བདེ་སྐྱིད་མེ་ཏོག་གིས་བསྒྱུར།
“གསར་གཏོད་ཀྱི་རང་བཞིན་ལྡན་པའི་”ཡོན་ཏན་ཅན་གྱི་གཤིས་ཀར་ཡང་སྙིང་ཁྱད་ཆོས་ཅི་ཡོད་ཅེ་ན།་་་སེམས་ཁམས་རིག་པ་བ་རྣམས་ཀྱི་སྡོམ་ཚིག་ནི་འདི་ལྟར་ཡིན་པ་སྟེ།
གཅིག རང་འགུལ་གྱི་རང་བཞིན་ལྡན་པ།་་་ཡོན་ཏན་སྦྱང་འདོད་ཆེ་བ་དང་མཚར་སྣང་གི་བསམ་པ་བསྐྱེད་པས་ཧུར་ཐག་གིས་ཡར་རྒྱས་ཡོང་རེ་བྱེད་པར་སྐུལ་མ་ཐེབས་ཀྱི་ཡོད་པ།
གཉིས། མཐིལ་རྟོགས་ནུས་ཤུགས་ལྡན་པ།་་་ཚོར་བ་རྣོ་བས་ཁོར་ཡུག་ལ་མྱོང་ཚོར་ཆེན་པོ་ཡོད་པ།
གསུམ། བབ་བསྟུན་སྒྱུར་བའི་རང་བཞིན་ལྡན་པ།་་་བསམ་བློ་གཏོང་རྒྱ་ཆེ་ཞིང་གཅིག་ཤེས་ཀུན་གྲོལ་བྱེད་མཁས་པ།
བཞི། བློ་དོགས་ཀྱི་རང་བཞིན་ལྡན་པ།་་་ཡོད་ཡོད་པའི་བྱ་དོན་ལ་མུན་འཐོམ་གྱིས་བརྩི་བཀུར་མི་བྱེད་པར་བློ་ཁོག་ཆེན་པོས་དྲིི་བ་འདོན་ཕོད་པ་དང་།་་་སྤྱིར་བཏང་གི་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་བར་བྱེད་ཕོད་པ།
ལྔ་། ཐུན་མོང་མ་ཡིན་པའི་གསར་སྐྲུན་གྱི་རང་བཞིན་ལྡན་པ།་་་་ལྟ་བ་དང་བྱེད་སྟངས་ཐུན་མོང་མ་ཡིན་པ་ཡོད་ཅིང་།་་་རྙིང་བསྐྱུར་གསར་ལེན་བྱེད་ཕོད་པ་དང་སྦྲགས་རྣམ་པ་གསར་པ་གཏོད་ཐུབ་པ།
དྲུག རང་ཚུགས་ཀྱི་རང་བཞིན་ལྡན་པ།་་་གཞན་བརྟེན་གྱི་བསམ་པ་ཉུང་བ་དང་བབ་ཅོལ་དུ་གཞན་གྱི་རྗེས་སུ་མི་འབྲང་བ།
བདུན། རང་བློ་རང་ཁེལ་གྱི་བསམ་པ་ཡོད་པ།་་་རང་གིས་བསྒྲུབ་པའི་བྱ་བའི་རིན་ཐང་ལ་ཡིད་ཆེས་ཆེན་པོ་བྱེད་ཅིང་།་་་བཀག་འགོག་དང་དམའ་འབེབས་ཁེལ་ནའང་བསམ་བློ་མི་འགྱུར་བ།
བརྒྱད། མཐའ་འཁྱོངས་བྱེད་པའི་སེམས་ཤུགས་ཡོད་པ།་་་གསར་གཏོད་ཅིག་ལེགས་འགྲུབ་ཡོང་བར་ཐེངས་བརྒྱར་ཕམ་ཡང་ཡིད་ཐང་མི་འཆད་པ་དང་རྒྱུན་བསྲིང་སྟེ་ལྷོད་མེད་བྱེད་པའི་སེམས་ཤུགས་དང་བློ་སྟོབས་དགོས་ཤིང་།་་་བསམ་བློ་ཡང་ཡང་བཏང་རུང་གོ་བ་མི་ལོན་པ་དང་་ཟས་ཆག་གཉིད་ཆག་གིས་ལས་དོན་བསྒྲུབ་པའི་སྐབས་སུ་ཡང་མཐའ་འཁྱོངས་བྱེད་པའི་སེམས་ཤུགས་སྔར་བས་ཆེ་རུ་འགྲོ་བ།
དགུ། བསམ་པ་བཀོད་ཤུགས་ལྡན་པ།་་་་བསམ་པའི་ནང་གི་ལྟ་བ་དང་གཟུགས་བརྙན་གསར་པ་ནི་ལུགས་དང་མཐུན་པའི་ངང་གཅིག་བརྟེན་གཅིག་དྲན་བྱེད་པ་དང་འཆར་སྒོ་ལས་བྱུང་བའམ།་་་་ཡང་ན་སྟེས་དབང་དུ་ཁེལ་བའི་གོ་སྐབས་ལས་བྱུང་བ་རེད།་་་བསམ་པ་བཀོད་ཤུགས་ཆེ་བའི་མི་ལ་གཅིག་བརྟེན་གཅིག་དྲན་བྱེད་རྒྱུ་མང་པ་དང་འཆར་སྒོ་ངོ་མཚར་ཅན་ཡོད་སྟབས་གསར་གཏོད་བྱེད་འགོ་ཚུགས་པར་ཕན་ཐོགས་ཡོད ་པ།
བཅུ། ཚགས་དམ་པའི་རང་བཞིན་ལྡན་པ།་་་རིག་པའི་ཀློང་རྡོལ་བའི་ཚེ་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་བ་དང་ཞིབ་ཏུ་བརྟགས་ནས་འབྲས་བུ་ཕུན་སུམ་ཚོགས་པོ་འཐོབ་ཐུབ་པ།
བཅུ་གཅིག སྣང་བ་སྐྱིད་པོ་ཡོད་པ།་་་སྣང་བ་སྐྱིད་པའི་གཤིས་རྒྱུད་ལྡན་པས་ན་རང་ལ་མི་གཞན་པས་ཟུར་ཟ་དང་མཐོང་ཆུང་བྱས་པའི་རྐྱེན་གྱིས་བསམ་ཚུལ་དང་གསར་གཏོད་བྱེད་པར་བར་ཆད་མི་ཡོང་བ་བྱེད་ཐུབ་པ།
བཅུ་གཉིས། ངར་ཤུགས་ཆེ་བ།་་་འཚོལ་ཞིབ་བྱེད་པའི་བྱ་བར་ཞུགས་སྐབས།་་་ངེས་པར་དུ་ཉེར་ཁ་དང་དཀའ་སྡུག་ལ་མི་འཛེམ་པའི་དཔའ་སྟོབས་ཡོད་དགོས།་་་གསར་གཏོད་བྱེད་སྐབས་སུ་མི་དཀྱུས་མས་བཟོད་ཐབས་བྲལ་བའི་དཀའ་ངལ་རྣམས་རྟག་པར་རང་གི་མདུན་དུ་ལྷགས་ཀྱི་ཡོད་པར་བརྟེན།་་་སྔོན་ལ་བྱེད་ཕོད་པའི་བསམ་པ་དགོས་ཤིང་དེ་འདྲ་ཡོད་ན་གཞི་ནས་གསར་གཏོད་བྱེད་ཕོད་ཀྱི་རེད།་་་འཚོལ་ཞིབ་བྱེ ད་པའི་ཁ་ཕྱོགས་ནི་སྤྱི་ཚོགས་གོང་དུ་འཕེལ་བ་དང་ལོ་རྒྱུས་ཡར་རྒྱས་སུ་འགྲོ་བར་ཕན་འདོགས་པ་ཞིག་ཡིན་དགོས་པ་དེར་ཡིད་འཇོག་བྱེད་དགོས་པ་བཅས་རེད།
གུས་པ་བྲོ་འཚལ་གྱིས་ཕྱི་ལོ་་་་་༡༩༨༦་་་་་ལོའི་ཤེས་བྱའི་ཟེགས་མ་དེབ་ཨང་་་་༢༨་་་པ་ལས་དྲངས་ཏེ་འདིར་བཀོད་པ་ཡིན།
དགའ་བ་ལ། སྐྱིད་པ་ལ། གོང་གི་ཆ་རྐྱེན་ཚང་མ་ང་ལ་ཚང་ཡོད་པ་འདྲ་པོ་འདུག
རྩོམ་འདི་གོ་བདེ་པོ་དང་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་འདུག་པས།
༡༽འདིའི་མ་རྩོམ་འབྲི་མཁན་སུ་ཡིན་ནམ། ༢༽རྒྱ་ཡིག་ནས་བསྒྱུར་བ་རེད་དམ་ཡང་ན་དབྱིན་ཡིག་ནས་བསྒྱུར་བ་རེད།
༣༽ལོ་རྒྱུས་ཡར་རྒྱས་སུ་འགྲོ་བ་ཟེར་ན་ལོ་རྒྱུས་རྫུན་མ་ཆགས་འགྲོ་གི་མ་རེད་དམ།
༤༽དེ་དགོད་བྲོ་བོ་ཞིག་བསྒྱུར་འདུག་པས་མ་རྩོམ་ནང་ཇི་ལྟར་བྲིས་ཡོད་མིན་མཁྱེན་ནམ། ༥༽ངེས་པར་དུ་༼ཉེར་ཁ་༽ཉེན་ཁ་དང་དཀའ་སྡུག་ལ་མི་འཛེམ་པའི་དཔའ་སྟོབས་ཡོད་དགོས།ཞེས་བཅོས།
ཁ་སྣོན།
༡ འཇིག་རྟེན་པའི་འགྲོ་ལུགས་སྡོད་ལུགས་མི་ཤེས།
༢ བསམ་བློ་སྐོར་ལོག་གཏོང་ཞིང་ལས་ཀ་སྐོར་ལོག་བྱེད།
༣ བསླབ་དགོས་པའི་བསླབ་གཞི་མི་སློབ། དགེ་རྒན་གྱི་ཁ་ལ་ཆེར་མི་ཉན།
༤ གཤིས་ཀ་སུ་གང་ཡང་མི་འདྲ། མི་མཚུངས། མི་མཐུན།
༥ ཁེར་རྐྱང་དུ་འགྲོ་ཞིང་ཁེར་རྐྱང་དུ་བསམ་བློ་གཏོང་།
༦ བསམ་རྒྱུ་དྲན་རྒྱུ་རྒོད་ཅིང་འཆར་ཡན་ཕུན་སུམ་ཚོགས།
༧ རང་གང་ལ་སྤྲོ་བའི་བསླབ་གཞི་དེར་དགའ་སྣང་དང་ཞིབ་ཚགས་ཀྱིས་འཇུག་ཅིང་དེ་ལས་འདས་པའི་བསམ་གཞིགས་དང་བརྟག་དཔྱད་། ཚོད་ལྟ་འདྲ་མིན་བྱེད་པར་དགའ།
༨ བྱ་བརྒྱའི་ཁ་ཉིན་ལ་འཁོར་སྐབས། བྱེའུ་ཅོ་རིའི་ཁ་སྲིབ་ལ་འཁོར།
༩ གལ་སྲིད་ཆོས་གྲྭ་ལྟ་བུའི་སྒྲིག་ཁོངས་ཤིག་ཏུ་ཡོད་ན། ཤེས་འཆལ་དང་ཞིག་པོའི་མིང་བཏགས་ནས་ཕྱིར་འབུད་གཏོང་བའི་ཉེན་ཁ་ཡོད།
༡༠ འཇིག་རྟེན་འདིར་སྐྱིད་སྡུག་ག་རེ་བྱུང་ཡང་རང་གི་ཐུན་མོང་མ་ཡིན་པའི་གཤིས་ཀ་དང་རང་གི་དགའ་སྣང་ལ་འགྱུར་བ་གཏོང་མི་སྲིད།
ང་ལ་ནི་ཚང་རྒྱུའི་རྩོམ་དེའི་ནང་གི་ཡོན་ཏན་དེ་ཚོ་གཅིག་ཀྱང་མི་ཚང་བར་མི་དགོས་རྒྱུ་མགོན་པོའི་མཆན་དེ་ཚོའི་ནང་གི་ནག་ཉེས་ཚང་མ་ཚང་འདུག། ཨ་བྱ་འདི།
འདིའི་ནང་བདུན་པ་དང་བཅུ་གཅིག་པ་གཉིས་ང་ལ་ཚང་འདུག ད་དུང་མགོན་པོའི་ནང་ནས་ཁ་ཤས་ཡང་ང་ལ་ཚང་འདུག།
ཁོང་རྣམ་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།་་་གོང་གི་དེ་དག་ཚང་ཡོད་མཁན་མཆིས་ན་རྗེས་སུ་ཡི་རང་དང་།་་གལ་ཏེ་དེ་ནང་ནས་གཅིག་གཉིས་ཤིག་ལྡན་མཁན་ཡོད་ཚེ་ལྷག་མ་ཚོ་ཚང་བར་འབད་བརྩོན་དང་སྨོན་ལམ་ཐོབ།་་་་གཅིག་ཀྱང་མ་ཚང་པ་རྣམ་པས་ད་ནས་བཟུང་ཨེ་ཚང་གི་ཤུགས་བརྒྱབ་ནས་འབད་པ་བྱོས་དང་།་་ཉིན་ཞིག་ལ་ཆགས་ཀྱང་སྲིད་པ་ཡིན།
༡༽རྩོམ་འདི་རྩོམ་པ་པོ་ནི་རྒྱ་མི་ཞིག་ཡིན་ཀྱང་ཁོང་གི་མཚན་རག་མ་སོང་།་་་་འདི་རྒྱ་ཡིག་ནས་བསྒྱུར་བ་རེད།
༥༽ངེས་པར་དུ་༼ཉེར་ཁ་༽ཉེན་ཁ་དང་དཀའ་སྡུག་ལ་མི་འཛེམ་པའི་དཔའ་སྟོབས་ཡོད་དགོས།ཞེས་བཅོས།
ཞེས་པ་འདི་ངོ་མ་བདེན་པ་རེད།་་ངས་གཏགས་ནོར་ཤོར་ནས་ཉེན་ཁ་ལ་ཉེར་ཁ་གཏགས་འདུག་་་་་་་ཐུགས་རྗེ་ཆེ།
ང་ལ་གོང་གསལ་གྱི་སྐྱོན་དང་ཡོན་ཏན་གཉིས་གང་ཡང་མི་ཚང་གི ད་ཆི་པྱ་རྒྱུ། ཨོ་བྷ་མས་མཁྱེན་ནོ།།