱིར་ཚེ་ནི་དེའི་འབྲས་བུ་ཉིད་དོ།། དེ་ལྟ་བས་ན་འདི་ལ་རྒྱུའམ་འབྲས་བུ་ནི་མེད་ཀྱིས་དུས་སྐབས་ཐམས་ཅད་དུ་ཡང་ཕུང་པོ་ལྔ་ཉིད་དོ་ཞེས་རབ་ཏུ་སྟོན་ཏོ།།” ཟེར་རྒྱུ་ཞིག་འདུག དེའི་ནང་གི་“དེ་ལྟ་བས་ན་འདི་ལ་རྒྱུའམ་འབྲས་བུ་ནི་མེད་ཀྱིས་དུས་སྐབས་ཐམས་ཅད་དུ་ཡང་ཕུང་པོ་ལྔ་ཉིད་དོ་ཞེས་རབ་ཏུ་སྟོན་ཏོ།།” ཟེར་བ་འདི་ཅི་ཟེར་གི་ཡོད་ནི་རེད།
མི་ཤེས་མི་ཤེས། ང་ཤིང་བཟོ་ཟིག་ཀ་ཁྱོས་དགེ་ལུགས་ཀྱི་ཡིག་ཆ་རྒྱ་མཚོ་ལྟ་བུ་ལས་ཚིག་རྐང་གཅིག་ཁས་ཡོང་ནས་འདི་གང་ན་ཡོད་པ་རེད། འདི་ཅི་ཞིག་རེད་སོགས་ཟེར་ན་ངས་གང་ནས་ཁས་ཡོང་དགོས་པ་རེད།
རྫུན་མ་བཤད་ནས་གཞན་གྱི་སྒང་ལ་བཙན་བཅུགས་ནས་ཕན་པ་ག་རེ་ཡོད་པ་རེད། བློ་བཟང་ཡོན་ཏན་ཟེར་བ་དེ་ངས་མི་ཤེས། བོད་པ་ཟེར་བ་དེ་ངས་ཤེས། ང་ཚོ་གདན་སའི་གྲྭ་བ་རེད།
ངས་བསམ་པར་གལ་སྲིད་གཞོན་ནུ་ཟླ་མེད་འདི་ཉིད་སྤྱི་མཐུས་ཀྱི་ཆ་ཤས་ལེན་ཐུབ་པའི་མི་ཞིག་ཡིན་ཚེ་བེར་འཇིགས་ལས་ལྟ་ཅི་སྒྲོལ་མ་མཚོ་ལས་སྡུག་པའི་དཀྲུག་ཤིང་ཞིག་བྱེད་ངེས་ཅན་རེད། གཞོན་ནུ་ཞེས་པའི་བླ་རྒན་འདི་ཉིད་རྗེས་སུ་བོད་ཀྱི་ལས་བྱེད་པའི་གྲལ་དུ་མ་སླེབས་པ་ཞིག་དཀོན་མཆོག་མཁྱེན། ཁོས་དང་པོ་ར་མ་ལུག་གི་ཡུལ་སྐད་བསྲེས་ནས་བརྡ་སྤྲོད་པའི་གཞུང་ལུགས་དང་མཐུན་པའི་བོད་སྐད་གཏོར་སོང་། ད་ཁོས་ཕྱོགས་ཞེན་གྱིས་སྐད་ངན་སྒྲོག་ཀྱིན་བོད་ཀྱི་སྤྱི་ཚོགས་འདི་དཀྲུག་གྲབས་བྱེད་ཀྱིན་གདའ།
ཡིན་ཡང་ཁོའི་ལོ་ན་ཧ་ཅང་ཆེ་སྐད་འདུག་པས་སེམས་ཁྲལ་དེ་ཙམ་མེད། ཨ་ཁུ་ཆོས་རྒྱལ་ལ་དེང་དུས་དམྱལ་ཁམས་བཅོ་དཀྲུག་མཁན་ཞིག་དགོས་སྐད་འདུག་པས་མགྱོགས་མྱུར་ཁོ་སྐད་བཏང་ཡོང་རྒྱུ་རེད། ཨ་་་ལོ་ན་ཆེ་བའི་གཞོན་ནུ་བསོད་སྐམ
མུའུ་ཕྲུག
སྤྱི་འཐུས་ལྟད་མོ་དེ་ག་ས་གང་དུ་བཏང་ཡོད་པ་མཐོང་སོང་ངམ། ད་སྐྱག་དྲི་ལག་པས་བཀབ་ནས་ཁོག་ནི་མ་རེད། དེ་ནས་ང་སྤྱི་འཐུས་ནང་དུ་ཡོང་རྒྱུའི་ཁོམས་པ་མི་འདུག གལ་ཏེ་ང་ཡོང་རྒྱུའི་ཁོམས་པ་ཡོད་ན་ཁྱོད་ཀྱིས་ཁོག་ནི་མ་རེད། ང་ལ་འོས་ཤོག་ནི་ཡོད་ཡོད་པ་ཡིན་ནི་རེད། ཡིན་ན་ཡང་གཟན་ཤབ་དམར་ལྷབ་ལྷབ་བཀོན་ནས་སྤྱི་འཐུས་ཚོགས་ཁང་ནང་དཔུང་པ་ཡར་བརྫེས་ནས་གདོང་པ་གནོད་སྦྱིན་ཙི་དམར་ནང་བཞིན་སྡོད་པ་ལས་དེ་མ་ཕྱིན་ན་ཡག་གི་མ་རེད་དམ། ད་དུང་ཁོ་ཚོའི་སྤྱི་འཐུས་སྐད་ཆའི་མགོ་བརྗོད་ཅིག་ལ་༼བཀུར་འོས༽ ཟེར་བ་ཅིག་ཡོད། ཁོང་ཚོས་ག་རེ་ཟེར་གི་རེད་ཟེར་ན། བཀུར་འོས་ཁྱོད་ཚོ་ང་ཚོ་ཁམས་པ་ཟེར་བ་དེ་ལས་སླ་བོ་མེད་ད། ཞེས་དང་། ཡང་ཡག་པོ་བྱས་ན་ཡག་པོ་རེད། ཡག་པོ་མ་བྱས་ན་ཡག་པོ་མ་རེད་ཟེར་བ་དང་། བཀུར་འོས་དེ་ཚོ་ལ་ཞེད་དགོས་ས་གང་ཡང་མེད་ཟེར་བ་སོགས། འདི་དག་དོན་ཐོག་ན་ཡོད་པ་རེད།
ཧཧཧ འ་མོའོ་ཕྲུག ད་ཁྱོད་ཀྱིས་ང་ལ་ཤི་སྨོན་རྒྱག་གི་ཡོད་པ་འེ་རེད། སྤྱི་འཐུས་གྲོས་ཚོགས་གི་སྐད་ཆ་དེར་བསམ་འཆར་བཤད་པ་ཙམ་གྱིས་དེ་འདྲ་ཞེད་དགོས་པ་མ་རེད།
ཁྱོད་ལ་འོས་ཤོག་འཕེན་མཁན་གྱི་མི་ཞིག་ཡོད་ཚེ་དེ་ནི་ཁྱོད་རང་གི་དཀོར་ཟས་ཡོད་ཚད་བརླ་ཡིས་འཕྲོག་མཁན་གྱིས་གྲྭ་ཆུང་དེ་ཡིན་རྒྱུ་རེད། དེ་ལས་བོད་མི་མགོ་སྟོད་དུ་རྣ་བ་ཡོད་མཁན། བྱང་ཁོག་ཏུ་དྲན་པ་ཡོད་མཁན་ཞིག་ཡིན་ཚེ་རྒན་མོའི་སྐུབ་གཡོག་དང་ཤན་པའི་བཤས་གཡོག་རྒྱུག་མཁན་ཁྱོད་ལ་སྤྱི་མཐུས་ཀྱི་་འོས་ཤོག་ཕར་ཟད་བོད་མིའི་གྲལ་དུ་ཡང་བགྲང་རེ་ཀན། ས་མ་ཡ
གཞོན་ནུ་འདི་མི་རྣམ་དཔྱོད་ཅན་ཞིག་ཡིན་ནི་རེད་མིའུ་ཕྲུག་ཁྱོད་ཀྱི་ཁ་དེ་ཏོག་ཙམ་བཙུམ་ན་ཡག་ས་རེད
སྤྱི་མཐུས་གྲོས་ཚོགས་སུ་གནད་ལུགས་བཤད་པ་དེ་ཁྱོད་ཀྱི་སེར་འབྲས་དགེ་གསུམ་གྱིས་མིང་ཁུར་ནས་ཞབས་འདེབས་སློང་། དེ་ཉིད་གཞོང་ཁང་དུ་སྟུ་གླ་སྤྲད་པ་ལས་ཀྱང་སྡུག་གི་རེད་པས་་་་་གཞོན་ནུ་བསོད་སྐམ
ཨ་ཧ་བོ། ངའི་གྲོགས་པོ་དགའ་བོ་གཞོན་ནུ་ཟླ་མེད་ཀྱིས་ཡང་བ་མེད་ཀི མོའོ་ཕྲུག་དང་ཁྱེད་གཉིས་སྔོན་ཆད་གྲོགས་པོ་ཡིན་ཡང་དེ་རིང་ཁྱོད་གསོད་དགོས་ཀྱང་ཐེ་ཚོམ་མེད་པ་ཞིག་ཆགས་ཚར་འདུག ད་དུང་ཁྱོད་ཀྱིས་དཀོར་ཟས་ཡོད་ཚད་གྲྭ་ཆུང་ཞིག་གི་བརླ་བར་ཏུ་ཤོར་འགྲོ་བཞིན་ཡོད་རབས་ཀྱང་བཤད་འདུག་ག ད་དུང་ཞལ་འདེབས་་་་་་་་་་་་ཨ་ཨ་ཨ་ཨ།་་་་་་་ད་དེ་མི་གླེང་། ཁར་ཉིན་ནས་ངས་ཁྱོད་ལ་བརླ་རྒྱག་བརླ་རྒྱག་བརླ་རྒྱག་ཟེར་བསྡད་པ་དེ་ལ་དོན་ཞིག་ཡོད་ནི་རེད། དེ་རིང་ངས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་སྐྱབས་འགྲོའི་ཚོགས་ཞིང་ནང་ལ་ཞིབ་ཏུ་བལྟས་པ་ཡིན། ལྷ་ཡུམ་གྱི་སྐེ་ལ་འཐམ་བསྡད་ཡོད་པ་མང་པོ་འདུག་ཀྱང་། བརླ་རྒྱག་བྱེད་བཞིན་པ་གཅིག་ཀྱང་མི་འདུག ཨེ། ངས་བལྟས་ན་ད་ཁྱོད་ཚོས་བསྒྱུར་བཅོས་ཤིག་བྱེད་དགོས་ཀྱི་རེད་ཀོ གྲོགས་མཆོག་ཟླ་མེད་ལགས།
ཨ་རོགས། ད་ལན་ཞིག་རྒྱོབ་མ་གཏོགས། གོང་གི་མཆན་བཅོ་ལྔ་པ་དེ་དཀོན་མཆོག་གསུམ་ངོ་མའི་ཅིག་སྡུག་གི་ཀོ
ཨ་རོགས་མྱི་རྫོད་ཞེ་གནག་ཅན། གོང་དུ་ངས་གཞོན་ནུ་ཟླ་མེད་ལ་རྩེད་མོ་ཞུས་པ་དེ་དག་རྒྱུ་མཚན་དུ་ཁྱེར་ནས་ཡང་ཁྱོས་དགག་རྒྱག་བྱེད་ཡ་ཞིག་རག་ཐལ་ཨི་བསམ་ཀི། ཁྱོད་ཀྱི་རང་གཤིས་འདི་བཅོས་སུ་མེད་པ་ལ།
འོ། མོའོ་ཕྲུག ཁར་ཉིན་ཁྱོད་ཀྱིས་རྩེད་མོ་རྩེས་ནས་རང་གི་དབང་ལུང་ཁྲིད་གསུམ་ཞུ་སའི་བླ་མ་ཚོ་ལ་དྲ་ཐོག་ནས་བཙན་གཡེམ་སོགས་ཀྱིས་སྐུར་འདེབས་བྱས། དམ་ཉམ་ཨང་དང་པོ་ཆགས། དེ་རིང་ཡང་ཟླ་མེད་ལ་རྩེད་མོ་རྩེས་ནས། དྲ་ཐོག་ནས་སེ་འབྲས་དགེ་གསུམ་ཁ་ལ་ཁྱེར་ཏེ་ཞལ་འདེབས་བསླངས་ནས་གཞང་ཁང་དུ་ཕྱིན་པའི་བསྙོན་འཛུགས་བྱེད་ཀྱི་ཡོད་དམ། དྲ་རྒྱ་འདི་ལ་ཁྱབ་ཆེན་པོ་ཇི་ཙམ་ཡོད་པ་ལོས་ཤེས། ངོ་མ་ཁྱོད་ཅི་འདྲིའི་མི་སེམས་དཀར་ཞིག་རེད། ཁྱོད་འདྲ་བའི་མི་སེམས་དཀར་ཞིག་གི་སྐྱེ་བ་མི་ལེན་ཀི་སྨོན་ལམ་ཐོབ་ཡིན་ན། ཁྱོས་རྩེད་མོ་རྩེ་སྟངས་འདི་རིག་གསར་སྐབས་ཀྱི་བཅིང་གྲོལ་དམག་མི་ཚོས་རྩེད་མོ་རྩེ་སྟངས་རེད་ཡ། ཨ་མོའོ་ཕྲུག་དམ་ཉམ།
སྤྱིར་བེར་འཇིགས་འདི་མཁས་ཉམས་སྟོན་ལ་དགའ་བ་མ་གཏོགས་གནས་ལུགས་ཤེས་མཁན་ཞིག་མ་རེད། གོང་དུ་ཁོའི་རྩོམ་ཉོག་འདི་ལ་གཟིགས་དང་སྣག་ཚ་ཟེར་བའི་དོན་ཡང་ཧ་གོ་མི་འདུག་ཀྱང་ད་དུང་རྒན་དམ་པ་ཞེས་རྒྱབ་རྩ་ཞིག་ཁྱེར་ནས་ཐོས་རྒྱ་ཆེ་ཚུལ་བྱས། དོན་དུ་འབྲས་སྤུངས་བློ་གསལ་གླིང་ནས་ཀ་ངོ་ཅ་ངོ་ཐེབས་ཆག་ཤེས་པ་ལས་བོད་ནས་སློབ་སྦྱོང་ཅན་ཞིག་ཡིན་རབས་མེད།
དྲ་རྒྱ་ནས་བླ་མ་དམ་པ་དག་ལ་སྐུར་འདེབས་བྱེད་མཁན་དེ་ཁྱོད་དང་ངོ་བོའི་གཅིག་པའི་ཚུལ་མཐར་གངས་གཡག་རེད་མ་གཏོགས་ང་མིའུ་ཕྲུག་མ་རེད། ཁྱོད་ཀྱི་གསང་བ་ཇི་སྙེད་པ་དག་ངས་ཤེས་ཡོད་པ་ཁྱོས་ཧ་ལོས་གོ།
མྱི་བརྫད། ཁྱོད་སྔོན་མར་བློ་དཀར་གཞུང་དྲང་ཅན་ཞིག་ཡིན་རྒྱུ་རེད་སྙམ་ནས་ངས་ངོ་སོ་ཡར་ལ་ཇི་ལྟར་བསྟོད་ཡོད་པ་ཁྱོད་ཀྱིས་བརྗེད་ཚར་སོང་བས། ད་ནི་ཁྱོད་མྱི་བརྫད་རང་བརྫད་དྲྭ་རྒྱ་བརྫད་མཁན་ཞིག་ཏུ་ཆགས་ཚར་སོང་ཨ་ཤུ་རེ་གོ། ལས་ངན་པ་ཁྱོད། ད་ཁྱོད་ལ་གཅིག་ལྷག་ཡོད་པ་ནི་རྒན་མོ་མྱིག་ཡ་མེད་པ་དེ་རེད།
ཨེ་རེད། མོའོ་ཕྲུག ཁྱོད་ཀྱིས་གངས་གཡག་དང་ཚུལ་མཐར་ང་དང་ངོ་བོ་གཅིག་རེད་ཟེར་ལུགས་ལ་བལྟས་ན་དངོས་གནས་གསང་བ་ཇི་རྙེད་ཅིག་ཤེས་ཡོད་པ་བདེན་པ་ཡིན་ས་རེད། བླ་མ་དམ་པ་དག་ལ་སྐུར་འདེབས་བྱེད་མཁན་ཁྱོད་ཡིན་དང་ང་ཡིན། ཁྱོད་ཀྱིས་ཆོས་མཚོ་ཡིན་ནམ་གཡང་མཚོ་ཡིན་ན་ཅིག་གི་མིང་ཐོིག་ནས་བཏབ་པའི་མཆན་རྙིང་པ་ཚོ་པར་སློག་བརྒྱབ་ནས་ཉར་ཡོད་པས་དྲ་ཐོག་ཏུ་གཏོང་ཨེ་དགོས། ??????
དགོས་ན་འུ་གཉིས་ཀྱིས་ཡང་བསྐྱར་ཁ་བརྡ་རྫོད་དགོས་དོན་མེད་པས་ཁྱོད་ཀྱི་ཟིན་བྲིས་ནང་དུ་འགྲོ་ཨེ་རེད། དེ་རིང་མི་ཁོམ་ཡང་། སང་ཉིན་ཁྱོད་ཀྱི་ཟིན་བྲིས་ནང་དུ་ཡོང་ཆོག་ཡ། གཅེས་ཕྲུག ངས་ཁྱོད་ལ་འབི་ལི་འཇིབ་ཏུ་འཇུག་དགོས་ན་ལོས་འཇུག
རྒན་མོ་མྱིག་ཡ་མེད་པ་དེ་ནོར་བུ་རིན་པོ་ཆེ་ལས་ཀྱང་རིན་ཐང་ཆེ་བ་ཞིག་ཡིན། མ་མཐའ་ཡང་བརླ་རྒྱག་དང་འདྲ་ནི་མ་རེད་ཡ།
ངའི་ཟིན་བྲིས་མེ་ཏོག་ལྡུམ་ར་འདྲ་བོ་དེའི་ནང་དུ་ཁྱོས་གཅིན་སྐྱག་གཏོང་ས་མ་བྱེད། ཡང་ཁྱོད་ཀྱིས་ངའི་ཟིན་བྲིས་དེ་ཡང་བརྫད་དྲན་གྱིན་འདུག་གམ། དེ་སླའོ་ཡོད་མ་རེད་ད
དེ་རིང་འདི་ན་ཁྱོད་གཉིས་ཐུག་འདུག་ག མིའུ་ཕྲུག་ལ་དུས་བབ་ནང་དུ་ཟིན་བྲིས་ཤིག་ཡོད་མོད་མྱིག་རྫོད་ལ་མེད་པ་འདྲ། དེ་འདྲ་རེད་དམ།
ད་ཁྱེད་གཉིས་ཀྱིས་རང་རང་ས་ནས་ཚོད་ཅིག་འཛིན་རོགས། བོད་ནང་དུ་དྲ་ཚིགས་འདི་ལ་ལྟ་ཐུབ་པའི་དུས་ཀྱང་འདུག་ཟེར་བས། གཞིས་སྡོད་བོད་པ་ཚོས་ཕྱི་སྡོད་པ་འདི་དག་གིས་གཅིག་གིས་གཅིག་ལ་ཕ་ཤ་མ་ཁྲག་གི་རིན་པ་མ་ལོན་པར་བསྡད་ཡོད་ས་རེད་དྲན་གི་རེད། ཨ་ཁུ་ལོ་ལོ། ད་མཚམས་ཤིག་འཇོག་རོགས།
འོ་ཡ། ཁྱོད་ཞེད་ན་ཁྱོད་ཀྱི་ཟིན་བྲིས་ནང་དུ་མི་ཡོང་རྒྱུ་བྱེད། ཁྱོད་ཀྱིས་གངས་གཡག་དང་ཚུལ་མཐར་སོགས་ང་དང་གཅིག་པ་ཡིན་རབས་དང་། གསང་བ་ཡིན་ན་ཅིག་བཤད་རྒྱུ་ཡོད་རབས་ཟེར་བས་ཁྱོད་ཚང་ལ་ཡོང་ནས་སྐད་ཆ་བཤད་བསམ་པ་ཡིན། ཁྱོད་སྐྲག་ན་ངས་ཁྱོད་ཚེ་ཐར་ལ་གཏོང་ཆོག འོན་ཀྱང་ངས་ཁྱོད་ཚེ་ཐར་ལ་བཏང་བའི་དྲིན་ལ་ངའི་འབུ་ལི་འཇིབ་རོབས་བྱེད་དགོས།
ཨ་ཡོ། ད་ཡིན་ན་སྨྱོན་པའི་ནང་ནས་བསྡད་བསྡད་ནས་ང་རང་ཡང་སྨྱོན་པ་ཡིན་ས་རེེད། འགྱོ་རོགས་འདུག་རོགས་འདི་ཚོ་ལ་གཅིག་ལྟོས་ན་སྐྲག་ནི་འདྲ་ཟིག་རེད།
ཨ་རོགས་མྱི་རྫོད་སྐད་ཆ་ཛོབ་པོ་དེ་འདྲ་མ་བཤད་ན་ལེགས། ང་ཚོ་བོད་མི་རིགས་འདི་ཁྲེལ་དང་ངོ་ཚ་ཡོད་མཁན་དེ་འདྲ་རེད།
འོ་ན་ཁྱོད་ཆོས་ཅན། བོད་མི་རིགས་ཀྱི་ནང་ནས་མ་ཡིན་ཐལ། ཁྲེལ་དང་ངོ་ཚ་མེད་པའི་ཕྱིར། དེར་ཐལ། རང་གི་གསང་སྔགས་ཀྱི་དབང་ཁྲིད་ཞུ་སའི་བླ་མ་ལ་བཙན་གཡེམ་སོགས་གྱི་སྐུར་འདེབས་བྱས་པ་དེ་ཁྲེལ་དང་ངོ་ཚ་མེད་པའི་མཐར་ཐུག་ཡིན་པའི་ཕྱིར།
དེང་སང་དྲྭ་ཐོག་ན་རྟགས་གསལ་བཏང་མཁན་དང་ཆོས་འཆད་མཁན་ཇེ་མང་རེད། རྟགས་གསལ་གཏོང་གིན་ཡིན་ན་དགོན་པ་ཁག་ལ་སོང་ན་ལེགས། དེ་མིན་སྨྱོན་གཏམ་བཤད་ས་དང་ལབ་རྒྱག་སའི་སྡེ་ཆེན་གྲོང་འདིར་དི་མི་དི་མི་མཛེས་ནོ་ཤེས་པར་བྱོས།
རྟགས་སྔ་ཕྱི་གཉིས་ཆར་མ་གྲུབ། དང་པོ་མ་གྲུབ་ཏེ་རང་ངོས་ནས་ཁྲེལ་དང་ལྡན་ཞིང་གཞན་ངོར་ངོ་ཚ་ཤེས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་ཐལ་བོད་མི་རིགས་ཀྱི་ཕུལ་བྱུང་ལ་རྒྱ་བ་དང་ཆོས་སྲིད་ལུགས་ཟུང་ལ་མཁས་པའི་མིའུ་ཕྲུག་ཅེས་གཟེངས་རྟགས་ལན་མང་ཐོབ་ཟིན་པའི་ཕྱིར། མ་གྲུབ་ན་ཁྱོད་ཀྱི་མིག་དང་རྣ་བ་ལ་གོ་ཐལ་ཐོབ། རྟགས་གཉིས་པ་མ་གྲུབ་ཏེ་བཙན་གཡེམ་བྱེད་མཁན་གྱི་གང་ཟག་ཐལ་ཤལ་བ་དེ་དག་མིའུ་ཕྲུག་གི་བླ་མ་མ་ཡིན་པའིཕྱིར། དེ་ཐལ་དེ་དག་ནི་མྱི་རིགས་འདི་བརྫད་མཁན་གྱི་མྱི་བརྫད་དང་རིགས་མཐུན་པ་ཡིན་པས་མིའུ་ཕྲུག་གིས་ནམ་ནམ་ཞར་ཞར་མི་བཀུར་བའི་ཕྱིར།
བོད་མི་རིགས་ཀྱིས་ཁྱོད་ལ་སྤྲད་པའི་གཟེངས་རྟགས་དེ་ཕུལ་བྱུང་ལ་རྒྱ་བ་དང་ཆོས་སྲིད་ལུགས་ཟུང་ལ་མཁས་པའི་གཟེངས་རྟགས་མ་ཡིན་པར་ཐལ། མོའོ་ཕྲུག་དམ་ཉམ་བསྟན་དགྲ་ཅེས་པའི་ཆོ་ལོ་ཡིན་པའི་ཕྱིར། དེར་ཐལ་ཁྱོད་ཐེ་བའི་དམ་ཉམ་རྣམས་བོད་མི་རིགས་ཀྱི་མིག་ནང་གི་ལིང་ཐོག་ཡིན་པའི་ཕྱིར། ད་དུང་མ་ཤེས་མ་གོ་ན་ཁྱོད་ཀྱི་མིག་དང་རྣ་བ་ལ་ཡུག་ས་མ་བརྒྱའི་ལྷྭམ་མཐིལ་གྱི་ལྷྭམ་རྡུལ་ཐོབ། བཙན་གཡེམ་བྱེད་མཁན་གྱི་གང་ཟག་ཐལ་ཤལ་བ་དེ་ཁྱོད་ཀྱི་བླ་མ་ཡིན་པར་ཐལ། ཁྱོད་རང་གིས་ཁས་བླངས་པའི་ཕྱིར། དེར་ཐལ། འོག་གི་ཁྱོད་ཀྱི་མཆན་རྙིང་དེ་དངོས་ཡོད་ཀྱི་དཔང་རྟགས་ཡིན་པའི་ཕྱིར། ད་དུང་མ་གྲུབ་ན་ཁྱོད་ཀྱི་དྲན་ཤེས་ལ་དམ་ཉམ་སྟོང་གི་ཉམ་གྲིབ་ཞུགས།
༡༤༥༽ མིའུ་ཕྲུག་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༤ གི་ཆུ་ཚོད་ ༢༠ སྐར་མ་ ༢༣
སྐད་ཆ་བདེན་པ་བཤད་ན་དམ་ཆོས་དབྱངས་འཛོམས་ཟེར་བ་དེ་ཉིད་ང་ཡིན། ་་་་་་་་་་་་་་ངས་གོང་དུ་ཞུ་ཡུལ་གྱི་བླ་མ་ཕལ་ཆེ་བ་ང་རང་ཉིད་ཀྱི་དབང་ལུང་མན་ངག་ཞུ་ཡུལ་གྱི་བླ་མ་ཤ་སྟག་ཡིན་མོད་་་་་་
འདི་ནི་མཁས་དང་བླུན་པོ་དག་ནི་འཐབ་འཛིང་བྱེད་སའི་དོ་ར་མིན། །
འདི་ནི་མཇེ་ངན་ལག་པས་བཙིར་བའི་གྲྭ་རྒོད་སྨྱོན་རྟགས་བསྟན་ས་མིན། །
འདི་ནི་རྟགས་གསལ་མ་གསལ་བཏང་ནས་ཐལ་སྒྲས་ཁེངས་པའི་ཆོས་རྭ་མིན། །
འདི་ནི་ཁྱོད་རྒྱལ་ང་ཕམ་རྩོད་སའི་ཁྲིམས་ཁང་ཆེན་མོ་དེ་བས་མིན། །
དྲ་གྲོགས་རྩམ་དགའ་ལགས། ཡུན་རིང་ཞིག་ལ་ཐུག་མ་སོང་། ཁྱོད་བདེ་མི་ཡིན་ས་རེད་ལ། འདིར་ཡོང་ནས་ཁ་བདེ་བོ་བཤད་སྟངས་ལ་བལྟས་ན། ཧ་ཧ་ཧ་ཧ། ཀུ་རེ་ཡིན། འདི་ནི་ཅིག་ར་མིན། མིག་ར་མིན་ཟེར་ན། འོ་ན་ཅི་བྱེད་ས་རེད། འུ་གཉིས་ཀྱིས་ལ་གཞས་ལེན་ས་ཡིན་ནི་མིན་ནམ།
ཨ་རོག་བཟོད་རྒྱམ་བདེ་མོ་ཡིན་ནམ།
ད་བར་རིག་རྒྱུ་མེད་ནོ་བལྟས་ན་རྒན་མོས་ཕྱི་ལ་གཏོང་གི་མེད་ཀི་པ། ཉིན་འདི་ཆ་བོའི་རིང་ཁྱོད་ཅིག་དྲན་དང་ནོ། ང་ཡར་རྒྱུགས་མར་རྒྱུགས་བྱས་ནས་ཁྱོད་ཅིག་བཙལ་བཏང་ང་ར།
ཡ་ད་དི་ཡེད་རྫ་ནས་ཐུང་ཡོང་གོ ཁོམ་པ་རེ་ཡོད་ན་དོ་དགོང་ཆང་འཐུང་གི་ཤོག་ར་མཛེས་མ་ཁ་ཤས་ཡོད་ད།
མྱིག་རྫོད་དང་མིའུ་ཕྲུག ད་དུང་གང་གཡག་དང་སྟག་སྨྱོན་གཞོན་ནུ་ཟླ་མེད་ལ་སོགས་པ་ལ་སོགས་པ་ནི། སེང་གེ་ཡིན་མདོག་གིས་ང་རོ་ཇི་ཙམ་སྒྲོགས་ཀྱང་ཝ་སྐད་རང་ཤུགས་ཀྱིས་ཤོར་དང་ཤོར་བཞིན་པ་རེད། གོང་དུ་སྨྲས་པའི་གྲོང་ཚིག་དེ་དག་ནི་དེ་སྔོན་དྲྭ་གྲོགས་ཕལ་ཆེ་བས་རྣ་བར་ཐོས་མྱོང་མེད་པ་ཞིག་རེད་ལ། ད་དུང་རྟགས་བསལ་འདྲ་བཏང་བའི་ཟོལ་བྱེད་པ་ནི་དངོས་གནས་གད་མོ་ཤོར་བའི་རྒྱུ་རེད།།
བོད་ལ་དུང་མདོག་གིས་བོད་མིར་དཀྲུགས་ཤིང་བྱེད་པ་ལ་རྣམ་པ་ཀུན་ཏུ་འབད་པ་དང་གཅིག
གསང་སྔགས་གསར་རྙིང་ལ་སླད་མེད་འབད་ཀྱི་ཡོད་མདོག་གིས་ཆོས་ལུགས་བར་ཁྲག་བཞིན་དཀྲུགས་པ་དང་གཉིས།
སོ་སོའི་བླ་མར་དད་མདུན་དང་ཞེན་ཆགས་ཆེན་པོར་ཡོད་མདོག་གིས་བཀུར་བ་འདེབས་ལ་བརྩོན་པ་དང་གསུམ།
བོད་ཀྱི་སྐད་ཡིག་དང་རིགས་གཞུང་ལ་ཤ་ཞེན་ཡོད་མདོག་བྱེད་བཞིན། ར་སྐད་ལུགས་སྐད་ཀྱིས་བོད་ཡིག་ལ་བཙན་གཡེམ་ཚབ་ཆེན་བྱེད་དང་བྱེད་བཞིན་པ་དང་བཞི།
སོ་སོས་ཉིན་མ་མ་ཆོད་ནས་ཁ་ངས་ཚིག་བརྩུབ་ཁོ་ནས་དྲྭ་རྒྱ་ཛོར་བོ་དང་དྲྭ་གྲོགས་རྣམས་སུན་པོ་བཟོ་བ་དང་ལྔ།
ད་དུང་བཤད་ན་བཤད་ཀྱིས་མི་ལོང་བ་བྱེད་མཁན་འདི་རྣམས་ནི། བོད་ཁ་བ་རི་བའི་བསྟན་པ་དང་ཆབ་སྲིད་ཀྱི་དགྲ་ངན་རྒྱ་གཞུང་དང་དོལ་རྒྱལ་ལས་ཀྱང་ལོད།
ད་མི་ཟེར། ཁྱེད་རྣམས་སུ་ཡིན་ནའང་འདྲ། ཁ་བརྡ་དྲྭ་རྒྱ་འདི་ཛོར་བོ་མ་མཛད་རོག་ཞུ་རྒྱུ་ཡིན།
འོ། ད་བལྟས་ནས་ཡོང་ན་ཆོས་འཕེལ་ལགས་ཀྱིས་རྒྱ་གཞུང་དང་དོལ་རྒྱལ་ལ་གདེངས་འཇོགས་དེ་འདྲ་གནང་གི་ཡོད་པ་རེད་འདུག ཁ་བརྡ་དྲྭ་རྒྱ་ཛོར་བོ་བཟོ་གི་ཡོད་མེད་མི་ཤེས་ཏེ། ཡག་པོ་རྐྱང་རྐྱང་བཤད་སའི་དྲ་རྒྱ་དང་དེབ་ཚགས་པར་ཞིག་ཁྱེད་ཀྱིས་གང་ནས་རག་གི་མ་རེད། འཇིག་རྟེན་གྱི་མི་སྡེའི་འཚོ་གནས་ལ་ཁྱེད་རྒྱུས་ལོན་ཆེ་རྒྱུ་རེད་པ།
ཁ་བརྡའི་དྲ་ཁང་འདི་མི་ངན་མཉམ་འཛོམ་བྱེད་ས་ཞིག་རེད་འདུག
ད་ཁྱེད་རྣམ་པས་ཚོད་ཅིག་བཟུང་ནས་རང་རང་གི་རྣམ་དཔྱོད་ལས་ཐོན་པའི་རྩོམ་ཡིག་རེ་འབྲི་རོགས། སྙན་ངག་དང་སྒྲུང་གཏམ། དཔྱད་གཏམ་དང་འཁྲབ་གཞུང་སོགས་མིའི་སེམས་པ་ཇེ་སྐྱིད་དང་རྣམ་དཔྱོད་གོང་འཕེལ་དུ་འགྲོ་ཐུབ་པའི་རྩོམ་ཡིག་རེ་འབྲི་རོགས། ཁ་བརྡ་དྲ་ཚིགས་འདིར་བོད་ནང་ནས་ཀྱང་སྐབས་རེར་ལྟ་ཐུབ་རབས་འདུག་པས། ང་ཚོའི་རྩོད་རྙོག་འཇིགས་ལྡང་མ་འདི་དག་མཐོང་ན་གཞིས་ལུས་བོད་པ་ཚོ་སེམས་པ་ཕམ་ས་རེད། ཞུ་བ་ཞིག་འཐེན་པ་ཡིན།
བེ་རུ་འཇིགས་མེད་ཀྱི་རྩོམ་ཁ་ཤས་མཇལ་བའི་ནང་དོན་ལ་གཞིག་ནས་རྒྱལ་ཞེན་ཅན་དང་ཆོས་དང་རིག་གཞུང་ལ་དོ་སྣང་མཁན་ཞིག་ཡིན་སྣང་ཤར་བྱུང་། འོན་ཀྱང་གྲོས་ཚོགས་ཀྱི་གསུང་བཤད་དེས་ཁོས་མི་ཚེ་ལ་རིན་ཐང་གཞལ་ཟིན་པ་རེད། རང་ཪེ་དགེ་ལྡན་པའི་སྤྱི་མཐུས་ཀྱི་མིང་ཁུར་མཁན་ཞིག་ཡིན་ཚེ། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་སྒྲུབ། །ཅེས་དང་། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ཅེས་པའི་དགོངས་པའི་གཟིགས་ཕྱོགས་ལ་ཐུགས་སྣང་དགོས་རྒྱུ་ལ། ཕྱོགས་རེའི་ཁྲོད་དུ་འཚང་ཞིང་རི་བོ་དགེ་ལྡན་པའི་སྐུ་ཚབ་ཀྱི་མཚན་ཁུར་ན་རུང་མིན་དགའ་ལྡན་གསེར་ཁྲི་ལ་འདྲི་དགོས་པར་སྣང་། ད་ལྟའི་དགའ་ལྡན་ཁྲི་བ་ཡང་བེ་རི་ཕྱོགས་གཏོགས་ཀྱིས་གསང་བའི་སྒོ་ནས་བསྐོས་པ་ཡིན་ན་འདྲི་ས་ཡང་ག་ལ་སྙེད། དེ་ཕྱིར་ལས་ལ་ཁག་འགེལ་རྒྱུ་ལས་འོས་མེད། འོན་ཀྱང་དགེ་ལྡན་གཙང་མ་དང་མི་གྲངས་མང་ཤོས་དབུས་དང་ཨ་མདོ་བ་ཡིན་པས་ཆོལ་ཁས་ཕྱོགས་རིས་མཁན་ཞིག་གིས་དགེ་ལྡན་པའི་ཚབ་བྱས་ན་དེ་ཚོ་དགེ་ལུགས་པའི་གྲས་ནས་མ་ཕུད་ཐབས་མེད་རེད། ཡང་ན་བེ་རུ་འཇིགས་མེད་ཀྱིས་མདོ་དབུས་གཙོ་བོར་གྱུར་པའི་དགེ་ལུགས་པ་སྤྱི་ལ་དགོངས་དག་ཅིག་ཞུ་འོས། གསེར་ཞུན་བཙོ་མ་ལྟ་བུའི་རིང་ལུགས་ལ་ཐུགས་ཁུར་ཡོད་མཁན་ཀུན་གྱིས་ཕྱི་མའི་ཆར་དགེ་ལྡན་པ་ལམ་ཕྱོགས་གང་དུ་འགྲོ་དགོས་དགོངས་འཆར་གནང་སྐྱོངས་ཡོད་པ་ཞུ། །
བེ་རི་ལགས་ཀྱི་གསང་འཕྲིན་འབྲི་སྟངས་བཤད་པ་ནི་སྔར་ནོར་སྡེ་ནང་གསལ་ཞིང་རྒྱས་པ་ཞིག་བྲིས་པ་གང་སར་ཁྱབ་ཡོད་པས། ཁྱེད་ཀྱིས་་ཅི་ཞིག་གསར་པ་རྙེད་པ་ལྟར་ངལ་བ་བྱེད་དགོས་དོན་མེད།
ནོར་བཅོས་་་ནོར་སྡེ་ཞེས་པའི་སྡེ་དེ་ལྡེ་ལ་བཅོས་རོགས། ཞུ་དག་མ་བཏང་གོང་ལག་པ་ཤོར་སོང་།
ཁ་བརྡ་དྲ་ངོས་སུ་ཁ་ནས་གང་ཐོན་ཤོད་ཡུལ་ཞིག་ཡིན་ནམ།