མཁོ་སྤྲོད་པ་རྨོག་རུ་བསྟན་པ།
༡༽རང་སྟོབས་རང་སྤེལ་གྱི་བློ་སྟོབས་ཡོད་པ་དང་།ཤེས་བྱ་ཡོན་ཏན་སྦྱངས་བརྩོན་ཆེ་བ།ཧུར་ཐག་གིས་ཡར་རྒྱས་ཡོང་རེ་བྱེད་པ།
༢༽གོ་བ་གཏིང་ཟབ་ལེན་རྒྱུར་ཚོར་ཤུགས་ཆེ་བ་དང་།ཁོར་ཡུག་ལ་མྱོང་ཚོར་ཆེན་པོ་ཡོད་པ།
༣༽སྐབས་བསྟུན་བསྒྱུར་བཅོས་གཏོང་ཕོིད་པའི་རང་གཤིས་ཡོད་པ་དང་།བསམ་བློ་གཏོང་རྒྱ་ཆེ་ཞིང་།གཅིག་ཤེས་ཀུན་གྲོལ་བྱེད་མཁས་པ།
༤ ༽དོགས་གཅོད་ཀྱི་ཤེས་རབ་ཡོད་པ་དང་།བཤད་ཚད་ལ་ཡིད་ཆེས་མི་བྱེད་པར་བློ་ཁོག་ཆེན་ པོས་དྲི་བ་འདོན་ཕོད་པ།སྤྱིར་བཏང་གི་འདུ་ཤེས་བཅིང་རྒྱ་ལས་གྲོལ་ཕོད་པ།
༥༽ལྟ་བ་དང་བྱེད་སྟངས་ཐུན་མོང་མ་ཡིན་པ།རྙིང་བསྐྱུར་གསར་ལེན་བྱེད་ཕོིད་པ།གསར་གཏོད་ཀྱི་རང་བཞིན་ལྡན་པ།
༦༽རང་ཚུགས་ཡོད་པ་དང་།གཞན་བསྟེན་གྱི་བསམ་བློ་ཉུང་བ།གཞན་གྱི་ཟེར་རྗེས་སུ་མི་འབྲངས་བ།
༧༽རང་གིས་རང་ལ་གདེང་ཚོད་ཡོད་པ་དང་།རང་གིས་བྱས་པའི་གྲུབ་འབྲས་ལ་ཡིད་ཆེས་ཡོད་པ།བཀག་འགོག་དང་དམའ་འབེབས་འཁེལ་ནའང་བསམ་བློ་མི་འགྱུར་བ།
༨༽མཇུག་སྐྱོང་བྱ་རྒྱུའི་སེམས་ཤུགས་ཡོད་པ།ཐེངས་བརྒྱར་ཕམ་ཡང་ཡིད་ཐང་མི་ཆད་པར་སྔར་ལས་ལྷག་པས་སེམས་ཤུགས་ཆེ་རུ་འགྲོ་བ།
༩༽ལྟ་གྲུབ་གཟུགས་བརྙན་གང་ཡིན་རུང་།གཅིག་ལ་གཅིག་བརྟེན་གྱིས་འཆར་སྒོ་མང་པོ་རྙེད་ཐུབ་པ།
༡༠༽བསམ་བློ་ཞིབ་ཏུ་བཏང་ནས་འབྲས་བུ་ཕུན་སུམ་ཚོགས་པ་ལེན་མཁས་པོ་ཡོད་པ།
༡༡ ༽སྣང་བ་སྐྱིད་པོ་ཡོད་པ་དང་།སྣང་བ་སྐྱིད་པོའི་གཤིས་ཀ་འཇགས་ན་གཞན་གྱིས་ཟུར་ཟ་ དང་མཐོང་ཆུང་ག་ཚོད་བྱས་ཀྱང་རང་གི་བསམ་ཚུལ་དང་།གསར་གཏོད་བྱེད་པར་བར་ཆད་མི་ ཡོང་བ།
༡༢༽ངར་ཤུགས་ཆེ་བ།འཚོལ་ཞིབ་བྱེད་པའི་བྱ་བར་ཞུགས་སྐབས་ངེས་པར་དུ་ཉེན་ཁ་དང་།དཀའ་སྡུག་ལ་མི་འཛེམས་པའི་དཔའ་སྟོབས་ཡོད་པ།
གསར་ གཏོད་བྱེད་སྐབས་སུ་མི་དཀྱུས་མས་བཟོད་ཐབས་བྲལ་བའི་དཀའ་ངལ་རྣམས་རྟག་པར་རང་གི་ མདུན་དུ་ལྷག་ཡོད་པར་བརྟེན།སྔོན་ལ་བྱེད་ཕོད་པའི་བསམ་པ་དགོས་ཤིང་དེ་འདྲ་ཡོད་ ན་གཞི་ནས་གསར་གཏོད་བྱེད་ཕོད་ཀྱི་རེད།
གསར་ གཏོད་ཅན་གྱི་མི་ལ་ཚང་དགོས་པའི་ཁྱད་ཆོས་སམ་ཉམས་ལེན་བཅུ་གཉིས་འདི་ནི་སྤྱི་ ཚོགས་མེ་ལོང་འདོན་ཐེངས་སྔོན་མ་ཞིག་ལས་ཟུར་འདོན་ཞུས་ཤིང་།དོན་ཚན་འདི་ཚོར་ བསམ་བློ་བཏང་ན་རྒྱུན་དུ་སྤྱི་ཚོགས་ཀྱི་ཁོར་ཡུག་ནས་འཕྲད་པའི་དཀའ་ངལ་མང་པོ་ ཞིག་ལ་བཟོད་བསྒོམ་དང་།གུ་ཡངས།ཧུར་བརྩོན་བཅས་སུ་ཕན་པར་དམིགས་ཏེ་རང་ཉིད་ རྒྱུན་སྡོད་ལས་ཁུངས་ཀྱི་རྩིག་ངོས་སུ་སྦྱར་ཡོད་པ་མ་ཟད།དཔར་ལོག་ཁག་ཅིག་འབྲེལ་ཡོད་ཀྱི་གྲོགས་པོ་ཚོ་ལའང་ཕུལ་བ་ཡིན། ལྷག་བསམ་ཅན་རེ་ཟུང་ལ་ཕན་པར་དམིགས་ཏེ་བསྐྱར་ཏུ་འདིར་འགོད་འབུལ་ཞུས་པ་ཡིན།
གསར་གཏོད་པ་ལ་ཚང་བའི་ཁྱད་ཆོས་བཅུ་ལྡན་གྱི་རྩོམ་ཡིག་འདི་སུས་བརྩམས་པ་ཞིག་རེད། ཐུན་སྣང་དུ་གྲུབ་པ་ཞིག་ཤིན་ཏུ་དཀའ་འོ།