བོད། ལྷ་ཀླུ་་གཉན་གསུམ།
ལོ་ངོ་འདི་དག་གི་རིང་དུ་ང་ཚོས་དབའ་བོ་ཐུབ་བསྟན་དངོས་གྲུབ་དུ་འབོད་པ་ནས་བརྩིས་པའི་བོད་ཀྱི་རང་དབང་སླར་གསོའི་ཆེད་དུ། རང་ལུས་མེ་རུ་སྒྲོན་ནས་བོད་མི་རིགས་ཀྱི་སྡུག་བསྔལ་བདེན་པ་ར་སྤྲོད་བྱེད་པའི་ཐབས་ལམ། རང་གི་གཅེས་པའི་ཚེ་སྲོག་མེ་རུ་སྒྲོན་ནས། འཛམ་གླིང་མི་མང་ལ་བོད་མི་རྣམས་རྒྱའི་བཙན་གནོན་འོག་བསྡོད་ཐབས་མེད་པ་དང་འདི་ཕྱིའི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་བོད་ནང་དུ་ཆིབས་སྒྱུར་གནང་བར་འབོད་ཚིག་སྒྲོག་པ་རེད།
ནང་བའི་ཆོས་གཞུང་དང་འཇིག་རྟེན་མི་ཆོས་གང་ནས་བཤད་པ་ཡིན་ན། རང་སྲོག་གཅོད་པ་ནི་གཏན་ནས་མི་རུང་བ་དང་མི་འོས་པར་བཤད་ཀྱི་ཡོད་ལ། ལྷག་པར་དུ་ནང་བའི་རྗེས་མཇུག་པ་གྲྭ་བ་ཞིག་གིས་དེ་བས་ཀྱང་རང་གི་སྲོག་གཅོད་པ་གཏན་ནས་མི་རུང་བ་ནི་ནང་ཆོས་ཁས་ལེན་པའི་སྐྱེ་བོ་སུས་ཀྱང་ཁས་ལེན་ན། ནང་བའི་རྗེས་མཇུག་པ་ཞིག་གིས་བོད་མི་སྤྱི་བོ་ཡོངས་ཀྱི་བདེ་སྡུག་བསམ་པ་ནི་འོས་པ་ཞིག་ཡིན་ལ། བྱེད་དགོས་པ་ཞིག་ཀྱང་ལོས་ཡིན། འོན་ཀྱང་། བོད་མི་ཡོངས་ཀྱི་བདེ་སྡུག་གི་ཆེད་དུ་རང་ལུས་མེ་རུ་སྒྲོན་ནས་རང་སྲོག་གཅོད་པ་ནི་དངོས་ནས་མི་འོས་པ་ཞིག་རེད།
ཕྱིན་ཆད་ནས་བཟུང་། བོད་ཀྱི་ནང་བའི་རྗེས་མཇུག་པ། གྲྭ་བ་དང་བཙུན་མ་སུ་ཞིག་ཡིན་ཡང་། བོད་དོན་དུ་བདེན་པའི་ཆེད་དུ་གང་ཡང་བྱེད་འོས་པ་ཡིན་ལ། བྱེད་དགོས་པ་ཞིག་ཀྱང་རེད་ཅེས་འབོད་སྐུལ་དང་འབྲེལ། རང་གི་ཚེ་སྲོག་ལ་གུས་བརྩི་དང་རིན་ཐང་མ་བཞག་པར་ཟེར་མི་རུང་མོད། རང་སྲོག་གཅོད་པའི་ལས་འདི་འདྲ་ནི་མི་བྱུང་བར་སེམས་ཁོང་རུས་པའི་གཏིང་ནས་བོད་ཕྱི་ནང་གང་དུ་བསྡོད་མཁན་སུ་ཡིན་ལ་འབོད་སྐུལ་ལག་ཟུང་ཐལ་མོ་སྤྱར་ནས་བྱེད་ཀྱི་ཡོད། ཉིན་མ་དེ་རིང་ཡང་བོད་ནང་ནས་བོད་ཀྱི་དགེ་འདུན་པ་རང་ལོ་ཉེར་དགུ་ལ་སོན་པའི་རྟའུ་ཡི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱང་རང་གི་ཚེ་སྲོག་མར་མེ་རྐང་གཅིག་གི་ཚུལ་དུ་སྒྲོན་ནས། བོས་ན་ཨ་ལན་མེད་པ་དང་། གསོད་གཏུབ་ལ་ཡ་ང་མེད་པའི་སྲིད་གཞུང་ངན་པ་དེར་རང་གི་ཚེ་སྲོག་གིས་འབོད་སྐུལ་བསྒྲགས་པ་དེ་ནི་དངོས་ནས་ཡིད་སྐྱོ་བ་དང་དམ་པའི་ཆོས་སྒོར་ཞུགས་པའི་སྐྱེ་བུ་ཞིག་གིས་དེ་ལྟར་གཅིག་རྗེས་གཉིས་མཐུད་དུ་རང་སྲོག་གཅོད་པའི་ལུས་འདི་ནི་དངོས་ནས་བསམ་དཀའ་བ་ཞིག་རེད།
བོད་ཕྱི་ནང་གང་དུ་བཞུགས་མཁན་གྱི་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་གིས། ཁོང་ལ་བོད་ཀྱི་དབའ་རྒོད་ཅེས་མཚན་སྙན་ཤུགས་ཆེན་སྒྲོག་བཞིན་འདུག་པ་དེ་དག་གཅིག་རྗེས་གཅིག་གིས་མཐུད་དེ་འོང་དུས། ལོ་ན་མ་སོན་པའི་གྲྭ་གཞོན་ཆེས་མི་ཉུང་བ་རེ་ཡང་། ད་དུང་། མུ་མཐུད་དུ་ལམ་ཁ་འདི་འདྲར་སླེབས་མི་འོང་ངམ་སྙམ་པའི་སེམས་འཚབ་ཆེན་པོ་དང་བཅས་ཐོལ་བྱུང་དུ་དྲ་ངོས་འདི་ནས་ཐད་ཀར་བོད་མི་ཡོངས་ལ་རེ་སྐུལ་ནན་ཏན་གྱིས་ཞུ་བ་ལགས་ན། ཐུགས་སུ་འཇག་པར་ཞུ། ངས་བོད་དོན་བྱེད་མི་དགོས་ཞེས་བཤད་ཀྱི་མེད་ལ། བོད་ཀྱི་རྩ་དོན་སྒྲུབ་མི་དགོས་ཞེས་ནམ་ཡང་བཤད་ཀྱི་མེད། ང་ཚོ་ལ་འཚེ་མེད་ཞི་བའི་དེད་དཔོན་བླ་ན་མེད་པ་ཞིག་ཡོད་བཞིན་དུ། འཚེ་བའི་ལས་འདི་འདྲ་ལ་མ་ཞུགས་རོགས་ཟེར་ནས་ལག་ཟུང་སྙིང་གར་སྤྱར་ནས་ཞུས་པ་ཡིན།
༡༥།༨།༡༡ལ་བྲིས།
བོད། ལྷ་ཀླུ་གཉན་གསུམ་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།
རྒྱབ་སྐྱོར་ཡོད་ཡག་པོ་རེད་ཐུགས་རྗེ་ཆེ། བོད་མིའི་ནང་དུ་བོད་མིའི་རྩ་དོན་ཆེད་རང་ལུ་མེ་ལ་སྒྲོན་མཁན་ག་ཚོད་བྱུང་ཡོད་པ་རེད་ཟེར་ན་གང་ཤེས་ཟེར་མཁན་མང་པོ་ཞིག་ཡོད་ངེས་རེད།
ཆོས་ཀྱི་དོན་དུ་སྲོག་གཏོང་བ། མི་རིགས་ཀྱི་དོན་དུ་སྲོག་གཏོང་བ། མི་རིགས་ཀྱི་རིག་གཞུང་གི་དོན་དུ་སྲོག་གཏོང་བ།
ཁྱེད་ཀྱི་སྐད་ཆ་དྲང་མོ་ཡིན་པའི་ངོས་ལེན་ཡོད།
ང་ལ་ཡང་འདིའི་ཐད་ལ་བསམ་ཚུལ་འགའ་རེ་ཡོད་དེ་གནས་སྐབས་བཞག་གོ །
ལྷ་ཀླུ་གཉན་གསུམ་ལགས༏ཁྱེད་ཀྱི་སྐ་ཅ་དེ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཐུགས་རྗེ་ཆེ་
ལྷ་ཀླུ་གཉན་གསུམ་གྱི་གསུང་ལ་རྒྱུ་མཚན་འདུག་འདུག་པས་རྒྱབ་སྐྱོར་ཡོད། དེ་བཞིན་བོད་མི་རྒན་གཞོན་སུ་འདྲ་ཞིག་ཡིན་ཀྱང་ཐབས་ག་ཚད་སྡུག་ཀྱང་རང་གི་ཚེ་སྲོག་ལ་གཅེས་སྤྲས་གནང་རོགས། ད་ལྟའི་ཆར་ང་ཚོར་ཆེས་མཁོ་བའི་བོད་མིའི་མཐུན་སྒྲིལ་དང་ལ་རྒྱ སེམས་ཤུགས་རྣམས་ང་ཚོ་བོད་མིའི་ཚེ་སྲོག་དམར་པོ་དང་གཞི་གཅིག་ཏུ་འབྲེལ་ནས་ཡོད་པས་རང་གི་ཚེ་སྲོག་རང་གིས་མ་བརླག་རོགས། སྐུ་མཁྱེན། རེ་རེ་བཞིན་རང་སྲོག་གཅོད་པ་ལས་རང་སྲོག་ལ་གཅེས་སྤྲས་བྱས་ན་བོད་དོན་བདེན་མཐའ་གསལ་ཐབས་སུ་ང་ཚོས་ད་དུང་སྒྲུབ་ཐུབ་པ་མང་པོ་ཞིག་ཡོད་ངེས། བོད་མི་ཚོ། ཚེ་སྲོག་ལ་གཅེས་སྤྲས་གནང་རོགས། དུས་ནམ་ཡང་།
ངས་ཀྱང་བོད་ལྷ་ཀླུ་གཉེན་གསུམ་རང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་པ་མ་བོད་མི་ཡོངས་ལ་རེ་བསྐུལ་འདི་འདྲ་ཞིག་ཞུ་རྒྱུ་ཡོད།
དངོས་གནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་རང་སྲོག་དམར་པོ་བློས་གཏང་བ་ལ་འཇིག་ཞུམ་དང་ཡ་ང་སྤུ་ཙམ་ཡང་མེད་པའི་གཞིས་ལུས་རྒྱལ་གཅེས་པའི་ཕོ་རྒོད་དེ་ཚོ་ལ་ཡི་རངས་ཡོད་པ་མ་ཟད་སྐྱེ་བ་རྗེས་མར་དལ་བརྟེན་རིམ་བརྒྱུད་ཀྱིས་མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་ཡང་ཡོད།
ཡིན་ནའང་ངོས་ཀྱི་རྟོག་སད་བསམ་ཚུལ་ལ་ཞིག་ལ། དེང་སང་བོད་ཁམས་མདོ་སྟོད་སྨད་དགོན་སྡེ་ཁག་མང་པོ་ཞིག་ནས་གཞོན་སྐྱེས་དགེ་འདུན་པ་རྣམས་ཀྱིས་སྐུ་ལུས་མེ་བསྲེག་གཏང་བའི་ལུགས་སྲོལ་ཞིག་སྤང་རི་ལ་མེ་མཆེད་པ་ནང་བཞིན་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་ལུགས་སྲོལ་ཐ་ཆད་འདི་ལ་ངོས་ནས་སྐྱོན་ཆེན་པོ་བཞི་མཐོང་གི་འདུག
༡ སྐྱོན་དང་པོར་མེར་བསྲེག་གཏོང་མཁན་ཚང་མ་གསང་སྔགས་རྡོར་རྗེ་ཐེག་པའི་ཆོས་ཉམས་ལེན་གནང་མཁན་ཤ་སྟག་ཡིན་དུས་ནང་ཆོས་སྐབས་སུ་གདན་གསུམ་ཚང་པའི་ལྷ་ཞེས་ཕུང་ཁམས་གཤེགས་པ་གཤེགས་མ་དང་། དབང་ཡུལ་ཁྲོ་བོ་ཁྲོ་མོ་ཞེས་གསུངས་པའི་ལུས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་ལ་བརྙད་པ་དང་རྨོད་པ་སོགས་བྱས་ན་གསང་སྔགས་ཀྱི་རྩ་ལྟུང་འབྱུང་ནས་ངན་སོང་དུ་སྐྱེ་ཞེས་གསུང་ན་བརྟེན་དང་རྟེན་པར་བཅས་པའི་ལུས་དང་ལུས་ལྷ་ཡོངས་རྫོགས་མེར་བསྲེག་གཏང་ན་ཕྱི་མ་མི་ཟད་པའི་རྣམ་སྨིན་ཅི་ཙམ་མྱོང་བ་བཤད་མ་དགོས་པ་རེད།
༢ སྐྱོན་གཉིས་པ། ང་ཚོའི་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏང་མཁན་དང་དཀའ་ལས་རྒྱག་མཁན་མང་ཆེ་ཤོས་དེ་ཆོས་དང་ཆབ་སྲིད་གཉིས་ཀའི་ཐད་ནས་དེང་དུས་ཀྱི་སློབ་སྦྱོང་ཡོད་མཁན་ཤ་སྟག་ཡིན དེང་སང་བཙན་བྱོད་བོད་པའི་སྤྱི་ཚོགས་ནང་དུ་ཆེད་ལས་གསོ་སྐྱོང་ཞེས་པའི་ལས་འགུལ་དང་དེ་མི་འགྲུབ་པའི་སྡུག་སྐད་རྒྱག་ནས་བསྡད་ཡོད། ཆོས་དང་ཆབ་སྲིད་གང་གི་ཐད་ནས་ཡིན་ཀྱང་མཐོ་རིམ་འཛིན་གྲྭ་མཐར་སོན་ཚར་བ་དེ་རྣམས་ང་ཚོའི་མ་འོང་བོད་ཀྱི་སོན་རྩ་ངོ་མ་དེ་རྣམས་ཡིན། ཁོང་རྣམས་ཀྱི་མི་ཚེ་ཕྱེད་ཀར་མ་འོང་བོད་ཀྱི་བསྟན་སྲིད་གཉིས་ཀྱི་དོན་དུ་དཀའ་ལས་རྒྱབ་ནས་བསྐྱེད་བསྲིང་བྱས་པ་དེ། ཉིན་མ་གཅིག་ལ་ཐལ་བ་སྦར་མོ་གང་བྱས་བཞག་ན། ཙནྡན་གསེར་ལས་རིན་ཆེ་བས། བློན་པོས་སོལ་བ་བྱས་ལ་ལྟོས་། ཞེས་པའི་དཔེ་ལྟར་དུ་ཡིན། མེར་བསྲེག་གཏོང་མཁན་དེ་རྣམས་མ་ཡིན་པའི་ཕྱི་ལོགས་ཞིག་ནས་མ་འོང་བོད་བསྟན་པ་ཆབ་སྲིད་འདི་ལ་བདག་པོ་རྒྱག་མཁན་ཞིག་སུ་ཡོང་གི་རེད། རྒྱ་གར་གཞིས་ཆགས་ཁག་ནང་ཡོད་པའི་རྒན་གོག་དེ་ཚོས་བདག་པོ་རྒྱག་གི་རེད་དམ། ཡང་ན་བོད་ནང་ལོགས་སུ་ཡོད་པའི་མགོ་གཉིས་རྒྱལ་འཚོང་བ་དེ་ཚོས་བདག་པོ་རྒྱག་གི་རེད། སུས་བདག་པོ་རྒྱག་གི་རེད་བསམ་བློ་ཐོངས་དང་། ང་ཚོ་བོད་ཀྱི་རྩ་དོན་བརྩོད་གཏངས་ལ་བསམ་བློ་གཏང་ན་རང་བཙན་ཐོབ་པ་ལས་ཀྱང་། རང་དབང་སླར་གསོ་དེ་གལ་ཆེན་པོ་ལ་བཞག་དགོས་རེད། རང་དབང་སླར་གསོའི་སྐབས་སུ་ང་ཚོ་ཆེད་ལས་པ་མེད་ན་ཐབས་མེད་རེད། དེང་སང་བོད་ནས་རྒྱ་གར་ལ་ལུས་སྲོག་འབེན་དུ་གཙུགས་ནས་གཞོན་སྐྱེས་མང་པོ་ཞིག་ཡོང་གི་ཡོད། བོད་གཞུང་ནས་ཀྱང་དེ་ལ་བདག་པོ་རྒྱབ་ནས་རེ་བ་བྱས་ཤིང་བསྐྱེད་བསྲིང་བྱེད་ཀྱི་ཡོད། སྤུ་གུ་སྣབས་ལུགས་ཆུང་ཆུང་ཞིག་ལ་རེ་བ་བཅོལ་ནས་བདག་པོ་རྒྱབ་པ་ལས། ད་ལྟ་ཁ་ཡོད་ལག་ཡོད་ལ་ཡོད་བཞིན་པའི་ཤེས་ལྡན་མི་སྣ་དེ་ཚོ་དོན་མེད་ཕྲོག་རླག་ཏུ་སོང་ན་ང་ཚོའི་གྱོང་རེད་བསམ།
༣ སྐྱོན་གསུམ་པ། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོར་བྱས་པའི་བཙན་བྱོལ་བོད་གཞུང་གི་འཐབ་རྩོད་འདི་ནི་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་འཛམ་དུའི་གླིང་ལྡིང་ཆའི་སྒང་ནས་བོད་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད། ༼འཚེ་མེད་ཞི་བ༽ཞེས་པའི་ཚིག་དུམ་འདི་ཉིད་ཀྱང་ང་ཚོའི་ནང་ཆོས་ནང་གི་ཉམས་ལེན་སྙིང་པོ་ཡིན།
སངས་རྒྱས་ཀྱིས་ཀྱང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ཞེས་གསུངས་ཡོད། འཚེ་བ་ཞེས་པ་དེ་ཉིད་ཀྱང་གཙོ་བོ་སོ་སོའི་ཀུན་སློང་ལ་རག་ལས་ཡོད། འཚེ་བ་བྱེད་སའི་ཡུལ་རང་གཞན་གཉིས་ལ་ཁྱད་པར་གང་ཡང་མེད། ཀུན་སློང་ངན་པའི་དབང་གིས་གཞན་ལ་འཁོན་འཛིན་གྱིས་རང་ལུས་མེར་བསྲེག་བྱས་ན་འཚེ་བའི་ཐབས་དེ་ལས་སྡུག་པ་ཞིག་མེད། རང་གཞན་གཉིས་ཕུང་གི་ལས་ངན་བསགས་པ་ཡིན། རྒྱུ་མཚན་དེར་བརྟེན་ངས་བོད་ལ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་མ་ཟད་དམར་སེར་ངུར་སྨྲིག་གིས་ཆོས་གོས་མནབས་པའི་དགེ་འདུན་པ་རྣམས་ལ་ལག་གཉིས་ཐལ་མོ་སྤྱི་བོར་སྦྱར་ན་ཞུ་བ་ཞིག་ལ་ངང་ཐུང་མཆོང་རྒྱག་གི་བསམ་བློའི་སྐུ་ལུས་མེར་བསྲེག་གཏོང་བའི་སྤྱོད་ངན་གྱི་ལས་འགུལ་དེ་རིགས་མ་གནང་རོག་ཞེས་ཞུ་བ་ཡིན།
༤ སྐྱོན་བཞི་པ། ང་ཚོའི་བོད་གཞི་བྱེས་གཉིས་སུ་ཡོད་པའི་འཚེ་མེད་ཞི་བའི་ལྟེ་གནས་ཀྱི་ཆོས་གྲྭ་ཆེན་པོ་དེ་རྣམས་མ་འོང་ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གཞུང་ནས་ཐབས་ལམ་འདྲ་མིན་བརྒྱུད་འཇབ་རྒོལ་བ་དང་དྲག་སྤྱོད་པའི་ཤོག་ཁག་ཞིག་ཏུ་འཛམ་བུ་གླིང་གི་ལྡིང་ཆའི་སྒང་ལ་མི་སྟོན་པའི་ངེས་པ་མེད་པས་འཕྲལ་ཕུག་རྒྱངས་གསུམ་ཇི་དགེར་སྤྱད་ནས་གཟབ་གཟབ་གནང་དགོས།
འདི་ལ་མོས་མཐུན་མེད། འདི་འདྲ་བའི་ལུས་སྲོག་མེ་བསྲེག་གཏོང་ནས་བོད་དོན་སྐད་འབོད་བྱེད་པ་དེ་བརླབ་ཆེན་གཟི་འོད་འབར་བའི་དཔའ་བོ་དཔའ་མོའི་ལས་ཀ་རེད། འདི་འདྲ་དག་མུ་འཐུད་དུ་སྤེལ་ན་རང་བཙན་ལེན་ཐུབ། དེ་མིན་ཁ་གཡང་སྨོན་ལམ་བཏབས་བཏབས་པས་བོད་རང་བཙན་ཐོབ་ནི་མ་རེད། བླ་གྲྭ་མཁན་སྤྲུལ་རྣམ་པས་དབུ་ཁྲིད་ནས་དབུ་མའི་ལམ་དུ་དྲང་བདེན་སྡུག་བསྔལ་ཕྱི་ལ་སྟོན་ཐུབ་ན་འཚེ་མེད་ཞི་བ་ལ་སྙིང་ནས་འབོད་བསྐུལ་བྱས་པ་རེད། དེ་ལ་རྒྱབ་འགལ་འགལ་དུ་སྨྲས་ན་རྒྱ་མི་དགའ་བྱེད་ཀྱི་རྒྱུགས་ཁྱི་རང་རེད། རྒྱ་མིའི་རྒྱུག་ཁྱི་ཞིག་འདི་ན་ངུ་ཅོ་འདོན་ཀི་འདུག
http://www.rangwang.net/index.php?essayId=2084
དྲ་གྲོགས་ལྷ་ཀླུ་གཉེན་གསུམ་ལགས་སྐུ་ཉེད་ཀྱི་་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་འོན་ཀྱང་ནང་བའི་ཆོས་གཞུང་ལྟར་ན་བསམ་བློ་གཏོང་ས་གཞན་ཞིག་ཡོད་དེ་ནི་སྐུན་སློང་རྣམ་པར་དག་མིན་ལ་ར་ལས་འདུག་མཉམ་རྒྱུ་མཚན་ནི་བདག་ཅག་གི་བསྟོན་པ་བཀའ་དྲན་བཅན་དེས་ཚོངཕྲུག་ལྔ་རྒྱའི་ཆེད་དུ་སྡུད་དགོན་མི་ནག་གསད་པ་དང་དེའི་ཉེར་ལེན་ལ་བཏན་ནས་བྱང་ཆུབ་སེམ་དང་པོ་སྐྱེས་པ་སོགས་ཀྱི་ལོ་རྒྱུས་ལས་ཤེས་ཐུབ་།དཔེ་དེ་ཞེན་དུ་བོད་མི་ས་ཡ་དྲུག་དང་བསང་རྒྱས་བསྟན་པའི་དོན་དུ་རང་གི་གཅེས་པའི་ཚེ་སྲོག་མེ་རུ་སྒྲོན་མཁན་ཚོ་ཡང་སྐུན་སློང་ལ་ར་ལས་འདུག་མཉམ་
བསམ་ཚུལ་མུད་ཐུས་གསུང་རོག་གནང་
་བོད། ལྷ་ཀླུ་གཉན་གསུམ་ལགས་ལ་བརྒྱ་ཆའི་བརྒྱར་རྒྱབ་སྐྱོར་ཡོད། ཀརྨ་ཡེ་ཤེས་ལ་བརྒྱ་ཆའི་ལྔ་བཅུར་རྒྱབ་སྐྱོར་ཡོད། དཔེར་ན།་མདོ་མཛངས་བླུན་ལས་དགེ་ཚུལ་གྱིས་ཚུལ་ཁྲིམས་སྲུང་བའི་ལེའུ་དང་རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པ་བཏང་བ་སོགས་དམིགས་ཡུལ་ཁྱད་པར་བ་དང་བདེན་པའི་དོན་དུ་རང་སྲོག་བློས་གཏོང་བ་ནང་པའི་གཞུང་དུའང་མང་ལ། ཀརྨ་ཡེ་ཤེས་ཀྱིས༼ལུས་ལྷ་ཡོངས་རྫོགས་མེར་བསྲེག་གཏང་ན་ཕྱི་མ་མི་ཟད་པའི་རྣམ་སྨིན་ཅི་ཙམ་མྱོང་བ་བཤད་མ་དགོས་པ་རེད། ༽༼ཀུན་སློང་ངན་པའི་དབང་གིས་གཞན་ལ་འཁོན་འཛིན་གྱིས་རང་ལུས་མེར་བསྲེག་བྱས་ན་འཚེ་བའི་ཐབས་དེ་ལས་སྡུག་པ་ཞིག་མེད། ༽ བཤད་པ་འདི་གཉིས་ལ་རྒྱབ་སྐྱོར་མེད། སྔ་མ་ནི་དགེ་ལུགས་པའི་ལུས་ལ་རྙིང་མའི་ལྷ་ཞི་ཁྲོ་སོགས་ཡོང་དོན་ཅི་ཡོད། ཡེ་ཤེས་པ་སྤྱན་མ་དྲངས་བར་ལྷ་རང་ཆོས་སུ་ཡོད་པ་ཡ་མཚན། ཕྱི་མ་ནི་སྐུ་གཤེགས་དཔའ་བོ་ཚེ་དབང་ནོར་བུས་བདེན་པའམ་དམིགས་ཡུལ་ཀུན་སློང་བཟང་པོ་ཞིག་ཁྱེར་ནས་རང་ལ་དབང་བའི་མི་ལུས་ནི་དམིགས་ཡུལ་དེའི་ཆེད་དུ་བཏང་བ་ཡིན་པ་ལས། རྒྱ་ནག་དམར་པོའི་གཞུང་ལ་དེ་འདྲའི་ཁོན་འཛིན་འཆང་བ་ཞིག་གཏན་ནས་མ་རེད། དོན་ཡོད་པ་ལ་དོན་མེད་ཀྱི་གོ་བ་ལོག་སྒྲུབ་མ་བྱེད་རོགས།
ངོ་སོ་དཀར་པོ་གནམ་ལ་བསྟོད། བུ་འདི་འདྲ་སྐྱེས་པ་གཟི་བརྗིད་རེད། གཏམ་འདི་འདྲ་ཐོས་པ་བསོད་ནམས་རེད། འཆི་ཐུབ་དགོས། རླབས་ཆེན་གྱི་བྱ་བའི་ཆེད་དུ་འཆི་ཐུབ་དུས་ཅིག་འགྲིགས་གི་ཡོད་པའི་རྟགས་རེད། ཚང་མས་བསྟོད་གླུ་ལེན་དགོས། རང་གི་མི་རིགས་དང་། རང་གི་ཕ་ཡུལ། རང་གི་མི་མང་གི་རང་དབང་ཐོབ་ཆེད་དུ་འཆི་ཐུབ་པ་འདི་ལས་རླབས་ཆེ་བ་ཞིག་གང་ཡོད། བྱ་བ་རླབས་ཆེན་གྱི་ཆེད་དུ་འཆི་ཐུབ་མཁན་ཚོ་སྤོབས་པ་དང་། རེ་བ། སྙིང་སྟོབས་བཅས་ཀྱི་འབྱུང་ཁུངས་རེད། ལྷ་རྒྱལ་ལོ༎ རང་དབང་མེད་ས་གསོན་པ་ལས་རང་དབང་གི་ཆེད་དུ་འཆི་བ་བདམས་པ་འདི་ནི་དཔའ་བོའི་རབ། དཔའ་བོའི་རབ། དཔའ་བོའི་དྭངས་མ་ཡིན། ཀི་ཀི་སྭོ་སྭོ།
རང་གིས་རང་ཉིད་སྲེག་པའམ་བསོད་པ་ཐམས་ཅད་མཐའ་གཅིག་ཏུ་སྡིག་པ་ཡིན་པར་་ནང་པའི་ཆོས་ལས་གསུངས་མེད་པ་སྟག་མོ་ལུས་སྦྱིན་སོགས་ལས་ཤེས་ཐུབ་ལ། གལ་ཏེ་ཁོང་ཚོས་ལས་དེ་འདྲ་ཞིག་བརྩམས་པའི་ཀུན་སློང་འགྲིག་ཡོད་ན་དེ་ནི་སྡིག་པ་ཅང་མ་ཡིན། འོན་ཀྱང་། བོད་པ་གཅིག་གི་ཚེ་སྲོག་མེ་དམར་གྱིས་འཁྱེར་ཐེངས་རེ་རེར་ང་ཚོའི་སེམས་ལ་སེར་སྣ་ཞིག་གམ་ན་ཟུག་རེ་སློང་བའང་ཁག་ཅི་ལ་ཡོད་དེ། བོད་དང་བོད་པའི་སྐྱིད་སྡུག་བསམ་མཁན་ཞིག་ཡིན་ན་རིགས་ཞེན་དང་རུས་ཞེན་ཟེར་བ་དེ་ངེས་པར་ཡོད་ཡོད་ཞིག་རེད། དེ་ལྟ་མོད། ང་ཚོའི་ཁ་གཏད་དེ་ལ་ཞི་བ་རྐྱང་དང་འཚེ་མེད་རྐྱང་གིས་རྒྱང་འགུགས་བྱེད་ཐུབ་པ་ཞིག་ཡིན་མིན་མི་ཤེས། ལར་ན་བདེན་པ་ཞིག་གི་་ཆེད་དུ། གཞན་ལ་མི་གནོད་པའི་སྟེང་ནས་རང་སྲོག་རང་གིས་དོར་བ་དེ་འཚེ་མེད་ཞི་བ་རེད། འདིའི་འཚེ་མེད་ཟེར་བ་དེ་གཞན་ལ་ལྟོས་ཏེ་འཇོག་དགོས་པ་ལས་རང་ལ་ལྟོས་ཏེ་འཇོག་རྒྱུ་ཞིག་མ་རེད། རང་གི་དམིགས་ཡུལ་ཞིག་གི་ཆེད་དུ་གཞན་ལ་འཚེ་བ་ནི་༼འཚེ་མེད་ཞི་བའི་ལྟ་གྲུབ༽ཀྱི་དགག་བྱ་དེ་རེད། འཇིགས་རྒོལ་རིང་ལུགས་པ་ནི་འདིའི་མཚན་གཞི་གསོན་པོ་དེ་ཡིན། གཞན་ལ་ངོ་རྒོལ་གྱི་ཆེད་དུ་གཞན་མ་བསད་པར་རང་བསོད་པ་ནི་འཚེ་མེད་ཀྱི་ངོ་རྒོལ་ཡིན་ལ། ཕར་ལྟོས་ཚོད་ཀྱིས་གླེན་པའི་ངོ་རྒོལ་ཞིག་དང་འདྲ་ནའང་། ཟས་བཅད་ཀྱིས་ཤི་བ་དང་མེར་སྲེག་གིས་ཤི་བ་གཉིས་འཆི་ཡུན་རིང་ཐུང་ཙམ་ལས། བདེན་པའི་ཨུ་ཚུགས་ཀྱི་ལག་ལེན་ཡིན་པ་གཅིག་པ་རེད། འདིས་ཁ་གཏད་པའི་སེམས་ལ་ངོ་གནོངས་སམ་འཇིགས་སྣང་ཞིག་རང་བཞིན་གྱིས་སྐྱེས་འཇུག་པ་ཡིན། ངའི་མཇུག་མཐའི་རེ་སྨོན་ཡང་བོད་པ་གཅིག་གི་ཚེ་སྲོག་གི་མར་མེ་གཟིམས་མ་དགོས་པར་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་པར་སྨོན།།
ངས་ཁྱེད་ཀྱིས་བཤད་པའི་སྐད་ཆ་མི་དྲང་གི་ཟེར་ཀི་མེད། འོན་ཀྱང་སངས་རྒྱས་ཆོས་ལུགས་དང་ལྷག་པར་ཐེག་ཆེན་པ་ཞེས་པའི་གྲུབ་མཐའ་དེའི་སྐོར་ལ་ཅུང་ཟད་བལྟས་ན་འདི་ཚེ་བའི་ལས་ཡིན་ནི་མ་རེད། ཁྱེད་ཀྱིས་རྒྱ་གར་གྱི་གྲུབ་ཆེན་དང་ལོ་པཎ་དེ་ཚོའི་རྣམ་པར་ཐར་པ་ལ་གཅིག་གཟིགས་དང་། དམ་པའི་ཆོས་ཀྱི་ཆེད་དུ་ལུས་ལོངས་སྤྱོད་དང་བཅས་པ་ལན་གཅིག་མ་ཡིན་པར་བཏང་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་རེ་ཡོད་ཀི། བསྟན་འབར་མ་ལ་ཅུང་ཟད་ཅིག་གཟིགས་ན་ཡང་དེའི་སྐོར་ནས་ཤེས་རྟོགས་ཡོང་གི་རེད། ངས་བལྟས་ན་སོ་སོའི་སེམས་ཀྱིས་ཡོང་ན་དེ་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་ཀྱང་མ་འོས་པ་དང་མ་རུང་བ་ཞིག་ཏུ་གཏན་ནས་མི་འདོད་ཀི། རྒྱལ་ཁབ་དང་ལུང་པ་སུས་ཀྱང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཚོར་གཟེངས་བསྟོད་བྱེད་ཀི་འདུག དེ་རིང་ད་དུང་བོད་ནང་ལ་བསྟན་འགྲོ་དང་ཞི་བདེ་ཆེད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དེ་ཚོ་ལ་ངས་དུས་ནམ་ཡང་གུས་བརྩི་བྱེད་ཀི་ཡོད། ངས་ཁོ་ཚོའི་རྣམ་པར་ཐར་པ་ལ་ཡིད་སྨོན་དང་ཡི་རང་བྱེད་ཀི་ཡོད། ངས་དེ་ལ་འཚེ་བ་རེད་གཏན་ནས་ཟེར་ཀི་མེད། ཡིན་ནི་ར་མ་རེད།
ཚེ་བ་ཞེས་པ་དེ་འཚེ་བར་བཅོས་རོགས།
བསམ་ཚུལ་རྣམས་ཡག་པོ་རེད་་་ངོ་མ་གྲ་བ་རྣམས་ནས་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་མི་རིགས་ཀྱི་ལ་རྒྱ་འཛིན་རྒྱུ་ཧ་ཅིང་གལ་ཆེ་་་་དགོན་པ་དེ་ཡང་ཕར་ཆེར་ཤུལ་མེད་ལྟ་བུ་ཞིག་གཏོང་གི་རེད་ཡ་ཕངས་ང་ལ་་ད་ལྟ་ཀིརྟི་དགོན་པ་ལ་ལྟོས་དང་ཟླ་ངོ་འདི་དག་གིས་རིང་ལ་་བཙོན་བ་ནང་བཞིན་བྱས་ནས་རྒྱ་དམག་གིས་བསྐོར་ནས་བསྡད་ཡོད་ནི་རེད་་་་དེ་ནས་དྲ་གྲོགས་བོན་མིང་བ་ལགས་ཆོས་ལུགས་ཤིག་གི་མིང་བྲིས་ནས་སྐད་ཆ་དེ་འདྲ་མ་བཤད་རོགས་རྒྱ་མའི་རྒྱུགས་ཁྱི་རེད་ལགས་ངོ་མ་ཐབས་སྐྱོ་བའི་སྐད་ཆ་མ་བཤད་རོགས་
བོད་མི་རིགས་ཀྱི་དཔའ་བོ་རྒྱལ་སྲས་ཚེ་དབང་ནོར་བུ་ལ་གུས་པའི་འདུད། ཁྱེད་དང་ཁྱེད་འདྲ་བའི་རིགས་ནི་ངེད་བོད་མི་རིགས་ཀྱི་སྙིང་སྟོབས་ཡིན། འོན་ཀྱང་ཁ་ཤས་ཀྱིས་ཆོས་མང་པོ་ཤེས་མདོག་བྱས་ནས་མདོ་ལུང་སྔགས་ལུང་མང་པོ་དྲངས་ཁུལ་བྱེད་པ་ནི། ཐེག་ཆེན་གྱི་ཕྱོགས་ཙམ་ལས་མ་ཤེས་པའི་སྐྱོན་ཆེན་པོ་འདུག ༧ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས། གལ་ཏེ་གཞན་ལ་ཕན་གྱུར་ན།། རང་གི་དོན་ལ་ལྟོས་མེད་པར།། ངན་སོང་གསུམ་གྱི་སྡུག་བསྔལ་ཡང་།། གཞན་གྱི་དོན་དུ་བཟོད་པར་ཤོག ཅེས་པ་ལྟར། མི་མང་དུང་ཕྱུར་མང་པོ་ཞིག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་ན་སྡུག་བསྔལ་གྱིས་མནར་བའི་བོད་རིགས་ཚོའི་ཆེད་དུ་ལས་འགུལ་འདི་འདྲ་སྤེལ་མཁན་ཚོ་ནི་རླབས་ཆེན་གྱི་སྤྱོད་པ་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་ཞིག་སྤེལ་ན་སྲོག་ཁྲིམས་དང་ཚེ་བཙོན་གང་རུང་ལས་འགྲོ་ས་ཡོད་པ་མ་རེད། ཁ་ཤས་རང་སྲོག་གཏོང་མི་དགོས་པར་དེ་དང་འདྲ་བའི་ལས་འགུལ་རླབས་ཆེན་ཡོད་མདོག་བྱེད་ཀྱིན་འདུག ཡོད་ན་ད་རན་ནས་མ་ཚད་འགྱངས་ཚར་བ་རེད། མགྱོགས་པོ་གྱིས། ཨ་་ཙེ། རང་སྣང་ཡེ་ཤེས་ལས་གྲུབ་པའི་ལྷ་མེ་ཡིས་ཚིག་འགྲོ་བ་དེ་ཡ་མཚན་རེད། ད་མང་པོ་མི་བཤད། པཀྵིའི་གསུང་ལ་བདེན་པ་འདུག
ཚེ་སྲོག་རིན་དོད་དུ་ཕུལ་ཐུབ་པའི་སྙིང་སྟོབས་དང་ཆོད་སེམས་དེ། དམིགས་ཡུལ་དང་རེ་བ་རྒྱ་ཆེན་པོ་ཞིག་དང་གཏིང་ཟབ་མོ་ཞིག་མེད་ན་གཏན་ནས་ཡོང་མི་སྲིད་པ་རེད། བྱ་བ་འདི་འདྲའི་རིགས་ལ་ཐལ་ཆེ་བའི་སྐད་ཆ་,,མ་འོས་པ་དང་མ་རུང་བ,, ,,དེ་ལས་ཐབས་སྡུག་པ་ཞིག་མི་འདུག,, ལྟ་བུ་ཨ་ཅང་ཅང་། དེ་ལ་ཚོད་བགམ་ལྟ་བུའི་སྐད་ཆ་ཡང་གང་བྱུང་གིས་མ་བཤད་ན་བཟང་གི་འདོད། རང་སྟེང་ལ་དཔེ་ཞིག་ཞོག་དང། མེ་སྟེགས་ཕྲ་མོ་ཞིག་གིས་རེག་ཀྱང་ཚ་གཟེར་ཅི་ཙམ་སྐྱེས་ཀྱི་འདུག ལུས་ཡོངས་མེ་རུ་སྒྲོན་རྒྱུའི་སྙིང་སྟོབས་ཤིག་སླེབས་རྒྱུ་དངོས་གནས་ལས་སླ་བོ་མ་རེད་ཡ།
ངས་བལྟས་ན་དེ་ནི་དམ་པའི་ལྷ་ཆོས་དང་འགལ་ཡང་། འཇིག་རྟེན་མི་ཆོས་ལ་མ་འོས་པ་དང་མ་རུང་བ་ཞིག་ཏུ་གཏན་ནས་མི་འདོད་ཀི། རྒྱལ་ཁབ་དང་ལུང་པ་སུས་ཀྱང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཚོར་གཟེངས་བསྟོད་བྱེད་ཀི་འདུག དེ་རིང་ད་དུང་བོད་རྒྱ་ཆེའི་མི་མང་ལ་ཞི་བདེ་ཆེད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དེ་ཚོ་ལ་ངས་དུས་ནམ་ཡང་གུས་བརྩི་བྱེད་ཀི་ཡོད། ད་དུང་ཡིད་སྨོན་དང་ཡི་རང་བྱེད་ཀི་ཡོད།
བོད། ལྷ་ཀླུ་་གཉན་གསུམལགས།
ཁྱེད་ཀྱི་བསམ་ཚུལ་དེ་མ་རེད་ཟེར་ས་མིན་འདུག གནད་འགག་འདུག འོན་ཏང་། བོད་གཞིས་ལུས་མི་དམངས་ཀྱིས་རྒྱའི་སྡུག་རྩུབ་ལ་བཟོད་སྲན་མ་ཐུབ་པར། རང་སྲོག་ལྕེབས་ན། དེ་ཡང་ཁོང་རྣམ་པའི་ཐོབ་ཐང་རེད། ང་ཚོ་རང་དབང་ལུང་པའི་ནང་ལ་སྡོད་མཁན་ཚོས་ཁོང་ཚོར་བཀའ་བཀོད་གཏོང་བའི་ཐོབ་ཐང་མེད་པ་ལྟ་བུ་མཐོང་གི་འདུག
རྒྱ་དམར་གྱིས་བོད་མིར་སེམས་ནང་ལ་བཟོད་དཀའ་བའི་སྡུག་སྦྱོང་འདི་འདྲ་གཏོང་། དེ་ལ་ཁ་གཏད་འཇལ་བར་ང་ཚོ་ཕྱི་ནང་གཉིས་ཀྱི་བོད་མིའི་སྟོབས་ཤུགས་ཀྱིས་མི་ལྡང་། རྒྱལ་སྤྱིའི་ཚོགས་པ་རྣམས་རྒྱའི་གང་བཤད་ལ་འགྱུར། ད་བོད་མི་རྣམས་ལ་ཐོབ་ཐང་གཅིག་ཁོ་ན་ཡོད་པ་འདི་རང་གི་སྲོག་རང་གིས་སྟངས་འཛིན་བྱ་རྒྱུ་དེ་རེད། གལ་ཏེ་རྒྱའི་འོག་ལ་གསོན་པོར་གནས་ནས་སྡུག་རྩུབ་ཆེ་བའི་མནར་གཅོད་ཁོ་ན་མྱོང་དགོས་ན། སྡུག་བསྔལ་དེ་ལས་ཐར་བའི་ལམ་མི་སྒེར་གྱིས་བཙལ་བ་འདི་ལ་གུས་ཞབས་བྱས་ནས་སྨོན་ལམ་དང་ཁོང་ཚོའི་ཆེད་དུ་དགེ་སྦྱོར་སྒྲུབ་དགོས་སྙམས།
ངས་ཁྱེད་ལ་གཅིག་བཤད་འདོད། བསྟན་པའི་རྗེས་བྲངས་ཡིན་པ་ཞིག་གིས་ངོས་ནས། རང་གི་རྩ་བའི་བླ་མར་སྡིག་སྨོད་བྱས་ན། སྐྱེ་བ་ཕྱི་མ་དམྱལ་བར་སྐྱེ་རྒྱུ་ཡིན་པའི་བཤད་སྲོལ་ཡོད། ད་ལྟ་ཁམས་ལ་དགོན་པ་ཁག་གི་ནང་ལ་རྒྱལ་བ་རིན་པོ་ཆེ་ལ་སྡིག་སྨོད་བྱེད་པའི་ལས་འགུལ་སྤེལ་བཞིན་པའི་སྒང་རེད། དེས་ན། ཁོང་དང་འདྲ་བའི་དགེ་སྦྱོང་བ་མང་པོ་ཞིག་ལ་བཟོད་པར་དཀའ་བའི་སྡུག་བསྔལ་ཞིག་འཕྲད་པ་ནི། རང་གི་བླ་མར་སྡིག་སྨོད་བྱེད་དགོས་པ་དེ་རེད། ཁོང་རྣམས་ཀྱིས་གདམ་ག་གཞན་གཅིག་པུ་དེ་ནི་་བླ་མར་སྡིག་སྨོད་བྱེད་པ་ལས་ཤི་ན་དགའ་བ་དེ་རེད། ངས་ཁོང་གི་སྡུག་བསྔལ་དེ་ཤེས་ཀྱི་འདུག་ལ། སྨོན་ལམ་རྒྱག་རྒྱུ་ཁོ་ན་ལས་གཞན་ཅི་མི་ཤེས།
སྡུག་བསྔལ་དེའི་རྩ་བ་ཐུག་ས་དེ་ནི། སྡུག་རྩུབ་ཆེ་བའི་རྒྱ་དམར་སྲིད་གཞུང་དེ་རེད། ང་ཚོས་ཇི་ལྟར་སྲིད་གཞུང་དེ་མགོ་གཏིང་སློག་ཐབས་བྱ་རྒྱུ་དེ་གལ་ཆེ་བར་མཐོང་།
གྲོགས་ལྷ་ཀླུའི་དེ་རིང་ཡང་། ཀུན་གྱི་བྲང་ཁོག་ན་ཚ་བོར་ལྡིང་པའི་ཚོར་པ་རྣོ་པོ་ཞིག་ཁྱེར་ཡོང་འདུག། ངའི་ལྟས་ན་ད་ནི་ཁོང་གིས་སྐུ་ལུས་བོད་བསྟན་སྲིད་ཀྱི་ཆེད་དུ་མེར་ཕུལ་བ་དེར་འགྲིག་མི་འགྲིག་གི་སྐད་ཆ་བཤད་རྒྱུ་དེ་། ཁོང་རང་ཉིད་ཁོ་ནར་དབང་བའི་ཐག་བཅད་ཞིག་རེད་། ཁོང་གི་རླབས་ཆེན་གྱི་མཛད་རྗེས་དེ་དང་འབྲེལ་བའི་ང་ཚོའི་མདུན་དེར་རི་མོ་ཕྲ་ལམ་མེར་བབས་འདུག་པའི་ང་ཚོ་ལས་འགན་ངོ་མ་དེ་གང་རེད་། ངའི་ལྟས་ན་ཁོང་གི་ཤ་ཁྲག་རུས་གསུམ་གྱི་སྤར་བའི་རླབས་ཆེན་ཀྱི་མེ་དཔུང་དེ་རྒྱལ་སྤྱི་དང་འཛམས་གླིང་གི་ཤར་ནུབ་གང་སར་མཐོ་རུ་གཏོང་རྒྱ་དེ་རེད་བསམ་ཀི དེས་སྐོར་ནས་བཤད་རྒྱུ་དང་བསྒྲུབས་རྒྱུ་དེ་རེད་།
འཚེ་མེད་ཞི་བ་ཞེས་པ་དེ་ལ་ཡང་མཚམས་དང་ཚོད་ཅིག་ཡོད་ན་དགའ། དེ་མིན་འཚེ་མེད་ཁ་ལ་ཁྱེར་ནས་དཔའ་བོའི་མཛད་རྗེས་ནག་གསུབ་གཏོང་རྩིས་བྱེད་པ་ལ་ནམ་ཡང་ངོས་ལེན་མེད། གོ་མེད་ཚོར་མེད་དུ་ཤི་བ་ལས་མི་རིགས་དང་རྒྱལ་ཁབ་ཆོས་དང་རིག་གཞུང་གི་ཆད་དུ་ཤི་ན། དེ་ནི་གསོན་པ་རླབས་ཆེ་ཞིང་ཤི་བ་གཟི་རྗིད་ཆེ་ཞེས་པ་དེ་ཅི་ལ་མིན།
དཔའ་བོའི་མཛད་རྗེས་ལ་རྒྱབ་སྐྱོར་མ་ཐུབ་ན་ཡང་གང་བྱུང་བཤད་དེ་བོད་དོན་འཐབ་བརྩོད་པ་ཚོའི་སེམས་ཤུགས་མ་བཅག་རོགས།
ཆོས་ཀྱི་སྐད་ཆ་ཆོས་ཀྱི་སྐད་ཆ་རེད་ལ། འཇིག་རྟེན་གྱི་སྐད་ཆ་འཇིག་རྟེན་གྱི་སྐད་ཆ་རེད། དེ་གཉིས་བསྲེ་བསྲེ་མ་བཏང་ན་ཡག་གི་རེད། རང་དབང་འཐབ་བརྩོད་ཀྱི་ལོ་རྒྱུས་ནང་ཁྲག་གི་འགྲོ་སོང་བཏང་མ་དགོས་པ་སུ་ལ་རང་དབང་ཐོབ་པའི་ལོ་རྒྱུས་འདུག བཙན་བྱོལ་ནང་གི་མི་ཁག་ཅིག་ནི་རང་གིས་བོད་དོན་གྱི་ཆེད་དུ་གང་ཡང་བྱེད་མ་ཐུབ་པའི་སྟེངས་ལ། སྙིང་སྟོབས་ཅན་གྱི་གཞིས་ལུས་བོད་མིའི་རང་དབང་འཐབ་བརྩོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ལ་གང་བྱུང་གི་ཁ་སྨད་གཏོང་བ་ནི་ཡིད་སྐྱོས་དགོ་པ་ཞིག་རེད།
བོད་དང་བོད་མི་རིགས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་དོན་དུ་སྐུ་ལུས་སྒྲོན་མེར་ཕུལ་མཁན་དེ་ཚོར་ངས་ནམ་ཡང་གུས་འདུད་ཞུ་ལ་ནམ་ཡང་རྗེད་དྲན་ཞུ། འདི་ན་ཁ་སྟོང་ནང་གི་ཚིག་སྟོང་ཚིག་སྟོང་ནང་གི་དོན་སྟོང་རྒྱུད་ལ་བྱང་སེམས་དང་ཉམས་རྟོགས་ཏིལ་འབྲུ་ཙམ་ཡང་མེད་ན་ཡང་ནང་ཆོས་ཀྱི་ཉམས་རྟོགས་ཆེན་པོ་ཡོད་མདོག་གི་ཁ་གཡང་བསྒྲོགས་མཁན་དང་དགེ་སྡིག་གི་ཤན་འབྱེད་ཡིན་མདོག་སྨྲ་བ་ཚོས། བོད་མི་རིགས་ཀྱི་རང་དབང་དང་གྲུ་འཛིན་མགོན་པོ་བོད་དུ་ཞབས་སོར་འཁོད་རྒྱུའི་ཆེད་དུ་རང་གི་སྐུ་སྲོག་ལེགས་སྐྱེས་སུ་འབུལ་མཁན་གྱི་རྣམ་ཤེས་དྲོན་མོར་ད་དུང་ཁ་རྡུང་གཏོང་བ་དང་དམྱལ་བར་ལྟུང་བྱེད་ཀྱི་རྒྱུ་བསགས་ཚུལ་དང་འཚེ་མེད་ཞི་བ་ལས་རྒལ་ནས་དྲག་པོའི་ཐབས་ལམ་ཡིན་ཚུལ་སྨྲ་བ་འདི་ཚོ་ཅི་ཞིག་གི་ཆོ་འཕྲུལ་ཡིན་ནམ། ཕྱི་དགྲ་ཡིན་ཡང་དེ་ལྟར་སྨྲ་མི་སྲིད། དཀོན་མཆོག་མཁྱེན། ཁྱེད་ཚོའི་རྣམ་ཤེས་གང་དུ་ཡོད་ཀྱང་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལར་ཞེན་མེད་མཁན་མི་ངན་ཁ་ཤས་ཀྱིས་གཏམ་བྱུང་རྒྱལ་དུ་སྨྲས་པར་ཐུགས་འཕམ་མ་མཛད་རོགས་ལ་ངེད་དམངས་ཀྱིས་ནམ་ཡང་རྗེས་དྲན་བྱེད་ལ་ནམ་ཡང་གུས་འདུད་ཞུ་ལ་ནམ་ཡང་སྟོད་གླུ་ལེན་བཞིན་ཡོད། ལྷག་པར་གྲུ་འཛིན་མགོན་པོས་སྐྱབས་འཇུག་དང་ཐུགས་རྗེས་ནམ་ཡང་མི་དོར་ལ་སླར་ཡང་གངས་ཅན་གྱི་ལྗོངས་སུ་མི་རིགས་ཀྱི་དཔའ་བོར་སྐྱེས་པའི་ཐུགས་སྨོན་གནང་ངེས། ཁྱེད་ཚོས་སྐུ་དྲིན་གྱིས་ནམ་ཞིག་བོད་དོན་བདེན་མཐའ་བསལ་ངེས་ལ་སྐབས་དེ་དུས་དཀྱིལ་འཁོར་གཅིག་ཏུ་འཛོམ་པའི་སྨོན་ལམ་འདེབས་ལ་ཁྱེད་རྣམས་ནམ་ཡང་མི་རིགས་ཀྱི་དཔའ་བོ་ཡིན་ལ་ནམ་ཡང་མི་རིགས་ཀྱི་སྣེ་འཁྲིད་མཛད་རྒྱུའི་རྟེན་འབྲེལ་ཡོད།།
སྐུ་ཞབས་ཏའུ་ཚེ་དབང་ནོར་བི་ལག་ཀྱིས་རྒྱ་གཞུང་གིསའདུགས་རྩུབ་སྲིད་ཇུས་ལ་ངོ་འགོལ་མཚོན་ཆེད་སྐུ་སོག་གཏོང་གནང་འཛད་པས་ཡང་ཀྱར་ལྷག་གསམ་དཀར་བའི་སྤུན་ཟླ་ཞིག་མེད་པར་གྱུར་པར ལྷའཕམ་ཆེ་ ཨོམ་མཎི་པད་མེ་ཧུ་ དི་རིང་ཨ་རིའི་རླུང་འཕྲིན་ཁང་ནས་རྒྱང་གསིང་བྱས་དོན་ རྒྱ་གཞུང་གིས་ལོ་དྲུག་ཅུའི་འཛས་སྐོའི་ཐོག་གཉམ་ཞུགས་བྱེད་མཁན་བཙན་བྱོལ་བོད་མིའི་ནང་ནས་བླ་མིང་ཙམ་འཛིན་པ་གངས་གཅན་དང་ཕའ་རན་སིར་འདོས་པདགའ་ལྡན་ཟཁྲི་ཟུར་ད་དུང་ཁ་མིང་ཅན་ཀྱི་བླ་མ་གཅིག་ཅས་རེད་འདུགས།
བློ་འཕམ་ཆེ་རུ་གཅོས་རོགས་གནང།