ཆེན་པོ་མང་པོ་ནས་གང་ཅིའི་བསླབ་བྱ་དང་ལྷག་པར་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ལ་གྲུབ་མཐའ་ཤིན་ཏུ་གཙང་བ་གལ་ཆེ་བ་སོགས་ནན་གྱིས་གསུངས་ཤིང༌། དུས་ཕྱིས་བསྟན་འགྲོའི་བདེ་ཐབས་དང་རང་གཞན་མང་པོའི་ཆེད་དུ། གཏེར་བྱོན་གྱི་གཏོར་བཟློག་གི་རིགས་དང་ཡི་དམ་ཞི་གྲོའི་བཟླས་བསྒོམ་སོགས་བྱེད་དགོས་དང༌། དེ་དག་གི་སྐུ་རྟེན་བཞེངས་དགོས་སོགས་གསང་ལུང་དུ་བབས་པ་སྒྲུབ་དགོས་བྱུང་བར་འགའ་ཞིག་གཏིང་ནས་མི་མོས་པར་དེ་དག་བགྱིས་པ་ཙམ་གྱིས་གྲུབ་མཐའ་འགྱུར་འདུག་ཅེས་པའི་བསྟན་པའི་ཞབས་འདྲེན་ཆེན་པོ་བགྱིས་པའི་ཚོད་དུ་འཛིན་ཅིང༌། རང་རེར་དཀར་བའི་རྣམ་དཔྱོད་ཅན་སེར་སྐྱ་དུ་མས་ཀྱང་གསང་ལུང་ལ་བབས་པ་རྣམས་སྒྲུབ་དགོས་པ་གཞིར་བཅས་ནའང་མངོན་ཆུང་གི་སྒོ་ནས་མ་བགྱིས་ན་ལོག་པར་བལྟ་བ་མང་ཞིང༌། ངེད་རང་གི་འཕྲིན་ལས་སོགས་ལ་གནོད་ཅེས་གཏིང་ནས་བརྩེ་བའི་བསླབ་བྱ་རིམ་ཅན་དུ་མཛད་ནའང༌། རང་གི་བསམ་པར། སྤྱིར་གྱི་གསང་སྔགས་གསར་མ་དང་རྙིང་མའི་ཁྱད་པར་འདི་ཡིན་ཞེས་དཔྱད་བཟོད་པ་ཞིག་ཆེན་པོར་གྱུར་པ་རྣམས་ལ་ཡང་གསུང་རྒྱུ་འོང་བ་ཞིག་དཀའ་བར་སྣང༌། སྔ་རབས་པ་ཕལ་ཆེར་པཎྜི་ཏ་སྨྲི་ཏི་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆད་དུ་འགྱུར་བ་རྣམས་ལ་གསང་སྔགས་གསར་མ་དང༌། དེ་ཡན་ཆད་དུ་འགྱུར་བ་རྣམས་ལ་གསང་སྔགས་རྙིང་མའི་ཐ་སྙད་མཛད་ཅིང་འདུག །དེ་ལྟར་ན་འཇམ་དཔལ་རྩ་རྒྱུད་ལ་སོགས་པ་དེང་སང་གསར་མར་འཛིན་པའི་རྒྱུད་སྡེ་མང་པོ་ཡང་ཁྲི་སྲོང་གི་དུས་སུ་བསྒྱུར་བས་གསང་སྔགས་རྙིང་མར་འགྱུར་ཞིང༌། ལོ་ཙཱ་བ་དེ་མན་ཆད་དུ་བྱུང་ཞིང་སྐྱེས་ཆེན་རྣམས་ཀྱི་དག་སྣང་ལ་ཤར་བའི་རྙིང་ལུགས་ཀྱི་ཆོས་སྐོར་ཡང་ཤིན་ཏུ་མང་བས་དེ་དག་ཀྱང་གསང་སྔགས་གསར་མར་འགྱུར་དགོས། དེ་དག་ལོ་ཙཱ་བས་མ་བསྒྱུར་བས་དེ་མི་འགྱུར་རོ་ཞེ་ན་རྗེ་བཙུན་འཇམ་དབྱངས་ཀྱིས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པར་གནང་བའི་ཆོས་སྐོར་རྣམས་ཀྱང་གསར་རྙིང་གང་དུ་ཡང་མ་གཏོགས་པའི་ཕུང་གསུམ་པར་ཁས་ལེན་དགོས་པ་དང༌། གཞན་ཡང༌། དེང་སང་གསང་སྔགས་རྙིང་མར་མ་གྲགས་ཤིང་གསར་མ་བ་རྣམས་ལ་ཁྱབ་ཆེ་བའི་ལམ་རིམ་པ་ལྔ་དང༌། སྦྱོར་བ་ཡན་ལག་དྲུག་ལ་སོགས་པ་ཟབ་གནད་མང་པོ་སྔ་འགྱུར་ཧེ་རུ་ཀ་ཀ་ལྤཱུའི་རྒྱུད་ལས་ཀྱང་གསུངས། རྙིང་མ་རྩ་བ་ནས་ཆོས་ལོག་ཡིན་པའི་དབང་དུ་བགྱིས་ན་ལས་སླ་བ་ཙམ་སྣང་མོད། དེ་ལྟར་མིན་ན་རྒྱ་གར་དུ་གསང་སྔགས་གསར་རྙིང་གི་ཐ་སྙད་མེད་པས་རྣམ་དབྱེ་གང་གིས་འབྱེད། ཆོས་ལོག་ཡིན་པ་ཡང་མི་འགྲུབ་སྟེ། རྙིང་མ་ཆོས་ལོག་ཡིན་ན་སློབ་དཔོན་པདྨ་ཡང་ཚད་མར་ཁས་ལེན་མི་ཐུབ་ཅིང༌། དེ་ལྟར་ན་ཇོ་བོ་རིན་པོ་ཆེ། བུ་སྟོན་ཐམས་ཅད་མཁྱེན་པ། གྲུབ་ཆེན་ལས་ཀྱི་རྡོ་རྗེ། ཆོས་རྗེ་ས་པཎ་སོགས་རྩོད་བྲལ་གྱི་སྐྱེས་ཆེན་སྔ་རབས་པ་མང་པོ་དང༌། ཐམས་ཅད་མཁྱེན་པ་གོང་མ་རྣམ་པ་ལྔ། པཎ་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་སྔ་ཕྱི་སོགས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་བསྟན་པའི་གསལ་བྱེད་རྩོད་པ་དང་བྲལ་བ་རང་ཅག་དགའ་ལྡན་པ་རྣམས་ཀྱི་གཙུག་གི་ནོར་བུ། འཕྱར་བའི་དར། འབུད་པའི་དུང༌། སྐྱེས་ཆེན་ཟླ་མེད་པ་རྣམས་ཀྱིས་སློབ་དཔོན་ཆེན་པོ་ཚད་ཐུབ་ཏུ་ལན་ཅིག་མ་ཡིན་པར་གསུངས་པས། དེ་དག་ཐམས་ཅད་དབུ་འཁོར་བ་ནི་མིན་ལ་ཆེ། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་དབུར། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་མཁན་པོ་ཞི་བ་འཚོས་བསྟན་པའི་སྲོལ་གཏོད་ཀྱང༌། ལྟ་བ་བསྟན་པ་གནད་དུ་མ་སོང་བར་གསུངས་པ་ནི་རྫོགས་ཆེན་གྱི་ལྟ་བར་ཁག་བཏགས་པའི་ལྟ་ལོག་ཤིན་ཏུ་མང་བ་རྣམས་འགོག་པ་དང༌། ཟབ་མོ་དབུ་མའི་ལྟ་བ་ཟབ་ཅིང་རྟོགས་དཀའ་བ་ཆེས་ཉམས་པ་རྣམས་གསལ་བར་མཛད་པའི་ཕྱིར་དུ་གསུངས་པ་ཡིན་ཏེ། རྒྱ་གར་དུ་ཡང་ལེགས་ལྡན་འབྱེད་དང་ཟླ་གྲགས་ལ་སོགས་པ་པཎ་གྲུབ་འཕགས་པ་རྣམས་ཀྱིས་ཀྱང་རང་རང་གི་གྲུབ་མཐའ་གསལ་བར་མཛད་པའི་ཆེད་དུ་ལུང་རིག་གིས་དགག་སྒྲུབ་སོགས་དགོངས་གཞི་ཁྱད་པར་ཅན་གྱི་མཛད་པ་དང་འདྲ། གཞན་ཡང༌། བཀའ་གདམས་གླེགས་བམ་ལས། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་འབངས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང༌།། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཨོ་རྒྱན་ཡུལ་དུ་ཇི་སྐད་སྨྲས་པ་བཞིན། །བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །སྤྲུལ་པ་གཅིག་ནི་བལ་པོའི་མཐིལ་དུ་འགྲོ། །སྤྲུལ་པ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ། །སྤྲུལ་པ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམ། །ཞེས་བླ་མ་དྲི་མ་མེད་པས་གསུངས་པ་ལས། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་པས་བླ་མ་དྲི་མ་མེད་པ་ཉིད་སློབ་དཔོན་པདྨར་སྤྲུལ་ནས་བོད་ཀྱི་ལྷ་འདྲེ་འདུལ་བར་བྱོན་པ་དང༌། མདོ་ཁམས་སྨད་དུ་འགྲོ་ཞེས་པ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་དང༌། རྒྱ་གར་གནས་ཆེན་འགྲིམ་ཞེས་པ་ཇོ་བོ་རྗེ་ཨ་ཏི་ཤ་དང༌། བལ་པོའི་མཐིལ་དུ་འགྲོ་ཞེས་པ་བལ་པོ་པདྨ་བཋ་ཡིན་པ་བཅས། བླ་མ་དྲི་མ་མེད་པ། ཇོ་བོ་རྗེ། སློབ་དཔོན་པདྨ། རྗེ་རིན་པོ་ཆེ། བལ་པོ་པདྨ་བཋ་རྣམས་ཐུགས་རྒྱུད་གཅིག་ཏུ་གྲུབ་ཅིང༌། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཀྱང༌། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང༌། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ།། སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །ཅེས་གསུངས་པ་དང༌། ཀུན་མཁྱེན་ལྔ་པའི་གསུང་ལེ་ཚན། པཎ་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་སྔ་ཕྱིའི་བཀའ་རྩོམ་སྤྱི་དང༌། ཁྱད་པར་སྐུ་འདིས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྣམ་བཤད་ཀྱི་འགོར་སློབ་དཔོན་དང་རྗེ་ཐུགས་རྒྱུད་གཅིག་པར་རྒྱས་པར་གསུངས། དེར་མ་ཟད་ས་པཎ་གྱི་ཕྱག་བྲིས་ངོ་མ་བསམ་ཡས་དབུ་རྩེའི་བར་སྐོར་དུ་འདུག་པའི་སྡོམ་བརྩོན་དམ་པ་མཁན་པོ་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དང༌། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་སློབ་དཔོན་ལ་བསྔགས་བརྗོད་མཛད་དེ་ཡོད་པ་ད་ལྟའི་བར་དུ་བཞུགས། ལྷག་པར་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནི། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས། ཆུ་བོ་གཉིས་འདྲེས་ཀྱི་བྱང་ཆུབ་ལམ་གྱི་རིམ་པ་གསན་པའི་དབུ་བླ་མཐར་ཐུག་དང་ལན་ཅིག་མ་ཡིན་པར་བསྔགས་བརྗོད་མཛད་པས་རང་ཅག་ཐམས་ཅད་ཀྱིས་ཚད་མར་འཛིན་དགོས་ན། དེ་ཉིད་ཀྱིས་ཇི་ལྟར་གསུངས་ཚུལ་ནི། ནང་ཏིང་ངེ་འཛིན་གྱི་རྣམ་ཐར་དུ། སྐུ་སྔོན་མ་སྲིན་ཡུལ་དུ་འཁྲུངས་ཚུལ་འཆད་པའི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས། ཡུལ་དེ་ཤེལ་གྱི་ས་གཞི་ལྟར་དཀར་བ། རིན་པོ་ཆེ་སྣ་ཚོགས་ཀྱི་རི་དང་བྲག་དང༌། ནགས་ཚལ་ལ་སོགས་དག་པའི་ཞིང་ཁམས་ལྟ་བུར་འདུག །དེ་ན་ཨོ་རྒྱན་ཆེན་པོ་སྔ་དྲོ་ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་མཛེས་པ་ཡིད་དུ་འོང་བ་སྐུ་བལྟ་བས་ཆོག་མི་ཤེས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཏུ་སྤྲུལ་ནས་ཆོས་གསུང༌། ཕྱི་དྲོ་ཁ་ཡན་གྱི་སྲིན་པོའི་དུག་ལྔ་ཞི་ཞིང་དབང་དུ་སྡུད་པར་བྱེད། ཕྱི་དྲོ་ཁ་ནས་རྒད་པོ་ལོ་བརྒྱ་ཉི་ཤུ་ལོན་པ་ལྟ་བུ་རྒས་པ། འཁོགས་པ། དྲང་སྲོང་གི་རྣམ་པ་འདྲ་བ་ཞིག་ཏུ་སྤྲུལ་ནས་ཆོས་གསུང༌། སྲོད་དང་ཐོ་རེངས་གཉིས་གང་ལ་གང་འདུལ་གྱི་ཚུལ་དུ་ཆོས་གསུངས་པས་སྲིན་པོ་རྣམས་ཀྱང་ཡེངས་པ་མེད་པར་ཆོས་ལ་བཀོལ་བར་འདུག །ཅེས་པ་དང་ལོ་བཅུ་གསུམ་གྱི་ལོ་ཀག་ལ་དགེ་སྦྱོར་ཉིན་མཚན་རྟག་ཏུ་ཡེངས་མེད་བྱས། ནུབ་མོ་སྒྲོ་བ་དགོན་པའི་འབུམ་པ་ལ་སྐོར་བ་བྱས་པས། མི་རྣམས་ཀྱིས་འབུམ་པ་ལ་མེས་སྐོར་བ་བྱེད་ཅིང་འདུག་ཟེར་བ་བྱུང༌། དེ་དུས་རྒྱལ་སྲས་ཐོགས་མེད་ཀྱི་ཐད་ནས་ཡོངས་པ་ཡིན་ཟེར་བའི་ཨ་ཙ་རའི་ཆ་བྱད་ཅིག་བྱུང་ནས། བགེགས་འབུལ་བའི་དམིགས་པ་ཞིག་ཞུ་ཟེར་ཕྱག་མང་དུ་འཚལ་གྱིན་འདུག །མི་གཡོ་བའི་མངོན་རྟོགས་ཀྱི་དམིགས་པ་བསླབས་པས། ཞེ་སྡང་གིས་ཀུན་ནས་བསླངས་པའི་དམིགས་པས་བགེགས་མཚན་ཉིད་པ་མི་ཐུལ། རྣམ་དག་བྱང་ཆུབ་སེམས་ལས་གཞན་དུ་མ་གཡོས་པ་ཞིག་ལ་ཁྲོ་བོའི་རྒྱལ་པོ་བགེགས་འདུལ་བ་ལ་དབང་འབྱོར་པ་ཞིག་ཡོང་བ་ཡིན་པས། མོས་གུས་ཀྱིས་མཉེས་པར་བྱ་ཡིས་གདམས་པ་གནང་བར་ཞུ་ཟེར། དབུ་མ་བདེན་གཉིས་ཀྱི་དེ་ཉིད་བསྡུས་པ་དང༌། དོན་བཅིངས་གྲོལ་མེད་པ་བཤད་དགོས་སྙམ་ནས་རླུང་སེམས་གཉིས་མེད་ཀྱི་བགྲོ་གླེང་བྱས་པས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཚོགས་འཁོར་ལ་གཤེགས་དེར་ང་ཆོས་ཞུ་བ་ཡིན་ཟེར། ཨོ་རྒྱན་ཆེན་པོ་དང་མཇལ་ན་རེ་དགའ་སྙམ་པའི་འདུན་པ་ཆེན་པོ་དང༌། མོས་གུས་ཚད་མེད་པ་སྐྱེས། ཁྱེད་ཐ་མལ་བ་མིན་པར་འདུག །ང་ཨོ་རྒྱན་གྱི་གནས་སུ་འགྲོ་བའི་རྫུ་འཕྲུལ་མེད་པས་རྗེས་སུ་འཛིན་པར་ཞུ་བྱས་པས། ཛ་ལི་བྷེ་ཤའི་ཡུལ་ན་རིན་ཆེན་མཁའ་འགྲོས་བྱིན་གྱིས་བརླབས་པའི་ཟས་ཡོད་པ་ཡིན་གསུངས་ནས། རྩ་གསུམ་ཧཱུཾ་གྲོལ་གྱི་ཆོས་དང་བྱིན་གྱིས་བརླབས་པ་མང་པོ་མཛད། བདུད་རྩི་ཀ་པཱ་ལ་གང་བྱིན་ནས། ཐ་མལ་གྱི་རྣམ་རྟོག་ཡིད་ལ་མ་བྱེད། རེ་དོགས་ཀྱི་སྲད་བུ་དམ་པོས་མ་བཅིངས་པར་ནམ་མཁའ་ཡ་གི་ལ་ལྟོས་དང་གསུངས་ཙ་ན། ནམ་མཁའི་ཁམས་ཐམས་ཅད་དཔའ་བོ་དང་དཔའ་མོ། མཁའ་འགྲོ་དང་མཁའ་འགྲོ་མ་མང་པོ། ལ་ལ་ནི་དར་གྱི་ལམ་འཐེན། ལ་ལ་ནི་འཇའ་ཚོན་གྱི་གུར་འབུབས། ལ་ལ་ནི་མེ་ཏོག་དང་རིན་པོ་ཆེའི་རྒྱན་འགྱེད། ལ་ལ་ཁྲོ་བོ་དང་ཁྲོ་མོ་གཅིག་དང་དུ་མ་སོགས་ཀྱི་སྤྲུལ་པ་མང་པོ་འགྱེད་ཅིང་བྱོན་བྱུང་བ་ལ། དར་དཀར་གྱི་ཡུག་ཆེན་པོ་བརྐྱང་བའི་སྟེང་ན་འོད་ཕུང་གི་ཁྲི་ཞིག་འདུག་པ་འདི་ལ་བཞུགས་གསུངས་བ་དང་མཉམ་དུ་ནམ་མཁའི་མཐོངས་ལ་འུ་རུ་རུ་ཁྲོ་ལོ་ལོ་མང་པོ་དང་བཅས་ནུབ་བྱང་གི་མཚམས་ལ་ཁ་བལྟས་པ་ལ་ཕྱིན་པ་ན། ཡུལ་ཁམས་ཐམས་ཅད་བྱུ་རུ་དམར་པོ་ལས་གྲུབ་པ། མེ་ཏོག་མང་པོ་ཁ་དོག་སྣ་ཚོགས་སྐྱེས་པ། གསེར་གྱི་ཆུ་བསིལ་བ་ཁག་གསུམ་དུ་འབབ་པ། ཡུལ་དེའི་ལྷོ་ངོས་ན་ཁྱིམ་པའི་ཆ་ལུགས་འཛིན་པའི་སྐྱེས་པ་བུད་མེད་ཀྱི་རྣམ་པ་མང་པོའི་གྲོང་ཁྱེར་རྒྱ་ཆེ་ཞིང་མཛེས་པ་འགའ་ཞིག་འདུག་གོ །ཡུལ་དེའི་དབུས་ན་རི་དམར་པོ་བཤོས་རྡོག་གི་གཟུགས་འདྲ་བའི་རྩེ་ལ་འཇའ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་བསམ་གྱིས་མི་ཁྱབ་པ་འདུག་པའི་ལྟེ་བ་དབུས་ཀྱི་ནམ་མཁའ་ལ་རིན་པོ་ཆེ་སྣ་ལྔ་ལྔ་ལས་འདབ་མ་རེ་རེ་གྲུབ་པའི་པད་སྡོང་གི་སྟེང་ན་འོད་ཟེར་ཁ་དོག་སྣ་བདུན་ལས་གྲུབ་པའི་ཁྲི་ལ་ཨོ་རྒྱན་ཆེན་པོ་བཞུགས་པ་ལ་ཌཱ་ཀི་མང་པོས་གླུ་གར་དང་རོལ་མོ་དང་མཆོད་པ་སྣ་ཚོགས་འབུལ་བ་འདུག །གྲུབ་ཐོབ་ཕོ་མོ་མང་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བ་དང༌། གུ་རུ་ཉིད་པཎ་ཆེན་གྱི་ཚུལ་བཟུང་སྟེ། ཉན་ཐོས་དགྲ་བཅོམ་པ་མང་པོ་སྡེ་སྣོད་ཀྱི་དགོངས་འགྲེལ་ལ་རྩོད་པ་བགྲོ་གླེང་བརྩི་བ་གློག་འཁྱུག་པ་ལྟ་བུའི་ཐལ་སྒྲ་སྒྲོག་པ་འདུག །ལྷ་དང་ཀླུ་དང་གནོད་སྦྱིན་མང་པོ་ཆོས་ཉན་ཅིང་པོ་ཛའི་བྱེ་བྲག་སྣ་ཚོགས་མང་པོ་ཀུན་རིམ་གྱིས་རང་རང་གི་གླུ་དབྱངས་ཀྱིས་འབུལ་བ ཡེ་ཤེས་ཀྱི་མཁའ་འགྲོ་དང་མཆོད་པའི་ལྷ་མོ་མང་པོས་ཕྱིའི་མཆོད་པ་རྣམ་པ་ལྔ། ནང་གི་མཆོད་པ་རྣམ་པ་ལྔ། གསང་བའི་མཆོད་པ་རྣམ་པ་ལྔ། དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམ་པ་ལྔ་སོགས་བསམ་གྱིས་མི་ཁྱབ་པ་འབུལ་བ་འདུག །ཚོགས་ཀྱི་ཡོ་བྱད་ཅི་ཡང་རུང་བའི་ཟས་སྣ་ལོངས་སྤྱོད་ཀྱི་འབྱོར་རྫས་རོ་བཅུད་ཕུན་སུམ་ཚོགས་པ་བརྒྱ་རྩ་བརྒྱད་ལ་སྤེལ་སྦྱངས་དང་བསྐྱེད་ཆོག་གི་ཚུལ་མང་པོ་མཛད་ནས་ཀུན་ལ་འདྲེན་ཞིང་རོལ་པ་འདུག །འཛམ་བུ་གླིང་པ་ཚེ་ཐུང་བ་སྙིང་རྗེ་བ་རྣམས་ཀྱི་དོན་དུ་གསང་སྔགས་གཙོ་ཆེ་བར་གསུངས་པས་རྒྱུད་སྡེ་ཆེན་པོ་བཞིའི་དབང་ངོ་མཚར་ཁྱད་པར་མཆོག་ཏུ་བྱས་པ་བཞིན་གྱི་དག་པའི་སྣང་བས་སྐབས་ངོ་ཤེས་པ་དང༌། མ་དག་པའི་སྣང་བ་དུས་ནམ་དུ་ཡང་ཡིད་ལ་མ་བྱེད། ཅེས་སོགས་གསུངས་ནས་ཌཱ་ཀི་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་མང་པོ་བྱས་ནས་དབང་རིམ་པ་བཞིན་གྱིས་བསྐུར་བ་དང༌། རྒྱུད་གསུང་བ་མན་ངག་སློབ་པ་དང༌། ཚོགས་འཁོར་ལ་རོལ་པ་རྣམས་དུས་མཉམ་དུ་ཐོབ་པ་བྱུང༌། ཅི་སྣང་རང་གི་སེམས་སུ་ལྟོས། །སེམས་ཀྱི་གནས་ལུགས་ཤེས་པ་དང༌། །རྒྱུད་སྡེ་མཐའ་དག་དགོངས་པ་དང༌། །སངས་རྒྱས་སྐུ་དང་ཞིང་ཁམས་དང༌། །རིམ་གཉིས་དབང་དང་ཐེག་དགུ་སོགས། །གཅིག་ཤེས་ཀུན་གྲོལ་དངོས་གྲུབ་ཐོབ། །ཅེས་པའི་དོན་རྒྱས་པར་བསྟན་ཏེ་ཉམས་སུ་ལེན་པའི་ཆོས་རྒྱུད་སྡེ་བཞིའི་མན་ངག་གསང་བ་བདུད་རྩིའི་རྒྱ་མཚོ། དབང་བཞི་རིན་ཆེན་བུམ་པ། རྫོགས་རིམ་ཡེ་གྲོལ་ལྷུན་གྲུབ་རྣམས་གསུངས། ཞེས་པ་སོགས་དང༌། གཞན་ཡང་གསང་བདག་སྙན་བརྒྱུད་ཀྱི་ནང་དུ། གཤིན་རྗེ་ཚེ་བདག་དང་སྔགས་སྲུང་མའི་ཆོས་སྐོར་སོགས་ཡི་དམ་ལྷས་དངོས་སུ་གསུངས་འདུག་པ་དང༌། རྗེ་དེ་ཉིད་ལ་གསང་བདག་གིས་གསུངས་པའི་བདུད་རྩི་ཐིགས་པའི་རྡོ་རྗེའི་རྩ་ཚིག་ལས་ཀྱང༌། ཀ་དག་རང་རིག་འོད་གསལ་གྱི། །རྣམ་པ་ལྷ་ཡི་གཟུགས་སུ་འཆར། །ཞེས་པ་སོགས་རྫོགས་ཆེན་གྱི་གནད་དང་མཐུན་པ་མང་པོ་གསུངས་པ་བཅས་རྫོགས་ཆེན་གྱི་ལུགས་དང་སློབ་དཔོན་ཆེན་པོ་ཚད་མར་གསང་བདག་སྙན་བརྒྱུད་ཀྱི་མགོ་མཇུག་ཐམས་ཅད་དུ་གསུངས་པ་དང༌། པཎ་ཆེན་ཆོས་ཀྱི་རྒྱལ་པོ་གོང་མས་ཀྱང་རྣམ་ཐར་ཆེན་མོར། གསང་བའི་སློབ་དཔོན་ཞིག་ལ་རྙིང་ལུགས་གཤེད་དམར། ཚེ་བདག །བཀའ་བརྒྱད་གསང་བ་ཡོངས་རྫོགས། བདེ་འདུས་ཀྱི་དབང་ལུང་སོགས་རྙིང་མའི་ཆོས་སྐོར་མང་པོ་ཞུས་ཞེས་ཤོག་གྲངས་ཞེ་ལྔ་པའི་རྒྱབ་ལོགས་ཀྱི་ཡིག་འཕྲེང་གཉིས་འོག་ཏུ་གསུངས་པ་དང༌། རྗེ་དེ་ཉིད་ཀྱིས་མཛད་པའི་གཡུང་སྟོན་ཆེན་མོའི་རྟོགས་བརྗོད་དུ། རྣམ་ཐར་ཞལ་གསུངས་མ་ཁུངས་འདྲེན་མཛད་པར། ཚེ་རབས་སྔ་མའི་ལས་འཕྲོ་སད་པའི་མཐུས། །ངེས་དོན་མཐར་ཐུག་རྫོགས་ཆེན་དོན་དང་མཇལ། །སེམས་ཉིད་ཡེ་སངས་རྒྱས་པའི་རང་ཞལ་མཐོང༌། །སངས་རྒྱས་གཞན་དུ་འཚོལ་བའི་རྩོལ་བ་བྲལ། །ཞེས་གསུངས་པ་སོགས་ཁུངས་རྣམ་དག་ཤིན་ཏུ་མང༌། དེས་ན་སྐྱེས་ཆེན་དམ་པ་དེ་དག་གིས་བསྟན་པའི་ཞབས་འདྲེན་མཛད་པ་རང་མིན་ལ་ཆེ། ཐམས་ཅད་མཁྱེན་པ་གོང་མ་ན་རིམ་དང༌། པཎ་ཆེན་ཆོས་ཀྱི་རྒྱལ་པོས་གསུངས་པ་རྣམས་ལ་ཕྱག་སེལ་ཁྱོན་གཅིག་ཏུ་ཕབ་ཅིང༌། སྐྱེས་ཆེན་དེ་དག་གིས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཞབས་དྲངས་ན གཞན་སུ་ཞིག་གིས་ཞབས་ཏོག་འགྲུབ། གཞན་ཡང་རྟ་མགྲིན་གསང་སྒྲུབ་དང༌། དཔལ་ལྡན་ལྷ་མོ། བེག་ཙེ་ལྕམ་སྲིང་སོགས་དགའ་ལྡན་པ་ཡོངས་ཀྱིས་ཚད་མར་འཛིན་པའི་ཡི་དམ་ཆོས་སྲུང་རྣམས་ཀྱི་ཁུངས་ཀྱང༌། སློབ་དཔོན་པདྨ་དང༌། གཏེར་བྱོན་རྫོགས་ཆེན་གྱི་རྒྱུད་སོགས་ལ་མ་བརྟེན་ན་ཁུངས་གང་ལ་ཡང་བརྟེན་དུ་མེད་ཅིང༌། དེའི་ཕྱིར་ན་དགེ་ལུགས་པ་མཐའ་དག་རྙིང་མར་གྲུབ་མཐའ་འགྱུར་བར་ཁས་ལེན་དགོས་པ་ཙམ་འདུག་ན་དབྱེ་འབྱེད་ལན་སོགས་གང་འདེབས་དེ་བས་ན་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་གང་འགྱུར་ཞིང༌། བསྟན་འགྲོའི་དོན་དུ་གང་ཕན་དེ་ཁའི་ཆོས་ལ་ཉམས་ལེན་བགྱིས་ན་བསྟན་པའི་ཞབས་ཏོག་ཏུ་ཡང་འགྱུར། ཚད་ལྡན་གྱི་གོང་མ་རྣམས་ཀྱིས་གྲུབ་མཐའི་སྲོལ་མི་འདྲ་བ་མང་དུ་གསུངས་པ་རྣམས་གང་ལ་བརྟེན་ཀྱང་ཁྱད་པར་ཅི་ཡོད། འོན་ཀྱང་བསྟན་འཛིན་འགའ་ཞིག་རང་རང་གི་ཆོས་ལུགས་དོར་ནས་གཞན་གྱི་ཁྲོད་དུ་དབུ་རྡོག་རྡོག་བཞུགས་པ་མང་བས་དེ་དག་ལ་རང་དགོས་པ་ཆེར་མེད་འདྲ་བསམ་ཞིང༌། རང་ངོས་ནས་གྱ་ཚོམ་དུ་ཆོས་ལུགས་སྣ་ཚོགས་ཀྱི་ཉམས་ལེན་བྱེད་པ་དང༌། འདམ་ལ་བཏབ་པའི་ཕུར་པ་བཞིན་དུ་རང་གི་ཆོས་ལུགས་ལ་ངེས་པའི་རྐང་མ་ཚུགས་པར་གཞན་ལ་བརྟེན་པ་མིན། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོར་མི་ཕྱེད་པའི་དད་པ་གཏིང་ནས་ཐོབ་ཅིང༌། མགོན་པོ་འདི་ཉིད་དང་རྗེ་བཙུན་བླ་མ་དམ་ཆོས་བཟང་པོའི་ཐུགས་རྗེ་སྙིང་ལ་ཞུགས་པ་ལ་བརྟེན་ནས་རིས་མེད་ཀྱི་སྐྱེས་ཆེན་ཐམས་ཅད་སྐྱབས་ཡུལ་རྣམ་དག་ཏུ་ཤར། བསྟན་པ་ཐམས་ཅད་འགལ་མེད་དང་གཞུང་ལུགས་མ་ལུས་གདམས་པར་འཆར་བའི་གནད་ཆ་ཙམ་གོ་བས། དཀའ་རབ་འབྱམས་པ་སོགས་མིང་སྙན་པོ་མ་ཐོགས་ཀྱང་ཆོས་སྤོང་གི་ལས་ལ་གང་འཛེམ་དུ་བགྱིས། མགོན་པོ་རྣམ་གཉིས་ཀྱི་ཐུགས་རྗེས་གསང་ལུང་ལ་བབས་པའི་ཡི་དམ་ཞི་གྲོའི་རིགས་ཀྱི་སྒོམ་བཟླས། རང་གཞན་གྱི་རྐྱེན་སེལ། བསྟན་འགྲོར་ཕན་པའི་ཐབས་ཀྱི་རིགས་ནི་ལུགས་གང་ནས་ཀྱང་བྱས། དེ་མིན་རྔ་རྡིང་བརྒྱུགས། དུ་བ་འཐུལ་བརྒྱུགས། དབང་བསྐུར་ཚད་ལ་ཚད་མར་བཟུང་ནས་མགོ་ཡང་ཞིང་བཅོ་སླ་བ་དེ་འདྲ་མ་བྱས། གོང་དུ་ཞུས་པའི་གནད་འདི་དག་དགོངས་ན་གསང་དགོས་རྒྱུ་ཡང་མེད་པ་འདྲ། ལྷག་པར་རང་རེར་འཇམ་མགོན་བླ་མའི་བསྟན་པར་གནོད་པའི་གྲུབ་མཐའི་སྲོལ་འཛིན་པ་དང་སྤེལ་བ་སོགས་བགྱིས་པའི་གནོང་འགྱོད་ཀྱི་འཁྲི་བ་མེད་པས་ལུང་བབས་དང་བསྟན་འགྲོར་ཕན་པའི་ཐབས་བཅོས་ཉམས་ལེན་གྱི་རིགས་ཕྱོགས་གང་ནས་བྱས་ཀྱང་གསང་གསང་སྦེད་སྦེད་ཀྱི་རིགས་བྱེད་རྒྱུ་མི་འདུག་སྙམ། ཡང་རྙིང་མ་པ་སོགས་གྲུབ་མཐའ་སྣ་ཚོགས་ཀྱིས་འཇམ་མགོན་ཆོས་ཀྱི་རྒྱལ་པོར་སྐུར་འདེབས་དང་ལོག་པར་བལྟ་བ་ཤིན་ཏུ་མང་སྟེ། དེ་དག་ཀྱང་གོང་དུ་བཤད་པའི་གནད་དེ་དག་མ་རྟོགས་པའི་སྐྱོན་ཡིན་ཞིང༌། ཕྱོགས་ལྷུང་གིས་མིག་ལྡོངས་པ་དང་རང་རང་གི་གཞུང་ལུགས་རྣམས་ལ་ཡང་ཐོས་བསམ་ཞིབ་ཏུ་མ་བགྱིས་པས་ཡིན་ཏེ། རྒྱལ་པོ་བཀའ་ཐང་ལས། དེ་ཕྱིར་འདུས་པ་ཉི་ཤུ་རྩ་ལྔ་ལ༔ ཤཱཀྱའི་ཞིང་ཁམས་འཕྲུལ་སྣང་གཙུག་ལག་ཁང༔ སྨོན་ལམ་དག་པས་བྱང་སེམས་གཞན་དོན་མཛད༔ འདུས་པའི་ཕྱོགས་གྱུར་འཕགས་པ་འབྱུང་བར་འགྱུར༔ ཞེས་པ་དང༌། ཐང་ཡིག་ལུགས་གཅིག་ལས༔ དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ༔ མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས༔ རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་འབྱེད་མཁན༔ འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་ནི༔ བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང་༔ གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ༔ ཞེས་བློ་བཟང་གི་མཚན་སྒྲ་དང༌། རྗེའི་གསང་མཚན་དོན་ཡོད་རྡོ་རྗེ་ཞེས་པ་ཡིན་པས་གསལ་བར་བསྟན། པདྨ་བཀའ་ཆེམས་ལས། འཇམ་དབྱངས་སྤྲུལ་པ་གདུལ་བྱ་བསྟན་པའི་བདག༔ མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས༔ མི་རབས་བརྒྱད་དུ་གསང་སྔགས་རྒྱས་པར་སྟོན༔ ཞིང་འདི་འདས་ནས་བྱམས་པའི་དྲུང་དུ་འགྲོ༔ དེ་ཡི་བརྒྱུད་འཛིན་ཚེ་གཅིག་སངས་རྒྱས་ཡིན༔ རང་བྱུང་བསྐལ་པ་ཆེན་པོ་ལ༔ དགྲ་བཅོམ་ཐོབ་པར་ཐེ་ཙོམ་མེད༔ ཅེས་པ་དང༌། ཆོས་རྗེ་མགོན་པོ་རིན་ཆེན་གྱིས་མཚོ་སྣ་ཟངས་ཡག་བྲག་ནས་བཏོན་པའི་ལུང་བྱང་ལས། འཇམ་དབྱངས་སྤྲུལ་པ་བློ་བཟང་ཞེས༔ བསྟན་པ་རྒྱས་བྱེད་ངོ་མཚར་ཅན༔ ཞེས་པ་དང༌། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ལས་བྱུང༌། འཇམ་དབྱངས་སྤྲུལ་པ་བློ་བཟང་གྲགས་པ་ཞེས༔ བསྟན་པ་རྒྱས་བྱེད་དེ་ནི་ངོ་མཚར་ཅན༔ ཞེས་པ་དང༌། གཞན་ཡང་གཏེར་ལུང་འགའ་ཞིག་ལས། ཨོ་རྒྱན་ང་ཡི་ཐུགས་སྤྲུལ་སྙིང་རྗེ་ཅན༔ བཻ་རོ་ཁྱོད་ཀྱི་འོད་ཟེར་ཆ་གཅིག་ལས༔ སྐུ་ལུས་གཅིག་ལ་བཀོད་པ་མི་འདྲས་བརྒྱན༔ བཻ་རོ་ཙ་ནའི་སྐྱེ་བ་གཅིག༔ དབུས་ཕྱོགས་དགའ་ལྡན་ཞེས་བྱར་འབྱུང་༔ བྱང་སེམས་བློ་བཟང་ཞེས་པར་གྲགས༔ ཞེས་དང༌། རསྒྲ༽འི་སྤྱི་ལུང་ཆེན་མོ་ལས། འཇམ་དབྱངས་སྤྲུལ་པ་གསང་སྔགས་བསྟན་འཛིན་པ༔ བློ་གྲོས་སྟོབས་ཅན་གྲགས་པའི་མིང་ཅན་འབྱུང་༔ ཞེས་གསུངས་པ་བཅས། རྗེ་རིན་པོ་ཆེ་ཚད་ལྡན་མ་ཡིན་ན་སློབ་དཔོན་རིན་པོ་ཆེ་ཡང་རྫུན་གྱི་རྒྱལ་གོག་ཏུ་སོང་ཞིང༌། དེ་ལྟར་ན་རྙིང་དགེ་ཐམས་ཅད་ཀྱི་དབུ་ལ་ཆུ་དུས་གཅིག་ཏུ་འདྲེན་པར་རོལ་བརྒྱ་ཤལ་གཅིག་ཏུ་འགྲོ་བ་འདྲ། གཞན་ཡང་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་དག་སྣང་ལ། ཨོ་རྒྱན་ཆེན་པོ་དངོས་སུ་བྱོན་པར། བོད་ཡུལ་ན་བློ་བཟང་གྲགས་པ་འདི་སྐད་ཆེ། ཁོང་སེམས་གར་བསྐྱེད། ཕྱི་མ་གར་གཤེགས་ཞུས་པས། སེམས་བསྐྱེད་ཐུབ་པའི་དྲུང་དུ་བསྐྱེད། །སྐྱེ་བ་ཀུན་ཏུ་འགྲོ་དོན་མཛད། །སྨོན་ལམ་གཅིག་གི་བྱེ་བྲག་གིས། །སེམས་དཔའ་དེ་ལ་སྨད་པར་བྱེད། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །འབྲེལ་ཚད་དོན་ལྡན་སྙིང་སྟོབས་ཅན། །སྡེ་སྣོད་འཛིན་པའི་འཁོར་གྱིས་བསྐོར། །སངས་རྒྱས་བསྟན་པ་བསྲུང་བསྐྱེད་བྱེད། །སྙིགས་མའི་དུས་སུ་ཨ་ལ་ལ། །གྲིབ་དང་གཟའ་གདོན་དག་ལ་འཛེམ། །ཚེ་ལ་བར་ཆད་ཡོང་ཉེ་བས། །གཙུག་ཏོར་རྣམ་རྒྱལ་ལ་སོགས་པའི། །བར་ཆད་བཟློག་པའི་ཆོ་གར་འབད། །བདེ་བ་ཅན་དུ་གཤེགས་རྒྱུ་ལ རེ་ཞིག་བྱམས་པའི་དྲུང་དུ་འགྲོ། །སེམས་དཔའ་གསེར་གྱི་མེ་ཏོག་གྲགས། །ཞེས་གསུངས། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་ཡང༌། ཡི་དམ་ལྷའི་ལུང་བསྟན་ལས། བཅོམ་ལྡན་འདས་མགོན་པོ་བྱམས་པའི་སྤྲུལ་པ་ཞིག་གི་གསུང་ཡིག་འཁྱེར་བའི་མི་བཞི་འོང་བར་ཡོད། དེའི་ཁྲོད་ནས་ཨེ་ཀ་ཛ་ཊཱི་བསྒྲུབ་པའི་ལས་ཅན་ཞིག་ཡོད། དེ་ལ་ཨེ་ཀ་ཛ་ཊཱིའི་ལུང་སྦྱིན། རྣམ་འཇོམས་ཀྱི་དབང་བསྐུར་གསུང༌། སང་དེ་མི་བཞི་བྱུང༌། དགེ་བའི་བཤེས་གཉེན་བློ་བཟང་གྲགས་པའི་གསུང་ཡིག་ཡིན་པར་འདུག །ཅེས་པ་དང༌། ཡང་གསང་བདག་གིས་གྲུབ་ཆེན་རང་ཉིད་ཀྱི་བུ་སློབ་ལུང་བསྟན་པ་ལས། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། །ཤཱཀྱའི་རྒྱལ་པོའི་དྲུང་དུ་སེམས་མཆོག་བསྐྱེད། །ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ། །འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ། །འཇམ་དཔལ་སྙིང་པོ་བྱམས་པའི་སྲས་མཆོག་དེ།། མྱུར་དུ་སངས་རྒྱས་དེ་བཞིན་གཤེགས་པར་འགྱུར། །ཞེས་གསུངས་པ་དང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་ཉི་ཤུ་རྩ་དྲུག་གི་ཡ་གྱལ་འབྲོམ་གྱིས་འབུལ་མོ་ཆེ་མཛད་པ་ལས་འཕྲོས་པའི་མ་འོངས་ལུང་བསྟན་དུ། བདག་གི་སྤྲུལ་པ་དམ་པ་གཅིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ། །དེས་ནི་གནས་དེ་སྐྱོང་བར་བྱེད། །རེས་འགའ་བྱིས་པའི་གཟུགས་སུ་འོང༌། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུངས་ཀྱི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ།། །བསྟན་གནས་བར་དུ་ཡང་ཡང་འོང༌། །དེ་ནི་བརྒྱུད་པ་ཉིད་དང་མཚུངས། །ཁྲིམས་ལྡན་དེ་ཡིས་བྱིན་བརླབས་ཤིང༌། །སྐྱེས་བུ་གསུམ་ནི་དོན་གཉེར་པའི། །བྱ་བ་མྱོང་བ་བརྒྱ་ཕྲག་ཙམ། །གནས་དེར་བསམ་གཏན་སྒོམ་པར་བྱེད། །དེ་ལའང་ཅུང་ཟད་ལྟ་བས་གནོད། །འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང༌། །བསམ་གཏན་ཆགས་སྡང་དག་ལ་འཆོར། །འོན་ཀྱང་སྤྲུལ་པས་བྱིན་བརླབས་པས། །ལྷ་དང་བཅས་པའི་མཆོད་པའི་གནས། །བཀུར་འོས་ཉིད་དུ་ངེས་པར་འགྱུར། །མདོར་ན་གནས་མཆོག་དེ་དག་ཏུ། །དང་པོ་གཞི་གྲ་ནས་བཟུང་སྟེ།། ཐ་མར་སྟོང་ཕྲག་ཕྱེད་དང་གསུམ། །བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར། །གནས་དེར་ཕྱོགས་དང་ཕྱོགས་མཚམས་ནས། །དགེ་འདུན་དཔག་མེད་འདུ་བར་འགྱུར། །སྤྱིར་ཡང་ལས་ཅན་ཕྱོགས་བཅུར་འགྲོ། །ཕྱི་ཡི་རྒྱ་མཚོ་དག་དང་མཚུངས། །ཆུ་བོ་བརྒྱ་ཡིས་གང་མི་ནུས། །ཇི་ཙམ་ཞིག་གི་དམའ་མི་ནུས། །ཞེས་དང༌། ཡང༌། ཕ་ཆོས་ལེའུ་ཉེར་དྲུག་པའི་མ་འོངས་ལུང་བསྟན་དུ། ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད། །དུ་མའི་ཕན་བདེ་སྒྲུབ་བྱེད་པའི། །དེ་ཡང་གནས་མཆོག་དམ་པ་ཡིན།། ཞེས་གསུངས། ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང༌། སྐུ་ཚེའི་སྟོད་ལ་རྗེ་རིན་པོ་ཆེར་སྐུར་འདེབས་མཛད་པས་ཕྱིས་ཐུགས་འགྱོད་དེ་གསུང་མགུར་ལས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན། །རྟགས་ཙམ་གྱིས་འདུལ་བ་འཛིན་པའི་དུས། །རྗེ་བློ་བཟང་གྲགས་པ་བྱ་བ་དེས། །བཅོམ་ལྡན་ཤཱཀ་ཐུབ་ཀྱི་ཚུལ་བཟུང་ནས། །ངུར་སྨྲིག་གི་རྒྱལ་མཚན་འཛིན་མཛད་པའི། །སྔོན་ཤཱ་རིའི་བུ་ལྟར་བགྲང་ཡས་ཀྱིས། །འཛམ་གླིང་གི་རྒྱལ་ཁམས་གང་བར་མཛད། །རྗེ་དེ་ལ་མི་དད་སུ་ལ་དད།། སྔར་ཕྱོགས་རིས་འཛིན་པས་གཤེ་བ་ཕུལ། །སྡིག་གྲོགས་ཀྱིས་ཟིན་ཅིང་མ་ཤེས་པའི། །གཏི་མུག་གི་ཉེས་པ་མཐོལ་ཞིང་བཤགས། །སྐྱེ་བ་ནས་ཚེ་རབས་ཀྱི་རྗེས་འཛིན་མཛོད། །ཅེས་གསུངས་པ་སོགས་རང་འདོད་སྦུབས་འཚངས་ཙམ་མིན་པར་ཐམས་ཅད་ཀྱིས་ཚད་མར་འཛིན་དགོས་པའི་ལུང་རྣམས་ནས། རྗེ་བླ་མ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་འདི་ཉིད་ཤིན་ཏུ་གསལ་བར་གསུངས་ཤིང་བསྔགས་པས་ཕྱོགས་ལྷུང་དོར་ཏེ་རང་རང་གི་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་གང་ལ་བྱེད་ཀྱང་སོ་སཱུའི་འདོད་མོས་གཙོ་མོད། ཚད་ལྡན་གྱི་དམ་པ་འདི་དག་ལ་གྱ་ཚོམ་དུ་སྐུར་བ་འདེབས་པ་དང་ཕྱོགས་ལྷུང་གི་སྡང་ཤུགས་སོགས་ཅིས་ཀྱང་མཛད་མི་རིགས་པས་མཛུབ་མོའི་ཚིགས་པ་ནང་བཀུག་གི་ཐམས་ཅད་ཀྱིས་ཐུགས་བསམ་ཞིབ་གཟིགས་མཛད་པ་ཞུ། གཞན་ཡང་རྒྱལ་བ་ཡབ་སྲས་གཉིས་ཀྱིས་དབུས་པའི་དེང་དུས་ཀྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་ཀྱང་ངོ་བོ་ཡེ་ཤེས་ཀྱི་ཀློང་དུ་ཐུགས་རྒྱུད་གཅིག་པར་ལུང་རིག་དུ་མས་འགྲུབ་པས་རྣམ་པ་འཕགས་ཆེན་དམ་པ་རྣམས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པར་སེམས་ཅན་གྱི་དོན་མཛད་པ་ལ་ཕྱོགས་ཁྱེར་གྱི་རང་ཕྱོགས་དང་གཞན་ཕྱོགས་ཞེས་པའི་ཆགས་སྡང་གི་རིགས་མཛད་དོན་མི་འདུག་རུང་དེང་སང་ནི་ཤིན་ཏུ་མང་བ་ཞིག་སྣང་ཞིང༌། དེའི་དབང་གིས་བོད་སྤྱི་ལ་ཡང་གནོད་ཚབསཤིན་ཏུ་ཆེ་བ་ཞིག་ཡོད་དམ་སྙམ་པས་ཕྱིན་ཆད་མི་མཛད་པར་གསོལ་བ་འདེབས་སོ། །
བསླབ་བྱ་འདི་སླེ་ལུང་རྗེ་དྲུང་སྐུ་ཕྲེང་ལྔ་པ་བློ་བཟང་འཕྲིན་ལས་ཀྱི་རང་གི་<>དེབ་གཟུགས་ཨ་ཆར་ན་པར་མ་ཤོག་གྲངས་452-464 བར་དུ་གསལ།
ཞལ་བདམས་དེའི་མཇུག་ཏུ་སྟིང་སྐུལ་གྱི་སྡོམ་ཚིག་ཅིག་ཀྱང་འདུག “དེས་ན་ད་ལམ་འདིར་ཁུངས་དང་སྒྲུབ་བྱེད་རགས་རིམ་ཞིག་ཕུལ་བ་འདི་དག་བསྟན་འགྲོ་སྤྱི་སྒོས་ཀྱི་ཐད་དུ་གལ་ཆེ་བར་སྣང་བས་གསལ་འདེབས་ཙམ་དུ་ཞུས་པ་ཡིན་པར་ཐམས་ཅད་མཉེས་ནའང་མཉེས། མ་མཉེས་ནའང་མ་མཉེས། ཁ་ཞེ་མཚུངས་པ་རང་ཡིན།” ཞེས་པ་འདི་རེད།
བེ་རི་ལགས་ཁྱེད་ཀྱིས་བཀོད་པའི་རྩོམ་ཡིག་འདིའི་ཁ་བྱང་ཙམ་མ་གཏོགས་མཐོང་གིན་མི་འདུག་པས་དེའི་རྒྱུ་མཚན་གང་རེད་གསལ་བཤད་ཅིག་གནང་རོགས། སླེ་ལུང་རྗེ་དྲུང་ཟེར་བ་དེ་ཆོས་བརྒྱུད་གྲུབ་མཐའ་གང་གི་རྗེས་འབྲང་རེད།
བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་ཉི་ཤུ་རྩ་དྲུག་གི་ཡ་གྱལ་འབྲོམ་གྱིས་འབུལ་མོ་ཆེ་མཛད་པ་ལས་འཕྲོས་པའི་མ་འོངས་ལུང་བསྟན་དུ། དེ་ལའང་ཅུང་ཟད་ལྟ་བས་གནོད། །འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང༌། །བསམ་གཏན་ཆགས་སྡང་དག་ལ་འཆོར། འདི་ཅིག་ཡག་གི
གུ་རུའི་གཏེར་ལུང་ཚད་ལྡན་དུ་མར་བོད་ཁམས་སྤྱིའི་བདེ་ཐབས་སུ་ལུང་བསྟན་མང་པོ་གནང་ཡོད་ཀྱང་ཚུལ་བཞིན་ལག་བསྟར་བྱེད་མཁན་ནི་རྒྱལ་དབང་ལྔ་པ་ཆེན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་མ་གཏོགས་བྱུང་མི་འདུག རྙིང་མའི་བླ་རྒན་རེ་ཟུང་གིས་ས་ཁུག་ལུང་ཁུག་རེ་ནས་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་རིམ་སྒྲུབ་པར་བྱས་ཀྱང་བོད་སྤྱིའི་དོན་ལ་ཕན་ཐོགས་དགོས་ན་བོད་སྤྱིའི་འགན་ཁུར་དགོས་པ་རེད། གཏེར་ཆེན་རཏྣ་ན་གླིང་པའི་གཏེར་ལུང་ལས། ཤྭཀྱ་ཐུབ་པའི་རྒྱལ་ཚབ་ང་ཡིན་པས༔ བོད་ལ་ཕན་ཐབས་ང་ཡི་བཀའ་ལས་མེད༔ ཅེས་སོགས་གསུངས་པ་རྒྱལ་དབང་ལྔ་པའི་གསུང་རྣམས་སུ་མང་དུ་འབྱུང་བ་བཞིན་ཡིན་ནོ།
གེ་སར་རྒྱལ་པོ། ད་དུས་རབས་ཉེར་གཅིག་ལ་སླེབས་ཡོད། ཞབས་བརྟན་དང་རིམ་འགྲོ་བྱས་ནས་བོད་ལ་ཕན་ཟེར་བ་འདི་སྨྱོ་གཏམ་མམ། དུག་ཆུ་བཏུང་པའི་སྐད་ཆ་མ་རེད་དམ། གལ་ཏེ་ཞབས་རིམ་བསྒྲུབས་ནས་བོད་སྐྱོབ་ཐུབ་ཀྱི་ཡོད་ན། ཅིའི་ཕྱིར་ཞབས་རིམ་རྩ་བ་ནས་ཁས་ལེན་མ་བྱེད་མཁན་གྱི་གུང་ཁྲན་ལ་བོད་འཐོབ་པ་རས། གུ་རུ་རིན་པོ་ཆེ་ག་པར་ཕྱིན་ནམ་བོད་མི་ས་ཡ་གཅིག་ལ་ཉེ་བ་ཤི་བའི་སྐབས། གུ་རུ་རིན་པོ་ཆེ་གཉིད་ལ་ཤོར་རམ་བོད་མི་ཁྲི་ཕྲག་མང་པོ་དམྱལ་བ་ལྟ་བུའི་བཙོན་ལ་ཚུད་སྐབས། གུ་རུ་རིན་པོ་ཆེ་གང་ལ་ཕེབས་སམ་ཁོང་གི་རྗེས་བྲངས་པ་རྣམས་རང་ཡུལ་བཞག་ནས་མི་ཡུལ་ལ་འགྲོ་དུས། གུ་རུ་རིན་པོ་ཆེ་ར་གཟི་བ་ཡིན་ནམ་བོད་མི་ཚང་མ་སྡུག་བསྔལ་དམྱལ་བ་ནང་ལ་སླེབས་པ་ལྟ་བུ། གུ་རུ་རིན་པོ་ཆེ་རྒྱ་ཁོག་ལ་ཞུགས་པ་མིན་ནམ་ལྷ་དྲེ་སུ་གཅིག་གིས་མི་ཐུབ་པའི་གུང་ཁྲན་ཡོང་སྐབས། ད་གེ་སར་ཁྱོད་ཤོད་དང་། ད་དུང་གུ་རུ་རིན་པོ་ཆེར་སྲོག་བཅོལ་མཁན་གྱི་བླ་མ་བརྫུན་མ་དེ་ཚོར་ལས་འབྲས་མི་འཁོར་བའི་སྐབས། ངོ་མ་གུ་རུ་རིན་པོ་ཆེ་ལ་སྡང་གི
བཀྲ་ཤིས། སྤྱིར་ཁྱོས་བཤད་ནི་དི་བདེན་ཀི་ཡ། སྐུ་རིམ་བསྒྲུབས་ནས་འཁོར་འདས་ལ་དབང་བསྒྱུར་ཟེར་བ་དེ་རྣ་བར་འགྲོ་དཀའ་མོ་ཟིག་རེད། འོན་ཀྱང་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ན་སྐུ་རིམ་བསྒྲུབས་ནས་འགལ་རྐྱེན་བཟློག་པའི་སྐོར་མང་པོ་ཞེ་དྲག་རེད། ད་དུང་སོག་བཟློག་པའི་སོག་བཟློག་གི་ལོ་རྒྱུས་སོགས་སྐུ་རིམ་བསྒྲུབས་ནས་འགལ་རྐྱེན་བཟློག་པའི་སྐོར་རང་མྱོང་ངོ་མ་དམར་རྗེན་དུ་བྲིས་པའི་སྐོར་ཡང་མང་ནི་རེད། རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་མཐའ་དམག་གིས་གྲབས་ཤོམས་བྱས་པ་གུ་རུ་རང་ཉིད་ཀྱིས་དྲག་པོའི་ལས་སྦྱོར་ལ་བརྟེན་ནས་ཕྱིར་ཟློག་པའི་ལོ་རྒྱུས་ཡང་ཡོད་པ་རེད། དེར་བརྟེན་གུ་རུའི་ལུང་བསྟན་བཞིན་བསྒྲུབ་ཡོད་ན་བལྟ་རྒྱུ་ཞིག་ཡོད་ནི་རེད་མོད། འོན་ཀྱང་བོད་སྡེ་པ་གཞུང་དགེ་ལུགས་པའི་ལག་ཏུ་ཤོར་བ་དང་། དགེ་ལུགས་པའི་ནང་ནས་ཀྱང་བླ་མ་ཡག་པོ་ཚོའི་ཕྱག་ཏུ་མ་ཐོན་པར། དམ་སྲིས་རྒྱུད་བརླམས་པའི་མི་དགེ་བའི་བཤེས་གཉེན་ཆགས་སྡང་གི་རུས་པ་འབུར་ཏུ་ཐོན་པ་ཚོའི་ལག་ཏུ་ཤོར་སྟབས་གུ་རུའི་ལུང་བསྟན་བཞིན་བསྒྲུབ་པ་ལྟ་ཅི། དེ་ལས་ལྡོག་སྡེ་རྗེ་བླ་མའི་བསྟན་པ་དཀར་འཇམ་ཡུག་གཅིག་ཡིན་ན་ཅིག་ལ་གཏོང་དགོས་ཟེར་ནས། གུ་རུའི་ཆོས་བརྒྱུད་རྩ་མེད་དུ་གཏོང་བའི་སྲིད་ཅུས་མང་པོ་བཏང་བ་ལོ་རྒྱུས་ཁག་ན་ཤོག་བུ་དཀར་པོའི་སྟེང་དུ་སྣག་ཚ་ནག་པོས་བྲིས་ནས་ཡོད་པ་ལྟར་རེད། དེར་བརྟེན་སྐུ་རིམ་གྱིས་མ་ཕན་པ་ཡིན་ནམ་སྐུ་རིམ་མ་བསྒྲུབས་པ་ཡིན་བཤད་དཀའ་ནི་རེད། སྨན་པའི་ངལ་ལ་མ་ཉན་སྨན་དག་གིས། བཅོས་དགོས་ནད་པ་སོས་པ་ག་ལ་ཡོད་ཅེས་པ་ལྟར་རེད། གནའ་དེང་གི་ཚན་རིག་པ་ཆེན་པོ་དག་གིས་ཀྱང་དངོས་མྱོང་ལས་འདས་པའི་གསང་བ་ལྐོག་གྱུར་གྱི་ནུས་པ་བསམ་གྱིས་མི་ཁྱབ་ཅིང་། དཔྱད་མི་ཤེས་པ་ཞིག་འཇིག་རྟེན་འདིར་འདུག་པ་ཁས་ལེན་གྱི་འདུག་ག དེར་བརྟེན་ཁ་ཚོན་གཅོད་དཀའ་ནི་རེད། དེས་ན་དུས་རབས་ཉེར་གཅིག་མ་ཟད་དུས་རབས་ཉིས་བརྒྱ་དང་གཅིག་ལ་ཐོན་སོང་རུང་སྐུ་རིམ་བསྒྲུབ་མ་ཕན་གྱི་རེད་ལོ། ༧གོང་ས་མཆོག་གིས་ཀྱང་།། གཏེར་སྟོན་ལས་རབ་གླིང་པའི་ཆོས་སྐོར་གྱིས།། གངས་ལྗོངས་འགྲོ་ལ་ཤིས་པའི་དཔལ་ཡོན་བསྒྲུབས།། ཅེས་དངོས་སུ་གསུངས་འདུག་ག། དེས་ན་ལོག་ལྟ་བྱེད་པ་ལས་དང་པོ་ཚོད་ལྟ་ཞིག་གྱིས་དང་།
བཀྲ་ཤིས།
ཞབས་རིམ་གྱིས་མ་ཕན་པ་མ་རེད། ཞབས་རིམ་མ་བསྒྲུབ་པས་ལན་པ་རེད། ལྷག་པར་དུ་དགེ་ལུགས་ཟེར་བ་འདི་འཇིག་རྟེན་འདིར་བྱུང་བ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀར་ཆགས་འཇིགས་མུ་མཐུད་དུ་བྱུང་བ་རེད། གལ་ཏེ་ཞབས་རིམ་གྱིས་ཕན་ཐོགས་མེད་ན། ༧གོང་ས་མཆོག་གིས་ཐུགས་སྐྱོ་བའི་སྤྱན་ཆབ་བསིལ་བཞིན། བོད་གངས་ཅན་བསྟན་སྲིད་བདེ་ཐབས་སུ་ཚད་མེད་ཡོན་ཏན་མ་དང་། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ་སོགས་གསུང་དོན་ཡོད་ནི་མ་རེད། འདི་དག་ཞབས་རིམ་བསྒྲུབ་ཐུབ་ན་ཕན་ཐོགས་ཡོད་པའི་རྟགས་རེད། མདོར་ན་ལྷ་ཐོད་དཀར་གྱི་རྩ་ན་འདྲེ་སྣ་ནག་ཟེར་བ་ལྟར། སློབ་དཔོན་ཐུགས་རྗེ་ཅན་ལ་བྱིན་རླབས་དང་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། དགེ་ལུགས་ཚང་ཟེར་བའི་འདྲེ་སྣ་ནག་ཚང་གིས་རྟེན་འབྲེལ་ཐམས་ཅད་མགོ་ནས་བསྣོགས། ལས་འབྲས་གོ་ཟློག་བྱས་པའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་དངོས་སུ་སྨིན་པ་རེད། ད་ལས་ངན་མ་ཟད་བར་དུ་སྒུགས་རྒྱུ་ལས་ཐབས་གཞན་ཡོད་ནི་མ་རེད། ཤེས་སོང་ངམ།
བློ་བཟང་རྒྱ་མཚོ་དང་བསྟན་འཛིན་བློ་གསལ།
ལྷ་ལ་བློ་བཅོལ་ནས་དགྲ་འགོག་པ་འདི་བྱིས་པའི་ལས་རེད། ལྟོས་དང་། ལྷ་དང་སྲུང་མ་ཡོད་ན། གུ་རུ་རིན་པོ་ཆེ་བཞུགས་སའི་བསམ་ཡས་དགོན་པ་རྩ་མེད་བཏང་སོང་། གུ་རུའི་མགོ་དེ་ཡང་ཆུ་ནང་གཡུགས་སོང་། སུ་གཅིག་གིས་སྐྱོབ་ཐུབ་མ་སོང་། གུ་རུའི་རྗེས་བྲངས་་དེ་ཚོ་ཡང་། འདོད་ཆགས་བུ་མོའི་སྟུ་ལས་སྐྱོབ་མ་ཐུབ་པར་ལུས་འདུག ཞེ་སྡང་ཆོས་ལུགས་འཐེན་ཁྱེར་ལས་སྐྱོབ་མ་ཐུབ་པར་ཐོད་སྐམ་པ་ཁྱེད་གཉིས་ལྟ་བུ་དྲ་ཐོག་ལ་ཡོང་ནས་ཆོས་རོགས་གཞན་ལ་ཁ་གཏོང་བཞིན་འདུག བདུད་གཞན་ལ་མ་བལྟ་ཐོད་སྐམ་ཁྱོད་གཉིས་ཀྱི་སེམས་ལ་ལྟོས། བདུད་ཞུགས་འཚར་འདུག གཞན་ལ་ཁ་དཀྲི་རང་གིས་ཆུ་གློད་མཁན་ཆོས་པ་ཁྱེད་ཚོར་འདྲེ་མཐོང་གི་འདུག
ང་ཆོས་ཁས་མི་ལེན་ལ། ལྷ་དེ་ཚོ་མཐོང་སྐབས། སྐྱག་པ་བཟོ་ཅེས་ཐེངས་ཁ་ཤས་ལབ་ནས་འགྲོ་བཞིན་ཡོད། དེ་བཞིན་རྒྱལ་བ་རིན་པོ་ཆེར་ཡང་། སྔོན་མ་ཟུར་མཇལ་ཞིག་ལ། ཆོས་ལ་དད་པ་མེད། ཆོས་དེས་བོད་མི་འདི་དམྱལ་བར་སྐྱེལ་སོང་། ད་དུང་ལྷ་ལ་ཡིད་ཆེས་བྱས་ནས་བོད་སྐྱོབ་བསམ་ན་སྨྱོན་པའི་ཚོར་སྣང་ཤར་གྱི་འདུག་ལབ་པ་ཡིན། ཁོང་ཁ་སྐྱེང་ནས། “ཧ་ཧ་ཧ།”གསུངས་ནས་ཁྲིད་ཀྱི་ཕྱི་རྒྱལ་མི་དེ་ལ། “He is angry with religion”གསུངས་སོང་། རྗེས་སུ་ཡང་བསྐྱར་མཇལ་སྐབས། དེང་སང་བོད་ནང་ལ་ཡང་ཁྱོད་ཀྱི་ལྟ་བ་ལྟ་བུ་ཡོད་མཁན་ཇེ་མང་འགྲོ་གི་འདུག དེབ་ཀྱང་མང་པོ་བཏོན་འདུག་གསུངས། ངས། ཧ་ཧ་ཧ་ཧ་ཅེས་གད་མོ་བགོད་ཤོར་ལ་ད་བདེན་པའི་གནས་ཚུལ་གསལ་དུ་འགྲོ་གི་ཡོད་པ་རེད་ལབ་པ་ཡིན། ཁོང་ཅི་བཤད་འདི་བཤད་མེད་པར། “རྗེས་མ་ལྷོད་ལྷོད་བྱུང་ན་ཐུག་གི་ཡིན་ད་གསུངས་ནས་ཕེབས་སོང་།
འོ་རེད་རེད། བཀྲ་ཤིས། ཁྱོད་ངོ་མས་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ན་ཡག་པོ་རེད། ཁྱོད་ལ་བརྟེན་པའི་ཆོས་ལུགས་ཀྱི་འཐེན་ཁྱེར་ཟེར་བ་ཞིག་མེད་པ་རེད། དེ་ཡག་པོ་རེད། དེང་སང་འགའ་ཞིག་གིས་སྤྱིར་ཆོས་ལ་ཡིད་ཆེས་ཡོད་ཀྱང་རང་གི་ཆོས་བརྒྱུད་ཀྱི་ཆོས་མ་གཏོགས་གཞན་རྣམས་ལྟ་ལོག་ཆོས་ལོག་རེད་ཟེར་ནས་མཐོང་ཆུང་ཐུབ་ཚོད་གཉའ་ནོན་བརྙས་བཅོས་བཅས་མུ་མཐུད་དུ་བྱས་ཏེ། དེ་ནས་གཉན་ནོན་མྱོང་མཁན་དང་ཐུབ་ཚོད་མྱོང་མཁན་གྱིས་སྡུག་སྐད་ཤོར་དུས། འོ་དཀྲུགས་ཤིང་སློང་གི་འདུག ཉུལ་མ་ཡིན་ས་རེད་ཟེར་མཁན་གྱི་དཀྲུགས་ཤིང་གི་ཨ་མ་ངོ་མ་དེ་ཚོ་དང་ཁྱོད་མ་འདྲ་བ་རེད། ཡིན་ན་ཡང་། ༧གོང་ས་མཆོག་གི་མཛད་རྣམ་དུ། མའོ་ཙེ་ཏུང་གིས་ཁོང་ལ་ཆོས་ལུགས་དུག་རེད་ཅེས་བཤད་ཚུལ་ཞིག་གསུངས་འདུག་པ་མ་གཏོགས། བཀྲ་ཤིས་ཟེར་བ་ཞིག་གིས་དེ་ལྟར་བཤད་རབས་བྲིས་མི་འདུག ད་དུང་ཁོང་གི་བཀའ་སློབ་ཕྱོགས་བསྒྲིགས་དེབ་བཅུ་གཅིག་ཡོད་པ་དེ་ཆ་ཚང་ལོ་གཅིག་ལྷག་གི་རིང་ལ་ཞིབ་ཀློག་བྱས་པ་ཡིན། མི་སུ་དང་ཐུག་རབས། སྐད་ཆ་ཅི་འདྲ་བཤད་རབས་སོགས་ཀུ་རེ་དང་སྦྲགས། སློབ་གསོ་དང་སྦྲགས། ཉམ་མྱོང་དང་སྦྲགས། དོན་དངོས་དང་སྦྲགས་པ་སོགས་བྱས་ནས་ཞིབ་གསལ་གསུངས་འདུག་སྟེ། བཀྲ་ཤིས་ཟེར་བ་ཞིག་གི་དེ་ལྟར་བཤད་རབས་གསུངས་མི་འདུག ད་དུང་ཉེ་སྔོན་ཞོགས་དུང་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་འདུག་ཀྱང་བོད་ནང་དུ་དེ་ལྟར་ཤོད་མཁན་ཡོད་ཚུལ་གསུངས་འདུག་པ་ལས་བོད་ཕྱི་ལོག་གི་བོད་མིའི་ནང་དུ་དེ་ལྟར་ཤོད་མཁན་ཡོད་རབས་གསུངས་མི་འདུག ཧ་ཧ། དེས་ན་ཁྱོད་བཤད་རིན་ཡོད་པ་དང་གླེང་རིན་ཡོད་པའི་མི་ཞིག་མིན་ཁོ་ཐག་རེད་པ། ཨ་རོ། ད་སྐྱག་རྫུན་བཤད་དགོས་ནི་མ་རེད། ཁྱོད་དགེ་ལུགས་པ་ཞིག་ཡིན་ཀྱང་གུ་རུ་རིན་པོ་ཆེ་ལ་ཁ་བཏང་རྗེས་ད་དགེ་ལུགས་ལ་ཅིག་ཟེར་ཡོང་གི་རེད་བསམ་ནས་སྤྱིར་ཆོས་ཁས་མི་ལེན་མཁན་ཞིག་ཡིན་མདོག་བྱས་པ་མངོན་གསལ་དོད་པོ་རེད། ཁྱོད་དི་མོས་ཟི་ཨི་སྐྲག་གི སྐྲག་ན་གཞན་གྱི་ཁ་སློང་ཉན་ནི་མ་རེད། ད་་་་་་་་
བློ་བཟང་རྒྱ་མཚོ།
རྙིང་མ་ལ་ཁ་གཏོང་གི་མེད། རྨོངས་དད་ལ་ཁ་གཏོང་གི་ཡོད། བོད་འདྲེ་ལག་ཏུ་སྐྱེལ་མཁན་དེ་ཚོའི་མགོ་ལ་གཞུ་གི་ཡོད། མི་བྱེད་དགུ་བྱེད་ཆོས་པ་ཁྱེད་ཚོས་བྱས་སོང་། དང་པོ་བོད་ཀྱི་རྒྱལ་པོ་དེ་བཀྲོངས། དེ་ནས་བོད་འདི་སྲིལ་བུར་བཏང་། མཐའ་མ་ཕྱི་ནས་རྒྱ་དང་སོག་པོ་ཁྲིད་ནས་བོད་ཀྱི་སྟོབས་ཤུགས་འདི་རྩ་བ་ནས་མེད་པ་བཟོས། ད་དུང་བོད་ཀྱི་རིག་གཞུང་ཟེར་མཁན་ཆོས་པ་ཁྱེད་ཚོ་རེད།
ལྟས་ངན་ཁྱེད་ཚོས་ང་ཚོའི་གཅེས་པར་འོས་པའི་ཕ་ཡུལ་དེ་དགྲ་ལག་ལ་སྦྱིན་སོང་། ད་ཁྱོད་རྙིང་མ་ཡིན་ནའང་འདྲ། དགེ་ལུགས་ཡིན་ནའང་འདྲ། བཀའ་རྒྱུད་ཡིན་ནའང་འདྲ། ས་སྐྱ་ཡིན་ནའང་འདྲ་གང་ལྟར་ཁྱོད་ཚོ་ལ་འགན་ཡོད་སྟབས། ང་ལ་ཁྱད་པར་མེད། གང་ལྟར་ཁྱོད་ད་རིང་མི་ངོ་མ་ཐུག་ཡོད་ན་འགྲལ་ལྕག་མེ་འབར་བ་ཞིག་ཞུ་ངེས་ཡིན། འདི་ནི་ཁྱོད་ཆོས་པ་རྨོངས་དད་ཅན། བོད་རྩ་མེད་གཏོང་མཁན་གྱི་རིགས་ཤིག་ཡིན་པས་ཡིན། གཞན་མིན།
འོ་ཡ། ད་དེས་ན་གཡུག་ཞོགས། དངོས་གནས་བཤད་ན་ཁྱོད་ཀྱིས་འུ་ཅག་བོད་པ་ཚང་གི་མགོ་༧རྒྱལ་པཎ་གཉིས་ནས་མཇུག་ང་ཡན་ཆད་ཀྱི་བོད་མི་ས་ཡ་དྲུག་ལ་འགྲམ་ལྕག་མེ་འབར་བ་རེ་རེ་གཞུ་དགོས་ན་དུས་ཚོད་ཀྱིས་ཀྱང་འདང་གི་མ་རེད། དེ་བས་རིག་གནས་གསར་བརྗེའི་སྐབས་ཀྱི་རྒྱུགས་ཁྱི་དང་འདྲ་བ་ཁྱོད་ཅག་མི་ཉུང་ཤས་ཤིག་ལ་འགྲམ་གཞུས་རྒྱུ་དེ་ཧ་ཅང་སླ་པོ་ཡིན་པས། ཁྱོད་དེ་རིང་འདི་རུ་ཡོད་ན་ངའི་ལག་ནས་འགྲམ་ལྕག་འགྲམ་པ་དཀྱོག་རྒྱུ་ཞིག་རག་ཚར་བ་རེད་དེ། དེ་རིང་ཁྱོད་འདིར་མེད་པ་ཁྱོད་ཀྱི་རླུང་རྟ་རེད། ངོ་མ་ལྟ་ལོག་ཚོ་ལ་རླུང་རྟ་པེ་འདུག
དྲྭ་གྲོགས་བསྟན་འཛིན་བློ་གསལ་དང་བློ་བཟང་རྒྱ་མཚོ་གཉིས་ཀྱིས་གསུངས་པ་ལས་ལས་ལྷག་ཅིག་བཤད་དགོས་ཀྱི་མི་འདུག བཀྲ་ཤིས་ཟེར་བའི་བཀྲ་མ་མི་ཤིས་མི་ངན་ཁྱོད་ཀྱིས་ཆོས་ལུགས་འཐེན་ཁྱེར་གཞི་མ་དེ་འདྲ་ཁྱེར་མ་ཡོང་། སྐུ་མཁྱེན། སྐུ་མཁྱེན། སྐུ་མཁྱེན།
དེང་སང་དུས་རབས་ཉེར་གཅིག་པའི་ནང་མཚན་སྙན་གྲགས་འཛམ་གླིང་ན་ཡོངས་སུ་ཁྱབ་པའི་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་ལྷ་དང་བླ་མར་ལུང་བསྟན་ཞུ་བཞིན་ཡོད་པ་ཁྱོད་ཀྱིས་ཨེ་ཤེས། དཔེར་ན་གནས་ཆུང་ཆོས་རྒྱལ་ཆེན་པོ་ལ་ལུང་བསྟན་ག་ཚོད་ཞུས་ཡོད་པ་རེད། མདོར་ན་ནང་བསྟན་སྤྱི་དང་བེ་བྲག་ཨོ་རྒྱན་ཆེན་པོའི་བཀའ་ལུང་རྣམས་དུས་རབས་གསར་བའི་ནང་ཁུངས་མི་འཁྱོལ་བའི་དོགས་ན་ནམ་ཡང་མི་དགོས། དེ་བས་བོད་སྤྱི་ལ་ཕན་དུ་རེ་ནས་སྐད་ཆ་རེ་བཤད་པ་ལ་ལམ་སེང་ཁ་གཏད་བྱེད་མ་ཡོང་།
བསམ་ཡས་དགོན་པ་དང་གུ་རུའི་སྐུ་འདྲ་རྒྱ་མིས་གཏོར་བ་དེ་བཞིན་གུ་རུའི་བརྒྱུད་འཛིན་རྣམས་ལ་རྒྱ་མིས་སྡུག་པོ་བཏང་བ་དེ་གངས་ལྗོངས་སྤྱི་ལ་བབ་པའི་ཐུན་མོང་གི་ལས་ཞིག་རེད། གུ་རུས་ལུང་བསྟན་རྣམས་བོད་ཁམས་སྤྱིའི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་དགོངས་ནས་གསུངས་པ་རེད་མ་གཏོགས་བསམ་ཡས་དགོན་པ་གཅིག་པུ་དང་། ག་རུའི་བརྒྱུད་འཛིན་རྣམས་ལ་མོ་ཙེ་ཏུང་གིས་དམིགས་བསལ་གཏོང་བའི་ཆེད་དུ་གསུངས་པ་མ་རེད།
སླེ་ལུང་རྗེ་དྲུང་གིས། ༼དུས་ཕྱིས་བསྟན་འགྲོའི་ བདེ་ཐབས་དང་རང་གཞན་མང་པོའི་ཆེད་དུ། གཏེར་བྱོན་གྱི་གཏོར་བཟློག་གི་རིགས་དང་ཡི་དམ་ཞི་གྲོའི་བཟླས་བསྒོམ་སོགས་བྱེད་ དགོས་དང༌། དེ་དག་གི་སྐུ་རྟེན་བཞེངས་དགོས་སོགས་གསང་ལུང་དུ་བབས་པ་སྒྲུབ་དགོས་བྱུང་བར་ འགའ་ཞིག་གཏིང་ནས་མི་མོས་པར་དེ་དག་བགྱིས་པ་ཙམ་གྱིས་གྲུབ་མཐའ་འགྱུར་འདུག་ཅེས་ པའི་བསྟན་པའི་ཞབས་འདྲེན་ཆེན་པོ་བགྱིས་པའི་ཚོད་དུ་འཛིན་ཅིང༌། རང་རེར་དཀར་བའི་རྣམ་དཔྱོད་ཅན་སེར་སྐྱ་དུ་མས་ཀྱང་གསང་ལུང་ལ་བབས་པ་རྣམས་ སྒྲུབ་དགོས་པ་གཞིར་བཅས་ནའང་མངོན་ཆུང་གི་སྒོ་ནས་མ་བགྱིས་ན་ལོག་པར་བལྟ་བ་མང་ ཞིང༌། ངེད་རང་གི་འཕྲིན་ལས་སོགས་ལ་གནོད་ཅེས་གཏིང་ནས་བརྩེ་བའི་བསླབ་བྱ་རིམ་ཅན་དུ་ མཛད་ནའང༌།༽
ཞེས་གསུངས་པ་འདིས་ཅི་ཞིག་སྟོན་གྱི་འདུག་བསམ་བློ་ཞིབ་ཏུ་ཐོངས།
སྤྱིར་འཛམ་གླིང་གི་རྒྱལ་ཁབ་དང་ཆོས་ལུགས་སོ་སོ་ལ་ཐུན་མོང་མ་ཡིན་པའི་ལུགས་སྲོལ་རེ་ཡོད་པ་བཞིན་བོད་པའི་ནང་ཆོས་དང་ཁྱད་པར་ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ལ་དགོས་པ་དང་དགོངས་གཞི་བསམ་གྱིས་མི་ཁྱབ་པ་ཡོད་པ་ས་མཐའ་གཅིག་ཏུ་དགག་པ་བྱེད་རྐྱང་བྱས་ན་རང་མཐོང་ང་རྒྱལ་ཆེ་བའི་རྟགས་རེད།
ཨོ་ད་བཀྲ་ཤིས་ཀྱིས་ཁོས་ཆོས་ཁས་མི་ལེན་ཟེར་གྱི་འདུག འདི་དང་པོ་དགེ་ལུགས་པ་ཡིན་ངེས་རེད་ད་ཆོས་ཁས་མི་ལེན་གྲལ་དུ་སོང་བ་རེད། གནའ་སྔ་མོ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཟེར་བའི་བསྟན་དགྲ་ཞིག་ཡོད་པ་དེས་ཀྱང་དང་པོ་དགེ་ལུགས་པའི་གྲུབ་མཐའ་བཟུང་སྟེ་ཆོས་རྣམ་དག་ལ་སྒྲོ་སྐུར་སྣ་ཚོགས་བྱས། མཐར་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་གཏད་བྱས་ཏེ་རྒྱ་མི་ལ་མགོ་བཏགས། མོ་ཙེ་ཏུང་གི་རྒྱུག་ཁྱི་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་ལོ་རྒྱུས་གསོན་པོ་ཡིག་ཐོག་ཏུ་ཡོད་པ་བཞིན་འདི་ཡང་དེ་འདྲ་ཞིག་རེད་འདུག
སྐྱག་པ་ཡིན། མི་འདི་ཚོའི་གྲས་ལ་ཤེས་རབ་རྒྱ་མཚོ་ལྟ་བུའི་ནུས་ཤུགས་ཤིག་ག་ལ་ཡོད། སྨོན་ལམ་ལོག་པའི་བསྟན་དགྲ་དང་། ཚོགས་མ་བསགས་པའི་སྐལ་ངན་ཡིན་རུང་ལས་དབང་ལ་ཤུགས་ཆེ་ཆུང་ཡོད་པ་རེད། བཀྲ་ཤིས་ཅན་པོ་འདིའི་རིགས་འདི་རང་ང་ལྟ་བ་ཞིག་ལོག་ནི་ཙམ་རེད། ཆོས་ཆོས་མ་ཤེས། སྲིད་སྲིད་མ་ཤེས། ཚན་རིག་ཚན་རིག་མ་ཤེས། ཤེས་རྒྱུ་གཅིག་ཡོད་པ་དེ་ལོག་ལྟ་ཙམ་དང་། ཡར་མར་ལ་ཁ་གཏོང་རྒྱུ་ཙམ་གཅིག་པོ་རེད། རང་གིས་ཅི་ཡང་མི་འཇོན་པའི་སྡུག་ཡུས་བོད་ཀྱི་ཆོས་དང་རིགས་གཞུང་གི་ཐོག་ལ་འདོན། སེམས་མ་སྐྱིད་ན་ཆང་འདྲ་འཐུང་། རྒན་མོ་འདྲ་བརྡུང་ནས་སྨན་ཁང་ལ་བསྐྱལ། ཆང་སྐྱོན་གྱིས་ཁྱིམ་མཚེས་དང་གྲོགས་པོ་ཚོའི་སེམས་ལ་སྐྱུགས་མེར་འདྲ་ལངས་སུ་འཇུག མཚམས་མཚམས་རེ་བྲང་བརྡུང་ནས་མིག་ཆུ་འདོན་བཞིན་སྐྱུགས་པ་དང་མཉམ་དུ་ངུ་འབོད་འདྲ་བྱེད། འོ་མི་འདིའི་རིགས་ཀྱི་མི་ཚེའི་རིན་ཐང་དེ་འདྲ་ཙམ་ཞིག་རེད། སྤྱིར་སྒོ་གསུམ་དོལ་རྒྱལ་གྱིས་འབག་བསྡད་ཡོད་མཁན་ཚོ་ལ་ཐ་མ་ཁ་མ་དགེ་བ་དང་། བཀྲ་མ་ཤིས་པ། དོན་མ་འགྲུབ་པ་ཞིག་ལས་ཡོང་རྒྱུ་མེད་ཚུལ་སྐྱབས་མགོན་རིན་པོ་ཆེས་ཡང་ཡང་གསུངས་ཀྱི་འདུག་ཀ
སྤྱིར་དེང་སང་ཆོས་ལ་དགག་པ་རྒྱག་མཁན་ཆ་ཚང་དགེ་ལུགས་པའི་ནང་ནས་ཡོང་གི་འདུག ཞོགས་དུང་དང་བཀྲ་རྒྱལ། སེང་རྡོར་སོགས་དང་པོ་དགེ་ལུགས་དང་ཤ་འདྲེས་སྤགས་འདྲེས་བྱས་བསྡད་པ་ཤ་སྟག་རེད། ད་དུང་ཉེ་སྔོན་ཆོས་ལ་སྙིང་པོ་མི་འདུག དེ་ནི་རྫུན་གྱིས་འཚོ་བ་ཞིག་དང་མཚུངས་ཞེས་ནུབ་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་མཁན་བླ་མ་བཟོད་པའི་སྤྲུལ་སྐུ་ཡིན་ཟེར་བའི་ཕྲུ་གུ་མགོ་སེར་དེ་སོགས། དེ་རིང་གི་བཀྲ་ཤིས། ་་་་་་་་་་་་་་་་མང་ནི་རེད།
ཁ་བརྡ་ཚང་གིས་ངའི་ཟིན་བྲིས་ཐེངས་གསུམ་ལ་ནག་སུབ་གཏོང་བྱུང༌། ང་སྐྱེས་ས་ཁམས་པ་ཡིན་པས་མ་འགྲིགས་པ་རེད་དམ། ཡང་ན་ཆོས་ལུགས་རྙིང་མ་ཡིན་པས་མ་འགྲིགས་པ་རེད། འདི་གསལ་པོ་བཟོ་དགོས་ཀྱི་འདུག
ད་དུང་ཚངས་དབྱངས་ཟེར་བའི་དགེ་ལུགས་པའི་གྲ་ལོག་གཅིག་ཡོད།
བཀྲ་ཤིས་ཟེར་བའི་བཀྲ་མི་ཤེས་པ་ཁོ་རེ།
ཆོས་ལུགས་ཁས་བླངས་ཀྱང་མ་བླངས་ཀྱང་ལྷ་འདྲེ་ཟེར་བ་ཞིག་ཡོད་པ་མངོན་སུམ་རེད། དེ་ལོས་ཡིན་འདྲེ་མངོན་སུམ་དུ་ཡོད་པ་རེད། འདྲེ་མངོན་སུམ་དུ་ཡོད་པར་ལྟ་འདོད་ན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པ་གཉིས་པ་ཤར་དགའ་ལྡན་ཟེར་བའི་འདྲེ་ཚང་དུ་སོང་ནས་ལྟོས་དང་འདྲེ་མཐོང་རྒྱུ་ཡོད་ལ། ཐོས་རྒྱུ་ཡང་ཡོད་ཀི་ཟེར་གྱི་འདུག འདྲེ་ཡོད་ན་ལྷ་ཡང་ཡོད་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད།
མདོར་ན་ཆོས་ཁས་ལེན་མི་ལེན་རང་དབང་ཡིན་མོད། བཀྲ་མི་ཤེས་པ་ཁྱོད་ཆོས་པ་ཞིག་ཡིན་པར་ཁེས་འཆེ་བ་མ་ཟད། དགེ་ལུགས་པ་ཡིན་པ་ངས་གསལ་པོར་ཤེས་ཡོད། ཁྱེད་དགེ་ལུགས་ཚང་རྙིང་མ་པར་མི་དགའ་བའི་རྐྱེན་གྱིས་བོད་ཀྱི་ལྷ་སྐལ་གུ་རུ་རིན་པོ་ཆེར་མཚན་སྨོད་གཏོང་གི་ཡོད་པ་རེད། གཙུག་ལག་ཁང་དུ་གུ་རུའི་སྐུ་བརྙན་བཞེངས་ཡོད་པར་ཕྲག་དོག་བྱེད་ཀྱི་ཡོད་པ་རེད།
ངས་འདི་ནས་གསལ་བོར་ཤོད་འདོད་པ་ཞིག་ནི། ཁ་བརྡ་ཚང་གིས་དགེ་ལུགས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཁ་བརྡ་དྲ་ཐོག་ནས་རྒྱང་འབུད་དང་། དེ་དག་གི་རྩོམ་དང་མཆན་ཡང་ནག་བསུབ་གཏོང་གི་ཡོད་མོད། རྙིང་མ་པ་དང་གུ་རུ་རིན་པོ་ཆེར་མཚན་སྨོད་ག་ཚོད་བྱས་ན་ཡང་། མ་ཤེས་མ་ཐོས་མདོག་བྱས་ནས་བཞུགས་འདུག་པ་འདིའི་རྒྱུ་མཚན་ག་རེ་ཡིན་ཤེས་འདོད་ཡོད། འོན་ཀྱང་ཁ་བརྡ་ཚང་གིས་བོད་ཡིག་བེད་སྤྱོད་ཆོག་པའི་གླེང་སྟེགས་འདི་སྒྲུབ་པར་གུས་འདུད་ཡོད།
དགེ་བཤེས་བེ་རི་ལགས་ཀྱིས་སླེ་ལུང་གི་རྩོམ་ཡིག་ཡག་པོ་ཞིག་བཀོད་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླེ་ལུང་གིས་གསུངས་པ་བཞིན་བོད་སྤྱི་པའི་དོན་དུ་གཏེར་ལུང་རྣམས་སུ་གསལ་བའི་བླང་དོར་རྣམས་ལག་ལེན་ལ་ཐེབས་ན་བོད་ཁམས་སྤྱི་ལ་ཕན་ཐོགས་ཆེ་བ་ཡིན་པས་དེའི་ཚུལ་ཅུང་ཟད་ཁ་ནས་ཤོར་བ་རེད། བཀྲ་ཤིས་ཀྱིས་ལམ་སེང་སྒྲོ་སྐུར་བྱས་པ་དེ་མ་རབས་ཐ་ཤལ་གྱི་སྤྱོད་པ་ཞིག་རེད། བློ་ཕམ་གྱི་རང་བཞིན་ཞིག་རེད། བོད་ལ་ཕན་ན་བསམ་ནས་སྐད་ཆ་བཤད་པ་རེད་མ་གཏོགས་གནོད་ཅིག་སྐྱེལ་འདོད་དང་ཀུན་གཞན་པ་གང་ཡང་མེད། རྒྱུ་མཚན་ཆུང་ཆུང་ཞིག་ལས་གྲུབ་མཐའི་ཆགས་སྡང་སྤེལ་ན་མ་འགྲིག་པ་རེད།
གེ་སར་རྒྱལ་པོ་ལགས། སླེ་ལུང་རྗེ་དྲུང་གི་ལོ་རྒྱུས་འདི་ཤིན་ཏུ་གལ་ཆེ་ཞིག་རེད། ཁོང་དུས་རབས་17པའི་ནང་བྱུང་བ་དང༌། སྡེ་སྲིད་སངས་རྒྱས་དང་ཚངས་དབྱངས་རྒྱ་མཚོ། ལྷ་བཟང༌། པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ། སྦྱང་སྒར་ཚེ་དབང་རབ་བརྟན། ཕོ་ལྷ་བ། ལ་ལུམ་སྦྱར་གསུམ། སྟག་རྩེ་སྡེ་པ་སོགས་མི་ཆེ་བླ་ཆེན་ཁག་ཀུན་དང་དངོས་སུ་མཇལ་འཕྡ་དང་གསུང་གླེང་གནང་མྱོང་མཁན། དེ་ཚོ་མང་ཆེ་བའི་དབུ་བླ་གནང་མྱོང་མཁན། ད་དུང་དགའ་ལྡན་ཁྲི་བ་དོན་གྲུབ་རྒྱ་མཚོ་དང༌། བློ་བཟང་དར་རྒྱས། ཕར་ལྕོག་བྱམས་མགོན། ཞོགས་དོན་མཁས། ས་ཆེན་བདག་ཆེན། སྨིན་གླིང་ལོ་ཆེན། རྡོར་བྲག་རིན་འཛིན་སོགས་གསར་རྙིང་གི་སྐྱེས་ཆེན་ཕལ་ཅེ་བ་དང་བསལ་སློབ་ ཀྱི་འབྲེལ་བ་ཟབ་ པ། དེ་དགི་བྱུང་རིམ་ལོ་རྒྱུས་ཀྱང་ཁ་ཐུག་ཡིག་ཐོག་འགོད་མཁན་ཞིག་ཡིན་པས། དེང་སང་ཁོང་གི་རང་རྣམ་དེ་ལོ་རྒྱུས་དཔྱད་ཟི་རམེདཐབས་མེད་པའི་ཡིག་ཆ་གལ་ཆེ་ཞིག་ཆགས་བསྡད་ཡོད། འདིར་ངའི་གློག་ཀླད་ནང་ཟུར་ཆ་ཞིག་ཡོད་པ་འདི་བཞིན་འགོད་ཡོད། ཞུ་དག་ཀྱང་གཏོང་ལོངས་མ་བྱུང༌། ཁྱོད་ཀྱིས་གཟིགས་རོགས་གྱིས།
སླེ་ལུང་པད་མ་བཞད་པའི་རྡོ་རྗེའམ་རྗེ་དྲུང་བློ་བཟང་འཕྲིན་ལས་ཞེས་མཚན་སྙན་ཡོངས་སུ་གྲགས་པ་གང་ཉིད་རབ་བྱུང་༡༢ མེ་མོ་གླང་ཕྱི་ལོ་༡༦༩༧ལ། མ་གཅིག་ལབ་ཀྱི་སྒྲོན་མའི་སྒྲུབ་གནས་ཟངས་རི་མཁར་དམར་དང་ཉེ་བའི་དགོན་ཆུང་ཞིག་ཏུ་ཡབ་ཀུན་དགའ་རྒྱལ་མཚན་ཞེས་པ་དང༌། ཡུམ་རྒྱལ་ཕུར་ཆོས་ལྡན་ཞེས་པའི་བན་བཙུན་ཕོ་མོ་གཉིས་ཀྱི་སྲས་སུ་སྐུའི་སྐྱེ་བ་བཞེངས། དགུང་ལོ་གཉིས་པར་རྗེ་དྲུང་གོང་མའི་སྐུའི་སྐྱེ་བར་བག་ཆགས་གསལ་བར་སད་དེ། རྗེ་གོང་མའི་སྐབས་ཡོད་པའི་དངོས་པོའི་རིགས་མིང་འབོད་པ་དང༌། དགོན་པར་འགྲོ་གསུངས་པས། དགོན་པ་གང་ན་ཡོད་བྱས་པར། དགོན་པ་ཡོད་སའི་ཤར་ངོས་སུ་འཛུབ་ཚུགས་གནང༌། སྐུ་ན་ཕྲ་བས་གོང་མའི་གདན་སའི་མིང་འབོད་པར་སླེ་ལུང་ཞེས་མ་ཐོན་པར་ཨེ་ཡུང་ནས་ཡིན་གསུང་པ་དང༌། རྗེ་གོང་མའི་གྲྭ་འཁོར་ཡོན་བདག་མང་པོ་ལའང་ཁྱོད་འདི་དང་འདིའོ་ཞེས་ལེ་ཐོགས་མེད་པར་གསུངས་པ་སོགས་ཀྱི་རྐྱེན་དང༌། སྔོན་ནས་སྐྱེས་ཆེན་དམ་པ་རྣམས་ཀྱི་ལང་དང་བརྟག་པ། ཆོས་སྐྱོང་རྣམས་ཀྱི་ལུང་ཐམས་ཅད་ཁ་གསལ་ཞིང་གནད་གཅིག་ཏུ་བབ་པ་ལ་བརྟེན། གོང་མའི་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཞལ་སློབ་རྣམས་ཀྱང་ཡིད་ཆེས་བྱུང་བས་རྗེ་དྲུང་གི་སྤྲུལ་སྐུར་ཡིན་པ་ཐག་བཅད། གྲྭ་རིགས་ཡོན་བདག་འབྲེལ་ཅན་རྣམས་ཀྱིས་གང་ཉིད་གོང་མའི་གདན་སར་སྤྱན་དྲུངས་ཁྲི་འདོན་ལེགས་འབུལསོགས་ལེགས་ལམ་གོང་འཕེལ་མཛད། །
དེ་ནས་མི་རིང་བར་གངས་ཅན་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་བྱོན་ནས་སྤྱན་རས་གཟིགས་མི་ཡི་རྣམ་པར་རལ་པྋརྒྱལ་བ་ཚངས་དབྱངས་རྒྱ་མཚོར་གཙུག་ཕུད་ཕུལ་བར་མཛད། མཚན་བསྟན་པ་གྲུབ་པའི་རྒྱལ་མཚན་ཞེས་བསྩལ། དེ་ནི་སློབ་དཔོན་གྱི་ལུང་བསྟན་དུ། འཇམ་དབྱངས་སྤྲུལ་པ་བསྟན་པའི་མིང་ཅན་ཞིག་ ། ཅེས་སོགས་ལུང་བསྟན་པ་བཞིན་བྱུང༌། ། ཕྱིར་ཕེབས་སྐབས་གོང་མའི་གདན་ས་དང་བླ་བྲང་གི་སྐུ་གསུང་ཐུགས་རྟེན་རྣམས་དང་རྒྱུ་ནོར་ཡོངས་རྫོགས་ཤག་ལྷོ་ཆོས་མཛད་ཀྱིས་སྡེ་སྲིད་ལ་གསོལ་རས་ཞུས་པ་དང༌། འགའ་རེ་གཞུང་བཞེས་གནང་ནས་ཁ་ཐོར་ཟིན་པས་ཐ་ན་བཞུགས་གནས་ཙམ་ཡང་ལེགས་པོ་ཞིག་མེད་པར་བླ་བྲང་རྙིང་པར་བཞུགས་དགོས་བྱུང་སྟེ་ཟས་གོས་ཚུན་ལའང་དཀའ་ངལ་གྱི་གནས་སུ་གྱུར་ནའང༌། རྗེ་འདི་ཉིད་ཞུམ་མེད་སྙིང་སྟོབས་ཀྱིས་སྐུ་ཡོན་སྦྱོང་བརྩོན་ལྷོད་མེད་མཛད་ཅིང་ཨ་ཁུ་ལུགས་ནས་ཀྱང་ཐབས་མཁས་ཀྱིས་སྐུ་ཡོན་ཐོག་བསྐུལ་ལྕག་གང་ལེགས་མཛད། སྐབས་དེ་དག་ཏུ་ཉེ་འཁོར་འགའ་ཞིག་གིས་མི་མཛེས་པའི་བྱ་སྤྱོད་སྣ་ཚོགས་ཀྱིས་རྗེ་ཉིད་ཐུགས་སུན་ཀྱང་ཚད་མེད་བྱུང་ཡོད།
དེ་དུས་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསླབ་པ་ཕུལ་གྲུབ་པས་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་ནོད་པས་མཚན་བློ་བཟང་འཕྲིན་ལས་ཞེས་བསྩལ། བཀུར་གཟོས་དང་བདག་རྐྱེན་གང་ཆེ་མཛད། འཁྲུངས་རབས་གསོལ་འདེབས་དང་ཞབས་བརྟན་ཀྱང་ལྗགས་རྩོམ་དང་ཆོས་འབྲེལ་ཟབ་རྒྱས་གནང༌། ཕྱིར་ཕེབས་ནས་འཇིག་རྟེན་དབང་ཕྱུག་གི་གསུང་སྤྲུལ་དུང་དཀར་སྤྲུལ་སྐུའི་དྲུང་ཉང་པོར་བཅར་ནས་ཁྲིད་ལུང་འགའ་ཞུས་བཞིན་འི་སྐབས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས་ྋརྒྱལ་བའི་དབང་པོ་ན་རིམ་གྱིས་སྐྱོང་བར་མཛད་པའི་མའ་དྭགས་རྒྱལ་གསུམ་དུ་གྲགས་པའི་ཡ་གྱལ་ཆོས་འཁོར་རྒྱལ་གདན་སའི་མཁན་པོར་བསྐོ་བཞག་བྱུང་བ་ལྟར་དེ་བཞིན་ཁྲི་སྐྱོངབ་དང་ཞར་ལ་ཚད་མ་ཕར་ཕྱིན་དབུ་མ་འདུལ་མཛོད་སོགས་གསན་སྦྱོང་དཔྱིས་ཕྱིན་པར་མཛད། བླ་ཆེན་རྣམས་ལྷ་སར་འཛོམས་དགོས་པའི་དུས་ཤིག་ལ་ཕེབས་པས་སྨིན་གླིང་གཏེར་ཆེན་པོ་ཆེ་ཡང་ཕེབས་ཡོད་པས་མཇལ། སྐབས་ཞིག་དགེ་སློང་ཡེ་ཤེས་རྒྱ་མཚོ་རྩེར་ཁྲི་ལ་འཁོད་པ་དང་ཁོང་བསྙེན་པར་རྫོགས་ནས་ལོ་བཅུར་འཁོར་བས་གཞན་ལ་བསྙེན་རྫོགསགནང་བའི་ཐོག་མར་རྟེན་འབྲེལ་གྱི་ཆེད། རྒྱལ་པོ་ལྷ་བཟང་ཁང་གིས་བླ་ཆེན་རྗེ་དྲུང་རིན་པོ་ཆེ་ལྟ་བུ་ཞིག་བྱུང་ན་སྙམ་ནས་དེ་ལྟར་རྗེ་དྲུང་ལ་གསུང་བ། རྗེ་དྲུང་རིན་པོ་ཆེས་གོང་གི་ངོ་མ་ལྡོག་ནས་བསྙེན་རྫོགས་ལ་ཕེབས་པར་ལས་གྲྭ་འགར་སྐྱོན་གྱི་ཐུགས་ཚོམ་བྱུང་བས་དགེ་སློང་གི་ཚུལ་ཙམ་དུ་གྱུར་ཏོ། །
སླེ་ལུང་དུ་གདན་ས་རྙིང་པ་གཅོང་གོག་ཆེ་བར་བརྟེན་གདན་ས་གསར་སྤོ་ཁང་ལས་རྟེན་བཞེངས་སོགས་མེ་མོ་བྱ་ཟླབ་བཅུ་གཅིག་ཚེས་ཉེར་གཅིག་ཕྱི་ལོ་༡༧༡༧ལ་ལེགས་པར་གྲུབ་ནས་ཐེག་མཆོག་རྣམ་གྲོལ་གླིང་ཞེས་ཚན་གསོལ། དེ་གའི་ཉིན་མོར་འདུས་སྡེ་གསར་དུ་བཙུགས། འདི་ཙམ་ནས་ཧེ་རུ་ཀཿདཔལ་ལྡན་བླ་མ་དམ་ཆོས་བཟང་པོ་ལས་གསང་སྔགས་གསར་རྙིང་གི་ཆོས་བཀའ་དུ་མ་གསན་པ་དང༌། མཁའ་འགྲོའི་གསང་ལུང་བཞིན་ཨོ་རྒྱན་སྨིན་གྲོལ་གླིང་དུཕེབས་ནས་པད་མ་འགྱུར་མེད་རྒྱ་མཚོ་ལ་སྨིན་གླིང་ཆོས་འཁོར་སོགས་གསན། དེ་ནས་བསྙེན་སྒྲུབ་ཀྱི་བཅད་རྒྱ་དུ་མ་གནང༌། ཁྱད་པར་དུ་ཨོ་རྒྱན་གཏེར་བདག་གླིང་པའི་གཏེར་ལུང་ལས་ཆོས་བདག་ཏུ་ལུང་བསྟན་པ་བཞིན་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་ལྗགས་བསྙེན་གནང་བས། གྲུབ་རྟགས་ངོ་མཚར་ཅན་དུ་མ་བྱུང་ཞིང་ལྷག་པར་དུ་བཀྲ་ཤིས་ཁ་བཏགས་ཀྱི་ཆར་དངོས་སུ་བབས་ཤིང༌། ཡུད་ཙམ་ནས་དཀར་པོ་དྲི་མ་མད་པར་འགྱུར་འགྲོ་བ་དང་དེ་བཞིན་དུ་ཨ་རུ་ར་རློན་པ་ལོ་མ་དང་བཅས་པའི་ཆར་དང༌། མེ་ཏོག་ཡུ་བ་ཅན་གྱི་ཆར་སོགསདངོས་སུ་བབས་ནས་ཀུན་གྱིས་གཟུང་བཏུབས་པ་དེ་འདྲའི་ཡན་མཚན་པའི་ལྟས་བློའི་རྭ་བ་ལས་འདས་པ་མང་པོ་བྱུང་བདེ་སྐབས་རྒྱུས་ཅན་རྣམས་ཀྱི་མངོན་སུམ་ཚད་མར་སྣང་ངོ།། ། དེ་ཙམ་ཞིག་ནས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་ཞིང་བླ་མ་མཁའ་འགྲོས་གསང་ལུང་ཡང་ཆར་འབབ་པ་བཞིན་བྱུང་བས། བསྟན་འགྲོའི་ཕན་བདེ་སྤེལ་བའི་ཐུགས་རྩོལ་ཀྱང་རྒྱ་གང་ཆེའི་ཐུགས་བསྐྱེད་བླ་ན་མེད་པར་མཛད།
ལྷག་པར་ལོག་སྨོན་མངོན་གྱུར་སྦྱོང་མགར་ཇུན་གར་ཅན་གྱིས་བསྟན་པའི་ཁུར་འཁྱེར་ཚུལ་བགྱིས་པའི་སྐབས་རྗེ་འདི་པར་སྟག་རྩེ་ཕྱོགས་ནས་གསུང་གླེང་གི་སྟངས་འགའ་ཞིག་ལ། སྦྱོང་མགར་རྣམས་རྡོར་སྨིན་ལ་གནག་ཚུལ་གསུང་བ་བཅས་མི་ལེགས་པའི་ཆ་ལམ་ཙམ་ཐིངས་པས་ཆོས་རྒྱུན་དང་བཀའ་དྲིན་ཆེ་བ་སོགས་ལ་བསམས་པས་སྨིན་གླིང་དུ་ཡང་ཐུགས་ཟོན་དགོས་པའི་ཞུ་ཡིག་ཕུལ་བར། ད་ལམ་གྲོང་སྨད་དུ་བང་ཆེན་བཏང་བས་བཀའ་བཞེས་ཤིན་ཏུ་བཟང་ཞེས་དབུ་རུལ་བ་ཤངས་ཀྱིས་མ་ཚོར་བའི་ཕྱིར་ཕེབས་ཀྱང་བྱུང་ཡོད་པས། སྐབས་དེར་རྒྱ་ཆེ་ཕན་ཐོགས་བྱུང་ཡོད་མེད་མི་ཤེས་ཀྱང་རྙིང་ཆོས་བདུད་ཆོས་སུ་ལྟ་བའི་བསྟན་པའི་སྦྱིན་བདག་ཏུ་རློམ་པ་སྦྱོང་མགར་ལ་དེ་ལྟར་མཛེམས་མེད་ཀྱིས་ཕྱག་བྲིས་གནང་བ་ནི་རིས་མེད་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་རང་རྟགས་སུ་མངོན་ནོ། །
ཡང་སྐབས་ཤིག་རྗེ་འདི་ལ་སྦྱོང་མགར་དཔོན་གྱིས་སླབ་དཔོན་རིན་པོ་ཆེ་དང་ྋགོང་ས་ལྔ་པ་ཆེན་པོར་བློ་ཡུལམི་འཁྱུད་པའི་སྒྲོ་བསྐུར་ཚད་མེད་ཞུས་པར་དངོས་སུ་ན་འདེབས་གནང་ཚུལ་ནི། རང་རྣམ་ལས། སྐབས་ཤིག་ཁྲོམ་གཟིགས་ཁང་དུ་དཔོན་གྱིས་ཤོག་ཟེར་བར། དཔོན་དང་ཆོས་འཕེལ་ན་འདུག་པར་རང་བཞིན་གྱི་དྲི་བ་ཤིན་ཏུ་མང་བ་དང༌། ཨོ་རྒྱན་རིན་པོ་ཆེ་ཚད་ལྡན་ཡིན་མིན། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐོར་སྤྱི་དང་ཁྱད་པར་དུ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐྱེ་བཡིན་ནམ་མིན་ཟེར་བར། ངེད་རང་ཚོས་ཅི་ཤེས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་གོང་མ་སོགས་སྐྱེས་ཆེན་དམ་པ་ཚད་ལྡན་རྣམས་ཀྱིས་འཁྲུལ་མེད་དུ་ངོས་འཛིན་མཛད་པ་ནི་ྋགོང་ས་ལྔ་པ་ཡིན་པར་འདུག་བྱས་པས། པཎ་ཆེན་རིན་པོ་ཆེས་ངོས་འཛིན་དེ་ལྟར་མཛད་མེད་པ་འདྲ། གཟིམས་ཁང་གོང་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོའི་སྐྱེ་བུ་འཁྲུལ་མད་ཡིན་པ་དེ་ལ་ངག་དབང་བློ་བཟང་རྒྱ་མཚོས་ཕྲག་དོག་གི་རྣམ་པས། སྡང་ཤུགས་དང་ཉེ་རིགས་ལ་ཡང་དགོངས་པར་མི་བདེ་བ་མཛད་འདུག་ ངེད་ཚོའི་ལུང་པར་གཟིམས་ཁང་གོང་སྤྲུལ་སྐུར་༅ྷ་ག་ཏཱ་ལའི་བླ་མ་ཟེར་གྱིས་ཡོད་ཟེར། ཡང་ངག་དབང་བློ་བཟང་རྒྱ་མཚོ་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཤར་ཡང་ཁོང་ལ་སྡོམ་པ་མེད། ཕྱིས་སྡོམ་རྒྱུན་གསར་པ་ལེན་དགོས་པ་དེ་ཡང་ལེགས་པའི་རྟགས་མིན། དམག་ཐམས་ཅད་ཀྱི་གྲོས་བྱས། ལྷག་པར་དུ་སྡེ་སྲིད་དེ་ཁོ་རང་གི་བུ་ཡིན་པར་འདུག་ ། ཁོ་རང་ཕ་བོང་ཁར་འགྲོ་འི་ཞོར་ལ་གྲོང་སྨད་དུ་ཞག་སྡོད་བྱས་སྡེ་སྲིད་ཀྱི་མ་དང་མཐུན་པས་མུ་ཏིག་གི་ཕྲེང་བ་དང༌། གསེར་གྱི་གདུ་བུ་སོགས་ཀྱང་བྱིན། སྡེ་སྲིད་ཟངས་རི་བར་དགོངས་ཕོག་གཏོང་བའི་རྩ་བ་ཡང་འདི་ཡིན་པར་འདུག་ཟེར་བ་སོགས་བློས་མི་འཁྱུད་པའི་དྲི་བ་མང་ཙམ་ཟེར་བ་ལན་གང་ཤེས་སུ་བཏབ་ཅིང༌། དོན་དུ་རི་བོ་དགེ་ལུགས་ཀྱི་བསྟནཔ་ཡོངས་གྲགས་ཁྱབ་གདལ་དུ་ཡོང་བ་འདི་ཀུན་མཁྱེན་ལྔ་པ་མིན་པ་སུའི་ཡང་ཐུགས་རྗེ་མིན་པར་འདུག་བབས་རྐྱེན་རྒྱུ་མཚན་འདི་ལྟར་ཡིན་ཞེས་པ་སོགས་ལབ་པས། མཇུག་ཏུ་ཁྱེད་ནས་ཟེར་བ་འདི་བཞིན་གཞན་ནས་མི་ཟེར་བ་འདུག་ཟེར་བཙམ་ལས་དགའ་མི་དགའི་རྣམ་འགྱུར་གང་ཡང་མི་བྱེད། ཕྱིས་གཞན་གྱིས་འཁྲིས་སུ་ཡིད་ཆེས་པ་ལྟར་བྱེད་འདུག་ཟེར། ཞེས་གསུངས།
གཞན་ཡང་དབུས་གཙང་ནང་འཁྲུག་སྐབས་རྗེ་ཉིད་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་དབུ་བླ་ཡིན་པས་མི་དབང་གི་མགྲིན་ཚབ་པ་གནང་ནས། ང་ལུམ་སྦྱར་གསུམ་གྱི་དོན་གནད་རྙོག་ཁྲའི་སྐོར་ལ། ཏཱ་ལའི་བླ་མ་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་མདུན་དུ་བཅར་ནས་ཕན་ཚུན་མཐུན་འགྲིག་གི་བཀའ་མོལ་གནང་སྟེ་གུང་བློན་རྣམས་ཀྱི་སྲོག་ལ་མི་སྐྱོན་པའི་གནས་ལུགས་ལེགས་གསོལ་གནང་བར་བརྟེན། ྋརྒྱལ་བའི་དབང་པོར་རྗེ་དྲུང་སྤྲུལ་པའི་སྐུར་ལེགས་སྐྱེས་གསོལ་རས་ཀྱང་བསྩལ། སླར་ཡང་གཟིམ་ཆུང་ཉི་འོད་དུ་རྗེ་དྲུང་སྤྲུལ་སྐུ་དང་མི་དབང་གཉིས་ཀ་ྋགོང་ས་མཆོག་གི་མདུན་དུ་བཅར་ཏེ་སྔ་འཁོན་དམ་སེལ་མེད་པའི་བཀའ་མོལ་ཞུས་པའི་མཐར། དགོངས་པ་གཡའ་སེལ་དུ་རྒྱལ་བ་གཉིས་པའི་ཞལ་ཚབ་བཀྲ་ཤིས་རྡོ་མཁར་ན། གུ་རུའི་སྐུ་ཚབ་གཏེར་བྱོན་མ་དང་ལྷ་མོའི་སྣང་བརྙན་བཅས། ྋགོང་ས་མཆོག་དང་མི་དབང་གཉིས་ཀྱི་དབུ་ཐོག་ཏུ་བཞག་ནས་དམ་བཅའ་མཛད། སྐབས་དེར་ཕོ་ལྷ་བས། གངས་ར་བས་བསྐོར་བའི་ཞིང་འཁོར་འདིར།།ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི།།ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིགཅེས་པ་འདི་ཐོལ་བྱུང་དུ་གསུངས་པ་ཞིག་རེད།།
དེ་དག་གི་དུས་ནས་གཙོ་བོར་སྔགས་སྦྱོང་མཛད་ཅིང་གསང་སྔགས་གསར་རྙིང་གི་ཕྱག་ལེན་ཐམས་ཅད་བཤད་སྲོལ་དང་མཐུན་པར་ཕྱག་ཐོག་ཏུ་བཀལ། གཞན་ཟེར་འགའ་ཞིག་ལ་བརྟེན་ནས་རྗེ་ཉིད་ཀྱིས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོར་མི་ཕྱེད་པའི་དད་པ་གཏིང་ནས་ཐོབ་ཅིང༌། མགོན་པོ་འདི་ཉིད་དང་རྗེ་བཙུན་བླ་མ་དམ་ཆོས་བཟང་པོའི་ཐུགས་རྗེ་སྙིང་ལ་ཞུགས་པ་ལ་བརྟེན་ནས། རིས་མེད་ཀྱི་སྐྱེས་ཆེན་ཐམས་ཅད་སྐྱབས་ཡུལ་རྣམ་དག་ཏུ་ཤར་བ་བསྟན་པ་ཐམས་ཅད་འགལ་མེད་དང་གཞུང་ལུགས་མ་ལུས་པ་གདམས་པར་འཆར་བའི་གནད་ཆ་ཙམ་གོ་བས་དཀའ་རབ་འབྱམས་པ་སོགས་མང་སྙན་པོ་མ་ཐོགས་ཀྱང་ཆོས་སྤོང་གི་ལས་ལ་གང་འཛེམ་དུ་བགྱིས། ཞེས་སོགས་ཀྱང་གསུངས། རྗེ་ཉིད་ཀྱིས་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་གནང་བ་ཐམས་ཅད་ཀྱང་ཐོག་ཏུ་འཁེལ་བ་ཁོ་ན་བྱུང་ཞིང༌། ཁྱད་པར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཀྱི་ཁྱད་པར་སྔགས་བླ་མེད་ཐམས་ཅད་ཀྱི་ཟབ་གནད་ཐབས་ལམ་ཟབ་མོར་ཉམས་བཞེས་གནང་ཞིང་བདེ་སྟོང་གི་ཡེ་ཤེས་མངོན་དུ་མཛད། །
རྗེ་འདི་པཎ྄ཌི་ཏ་ཤེས་རབ་གསང་བའི་ཐུགས་ཀྱི་བག་ཆགས་སད་པས་སྐལ་ལྡན་གྱི་སློབ་མ་མང་པོའང་ཕོ་ཉའི་ལམ་གྱས་བསྐྱངས་པར་མཛད་པས། མ་དག་པའི་སྐྱེ་བོ་མང་པོས་སྒྲོ་བསྐུར་གྱི་ཡི་གེ་ཕུལ་བར་བྱས་ཀྱང༌། སྤྱིརཐབས་ལམ་ནི་གསང་སྔགས་ཟབ་མོའི་ཉེ་ལམ་རྨད་དུ་བྱུང་བ་ཡིན་ཚུལ་གསར་རྙིང་གི་རྒྱུད་སྡེ་རིན་པོ་ཆེ་ཐམས་ད་ནས་གསུངས་ཤིང༌། སྔོན་གྱི་གྲུབ་བརྙེས་ཕལ་ཆེར་གྱིས་ཀྱང་ལམ་འདི་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་སྒྲུབ་ཚུལ་ལ་སུམ་བསྙོན། རྗེ་ཉིད་རྩ་རླུང་ལ་རང་དབང་ཐོབ་ཟིན་མོད་འོན་ཀྱང་སློབ་བུ་རྣམས་ཀྱི་ནང་ནས་དེའི་དོད་ཐུབ་མི་ཡོད་དམ་སྙམ་ནའང་ཕལ་ཆེར་ནི་རླུང་ལས་རུང་ང་རྟོགས་པ་མཐར་ཕྱིན་གྱི་ཕྱག་རྒྱ་བསྟེན་རུང་ཁོན་ལས་མ་འདས་མོད། དེ་རྣམས་དང་དོད་མི་མཉམ་པ་རེ་ཟུང་ཡོད་སྲིད་ཀྱང་དེ་ནི་གང་ཟག་རང་ཉིད་ཀྱི་སྐྱོན་ལས་གསང་སྔགས་ཟབ་མོ་ལ་ལོག་པ་ལྟ་བ་མི་རིགས། དེའི་སྐོར་ལ་ཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སྔགས་ཀྱི་ཉམས་ལེན་བྱེད་སྟངས་དངོས་དེ་སླེ་ལུང་བཞད་རྡོར་གྱིས་གནངསྟངས་འདི་རང་རེད། འདི་ལ་འདུལ་བ་འཛིན་པ་ཚོས་བཀའ་བཀྱོན་གནང་བ་ནི་མང་བ་གཙོ་ཆེ་བའི་དབང་དུ་མཛད་ནས་བསྟན་པ་ལ་གཅེས་སྤྲས་མཛད་པ་རེད་མོད་ཅེས་གསུངས། ཞེས་སྐུ་ཞབས་རཀ་རས་མཛད་པའི་མཁས་དབང་དགེ་འདུན་ཆོས་ཀྱི་རྣམ་ཐརལས་གསལ། ཕྱིས་རྗེ་འདིར་རིག་འཛིན་སྟག་ཤམ་ནུབ་ལྡན་རྡོ་རྗེ་ཁོ་རང་གི་གཏེར་ཁའི་ཌཱ་ཀི་ཙིཏ྄ཏ་སྙིང་ཐིག་ཅེས་པའི་ཐབས་ལམ་གྱི་གདམས་པ་ཁྱད་པར་ཅན་ཞིག་ཡོད་པ་དེ འོལ་ཁ་རྗེ་དྲུང་ལ་འཕྲོད་ན་འགྲོ་བར་ཕན་པོ་འབྱུངཞེས་ལུང་བསྟན་པ་ཆོས་རྗེ་གླིང་པའི་རྣམ་ཐར་ཞལ་གསུངས་མར་བྲིས་གནང་བ་དང༌། གཞན་ཡང་རྗེ་འདིས་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཛད་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་ཅིང་བསྐྱངས་བར་བྱས་པའི་དྲག་པོའི་སྐུ་ཡི་རོལ་པ་ཡང་མཆིས། །
རྗེ་འདིར་སློབ་དཔོན་ཆེན་པོས་ཆོས་བདག་ཏུ་ལུང་བསྟན་པ་བཞིན་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཆོས་སྐོར་གཏེར་གཞུང་རྩ་བའི་ལེ་ལག་བཅས་པོད་བཅུ་གཉིས་ལྗགས་རྩོམ་གནང༌། འདི་ནི་སླེ་ལུང་ཆོས་སྐོར་ཞེས་ཡོངས་སུ་གྲགས་པ་དེ་ཡིན། ས་སྐྱ་གོང་མ་རིན་པོ་ཆེ་བདག་ཆེན་ངག་དབང་ཀུནདགའ་བློ་གྲོས་ཀྱིས་སྡེ་དགེ་ཞེ་ཆེན་དྲུང་ཡིག་ལ་བསྩལ་བའི་ཆབ་ཤོག་ཏུ། ངེད་སྔོན་དད་པ་མེད་ཀྱང་ཕྱིསབཀའ་འབུམ་མཐོང་བས་སྙིགས་དུས་འདིར་དེ་བས་ལྷག་པའི་མཁས་གྲུབ་བྱོན་ཐབས་མི་འདུག་པས་བཤགས་པ་ཕུལ་ནས་དེང་སང་ང་དྲག་ཤུལ་དང་ཉི་གཞོན་གཉིས་ཀར་གུས་ཤིང༌། ཉི་གཞོན་སྔགས་ཟླ་བགྱིད་ཡོད་གསུངས་འདུག་པ་ཆབ་ཤོག་ཐམ་འབྱར་ཁོ་བོའི་སུག་པར་ད་ལྟའང་ཡོད་དོ། ། ཞེས་བྱུང༌། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དེ་བཞིན་མཁས་གྲུབ་དུ་མའི་ཉམས་ལེན་གྱི་མཐིལ་དུ་འཛིན་ནས་བསྔགས་པའི་མེ་ཏོག་ཆེས་ཆེར་མཐོར་ཞིང༌། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལྷག་པར་བདེ་མཆོག་གི་སྐོར་ སླེ་ལུང་བཞད་རྡོར་ལྟ་བུ་ཉིན་སྐར་ཙམ་རེད། ཁོང་གིས་མཛད་པའི་བདེ་མཆོག་གི་སྐོར་མཇལ་ཡང་དེ་དུས་སྙན་སུམ་གྱི་རླུང་དཀྱིལ་དུ་ཚུད་ནས་གཞུང་དངོས་ཞིབ་ཆ་བྱསཏེ་མཇལ་རྒྱུ་མ་བྱུང་ཡང༌། བཀའ་རྩོམ་ཚིགས་བཅད་དེ་ཚོནི་འགྲན་ཟླ་དང་བྲལ་བ་འདུག་ཅེས་རཀ་རས་མཛད་པའི་དགེ་ཆོས་ཀྱི་རྣམ་ཐར་དུ་གསལ་ཞིང༌། དེང་སང་ཡང་ྋགོང་ས་སྐྱབས་མགོན་ཆེན་པོར་ངེད་རང་མཇལ་ཁ་ཞིག་གིས་དུས། ྋགོང་ས་ཆེན་པོས་སླེ་ལུང་གི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དེ་ནི་ཁོང་རང་གི་མྱོང་ཐོག་ནས་གསུངས་པས་གསུང་བྱིན་ཅན་ཞིག་རེད་གསུངས། གཞན་ཡང་འོན་མངའ་རིས་གྲྭ་ཚང་གི་ཡིག་ཆར་བཞུགས་པའི་ལེགས་བཤད་སྙིང་པོའི་འགྲེལ་པ་དང༌། ཚད་མ་གྲུབ་པའི་ལེའུའི་ཟུར་རྒྱན་སོགས་ལྗགས་རྩོམ་དང༌། གུ་རུ་གཟི་བརྗིད་རྡོ་རྗེའི་དག་སྣང་སོགས་དག་སྣང་གི་ཆོས་སྡེ་བསྟན་སྲུང་རྒྱ་ཚོའི་རྣམ་ཐར་གྱིས་མཚོན། མདོར་ན་བསྟན་པ་སྤྱི་སྒེར་ཕན་པའི་བསྟན་བཅོས་པོད་སུམ་ཅུ་སྐོར་རང་གི་ལག་ཏུ་སོན་ཅིང༌། གང་གི་གསུང་བྲིས་མ་པོད་ཕྲེང་བཅུ་ཙམ་ནི་ད་ལྟ་ཉི་ཧོང་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་ཞིག་ཏུ་ཡོད་པ་དང༌། དེ་མིན་སོག་ཡུལ་དུའང་གསུང་ཚན་འགའ་ཡོད་ཚད་འདུག་ཀྱང་ལག་ཏུ་མ་སོན། སྣར་ཐང་བཀའ་འགྱུར་རིན་པོ་ཆེ་སྲིད་གསུམ་མཛེས་པའི་རྒྱན་གཅིག་རྫུ་འཕྲལ་ཤིང་རྟའི་དཀར་ཆག་ཤོག་གྲངས་ ༡༢༧ ཅན་སོགས་ད་ལྟའང་མཆིས་མོད། ཆོས་ཚན་མང་པོ་ཞིག་ནི་དུས་འགྱུར་གྱི་རྐྱེན་པས་ཁ་འཐོར་དུ་སོང་བས་འཚོལ་ཞིབ་བྱེད་བཞིན་ལགས། །
སྤྱིར་མཁས་པ་འགས་རྗེ་འདིས་གསར་རྙིང་བསྲེས་པའི་ཡིག་ཆ་མང་པོ་རྩོམ་ཞེས་ཟེར་ཞིང༌། དེ་ལ་རཇེ་འདི་པས་གསང་ཡེ་མན་ངག་གཅིག་ཤེས་ཀུན་གྲོལ་ལས། སྡོམ་འབྱུང་ལས་ཀྱང༌། གང་གིས་ལས་ཀྱི་བྱེ་བྲག་གིས། ཞེས་སོགས་ཤེས་བྱེད་དུ་དྲངས་ཟིན་པའི་མཇུག་ཏུ། གསང་བདེ་འཇིགས་གསུམ་དང༌། ནག་པོ་སྐོར་གསུམ་ལ་ཡི་དམ་དང་ཆོས་སྲུང་དུ་འཛིན་པ་པོ་ཀུན་གྱིས་འདི་ཤེས་དགོས་པ་ཡོད་ཀྱང༌། ཞྭ་སེར་ཚད་ཀྱི་རྣ་བར་མ་གྲགས་པའི་ཕ་ཆོས་ཀྱི་མན་ངག་འདི་དག་ཁོ་བོས་བཤད་པ་གོ་དགོས་སོ། ། ཡང་ཕྱོགས་གཅིག་ཁོ་ནར་ཞེན་པའི་མཁས་པ་ཁ་ཅིག་ན་རེ། རྗེ་དརུང་སྤྲུལ་པའི་སྐུས་གསར་རྙིང་ཐམས་ཅད་བསྲེས་ནས་བཤད་དོ་ཅེས་ཟེར་མོད། དགོངས་གཞི་མི་འགལ་བར་གཅིག་ཏུ་བསྲེ་ཐུབ་ན་བདག་གི་འདོད་ཡིན་ལ། འགལ་འདུ་དམིགས་བསལ་གྱི་ཕྱག་བཞེས་མི་གཅིག་པ་ཡོད་པ་རྣམས་ནི་བསྲེས་པ་ཡང་མེད། སྡོམ་འབྱུང་དང་བདེ་མཆོག་རྩ་རྒྱུད་ལ་སོགསཔ་ནས་བཤད་པ་རྣམས་རྙིང་མའི་མཁས་གྲུབ་ཚད་ལྡན་རྣམས་ཀྱང་བཞེད་ཅིང་ལུང་འདྲེན་མཛད་པ་ཤིན་ཏུ་མང༌། རྒྱུད་འདི་དག་ནས་གསུངས་པ་གསང་ཡེར་སྦྱོར་དུ་མི་རུང་བའི་ཤེས་བྱེད་དང་ཁུངས་གཅིག་ཡོད་ཀྱང་སྟོན་ཅིག་ཅེས་ཁོ་བོ་ནི་རྙིང་མ་པ་དང་དགེ་ལུགས་པའི་མཁས་རློམ་སུ་བྱུངཡང་དེ་སྐད་ཅེས་མགྲིན་པ་བཏེག་ནས་སྨྲ་རྒྱུ་ཡིན་ནོ། ། ཞེས་རྗེ་འདིས་གསུངས་པས་དེ་ལ་བརྟེན་ནས་ཆོས་བསྲེས་ལྷད་ཀྱི་དོན་ཡང་གོ་བ་རིགས་སོ། ། རྗེ་འདིའི་ཐུགས་སྲས་དྲེའུ་ལྷས་སྤྲུལ་པའི་སྐུ་རིག་འཛིན་གཡུང་མགོན་རྡོ་རྗེ་ལའང་དག་སྣང་གི་ཆོས་སྡེ་སོགས་ཅི་རིགས་མཆིས། །
རྗེ་དྲུང་རིན་པོ་ཆེ་ནི་སྔགས་གསར་རྙིང་གཉིས་ཀའི་བསྟན་འཛིན་ཆེན་པོ་ཞིག་ཏུ་ངེས་པས། རྡོ་བྲག་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་དབུས་རྙིང་མའི་སྐྱེས་ཆེན་དུ་མ་དང༌། སྐབས་དེའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཕུར་ལྕོག་རྗེ་ངག་དབང་བྱམས་པ་དང༌། ཞོགས་དོན་ཡོད་མཁས་གྲུབ་དབུས་འཇམ་དཔལ་སྙིང་པོའི་བསྟན་འཛིན་ཆེ་དགུ་མང་པོ་ཡང་རྗེ་འདིའི་ཞལ་སློབ་ཏུ་གྱུར་ནས་གསང་སྔགས་ཀྱི་ཟབ་ཆོས་དུ་མའི་རྒྱུད་པ་སྤེལ་བར་མཛད། རིམ་གྱིས་རྗེ་ཉིད་ཀྱི་དངོས་ཀྱི་གདུལ་བྱ་ཟད་པ་ན་ཕྱི་ལོ་༡༧༤༠ལྕགས་སྤྲེལ་ཧོར་ཟླ་བརྒྱད་པའི་ཚེ་ཉི་ཤུ་སྟེ་དགུང་ལོ་ཞེ་བཞི་པར་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བྱང་ཕྱོགས་ལྕང་ལོ་ཅན་དུ་དཔལ་ལག་ན་རྡོ་རྗེའི་ཐུགས་ཀར་རེ་ཞིག་ཐིམ་མོ། ། དེང་གི་ཆར་ཡང་རྗེ་ཉིད་ཀྱི་མཛད་འཕྲིན་གྱི་འོད་སྣང་དཀར་པོ་རིས་མེད་ཀྱི་ཆོས་བརྒྱུད་ཆན་པོ་རྣམས་སུ་འཕྲོ་བཞིན་མཆིས་པ་འདི་དག་ལགས་སོ། །
སླེ་ལུང་ྋརྗེ་དྲུང་སྐུ་ཕྲེང་ལྔ་པ་བློ་བཟང་འཕྲིན་ལས། །

གེ་སར་རྒྱལ་པོ་ལགས། སླེ་ལུང་རྗེ་དྲུང་གི་ལོ་རྒྱུས་འདི་ཤིན་ཏུ་གལ་ཆེ་ཞིག་རེད། ཁོང་དུས་རབས་17པའི་ནང་བྱུང་བ་དང༌། སྡེ་སྲིད་སངས་རྒྱས་དང་ཚངས་དབྱངས་རྒྱ་མཚོ། ལྷ་བཟང༌། པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ། སྦྱང་སྒར་ཚེ་དབང་རབ་བརྟན། ཕོ་ལྷ་བ། ལ་ལུམ་སྦྱར་གསུམ། སྟག་རྩེ་སྡེ་པ་སོགས་མི་ཆེ་བླ་ཆེན་ཁག་ཀུན་དང་དངོས་སུ་མཇལ་འཕྡ་དང་གསུང་གླེང་གནང་མྱོང་མཁན། དེ་ཚོ་མང་ཆེ་བའི་
དབུ་བླ་གནང་མྱོང་མཁན། ད་དུང་དགའ་ལྡན་ཁྲི་བ་དོན་གྲུབ་རྒྱ་མཚོ་དང༌། བློ་བཟང་དར་རྒྱས། ཕར་ལྕོག་བྱམས་མགོན། ཞོགས་དོན་མཁས། ས་ཆེན་བདག་ཆེན། སྨིན་གླིང་ལོ་ཆེན། རྡོར་བྲག་རིན་འཛིན་སོགས་གསར་རྙིང་གི་སྐྱེས་ཆེན་ཕལ་ཅེ་བ་དང་བསལ་སློབ་ ཀྱི་འབྲེལ་བ་ཟབ་ པ། དེ་དགི་བྱུང་རིམ་ལོ་རྒྱུས་ཀྱང་ཁ་ཐུག་ཡིག་ཐོག་འགོད་མཁན་ཞིག་ཡིན་པས། དེང་སང་ཁོང་གི་རང་རྣམ་དེ་ལོ་རྒྱུས་དཔྱད་ཟི་ར
མེདཐབས་མེད་པའི་ཡིག་ཆ!
་གལ་ཆེ་ཞིག་ཆགས་བསྡད་ཡོད། འདིར་ངའི་གློག་ཀླད་ནང་ཟུར་ཆ་ཞིག་ཡོད་པ་འདི་བཞིན་འགོད་ཡོད། ཞུ་དག་ཀྱང་གཏོང་ལོངས་མ་བྱུང༌། ཁྱོད་ཀྱིས་གཟིགས་རོགས་གྱིས།
སླེ་ལུང་པད་མ་བཞད་པའི་རྡོ་རྗེའམ་རྗེ་དྲུང་བློ་བཟང་འཕྲིན་ལས་ཞེས་མཚན་སྙན་ཡོངས་སུ་གྲགས་པ་གང་ཉིད་རབ་བྱུང་༡༢ མེ་མོ་གླང་ཕྱི་ལོ་༡༦༩༧ལ། མ་གཅིག་ལབ་ཀྱི་སྒྲོན་མའི་སྒྲུབ་གནས་ཟངས་རི་མཁར་དམར་དང་ཉེ་བའི་དགོན་ཆུང་ཞིག་ཏུ་ཡབ་ཀུན་དགའ་རྒྱལ་མཚན་ཞེས་པ་དང༌། ཡུམ་རྒྱལ་ཕུར་ཆོས་ལྡན་ཞེས་པའི་བན་བཙུན་ཕོ་མོ་གཉིས་ཀྱི་སྲས་སུ་སྐུའི་སྐྱེ་བ་བཞེངས། དགུང་ལོ་གཉིས་པར་རྗེ་�
��ྲུང་གོང་མའི་སྐུའི་སྐྱེ་བར་བག་ཆགས་གསལ་བར་སད་དེ། རྗེ་གོང་མའི་སྐབས་ཡོད་པའི་དངོས་པོའི་རིགས་མིང་འབོད་པ་དང༌། དགོན་པར་འགྲོ་གསུངས་པས། དགོན་པ་གང་ན་ཡོད་བྱས་པར། དགོན་པ་ཡོད་སའི་ཤར་ངོས་སུ་འཛུབ་ཚུགས་གནང༌། སྐུ་ན་ཕྲ་བས་གོང་མའི་གདན་སའི་མིང་འབོད་པར་སླེ་ལུང་ཞེས་མ་ཐོན་པར་ཨེ་ཡུང་ནས་ཡིན་གསུང་པ་དང༌། རྗེ་གོང་མའི་གྲྭ་འཁོར་ཡོན་བདག་མང་པོ་ལའང་ཁྱོད་འདི་དང་འད
ིའོ་ཞེས་ལེ་ཐོགས་མེད་!
པར་གསུངས་པ་སོགས་ཀྱི་རྐྱེན་དང༌། སྔོན་ནས་སྐྱེས་ཆེན་དམ་པ་རྣམས་ཀྱི་ལང་དང་བརྟག་པ། ཆོས་སྐྱོང་རྣམས་ཀྱི་ལུང་ཐམས་ཅད་ཁ་གསལ་ཞིང་གནད་གཅིག་ཏུ་བབ་པ་ལ་བརྟེན། གོང་མའི་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཞལ་སློབ་རྣམས་ཀྱང་ཡིད་ཆེས་བྱུང་བས་རྗེ་དྲུང་གི་སྤྲུལ་སྐུར་ཡིན་པ་ཐག་བཅད། གྲྭ་རིགས་ཡོན་བདག་འབྲེལ་ཅན་རྣམས་ཀྱིས་གང་ཉིད་གོང་མའི་གདན་སར་སྤྱན་དྲུངས་ཁྲི་འདོན་ལེགས་འ
བུལསོགས་ལེགས་ལམ་གོང་འཕེལ་མཛད། །
དེ་ནས་མི་རིང་བར་གངས་ཅན་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་བྱོན་ནས་སྤྱན་རས་གཟིགས་མི་ཡི་རྣམ་པར་རལ་པྋརྒྱལ་བ་ཚངས་དབྱངས་རྒྱ་མཚོར་གཙུག་ཕུད་ཕུལ་བར་མཛད། མཚན་བསྟན་པ་གྲུབ་པའི་རྒྱལ་མཚན་ཞེས་བསྩལ། དེ་ནི་སློབ་དཔོན་གྱི་ལུང་བསྟན་དུ། འཇམ་དབྱངས་སྤྲུལ་པ་བསྟན་པའི་མིང་ཅན་ཞིག་ ། ཅེས་སོགས་ལུང་བསྟན་པ་བཞིན་བྱུང༌། ། ཕྱིར་ཕེབས་སྐབས་གོང་མའི་གདན་ས་དང་བླ་བྲང་གི་
སྐུ་གསུང་ཐུགས་རྟེན་རྣམས་དང་རྒྱུ་ནོར་ཡོངས་རྫོགས་ཤག་ལྷོ་ཆོས་མཛད་ཀྱིས་སྡེ་སྲིད་ལ་གསོལ་རས་ཞུས་པ་དང༌། འགའ་རེ་གཞུང་བཞེས་གནང་ནས་ཁ་ཐོར་ཟིན་པས་ཐ་ན་བཞུགས་གནས་ཙམ་ཡང་ལེགས་པོ་ཞིག་མེད་པར་བླ་བྲང་རྙིང་པར་བཞུགས་དགོས་བྱུང་སྟེ་ཟས་གོས་ཚུན་ལའང་དཀའ་ངལ་གྱི་གནས་སུ་གྱུར་ནའང༌། རྗེ་འདི་ཉིད་ཞུམ་མེད་སྙིང་སྟོབས་ཀྱིས་སྐུ་ཡོན་སྦྱོང་བརྩོན་ལྷོད་མེད་མཛད་ཅིང་ཨ་ཁུ་�
��ུགས་ནས་ཀྱང་ཐབས་མཁས་�!
��ྱིས་སྐུ་ཡོན་ཐོག་བསྐུལ་ལྕག་གང་ལེགས་མཛད། སྐབས་དེ་དག་ཏུ་ཉེ་འཁོར་འགའ་ཞིག་གིས་མི་མཛེས་པའི་བྱ་སྤྱོད་སྣ་ཚོགས་ཀྱིས་རྗེ་ཉིད་ཐུགས་སུན་ཀྱང་ཚད་མེད་བྱུང་ཡོད།
དེ་དུས་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསླབ་པ་ཕུལ་གྲུབ་པས་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་ནོད་པས་མཚན་བློ་བཟང་འཕྲིན་ལས་ཞེས་བསྩལ། བཀུར་གཟོས་དང་བདག་རྐྱེན་གང་ཆེ་མཛད། འཁྲུངས་རབས་གསོལ་འདེབས་དང་ཞབས་བརྟན་ཀྱང་ལྗགས་རྩོམ་དང་ཆོས་འབྲེལ་ཟབ་རྒྱས་གནང༌། ཕྱིར་ཕེབས་ནས་འཇིག་རྟེན་དབང་ཕྱུག་གི་གསུང་སྤྲུལ་དུང��
�དཀར་སྤྲུལ་སྐུའི་དྲུང་ཉང་པོར་བཅར་ནས་ཁྲིད་ལུང་འགའ་ཞུས་བཞིན་འི་སྐབས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས་ྋརྒྱལ་བའི་དབང་པོ་ན་རིམ་གྱིས་སྐྱོང་བར་མཛད་པའི་མའ་དྭགས་རྒྱལ་གསུམ་དུ་གྲགས་པའི་ཡ་གྱལ་ཆོས་འཁོར་རྒྱལ་གདན་སའི་མཁན་པོར་བསྐོ་བཞག་བྱུང་བ་ལྟར་དེ་བཞིན་ཁྲི་སྐྱོངབ་དང་ཞར་ལ་ཚད་མ་ཕར་ཕྱིན་དབུ་མ་འདུལ་མཛོད་སོགས་གསན་སྦྱོང་དཔྱིས་ཕྱིན་པར་མཛད། བླ་ཆེན་ར
ྣམས་ལྷ་སར་འཛོམས་དགོས!
་པའི་དུས་ཤིག་ལ་ཕེབས་པས་སྨིན་གླིང་གཏེར་ཆེན་པོ་ཆེ་ཡང་ཕེབས་ཡོད་པས་མཇལ། སྐབས་ཞིག་དགེ་སློང་ཡེ་ཤེས་རྒྱ་མཚོ་རྩེར་ཁྲི་ལ་འཁོད་པ་དང་ཁོང་བསྙེན་པར་རྫོགས་ནས་ལོ་བཅུར་འཁོར་བས་གཞན་ལ་བསྙེན་རྫོགསགནང་བའི་ཐོག་མར་རྟེན་འབྲེལ་གྱི་ཆེད། རྒྱལ་པོ་ལྷ་བཟང་ཁང་གིས་བླ་ཆེན་རྗེ་དྲུང་རིན་པོ་ཆེ་ལྟ་བུ་ཞིག་བྱུང་ན་སྙམ་ནས་དེ་ལྟར་རྗེ་དྲུང་ལ་གསུང་བ། རྗེ་དྲུང་རིན་པོ་ཆེས་��
�ོང་གི་ངོ་མ་ལྡོག་ནས་བསྙེན་རྫོགས་ལ་ཕེབས་པར་ལས་གྲྭ་འགར་སྐྱོན་གྱི་ཐུགས་ཚོམ་བྱུང་བས་དགེ་སློང་གི་ཚུལ་ཙམ་དུ་གྱུར་ཏོ། །
སླེ་ལུང་དུ་གདན་ས་རྙིང་པ་གཅོང་གོག་ཆེ་བར་བརྟེན་གདན་ས་གསར་སྤོ་ཁང་ལས་རྟེན་བཞེངས་སོགས་མེ་མོ་བྱ་ཟླབ་བཅུ་གཅིག་ཚེས་ཉེར་གཅིག་ཕྱི་ལོ་༡༧༡༧ལ་ལེགས་པར་གྲུབ་ནས་ཐེག་མཆོག་རྣམ་གྲོལ་གླིང་ཞེས་ཚན་གསོལ། དེ་གའི་ཉིན་མོར་འདུས་སྡེ་གསར་དུ་བཙུགས། འདི་ཙམ་ནས་ཧེ་རུ་ཀཿདཔལ་ལྡན་བླ་མ་དམ་ཆོས་བཟང་པོ་ལས་གསང་སྔགས་གསར་རྙིང་གི་ཆོས་བཀའ་དུ་མ་གསན་པ་དང༌། མཁའ་འགྲོའི་གསང་ལུང��
�བཞིན་ཨོ་རྒྱན་སྨིན་གྲོལ་གླིང་དུཕེབས་ནས་པད་མ་འགྱུར་མེད་རྒྱ་མཚོ་ལ་སྨིན་གླིང་ཆོས་འཁོར་སོགས་གསན། དེ་ནས་བསྙེན་སྒྲུབ་ཀྱི་བཅད་རྒྱ་དུ་མ་གནང༌། ཁྱད་པར་དུ་ཨོ་རྒྱན་གཏེར་བདག་གླིང་པའི་གཏེར་ལུང་ལས་ཆོས་བདག་ཏུ་ལུང་བསྟན་པ་བཞིན་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་ལྗགས་བསྙེན་གནང་བས། གྲུབ་རྟགས་ངོ་མཚར་ཅན་དུ་མ་བྱུང་ཞིང་ལྷག་པར་དུ�
��བཀྲ་ཤིས་ཁ་བཏགས་ཀྱི་�!
��ར་དངོས་སུ་བབས་ཤིང༌། ཡུད་ཙམ་ནས་དཀར་པོ་དྲི་མ་མད་པར་འགྱུར་འགྲོ་བ་དང་དེ་བཞིན་དུ་ཨ་རུ་ར་རློན་པ་ལོ་མ་དང་བཅས་པའི་ཆར་དང༌། མེ་ཏོག་ཡུ་བ་ཅན་གྱི་ཆར་སོགསདངོས་སུ་བབས་ནས་ཀུན་གྱིས་གཟུང་བཏུབས་པ་དེ་འདྲའི་ཡན་མཚན་པའི་ལྟས་བློའི་རྭ་བ་ལས་འདས་པ་མང་པོ་བྱུང་བདེ་སྐབས་རྒྱུས་ཅན་རྣམས་ཀྱི་མངོན་སུམ་ཚད་མར་སྣང་ངོ།། ། དེ་ཙམ་ཞིག་ནས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤ��
�་ཞིང་བླ་མ་མཁའ་འགྲོས་གསང་ལུང་ཡང་ཆར་འབབ་པ་བཞིན་བྱུང་བས། བསྟན་འགྲོའི་ཕན་བདེ་སྤེལ་བའི་ཐུགས་རྩོལ་ཀྱང་རྒྱ་གང་ཆེའི་ཐུགས་བསྐྱེད་བླ་ན་མེད་པར་མཛད།
ལྷག་པར་ལོག་སྨོན་མངོན་གྱུར་སྦྱོང་མགར་ཇུན་གར་ཅན་གྱིས་བསྟན་པའི་ཁུར་འཁྱེར་ཚུལ་བགྱིས་པའི་སྐབས་རྗེ་འདི་པར་སྟག་རྩེ་ཕྱོགས་ནས་གསུང་གླེང་གི་སྟངས་འགའ་ཞིག་ལ། སྦྱོང་མགར་རྣམས་རྡོར་སྨིན་ལ་གནག་ཚུལ་གསུང་བ་བཅས་མི་ལེགས་པའི་ཆ་ལམ་ཙམ་ཐིངས་པས་ཆོས་རྒྱུན་དང་བཀའ་དྲིན་ཆེ་བ་སོགས་ལ་བསམས་པས་སྨིན་གླིང་དུ་ཡང་ཐུགས་ཟོན་དགོས་པའི་ཞུ་ཡིག་ཕུལ་བར། ད་ལམ་གྲོང་སྨད་དུ་བང�
��ཆེན་བཏང་བས་བཀའ་བཞེས་ཤིན་ཏུ་བཟང་ཞེས་དབུ་རུལ་བ་ཤངས་ཀྱིས་མ་ཚོར་བའི་ཕྱིར་ཕེབས་ཀྱང་བྱུང་ཡོད་པས། སྐབས་དེར་རྒྱ་ཆེ་ཕན་ཐོགས་བྱུང་ཡོད་མེད་མི་ཤེས་ཀྱང་རྙིང་ཆོས་བདུད་ཆོས་སུ་ལྟ་བའི་བསྟན་པའི་སྦྱིན་བདག་ཏུ་རློམ་པ་སྦྱོང་མགར་ལ་དེ་ལྟར་མཛེམས་མེད་ཀྱིས་ཕྱག་བྲིས་གནང་བ་ནི་རིས་མེད་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་རང་རྟགས་སུ་མངོན་ནོ། །
ཡང་སྐབས་ཤིག་རྗེ་འདི་ལ་སྦྱོང་མགར་དཔོན་གྱིས་སླབ་དཔོན་རིན་པོ་ཆེ་དང་ྋགོང་ས་ལྔ་པ་ཆེན་པོར་བློ་ཡུལམི་འཁྱུད་པའི་སྒྲོ་བསྐུར་ཚད་མེད་ཞུས་པར་དངོས་སུ་ན་འདེབས་གནང་ཚུལ་ནི། རང་རྣམ་ལས། སྐབས་ཤིག་ཁྲོམ་གཟིགས་ཁང་དུ་དཔོན་གྱིས་ཤོག་ཟེར་བར། དཔོན་དང་ཆོས་འཕེལ་ན་འདུག་པར་རང་བཞིན་གྱི་དྲི་བ་ཤིན་ཏུ་མང་བ་དང༌། ཨོ་རྒྱན་རིན་པོ་ཆེ་ཚད་ལྡན་ཡིན་མིན། ཀུན་མཁྱེན་ལྔ་པ་ཆེན་�
��ོའི་སྐོར་སྤྱི་དང་ཁྱད་པར་དུ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐྱེ་བཡིན་ནམ་མིན་ཟེར་བར། ངེད་རང་ཚོས་ཅི་ཤེས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་གོང་མ་སོགས་སྐྱེས་ཆེན་དམ་པ་ཚད་ལྡན་རྣམས་ཀྱིས་འཁྲུལ་མེད་དུ་ངོས་འཛིན་མཛད་པ་ནི་ྋགོང་ས་ལྔ་པ་ཡིན་པར་འདུག་བྱས་པས། པཎ་ཆེན་རིན་པོ་ཆེས་ངོས་འཛིན་དེ་ལྟར་མཛད་མེད་པ་འདྲ། གཟིམས་ཁང་གོང་སྤྲུལ་སྐུ་ཡོན་ཏན་རྒ
ྱ་མཚོའི་སྐྱེ་བུ་འཁྲུ!
ལ་མད་ཡིན་པ་དེ་ལ་ངག་དབང་བློ་བཟང་རྒྱ་མཚོས་ཕྲག་དོག་གི་རྣམ་པས། སྡང་ཤུགས་དང་ཉེ་རིགས་ལ་ཡང་དགོངས་པར་མི་བདེ་བ་མཛད་འདུག་ ངེད་ཚོའི་ལུང་པར་གཟིམས་ཁང་གོང་སྤྲུལ་སྐུར་༅ྷ་ག་ཏཱ་ལའི་བླ་མ་ཟེར་གྱིས་ཡོད་ཟེར། ཡང་ངག་དབང་བློ་བཟང་རྒྱ་མཚོ་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཤར་ཡང་ཁོང་ལ་སྡོམ་པ་མེད། ཕྱིས་སྡོམ་རྒྱུན་གསར་པ་ལེན་དགོས་པ་དེ་ཡང་ལེགས་པའི་རྟགས་མིན། དམག་ཐམས་ཅད་
ཀྱི་གྲོས་བྱས། ལྷག་པར་དུ་སྡེ་སྲིད་དེ་ཁོ་རང་གི་བུ་ཡིན་པར་འདུག་ ། ཁོ་རང་ཕ་བོང་ཁར་འགྲོ་འི་ཞོར་ལ་གྲོང་སྨད་དུ་ཞག་སྡོད་བྱས་སྡེ་སྲིད་ཀྱི་མ་དང་མཐུན་པས་མུ་ཏིག་གི་ཕྲེང་བ་དང༌། གསེར་གྱི་གདུ་བུ་སོགས་ཀྱང་བྱིན། སྡེ་སྲིད་ཟངས་རི་བར་དགོངས་ཕོག་གཏོང་བའི་རྩ་བ་ཡང་འདི་ཡིན་པར་འདུག་ཟེར་བ་སོགས་བློས་མི་འཁྱུད་པའི་དྲི་བ་མང་ཙམ་ཟེར་བ་ལན་གང་ཤེས་སུ་བཏབ་ཅིང༌། དོན་ད་རི་བོ་དགེ་ལུགས་ཀྱི་བས�!
��ནཔ་ཡོངས་གྲགས་ཁྱབ་གདལ་དུ་ཡོང་བ་འདི་ཀུན་མཁྱེན་ལྔ་པ་མིན་པ་སུའི་ཡང་ཐུགས་རྗེ་མིན་པར་འདུག་བབས་རྐྱེན་རྒྱུ་མཚན་འདི་ལྟར་ཡིན་ཞེས་པ་སོགས་ལབ་པས། མཇུག་ཏུ་ཁྱེད་ནས་ཟེར་བ་འདི་བཞིན་གཞན་ནས་མི་ཟེར་བ་འདུག་ཟེར་བཙམ་ལས་དགའ་མི་དགའི་རྣམ་འགྱུར་གང་ཡང་མི་བྱེད། ཕྱིས་གཞན་གྱིས་འཁྲིས་སུ་ཡིད་ཆེས་པ་ལྟར་བྱེད་འདུག་ཟེར། ཞེས་གསུངས།
གཞན་ཡང་དབུས་གཙང་ནང་འཁྲུག་སྐབས་རྗེ་ཉིད་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་དབུ་བླ་ཡིན་པས་མི་དབང་གི་མགྲིན་ཚབ་པ་གནང་ནས། ང་ལུམ་སྦྱར་གསུམ་གྱི་དོན་གནད་རྙོག་ཁྲའི་སྐོར་ལ། ཏཱ་ལའི་བླ་མ་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་མདུན་དུ་བཅར་ནས་ཕན་ཚུན་མཐུན་འགྲིག་གི་བཀའ་མོལ་གནང་སྟེ་གུང་བློན་རྣམས་ཀྱི་སྲོག་ལ་མི་སྐྱོན་པའི་གནས་ལུགས་ལེགས་གསོལ་གནང་བར་བརྟེན། ྋརྒྱལ་བ��
�ི་དབང་པོར་རྗེ་དྲུང་སྤྲུལ་པའི་སྐུར་ལེགས་སྐྱེས་གསོལ་རས་ཀྱང་བསྩལ། སླར་ཡང་གཟིམ་ཆུང་ཉི་འོད་དུ་རྗེ་དྲུང་སྤྲུལ་སྐུ་དང་མི་དབང་གཉིས་ཀ་ྋགོང་ས་མཆོག་གི་མདུན་དུ་བཅར་ཏེ་སྔ་འཁོན་དམ་སེལ་མེད་པའི་བཀའ་མོལ་ཞུས་པའི་མཐར། དགོངས་པ་གཡའ་སེལ་དུ་རྒྱལ་བ་གཉིས་པའི་ཞལ་ཚབ་བཀྲ་ཤིས་རྡོ་མཁར་ན། གུ་རུའི་སྐུ་ཚབ་གཏེར་བྱོན་མ་དང་ལྷ་མོའི་སྣང་བརྙན་བཅས། ྋགོང་ས་མཆོག་དང་མི་ད��
�ང་གཉིས་ཀྱི་དབུ་ཐོག་��!
�ུ་བཞག་ནས་དམ་བཅའ་མཛད། སྐབས་དེར་ཕོ་ལྷ་བས། གངས་ར་བས་བསྐོར་བའི་ཞིང་འཁོར་འདིར།།ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི།།ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིགཅེས་པ་འདི་ཐོལ་བྱུང་དུ་གསུངས་པ་ཞིག་རེད།།
དེ་དག་གི་དུས་ནས་གཙོ་བོར་སྔགས་སྦྱོང་མཛད་ཅིང་གསང་སྔགས་གསར་རྙིང་གི་ཕྱག་ལེན་ཐམས་ཅད་བཤད་སྲོལ་དང་མཐུན་པར་ཕྱག་ཐོག་ཏུ་བཀལ། གཞན་ཟེར་འགའ་ཞིག་ལ་བརྟེན་ནས་རྗེ་ཉིད་ཀྱིས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོར་མི་ཕྱེད་པའི་དད་པ་གཏིང་ནས་ཐོབ་ཅིང༌། མགོན་པོ་འདི་ཉིད་དང་རྗེ་བཙུན་བླ་མ་དམ་ཆོས་བཟང་པོའི་ཐུགས་རྗེ་སྙིང་ལ་ཞུགས་པ་ལ་བརྟེན་ནས། རིས་མེད་ཀྱི་སྐྱ
ེས་ཆེན་ཐམས་ཅད་སྐྱབས་ཡུལ་རྣམ་དག་ཏུ་ཤར་བ་བསྟན་པ་ཐམས་ཅད་འགལ་མེད་དང་གཞུང་ལུགས་མ་ལུས་པ་གདམས་པར་འཆར་བའི་གནད་ཆ་ཙམ་གོ་བས་དཀའ་རབ་འབྱམས་པ་སོགས་མང་སྙན་པོ་མ་ཐོགས་ཀྱང་ཆོས་སྤོང་གི་ལས་ལ་གང་འཛེམ་དུ་བགྱིས། ཞེས་སོགས་ཀྱང་གསུངས། རྗེ་ཉིད་ཀྱིས་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་གནང་བ་ཐམས་ཅད་ཀྱང་ཐོག་ཏུ་འཁེལ་བ་ཁོ་ན་བྱུང་ཞིང༌། ཁྱད་པར་ཚོགས་ཀྱི་སྤྱོད་པའི་ཉེ་��
�ྒྱུ་ལ་བརྟེན་ནས་ཟུང་��!
�ཇུག་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཀྱི་ཁྱད་པར་སྔགས་བླ་མེད་ཐམས་ཅད་ཀྱི་ཟབ་གནད་ཐབས་ལམ་ཟབ་མོར་ཉམས་བཞེས་གནང་ཞིང་བདེ་སྟོང་གི་ཡེ་ཤེས་མངོན་དུ་མཛད། །
རྗེ་འདི་པཎ྄ཌི་ཏ་ཤེས་རབ་གསང་བའི་ཐུགས་ཀྱི་བག་ཆགས་སད་པས་སྐལ་ལྡན་གྱི་སློབ་མ་མང་པོའང་ཕོ་ཉའི་ལམ་གྱས་བསྐྱངས་པར་མཛད་པས། མ་དག་པའི་སྐྱེ་བོ་མང་པོས་སྒྲོ་བསྐུར་གྱི་ཡི་གེ་ཕུལ་བར་བྱས་ཀྱང༌། སྤྱིརཐབས་ལམ་ནི་གསང་སྔགས་ཟབ་མོའི་ཉེ་ལམ་རྨད་དུ་བྱུང་བ་ཡིན་ཚུལ་གསར་རྙིང་གི་རྒྱུད་སྡེ་རིན་པོ་ཆེ་ཐམས་ད་ནས་གསུངས་ཤིང༌། སྔོན་གྱི་གྲུབ་བརྙེས་ཕལ་ཆེར་གྱིས་ཀྱང་ལམ་འདི་��
�་བརྟེན་ནས་ཟུང་འཇུག་གི་གོ་འཕང་སྒྲུབ་ཚུལ་ལ་སུམ་བསྙོན། རྗེ་ཉིད་རྩ་རླུང་ལ་རང་དབང་ཐོབ་ཟིན་མོད་འོན་ཀྱང་སློབ་བུ་རྣམས་ཀྱི་ནང་ནས་དེའི་དོད་ཐུབ་མི་ཡོད་དམ་སྙམ་ནའང་ཕལ་ཆེར་ནི་རླུང་ལས་རུང་ང་རྟོགས་པ་མཐར་ཕྱིན་གྱི་ཕྱག་རྒྱ་བསྟེན་རུང་ཁོན་ལས་མ་འདས་མོད། དེ་རྣམས་དང་དོད་མི་མཉམ་པ་རེ་ཟུང་ཡོད་སྲིད་ཀྱང་དེ་ནི་གང་ཟག་རང་ཉིད་ཀྱི་སྐྱོན་ལས་གསང་སྔགས་ཟབ་མོ་ལ་ལོག་པ
་ལྟ་བ་མི་རིགས། དེའི་�!
��ྐོར་ལ་ཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སྔགས་ཀྱི་ཉམས་ལེན་བྱེད་སྟངས་དངོས་དེ་སླེ་ལུང་བཞད་རྡོར་གྱིས་གནངསྟངས་འདི་རང་རེད། འདི་ལ་འདུལ་བ་འཛིན་པ་ཚོས་བཀའ་བཀྱོན་གནང་བ་ནི་མང་བ་གཙོ་ཆེ་བའི་དབང་དུ་མཛད་ནས་བསྟན་པ་ལ་གཅེས་སྤྲས་མཛད་པ་རེད་མོད་ཅེས་གསུངས། ཞེས་སྐུ་ཞབས་རཀ་རས་མཛད་པའི་མཁས་དབང་དགེ་འདུན་ཆོས་ཀྱི་རྣམ་ཐརལས་གསལ། ཕྱིས་རྗེ་འདིར་རིག་འཛིན་སྟག་ཤམ་ནུབ་�
��ྡན་རྡོ་རྗེ་ཁོ་རང་གི་གཏེར་ཁའི་ཌཱ་ཀི་ཙིཏ྄ཏ་སྙིང་ཐིག་ཅེས་པའི་ཐབས་ལམ་གྱི་གདམས་པ་ཁྱད་པར་ཅན་ཞིག་ཡོད་པ་དེ འོལ་ཁ་རྗེ་དྲུང་ལ་འཕྲོད་ན་འགྲོ་བར་ཕན་པོ་འབྱུངཞེས་ལུང་བསྟན་པ་ཆོས་རྗེ་གླིང་པའི་རྣམ་ཐར་ཞལ་གསུངས་མར་བྲིས་གནང་བ་དང༌། གཞན་ཡང་རྗེ་འདིས་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཛད་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་ཅིང་བསྐྱངས་བར་བྱས་
པའི་དྲག་པོའི་སྐུ་ཡི་རོལ!
་པ་ཡང་མཆིས། །
རྗེ་འདིར་སློབ་དཔོན་ཆེན་པོས་ཆོས་བདག་ཏུ་ལུང་བསྟན་པ་བཞིན་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཆོས་སྐོར་གཏེར་གཞུང་རྩ་བའི་ལེ་ལག་བཅས་པོད་བཅུ་གཉིས་ལྗགས་རྩོམ་གནང༌། འདི་ནི་སླེ་ལུང་ཆོས་སྐོར་ཞེས་ཡོངས་སུ་གྲགས་པ་དེ་ཡིན། ས་སྐྱ་གོང་མ་རིན་པོ་ཆེ་བདག་ཆེན་ངག་དབང་ཀུནདགའ་བློ་གྲོས་ཀྱིས་སྡེ་དགེ་ཞེ་ཆེན་དྲུང་ཡིག་ལ་བསྩལ་བའི་ཆབ་ཤོག་ཏུ། ངེད་སྔོན་དད་པ་མེད་ཀྱང་ཕྱིསབཀའ་��
�བུམ་མཐོང་བས་སྙིགས་དུས་འདིར་དེ་བས་ལྷག་པའི་མཁས་གྲུབ་བྱོན་ཐབས་མི་འདུག་པས་བཤགས་པ་ཕུལ་ནས་དེང་སང་ང་དྲག་ཤུལ་དང་ཉི་གཞོན་གཉིས་ཀར་གུས་ཤིང༌། ཉི་གཞོན་སྔགས་ཟླ་བགྱིད་ཡོད་གསུངས་འདུག་པ་ཆབ་ཤོག་ཐམ་འབྱར་ཁོ་བོའི་སུག་པར་ད་ལྟའང་ཡོད་དོ། ། ཞེས་བྱུང༌། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དེ་བཞིན་མཁས་གྲུབ་དུ་མའི་ཉམས་ལེན་གྱི་མཐིལ་དུ་འཛིན་ནས་བསྔགས་པའི་མེ་ཏོག་ཆེས་ཆ
ེར་མཐོར་ཞིང༌། དེ་ཡང་�!
��ཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལྷག་པར་བདེ་མཆོག་གི་སྐོར་ སླེ་ལུང་བཞད་རྡོར་ལྟ་བུ་ཉིན་སྐར་ཙམ་རེད། ཁོང་གིས་མཛད་པའི་བདེ་མཆོག་གི་སྐོར་མཇལ་ཡང་དེ་དུས་སྙན་སུམ་གྱི་རླུང་དཀྱིལ་དུ་ཚུད་ནས་གཞུང་དངོས་ཞིབ་ཆ་བྱསཏེ་མཇལ་རྒྱུ་མ་བྱུང་ཡང༌། བཀའ་རྩོམ་ཚིགས་བཅད་དེ་ཚོནི་འགྲན་ཟླ་དང་བྲལ་བ་འདུག་ཅེས་རཀ་རས་མཛད་པའི་དགེ་ཆོས་ཀྱི་རྣམ་ཐར་དུ་གསལ་ཞིང༌། དེང་སང་ཡང་ྋགོང་��
�་སྐྱབས་མགོན་ཆེན་པོར་ངེད་རང་མཇལ་ཁ་ཞིག་གིས་དུས། ྋགོང་ས་ཆེན་པོས་སླེ་ལུང་གི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དེ་ནི་ཁོང་རང་གི་མྱོང་ཐོག་ནས་གསུངས་པས་གསུང་བྱིན་ཅན་ཞིག་རེད་གསུངས། གཞན་ཡང་འོན་མངའ་རིས་གྲྭ་ཚང་གི་ཡིག་ཆར་བཞུགས་པའི་ལེགས་བཤད་སྙིང་པོའི་འགྲེལ་པ་དང༌། ཚད་མ་གྲུབ་པའི་ལེའུའི་ཟུར་རྒྱན་སོགས་ལྗགས་རྩོམ་དང༌། གུ་རུ་གཟི་བརྗིད་རྡོ་རྗེའི་དག་སྣང་སོ��
�ས་དག་སྣང་གི་ཆོས་སྡེ་བས��!
�ན་སྲུང་རྒྱ་ཚོའི་རྣམ་ཐར་གྱིས་མཚོན། མདོར་ན་བསྟན་པ་སྤྱི་སྒེར་ཕན་པའི་བསྟན་བཅོས་པོད་སུམ་ཅུ་སྐོར་རང་གི་ལག་ཏུ་སོན་ཅིང༌། གང་གི་གསུང་བྲིས་མ་པོད་ཕྲེང་བཅུ་ཙམ་ནི་ད་ལྟ་ཉི་ཧོང་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་ཞིག་ཏུ་ཡོད་པ་དང༌། དེ་མིན་སོག་ཡུལ་དུའང་གསུང་ཚན་འགའ་ཡོད་ཚད་འདུག་ཀྱང་ལག་ཏུ་མ་སོན། སྣར་ཐང་བཀའ་འགྱུར་རིན་པོ་ཆེ་སྲིད་གསུམ་མཛེས་པའི་རྒྱན་གཅིག་རྫ��
�་འཕྲལ་ཤིང་རྟའི་དཀར་ཆག་ཤོག་གྲངས་ ༡༢༧ ཅན་སོགས་ད་ལྟའང་མཆིས་མོད། ཆོས་ཚན་མང་པོ་ཞིག་ནི་དུས་འགྱུར་གྱི་རྐྱེན་པས་ཁ་འཐོར་དུ་སོང་བས་འཚོལ་ཞིབ་བྱེད་བཞིན་ལགས། །
སྤྱིར་མཁས་པ་འགས་རྗེ་འདིས་གསར་རྙིང་བསྲེས་པའི་ཡིག་ཆ་མང་པོ་རྩོམ་ཞེས་ཟེར་ཞིང༌། དེ་ལ་རཇེ་འདི་པས་གསང་ཡེ་མན་ངག་གཅིག་ཤེས་ཀུན་གྲོལ་ལས། སྡོམ་འབྱུང་ལས་ཀྱང༌། གང་གིས་ལས་ཀྱི་བྱེ་བྲག་གིས། ཞེས་སོགས་ཤེས་བྱེད་དུ་དྲངས་ཟིན་པའི་མཇུག་ཏུ། གསང་བདེ་འཇིགས་གསུམ་དང༌། ནག་པོ་སྐོར་གསུམ་ལ་ཡི་དམ་དང་ཆོས་སྲུང་དུ་འཛིན་པ་པོ་ཀུན་གྱིས་འདི་ཤེས་དགོས་པ་ཡོད་ཀྱང༌། ཞྭ་སེར་ཚད
་ཀྱི་རྣ་བར་མ་གྲགས་པའི་ཕ་ཆོས་ཀྱི་མན་ངག་འདི་དག་ཁོ་བོས་བཤད་པ་གོ་དགོས་སོ། ། ཡང་ཕྱོགས་གཅིག་ཁོ་ནར་ཞེན་པའི་མཁས་པ་ཁ་ཅིག་ན་རེ། རྗེ་དརུང་སྤྲུལ་པའི་སྐུས་གསར་རྙིང་ཐམས་ཅད་བསྲེས་ནས་བཤད་དོ་ཅེས་ཟེར་མོད། དགོངས་གཞི་མི་འགལ་བར་གཅིག་ཏུ་བསྲེ་ཐུབ་ན་བདག་གི་འདོད་ཡིན་ལ། འགལ་འདུ་དམིགས་བསལ་གྱི་ཕྱག་བཞེས་མི་གཅིག་པ་ཡོད་པ་རྣམས་ནི་བསྲེས་པ་ཡང་མེད། སྡོམ་འབྱུང་དང་བད
ེ་མཆོག་རྩ་རྒྱུད་ལ་སོ!
གསཔ་ནས་བཤད་པ་རྣམས་རྙིང་མའི་མཁས་གྲུབ་ཚད་ལྡན་རྣམས་ཀྱང་བཞེད་ཅིང་ལུང་འདྲེན་མཛད་པ་ཤིན་ཏུ་མང༌། རྒྱུད་འདི་དག་ནས་གསུངས་པ་གསང་ཡེར་སྦྱོར་དུ་མི་རུང་བའི་ཤེས་བྱེད་དང་ཁུངས་གཅིག་ཡོད་ཀྱང་སྟོན་ཅིག་ཅེས་ཁོ་བོ་ནི་རྙིང་མ་པ་དང་དགེ་ལུགས་པའི་མཁས་རློམ་སུ་བྱུངཡང་དེ་སྐད་ཅེས་མགྲིན་པ་བཏེག་ནས་སྨྲ་རྒྱུ་ཡིན་ནོ། ། ཞེས་རྗེ་འདིས་གསུངས་པས་དེ་ལ་བརྟེན་ནས་ཆོས་བསྲེས་ལྷ
ད་ཀྱི་དོན་ཡང་གོ་བ་རིགས་སོ། ། རྗེ་འདིའི་ཐུགས་སྲས་དྲེའུ་ལྷས་སྤྲུལ་པའི་སྐུ་རིག་འཛིན་གཡུང་མགོན་རྡོ་རྗེ་ལའང་དག་སྣང་གི་ཆོས་སྡེ་སོགས་ཅི་རིགས་མཆིས། །
རྗེ་དྲུང་རིན་པོ་ཆེ་ནི་སྔགས་གསར་རྙིང་གཉིས་ཀའི་བསྟན་འཛིན་ཆེན་པོ་ཞིག་ཏུ་ངེས་པས། རྡོ་བྲག་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་དབུས་རྙིང་མའི་སྐྱེས་ཆེན་དུ་མ་དང༌། སྐབས་དེའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཕུར་ལྕོག་རྗེ་ངག་དབང་བྱམས་པ་དང༌། ཞོགས་དོན་ཡོད་མཁས་གྲུབ་དབུས་འཇམ་དཔལ་སྙིང་པོའི་བསྟན་འཛིན་ཆེ་དགུ་མང་པོ་ཡང་རྗེ་འདིའི་ཞལ་སློབ་ཏུ་གྱུར་ནས་གསང་ས��
�གས་ཀྱི་ཟབ་ཆོས་དུ་མའི་རྒྱུད་པ་སྤེལ་བར་མཛད། རིམ་གྱིས་རྗེ་ཉིད་ཀྱི་དངོས་ཀྱི་གདུལ་བྱ་ཟད་པ་ན་ཕྱི་ལོ་༡༧༤༠ལྕགས་སྤྲེལ་ཧོར་ཟླ་བརྒྱད་པའི་ཚེ་ཉི་ཤུ་སྟེ་དགུང་ལོ་ཞེ་བཞི་པར་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བྱང་ཕྱོགས་ལྕང་ལོ་ཅན་དུ་དཔལ་ལག་ན་རྡོ་རྗེའི་ཐུགས་ཀར་རེ་ཞིག་ཐིམ་མོ། ། དེང་གི་ཆར་ཡང་རྗེ་ཉིད་ཀྱི་མཛད་འཕྲིན་གྱི་འོད་སྣང་དཀར་པོ་རིས་མེད་ཀ��
�ི་ཆོས་བརྒྱུད་ཆན་པོ་��!
�ྣམས་སུ་འཕྲོ་བཞིན་མཆིས་པ་འདི་དག་ལགས་སོ། །
Yo
བེ་རི་ལགས་ཐུགས་རྗེ་་ཆེ་ཞུ་རྒྱུ་ཡིན། སྔར་བླ་མ་འགའ་ཞི་གི་རྣམ་ཐར་ནང་དུ་རྣམ་གྲོལ་གླིང་ཟེར་བ་ཞིག་ཡོད་པ་དེ་ཡང་རྗེ་འདིའི་གདན་ས་ཡིན་པ་དེ་རིང་གཞི་ནས་ཤེས་སོང་། སླེ་ལུང་འདི་རྡོ་རྗེ་བྲག་གི་བླ་མ་འགའ་ཞིག་ལོ་རྒྱུས་རྣམ་ཐར་ནང་ཡང་ཡོང་གི་ཡོད་ཀྱང་ཁོང་གི་རྣམ་ཐར་ཡག་པོ་ཞིག་མཇལ་མ་མྱོང་། དེ་རིང་གླིང་གསར་བ་རྙེད་པ་ནང་བཞིན་གོ་གསར་བ་ཞིག་སླེབས་སོང་། ཁྱད་པར་གོང་ས་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགོངས་གཞི་ངོ་མའི་ཐོག་ལ་ཤར་བསྐྱོད་བྱེད་ཐུབ་མཁན་གྱི་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་སྐྱེས་ཆེན་དམ་པ་ཁོང་ལྟ་བུ་ནི་གངས་ཅན་པ་སྤྱི་ལ་བཀའ་དྲིན་ཆེན་པོ་རེད། ཨོ་རྒྱན་སངས་རྒྱས་གཉིས་པའི་གཏེར་ལུང་ཚད་ལྡན་དུ་མར་བོད་ཁམས་སྤྱིའི་བདེ་ཐབས་སུ་བླང་དོར་གྱི་ལུང་བསྟན་ཇི་སྙེད་ཅིག་བཀའ་སྩལ་ཡོད་པ་རྣམས་དོན་དངོས་ཀྱི་ཐོག་ནས་ལག་ལེན་ལ་འདེབས་ཤེས་མཁན་གྱི་བོད་ཀྱི་ཆབ་སྲིད་མི་སྣ་གནད་ཡོད་ཅིག་བྱུང་བ་ནི་གོང་་ལྔ་པ་ཆེན་པོ་རེད། གོང་ས་ལྔ་པའི་གསུང་རྣམས་ལ་མང་དུ་བལྟས་ཡིན་པས་དངོས་གནས་རིས་མེད་ཟེར་བ་དེ་ཁོང་འདྲ་ཞིག་ལོ་ཡོད་སྙམ་དུ་ངེས་ཤེས་འདྲོང་ཐུབ་པ་ཡོད། ད་ལྟ་བར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བའི་ཤི་མིན་སོས་མིན་ཞིག་ལྷག་ཡོད་པ་འདི་ཡང་ཁང་གིས་བཀའ་དྲིན་ཉག་གཅིག་རེད། ཁོང་གི་བརྒྱུད་འཛིན་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རླབས་ཆེན་གྱི་བྱ་བ་མང་པོ་ཞིག་མཐར་མ་ཕྱིན་པར་རྐྱེན་ལམ་དུ་ཤོར་བ་ནི་བོད་ཁམས་སྤྱི་དང་ལྷག་པར་དགའ་ལྡན་ཕོ་བྲང་གི་ཆགས་སྒོ་གཅིག་པུ་དེ་རེད།
ད་དྲན་སོས་པ་ཞིག་ལ་གུ་བཀྲའི་ཆོས་འབྱུང་དུ་ཡང་བླ་མ་འདིའི་ལོ་རྒྱུ་མདོར་བསྡུས་ཤིག་ཡོད་པས་སྔགས་ཀྱི་ཐབས་ལམ་ཉམས་སུ་བཞེས་མཁན་གྱི་རྗེ་དྲུང་མཚན་ཞིག་ཡོད་པ་དེ་རེད་འདུག ཁོང་གྲུབ་བརྙེས་ཁྱད་པར་ཅན་ཞིག་ཡིན་པ་ལ་ཐེ་ཚོམ་མི་འདུག
ངས་རྡ་སའི་དཔེ་མཛོད་ཁང་དུ་སླེ་ལུང་ཚང་གི་རང་རྣམ་ཞིག་ལ་མཇལ་མྱོང་ཞིང་། དེའི་ནང་དུ་ཁོང་གིས་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཇལ་དུས་ཀྱི་རྒྱལ་བ་ཁོང་གི་ན་བཟའ་དང་མཛད་སྤྱོད། ཕྱག་མཛུབ་གསེར་གྱི་ཚིགས་ཁོགས་ཀྱིས་བརྒྱན་པ་དང་ཐ་མ་ཁ་བཞེས་ཞོར་དང་བཀའ་མོལ་གནང་ཞོར་སྙན་ངག་རྩོམ་པ། དེ་བཞིན་སྐུ་འཁོར་དག་གི་བྱ་སྤྱོད་དང་། ཁོང་ལ་རྗེ་དྲུང་སྤྲུལ་སྐུར་ཨ་ནེ་ཏིང་ཏིང་སྒྲོལ་མ་འདོག་གི་ཡིན་གསུངས་པ་སོགས་དང་། ཁོང་གིས་སྐུ་ན་ཆུང་དུས་བླ་ཆེན་ཕལ་ལྟར་རྒྱུ་ནོར་གྱི་མཐུན་རྐྱེན་མེད་པར་དཀའ་སྡུག་ཅི་ཙམ་ཞིག་མྱངས་པ་སོགས་རེ་རེ་བཞིན་ཧ་ཅང་ཞིབ་ཆ་ཅན་ཞིག་བྲིས་འདུག ཡང་དེ་དུས་ཀྱི་དགེ་ལུགས་པའི་བླ་མ་སྒྲ་བསྒྱུར་མར་པའི་སྐུ་གདུང་མདུན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་རྒྱུད་ལ་ངོ་མཚར་བའི་ལྟས་དང་བཅས་འཁྲུངས་པའི་གྲུབ་དབང་ཀློང་བརྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ་དུ། རྒྱལ་བ་ཚངས་དབྱངས་པ་དང་སླེ་ལུང་རྗེ་དྲུང་བཤད་རྡོར་སོགས་ཀྱིས་རླུང་སེམས་ལ་རང་དབང་ཐོབ་པའི་མངོན་རྟགས་ནམ་མཁར་འཕུར་ཐུབ་པའི་གྲུབ་རྟགས་ཙམ་ཡང་སྟོན་རྒྱུ་མེད་པར་སྔགས་སྤྱོད་ཡ་མ་ཟུང་ལག་ལེན་བྱས་ནས་རྗེ་བླ་མའི་འདུལ་བའི་བསྟན་པ་འདི་ལ་ནག་ནོག་བྱས་སོ་ཞེས་ཁོང་གི་གསུང་འབུམ་དུ་བྲིས་གནང་འདུག
གང་ལྟར་སླེ་ལུང་བཞད་པའི་རྡོ་རྗེ་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གཉིས་ཀྱིས་སྐུ་ན་ཆུང་དུས་སུ་འཇིག་རྟེན་གྱི་ཟང་ཟིང་ལོངས་སྤྱོད་མེད་པར་དཀའ་བ་སྤྱད་ལུགས་གཉིས་ཡིད་ལ་ཤར་ན་མིག་ནས་མཆི་མ་འཆོར་བ་ཙམ་རེ་གདའ། སླེ་ལུང་ཚང་གི་བཞུགས་ས་དེ་ཡང་ཁང་བ་ཆུང་ཆུང་སྒེའུ་ཁུང་ནས་ཉི་འོད་ཀྱང་མི་མཐོང་བ་གྲང་ཞིང་ཧ་ཅང་ཁུ་སིམ་པོ་ཞིག་ཡིན་པ་ད་དུང་སེམས་ངོ་ན་ལུས་འདུག འདི་དང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་མོན་རྟ་དབང་ནས་ལྷ་སར་མ་ཕེབས་གོང་ས་མཐའི་དགོན་ཆུང་ཞིག་ནས་བཟང་བཙོན་ལྟ་བུར་བཞུགས་ས་དེ་གཉིས་ཧ་ཅང་འདྲ་བོ་ཡོད་པ་ཞིག་ཀྱང་དྲན་གི
གྲུབ་པ་ཐོབ་པའི་གང་ཟག་འདི་དག་གི་མཛད་སྤྱོད་ལ་ཤེས་པ་འགའ་རེས་བསྟན་པའི་ལར་ཞེན་དང་མི་ཤེས་པ་འགའ་རེས་རྨོངས་ཡུས་ཀྱིས་སྐྱོན་བརྗོད་དང་སྐུར་འདེབས་བྱེད་པ་ནི་ཧ་ལས་དགོས་པ་ཞིག་མིན། དུས་རབས་སྔོན་མའི་ནང་དུ་དགེ་ལུགས་པའི་བླ་མ་གསེར་གོང་རྡོ་རྗེ་འཆང་ཚང་གིས་དགུང་གྲངས་བཅུ་དགུ་ཡིན་ནམ་ཞིག་ནས་བཟུང་སྟེ་དབུ་སྐྲ་གཞར་ཐེངས་རེར་སྐུ་བསྙུང་ཤུགས་ཆེན་རེ་བཞེས་པས། མཐའ་མར་ཁོང་གི་རྩ་བླ་ཞིག་གིས་ཁོང་གི་དབུ་སྐྲ་མ་གཞར། ཁོང་གི་དབུ་སྐྲ་ཉག་མ་རེ་རེའི་ངོས་སུ་སངས་རྒྱས་བྱང་སེམས་གྲངས་ལས་འདས་པ་ཞིག་བཞུགས་འདུག་གསུངས་པའི་བཀའ་དགོངས་བཞིན་དབུ་སྐྲ་སྐེད་འཁོར་མ་ཞིག་བཞག་ནས་དགེ་ལུགས་པའི་ཆོས་གྲྭ་འགྲིམས་པ་དང་། ལོ་ཤས་རྗེས་སུ་རིག་མ་ཞིག་བཞེས་པས་སྐྱེ་བོ་དག་གིས་གཤེ་སྐུར་གྱི་མཚོན་ཆར་ཕབས་ཏེ་གྲྭ་སར་བཞུགས་མ་བདེ་བར་བོང་བུ་ཞིག་ལ་དངོས་ཆས་བཀལ་ནས་རིག་མ་ཁྲིད་དེ་འོལ་ཁ་ཕྱོགས་སུ་ཕེབས་ནས་རི་ཁྲོད་ཅིག་ནས་སྔགས་སྤྱོད་ཉམས་ལེན་དང་མདོ་སྔགས་ཀྱི་གཞུང་ཆེན་ལ་སློབ་སྦྱོང་མུ་མཐུད་དེ་གནང་། ཉིན་ཞིག་ལེགས་བཤད་གསེར་ཕྲེང་གི་དཀའ་གནད་ཅིག་ལ་ཐུག་ནས་དོགས་པ་འདྲི་ས་མེད་པར་རྗེ་བླ་མར་གསོལ་བ་ཤུགས་དྲག་ཅིག་བཏབ་པས། གཟིམ་ཁང་བྲག་ཕུག་གི་ནང་དུ་དྲི་ཞིམ་པོ་སྔོན་ཆད་མྱངས་མ་མྱོང་བ་ཞིག་འཐུལ་བ་དང་ལྷན་དུ་དགེ་སློང་གི་ཆ་ལུགས་ཅན་གྱི་སློབ་དཔོན་ཞིག་ཕེབས་ཡོང་ནས་ལེགས་བཤད་གསེར་ཕྲེང་གི་དཀའ་གནད་མཐའ་དག་ལ་ཐེ་ཚོམ་གྱི་དྲ་བ་གཅོད་པར་མཛད་རྗེས། གཟིམ་ཁང་བྲག་ཕུག་གི་སྒོར་ཕེབས་སོང་བ་དང་། དེ་ནས་ལམ་སེང་ཁོང་གི་ཐུགས་ལ་ང་ས་འདིར་ཡོད་པ་མི་གཞན་དག་གིས་ཤེས་མེད་པ་ལ་དགེ་སློང་དེ་གང་ནས་ཕེབས་པ་ཡིན་ནམ་སྙམ་ནས་བརྒྱུགས་ཏེ་ཕྱི་རོལ་ཏུ་བལྟས་པས། དགེ་སློང་དེ་ནམ་མཁའི་དབྱིངས་མཐོན་པོ་ཞིག་ཏུ་ཡར་འཕུར་བ་མཇལ་བས། རྗེ་བླ་མ་དགའ་ལྡན་ནས་བྱོན་པའི་ཡིད་ཆེས་དད་པ་རྙེད་པ་དང་། རྗེས་མར་རིམ་བཞིན་སྐུ་བསོད་དང་གྲུབ་རྟགས་མངོན་དུ་གྱུར་ནས་དགེ་ལུགས་ཚང་གི་ཆེ་རྒུ་ཀུན་གྱི་དབུ་གཙུག་གི་ནོར་བུར་བཏེགས་པ་སོགས་མང་ངོ་།།
ཀླུ་སྨྱོན་ལགས།
ཁྱེད་ཀྱིད་གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད་ཅེས་པ་་ང་ལ་ཞིག་གནང་རོགས།
ངའཨི་མྱུར་འཕྲིན་ནི་
gangkarlhamo@gmail.com
གོང་གི་གསེར་གོང་རྡོ་རྗེ་འཆང་གི་རྣམ་ཐར་དུམ་བུ་འདི་བཞིན་ལོ་ངོ་བཅོ་ལྔའི་གོང་དུ་རྒྱ་གར་ལྷོ་ཕྱོགས་འབྲས་སྒོ་མང་དཔེ་མཛོད་ཁང་ནས་རག་ར་ཐུབ་བསྟན་ཆོས་དར་གྱིས་བརྩམས་པའི་གསེར་གོང་ཚང་གི་རྣམ་ཐར་ལག་བྲིས་མ་ཞིག་མཇལ་མྱོང་བ་དེ་སེམས་ནས་ཕྱིར་དྲན་བྱེད་ཞོར་དུ་བྲིས་པ་ལགས།
གོང་དུ་ཀླུ་སྨྱོན་གྱིས་བྲིས་པའི་སླེ་ལུང་གི་རྣམ་ཐར་དེ་མིན་ནམ། ཚངས་དབྱངས་རྒྱ་མཚོ་མཇལ་སྐབས་ཀྱི་གནས་ཚུལ་བྲིས་པ་ཞིག་ནང་། ད་རུང་ཁོང་གི་འཁོར་རྣམས་ཆང་འཐུང་སྟེ་བད་ནས་ར་རོར་གྱུར་ཀྱང་ཁོང་ཚང་ལ་བཟི་རྒྱུ་མེད་པ་ལྟ་བུ་ཞིག་ཀྱང་བྲིས་ཡོད་བསམས་སོང་། དེ་ཕལ་ཆེ་རྣམ་ཐར་གཅིག་པ་ཡིན་པ་འདྲ། དེ་འདྲ་ཨེ་རེད།
རེད་རེད། དེའི་སྐོར་ཏོག་ཙམ་ཞིག་ཞྭ་སྒབ་པས་སྲིད་དོན་རྒྱལ་རབས་སུ་ཡང་བྲིས་འདུག
ཀླུ་སྨྱོན་ལགས།
ཁྱེད་རང་ང་ལ་གསུང་ལན་མ་བཀྱོན་པ་གང་ཡིན་ནམ།
གངས་ལྷས
གངས་ལྷ་ལགས། གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད་དེ་ངས་དྲ་ངོས་ཤིག་ཏུ་གཏགས་པ་ཡིན་བསམས་ཏེ་ད་ལྟ་ས་འཚོལ་རྡོ་འཚོལ་ཞིག་བྱས་ཀྱང་རྙེད་མི་ཐུབ་ཀི་ཡ། དུས་བབ་ཟིན་བྲིས་དང་ཁ་བརྡ་གཉིས་ཀའི་རྩོམ་ཡིག་འཚོལ་ས་དེར་མིང་དེ་གཏགས་ན་ཡང་”འདི་འདྲ་ཞིག་ཁྱོན་ནས་རྙེད་རྒྱུ་མི་འདུག་”ཅེས་ལན་སྟེར་གི
གངས་དཀར་ལྷ་མོ་ན་སོ་ཆུང་དུས་བཙལ་ནས་མ་རྙེད་ཀྱང་། །
གངས་དཀར་ལྷ་མོ་ན་སོ་རྒས་དུས་མ་བཙལ་རྙེད་གྱུར་ན། །
གངས་དཀར་ལྷ་མོའི་འདོད་བློ་གང་ཡིན་བདག་གིས་བསྐོང་དགོས་པས། །
གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད་གང་མྱུར་དྲ་ངོར་གཏག །
གྲོགས་ཀླུ་སྨྱོན་དང་མདའ་མཚན་པ་སོགས་ལ། རིག་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན་ཅེས་བྱ་བའི་ནང་། ཚངས་དབྱངས་པའི་སྐོར་འདི་ལྟར་བཀོད་འདུག གཟིགས་རོགས་གནང༌། ཆུ་རྟ་རང་ལོ་དྲུག་པར་ཟླ་བ་བརྒྱད་པའི་ནང་དུ་གོང་ས་རིན་པོ་ཆེ་ཚངས་དབྱངས་རྒྱ་མཚོར་སྐྲ་ཕུད་འབུལ་བར་འགྲོ་བའི་གྲ་བསྒྲིགས། ཨ་བར་རྒྱ་སྨོན་གྱིས་གཟའ་སྐར་བལྟས་ཏེ་འཕྲོད་སྦྱོར་བཟང་བར་ངེད་རྣམས་སླེ་ལུང་ནས་འཐོན་ཟངས་རི་བརྒྱུད། ཡང་དགོན་དུ་འགྲོ་རྩིས་ལ་སྔོ་ལོྗངས་ཐང་དུ་སླེབས་དུས་གྲྭ་ཚང་ནས་བསུ་བ་སེར་སྦྲེང་རྒྱས་པ་དང་བཅས་གཉེར་ཚང་དུ་སླེབ། ཞག་གཉིས་བསྡད་པའི་མཆོད་མཇལ་རྣམས་ལེགས་པར་བྱས། ཞལ་རས་ལྷ་ཁང་དུ་བཀྲ་ཤིས་རྡོ་ཁ་མར་གྲགས་པའི་རྗེ་རིན་པོ་ཆེའི་སྐུ་བརྙན་བྱིན་ལྡན་དེ་མཇལ་དུས། ཟླ་བོ་རྣམས་ནས་འདི་གང་ཡིན་ཟེར་བར། ཁ་ནས་བཀྲ་ཤིས་རྡོ་ཁ་མ་རེད་ཟེར་བ་ཐལ་བས་དེར་ཡོད་རྣམས་ནས་སྔོན་གནས་རྗེས་དྲན་དུ་བརྩི། དེ་སྐབས་རྒྱལ་ཡུམ་ཚེ་དབང་ལྷ་མོ་ཁྲ་འབྲུག་ཏུ་ཞབས་སྐོར་གསོག་པ་དང་འགྲིག་པས་ཚང་མས་མཇལ་ཁར་འགྲོ་དགོས་ཚུལ་ཟེར་བ་བཅས་ཁྲ་འབྲུག་ཏུ་མཇལ་ཁར་ཕྱིན། འདི་དུས་རྒྱལ་ཡུམ་སྐུ་ཞབས་དང༌། སྡེ་སྲིད་ཀྱི་བདག་མོ་རྣམས་ལ་བླ་རིགས་ཕལ་ཆེར་ཕྱག་འཚལ་དགོས་པས་ངེད་ནས་ཀྱང་ཕྱག་ཕུལ་བར་ན་སོ་གཞོན་པས་ཕྱག་གྲངས་མེད་དུ་བཅལ་བར་དཔོན་གཡོག་ཚང་མ་བཞད་མོ་མཛད། ངེད་རང་གི་བསམ་པར་རྒྱལ་ཡུམ་ཟེར་བ་དེ་འདི་མིན་པ་ཞིག་ཡོད་འགྲོ་སྙམ་པར། ཞལ་རས་སྔོན་མོ་སོག་ཆས་སྤྲས་པ་འདི་འདྲ་ཡ་ཤ་བ་སྙམ་པ་བྱུང༌། རྒྱལ་ཡུམ་རང་ནས་གང་ཡང་མི་གསུང་གསོལ་དཔོན་ནས་དྲི་བ་འགའ་ཞིག་མཛད་བྱུང༌། མགྲོན་ཁང་དུ་བདག་རྐྱེན་སོགས་མཛད། རྒྱ་ཕྲུག་བརྒྱུད་ཡང་དགོན་དུ་སླེབ། རིམ་གྱིས་རྒོད་དཀར་བརྒྱུད་ལྷ་སར་སླེབས། དེ་དུས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གྲ་རྒྱས་ཤིང་ཡུལ་ཁམས་བཀྲག་མ་ཉམས་པའི་སྐབས་ཡིན་པས་པོ་ཏ་ལ་མཐོང་མཚམས་ནས་རྔམས་ཟིལ་ཚད་མེད་པ་འདུག །གྲུ་ཁང་ནས་གཞུང་ཀོར་ཕྱིན་པས་ཆུ་རྒྱས་པའི་ཁྱད་ཀྱིས་འཇིགས་ཟིལ་ཆེ་བས་གྲུབ་རམས་པ་ལགས་ཀྱང་ཐུགས་ཚད་པར་བྱུང་སོང༌། རིམ་གྱིས་གཡུ་ཐོག་ཟམ་སྣེར་དགེ་སློང་ནམ་མཁའ་རྒྱལ་མཚན་གྱི་འདྲིས་ཅན་ཨ་མ་ཆ་ཁར་མའི་འཕྱིང་གུར་དུ་གནས་ཚང་བྱས། བཟའ་བཏུང་སོགས་རྒྱས་པར་དྲངས་པའི་པས་སྐྱིད་པོ་བྱུང༌། འབྲི་ལུང་འོག་གི་གསོལ་དཔོན་ཆེན་མོ་བརྒྱུད་དེ་ཡས་ལྗིན་གྱི་མཇལ་ཁའི་སྙན་འཇགས་ཕུལ།
དེ་ལོ་གོང་ས་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་རབ་བྱུང་འབུལ་བར་ཕེབས་ནས་ཆེར་མ་སོང་བའི་སྐབས་ཡིན་འདུག་ཅིང༌། སྐུ་ཆས་བསྒྱུར་བས་ཚང་མ་བློར་མ་ཆུད་ཅིང་མྱ་ངན་ཆེ་བ་དང་བཅས་ཟི་ཁོལ་བ་འདུག །གཟའ་ཚེས་ལེགས་པ་ཞིག་ལ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕྱིན། ཕྱོགས་མཐའ་རིས་མེད་ཀྱི་འདུ་ལོང་ཤིན་ཏུ་ཆེ་ཞིང༌། ལྷག་པར་བྱང་པ་ཡོན་བདག་གི་རིགས་གཟབས་མཆོར་ཅན་ཤིན་ཏུ་མང་བ་འདུག་ཅིང་གང་ཡིན་ན་གཞོན་པས་མ་ངེས། ཐམས་ཅད་གོས་དར་གསེར་དངུལ་སོགས་མཇལ་འབུལ་བློས་མི་འཁྱུད་པ་འདུག། ཚོམས་ཆེན་སྟེང་དུ་སླེབས་པ་དང༌། གསོལ་དཔོན་ཆེན་མོས་མི་གནང་སྟེ་རེ་ཞིག་དེ་གར་སྒུགས་ཤིག། ད་ལྟ་གོང་ས་རིན་པོ་ཆེ་རྫོང་རྒྱབ་ཏུ་ཕྱག་མདར་ཕེབས་རྒྱུ་ཡིན་པས་ཕེབས་ཞོར་དུ་མཇལ་ཁ་ཡོང་གསུང༌། འབྲི་ལུང་གོང་གི་སྡེ་པ་ཕུན་ཚོགས་དབང་ཕྱུག་དང༌། འབུམ་ཐང་གི་སྡེ་པ་མདའ་དཔོན་དངོས་གྲུབ་ལགས་སོགས་ཕེབས། མཇལ་དར་ལེགས་པ་དང་ཕྱག་དབང་ཞུས་ནས་འཁྲིས་སུ་བཞུགས་སོང་བར། ངེད་རང་བྱིས་པའི་བསམ་པས་ཕོ་བྲང་གི་ལོགས་བྲིས་དང་གསེར་གྱི་རྒྱལ་མཚན་སོགས་བཀོད་པ་རྣམས་ལ་ལྟད་མོ་ཆེ་ནས་ཟླ་བོ་རྣམས་ལ་བསྟན་ཅིང༌། མི་མང་ཉུང་ལ་མ་ལྟོས་པའི་འཛེམ་བག་མ་བྱས་པས་ཐམས་ཅད་སྐུ་སྐྱེ་འདི་ག་ནས་ཡིན། ཆུང་ཆུང་འདི་འདྲ་ལ་ཤུགས་ཆེ་བར་འདུག་ཅེས་ཡ་མཚན་དུ་བྱེད། དེ་ནས་གསོལ་དཔོན་ཆེན་མོ་ཡང་ཕེབས་བྱུང་བས་གོང་ས་རིན་པོ་ཆེ་རྣམ་སྲས་གན་མཛོད་ཀྱི་འགག་ཏུ་ཕེབས་ཡོད་པས་མཇལ་ཁར་ཤོག །བཀའ་འདྲི་འདྲ་བྱུང་ན་སྐུ་སྐྱེ་ཆུངས་པས་ཡོང་མེད་འགྲོ་ཁྱེད་རྒན་པ་ཚོས་ཞུས་གསུངས་པར། དེ་ངེད་རང་གིས་ཞུས་ཆོག་ཞུས་པས་ཐུགས་མཉེས། དེ་ནས་མཇལ་ཁར་ཕྱིན་པར་གོང་ས་རིན་པོ་ཆེ་གོས་ལིང་སྔོ་སྐྱའི་ལ་པ་ལྭ་བ་ཤག་སྲབ་མོ་ཞིག་བཞེས། དབུ་སྐྲ་སྙན་གཤམ་དུ་སླེབ་ཙམ་དང༌། ཕྱག་སོར་ཐམས་ཅད་ལ་ཕྱག་རྒྱན་སོགས་བཞེས་པའི་སྐུ་གཞོགས་གཡས་གཡོན་རྣམས་སུ་སྐུ་འཁོར་རྣམས་ཀྱང་ན་བཟའ་ཡ་མ་ཟུང་སྣ་ཚོགས་དང༌། མདའ་དོང་དང་ཕྱག་ཨོད་སོགས་བསྣམས་ཏེ་བཞེངས་ནས་བཞུགས་འདུག་པར་གོང་ཞབས་རིན་པོ་ཆེ་ནི་གཟི་བརྗིད་མཚུངས་པ་མེད་ཅིང་མཇལ་ཙམ་ནས་དད་པ་ཤུགས་འབྱུང་གིས་སྐྱེ་ཞིང་ཡིད་འཕྲོག་པ། སྐུ་ཟིལ་ཆེ་བས་ཅར་རྒྱག་ཏུ་བལྟ་མི་ནུས་པ་སོགས་དམ་པའི་ཡོན་ཏན་འགོག་མེད་དུ་བཞུགས་འདུག་པས་བཅོས་མིན་གྱི་དད་པ་ཐོབ། ཕྱག་དབང་ཞུས་པར་ཕྱག་རྒྱན་དང་སྦྲགས་པའི་ཕྱག་གི་ཕྱིས་རེག་ཙམ་བཀའ་དྲིན་བསྐྱངས་པས་སྐུ་འཁོར་རྣམས་བཞད་ཆ་དང་བཅས་ཤར་རྒྱག་ཏུ་ཕེབས་སོང༌། གསོལ་དཔོན་ལགས་ཀྱི་སང་ཉིན་དེ་ཚོམས་ཆེན་གསར་པར་ཞབས་བརྟན་ཡོད་པས་བཞུགས་གྲལ་ལ་ཤོག་གསུང་བར་ཕྱིན་པས། གྲྭ་ཚང་ཁག་མང་ཙམ་གྱི་ཞབས་བརྟན་ལྷན་ཅིག་ཏུ་ཚོགས་ནས་འདུག །ཡས་ལྗིན་ལྷན་རྒྱས་དང་སྟག་རྩེ་ཞབས་དྲུང་བྱང་རིགས་པ་སྣ་ཚོགས་སོགས་བཞུགས་གྲལ་ཀྱང་ཚན་ཆེ་བར། སྡེ་སྲིད་སྐུ་ཞབས་དང་ཁད་ཉེའི་ཕྱོགས་སུ་གསུམ་གདན་སྙེས་འབོལ་དང་བཅས་པའི་གདན་གཟོས་གནང༌། གོང་ས་རིན་པོ་ཆེ་ཞབས་བརྟན་གྱི་མཎྜལ་མ་ཕུལ་གོང་དུ་ཧར་གྱིས་བཞེངས་ཏེ་ཐོགས་མེད་དུ་ཕེབས་སོང་བར། སྡེ་སྲིད་སྐུ་ན་སྨིན་ཅིང་སྐུ་ལྕི་བས་བཞེང་ཡང་མ་ཐུབ་ཅིང་དེ་མུས་སུ་བཞུགས་སོང༌། གསོལ་སྟོན་གྱི་དུས་གོང་ས་ནས་གསོལ་རས་ཀྱང་སྩལ། དེ་དུས་ཞབས་བརྟན་འབུལ་རེས་བཞིན་མཎྜལ་གོང་ནས་བཞུགས་གྲལ་དུ་མ་བཞེས་པས་གཟིམས་ཆུང་དུ་འབུལ་བར་འགྲོ་གིན་འདུག །བཞུགས་གྲལ་གྲོལ་ནས་མཆོད་ཁང་ཡས་མས་རྣམས་ཞིབ་པར་མཇལ། ལྟད་མོའི་སྣང་བ་ལས་དད་མོས་ཀྱི་ཐ་སྙད་ཅང་མ་བྱུང༌། གསོལ་དཔོན་ཆེན་མོ་ནས་གོང་གི་གསོལ་རས་ཀྱི་རིགས་སོགས་བདག་རྐྱེན་ཡང་རྒྱས་པར་གནང༌། གནས་ཚང་དུ་སླེབ་ནས་ཞག་ཤས་བཏང་སྙོམས་སུ་བསྡད། དེ་དུས་ལྕགས་པོ་རིར་ཡོད་པའི་མངའ་རིས་གྲྭ་ཚང་གི་གྲྭ་རྒྱུན་ཁ་ཤས་དང༌། ཨེམ་ཕྱི་སངས་མགོན། འབྲི་ལུང་གོང་འོག །འབུམ་ཐང་གི་སྡེ་པ་སོགས་མ་གཏོགས་ཕྲད་མི་དཀོན་ཞིང་ཟོ་ཟོས་ལ་ལྟད་མོ་ཆེ་བར་བྱུང༌། ལྷ་ས་ར་མོ་ཆེ་དང༌། ལྕགས་པོ་རི་སོགས་ཀྱི་གནས་མཇལ་ཞིབ་པར་བགྱིས། མཁན་པོ་ཡེ་ཤེས་རྒྱ་མཚོ་ཡང་ལྕགས་པོ་རིར་གྲྭ་རྐྱང་དུ་བཞུགས་པའི་སྐབས་ཡིན་ཅིང་ན་བཟའ་སོགས་ལེགས་པོ་མི་འདུག། དེ་ནས་གཟའ་ཚེས་དགེ་བར་གོང་ས་རིན་པོ་ཆེར་སྐྲ་ཕུད་ཕུལ་ཆོག་པའི་གསོལ་འདེབས་ཞུས་པར་ཕྱིར་ཕེབས་སུ། ད་ལམ་ངས་སྐྲ་ཕུད་ལེན་པའི་བབས་འབྲེལ་འདུག་ཀྱང་ལུས་རྟེན་བསྒྱུར་བས་འདི་རིགས་གཞན་ལ་མ་བྱས་པ་བཅས་མིག་འགྲན་ཡོང་རིགས་སུ་འདུག་པས་གསེར་གདུང་རིན་པོ་ཆེར་ཕུལ། ངེད་ནས་མིང་བཏགས་ཆོག་པ་བྱེད་ཕེབས། ཡང་གསོལ་དཔོན་ཆེན་མོར་སྐུ་རྩེད་ཀྱི་རྣམ་པས། ད་རེས་རྗེ་དྲུང་སྤྲུལ་སྐུར་ཨ་ནེ་ཏིང་ཏིང་སྒྲོལ་མ་འདོགས་རྒྱུ་ཡིན་ཞེས་གནང་འདུག་པས་གསོལ་དཔོན་ཆེན་མོས་ད་ལམ་གོང་གི་ཕྱིར་ཕེབས་སུ་འདི་བཞིན་གནང་བྱུང་ཞེས་ནང་བཅར་དུ་གསུངས། སང་དེ་གསེར་གདུང་རིན་པོ་ཆེའི་སྐུ་ཞབས་སུ་སྐྲ་ཕུད་འབུལ་བར་ཕྱིན་པས་དགེ་རྒན་ལགས་སུ་རུང་ཡིན་ནམ་གང་ལྟར་ཞབས་ཕྱི་ནང་མ་ཞིག་སྐུ་ཚབ་ཏུ་ཕེབས་འདུག་པར་བཞེངས་ནས་ཁ་བཏགས་འདོམ་འཁོར་མའི་མཇལ་དར་ཡང་གནང༌། དེ་རྗེས་སྐྲ་ཕུད་བཞེས་ཏེ་གསེར་གདུང་རིན་པོ་ཆེའི་ཕྱོགས་སུ་ཕུལ་རྗེས་གོང་ནས་སྩལ་བའི་མིང་ྋབློ་བཟང་བསྟན་པ་གྲུབ་པའི་རྒྱལ་མཚན་དུ་འདོགས་པ་གནང་ཞིང༌། མིང་བྱང་ཕྱག་དམ་འབྱར་བའང་སྩལ། དེ་ཉིན་ཟངས་རི་ཨོ་རྒྱན་གླིང་པའི་བཙུན་ཆུང་རྣམས་ལ་ཡང་མིང་གནང་ཞིང༌། སྐྲ་ཕུད་ནི་བཞེས་མ་སོང༌། ཞེས་གསུངས་འདུག མ་དཔེ་སོར་བཞག་ཡིན།
གྲོགས་པོ་ཀླུ་སྨྱོན་ལགས། སྐུ་ཉིད་ཀྱིས། བླ་མ་གསེར་གོང་རྡོ་རྗེ་འཆང་ཚང་གིས་དགུང་གྲངས་བཅུ་དགུ་ཡིན་ནམ་ཞིག་ནས་བཟུང་སྟེ་དབུ་སྐྲ་གཞར་ཐེངས་རེར་སྐུ་བསྙུང་ཤུགས་ཆེན་རེ་བཞེས་པས། མཐའ་མར་ཁོང་གི་རྩ་བླ་ཞིག་གིས་ཁོང་གི་དབུ་སྐྲ་མ་གཞར། ཁོང་གི་དབུ་སྐྲ་ཉག་མ་རེ་རེའི་ངོས་སུ་སངས་རྒྱས་བྱང་སེམས་གྲངས་ལས་འདས་པ་ཞིག་བཞུགས་འདུག་གསུངས་པའི་བཀའ་དགོངས་བཞིན་དབུ་སྐྲ་སྐེད་འཁོར་མ་ཞིག་བཞག་ནས་དགེ་ལུགས་པའི་ཆོས་གྲྭ་འགྲིམས།ཞརས་བྲིས་གནང་འདུག་པ་དེ་འདྲ་རང་ུཡིན་ས་མ་རེད། འདི་བ་དགེ་བཤེས་དམ་བཅའ་སྐད་གྲགས་ཆོད་པ་བཟག་འདུག དེ་རྗེས་གཞི་ནས་གྲྭ་པ་དགོངས་པ་ཞུས་འདུག སྐབས་དེར་ཁོང་གི་སྤུན་ཉེ་སོགས་ཀྱིས་སྡང་ཟུག་ཆེན་པོ་བཟོས་འདུག་ཀྱང༌། ཕུར་ལྕོག་བྱམས་མགོན་གྱིས་ཁྱིམ་ཆས་ཡན་ཆད་རོགས་པ་གནང་ནས་རྒྱབ་སྐྱོར་གང་ཟབ་བྱས་འདུག འདིའི་རྣམ་ཐར་དགའ་ཤར་འཛེ་སྨད་རིན་པོ་ཆེ་དང༌། བཀྲས་མཐོང་རག་ར་གཉིས་ཀས་མཛད་འདུག དུས་ཚོད་ཡོད་ན་གཟིགས་དང༌།
༸རྒྱལ་བ་ཚངས་དབྱངས་རྒྱ་མཚོས་སྐྱ་ཆས་བཞེས་པ་དེ་འཇིགས་རྟེན་ལུགས་ཀྱི་སྲིད་སྐྱོང་མཁན་ཞིག་ལ་མཚོན་ན་ཡག་པོ་རེད་དྲན་གྱི་ཡོད། མ་གཞི་རྒྱལ་བ་ལྔ་པ་ཆེན་པོའི་དགོངས་གཞི་ངོ་མ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་སྐྱོང་མཁན་དེ་རྒྱལ་པོའི་ལམ་ལུགས་ལ་སྒྱུར་གྱིས་འཆར་གཞི་ཡོད་ཚུལ་ཞིག་ཤོད་ཀྱི་འདུག ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ཞིག་ཀྱང་འདུག གནད་དོན་དེ་སྡེ་སྲིད་མ་གཏོགས་པ་གཞན་པ་ཚོས་ཤེས་ཀྱི་མེད་ཚོད་རེད། གང་ལྟར་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་པོའི་འཛིན་སྐྱོང་ལམ་ལུགས་བསྒྱུར་འཆར་ཡོད་ཀྱང་། ལུགས་གཉིས་ཀྱི་བླང་དོར་ལ་མགོ་རྨོངས་པའི་བླ་གཟུགས་འགའ་ཞིག་གིས་མི་རྐྱ་ཚོ་ཡར་ལངས་བཅུག་པ་རེད་སྙམ་པའི་ལྟ་ཚུལ་དེ་ང་རང་གི་བསམ་ཚུལ་ཡིན།
ཀླུ་སམྱོན་ལགས།
གངས་སེང་གར་སོང་ཡལ་བས་ཅི་བྱའི་ཁྲོད།།
གངས་དཀར་ལྷ་མོ་གངས་རིའི་ཁྲོད་ནས་ཐོན།།
གངས་རིའི་ཆུ་རྒྱུན་གཏིང་བརྗེད་མ་ཐུབ་རྐྱེན།།
གངས་དཀར་ལྷ་མོ་རྒྱ་མཚོའི་འགྲམ་དུ་བཞུགས།
གངས་ལྷས
སྔོན་མ་ཞིག་ལ་ཏུན་ཧོང་བྲག་ཕུག་ནས་སློབ་དཔོན་པདྨའི་རྣམ་ཐར་གསར་བ་ཞིག་རྙེད་ཚུལ་ཁ་བརྡ་དྲ་བ་ཡིན་ནམ་གང་རུང་ཞིག་ཏུ་བཤད་འདུག འོན་ཀྱང་དེ་དུས་ལྟ་མ་ཐུབ། ད་ལྟ་དྲ་གནས་དེ་དྲ་གྲོགས་སུ་ཞིག་གིས་ཤེས་ན་འདིར་བདག་ལ་ངོ་སྤྲོད་ཅིག་བྱེད་རོགས་ཞུ། ཐུགས་རྗེ་ཆེ།
སྤྱི་ཚོགས་ལ་མཚོན་ན། མིའི་རིགས་སུ་གྱུར་པའི་ལོ་རྒྱུས་སུ་ལྷ་འདྲེས་དབང་བསྒྱུར་པའི་དུས་དང ། རྒྱལ་པོས་དབང་བསྒྱུར་པའི་དུས། དམངས་ཀྱི་དབང་བསྒྱུར་པའི་དུས་གསུམ་ལས་ཕྱི་མའི་སྐབས་རེད། མི་མང་གིས་རྩོལ་སྒྲུབས་ལ་བརྟེན་དམངས་གཙོའི་གོ་རྟོགས་ཇེ་མཐོར་གཏོང་པ་དང་། དེ་བཞིན་རིག་གནས། སློབ་གསོ། ཆབ་སྲིད། དཔལ་འབྱོར། རྒྱལ་སྲུང་སྟེ་རྒྱལ་ཁབ་ཀྱི་སྲོག་རྩ་བཞི་བོ་ཉམས་མེད་དར་རྒྱུས་གཏོང་རྒྱུ་དེ་ཐབས་ལམ་ཉག་གཅིག་རེད། འོན་ཀྱང་ཆོས་ལུགས་ནི་ནང་བསམ་པའི་རྟེན་སོ་ཡིན་པས་ཆོས་དད་མཁན་ཞིག་ཡིན་ན་རྣམ་ཤེས་ལྟ་བུ་རེད། ཆོས་མེད་ཅིག་ལ་མཚོན་ན་ཁུར་བོར་ཡང་སྣང་སྲིད། གང་ལྟར་ཡང་བདེ་སྡུག་ཐམས་ཅད་སེམས་ཀྱི་འཆར་ཚུལ་ཡིན་པས་དད་ལྡན་ཞིག་གིས་ཞབས་རིམ་སྒྲུབ་རྒྱུ་འདི་ཡང་གལ་ཆུང་ཞིག་ག་ལ་ཡིན། རྒྱ་ནག་གི་སོན་ཙིའི་དམག་འཇུས་སུ། དམག་མང་གི་འདུན་ཡུལ་ནི་རྒྱལ་ཁའི་སྟོབས་ཤུགས་སུ་བགྲང་པ་མིན་ནམ།