རྩོམ་པ་པོ། ཤེས་རབ་དར་རྒྱས།
ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ།
དང་པོ། ཤོག་གྲངས་དང་ཞབས་མཆན།
༡། སྟོད་ཆ་ལ་ཤོག་ངོས་ 615 དང་། སྨད་ཆར་ཤོག་ངོས་ 602 ཡོད།
༢། སྟོད་ཆ་ལ་ལུང་ཁུངས་གཙོ་བོར་སྟོན་པའི་ཞབས་མཆན་ 771 དང་། སྨད་ཆར་ཞབས་མཆན་ 607 ཡོད།
༼ལུང་དྲང་ས་དཔེ་དེབ་ཡིན་ན། དཔེ་དེབ་ཀྱི་མིང་དང་ཤོག་གྲངས་བཅས་གསལ་བར་བཀོད་ཡོད་ལ། གཞན་རྣམས་ཀྱང་ཁ་གསལ་གྱིས་བཀོད་ཡོད་དེ་ལོ་རྒྱུས་ཀྱི་ཁུངས་འཚོལ་བདེ་བར་བྱས་ཡོད།༽
གཉིས་པ། དཔྱད་གཞིའི་རྒྱུ་ཆ་ལ་ཁག་ ༢༠༠ ལྷག་ཡོད་པ་ལས་གཙོ་བོ་ནི།
༡། གསང་རྒྱ་བཀྲོལ་ཟིན་པའི་ཨ་རིའི་གསང་བའི་ཡིག་ཆ་རྙིང་གྲས།
༢། དབྱིན་དེབ་ནང་ཐོན་པའི་རྒྱ་གར་དབྱིན་གཞུང་གི་གསང་བའི་ཡིག་ཆ་རྙིང་གྲས།
༣། དཔར་བསྐྲུན་མ་བྱས་པའི་མི་སྣ་གལ་ཆེན་འགའི་སྐུ་ཚེའི་ལོ་རྒྱུས་ཀྱི་ཟིན་བྲིས་གལ་ཆེན།
༤། གསར་ཤོག་དང་འཕྲིན་ཡིག་རྙིང་གྲས་གལ་ཆེན།
༥། ཕྱི་མི་ཉམས་ཞིབ་པས་འབྲེལ་ཡོད་གཞུང་ཞབས་རྙིང་པ་སོགས་ལ་བཅར་འདྲི་བྱས་པའི་དྲིས་ལན་རྩ་ཆེན།
༦། བོད་མི་རྒན་རབས་དག་ལ་བཅར་འདྲི་ཞུས་པའི་དྲིས་ལན་གལ་ཆེན།
༧། བོད་མི་མཁས་མྱོང་ཅན་དག་གིས་མཐའ་སྡོམ་གནང་བའི་གསུང་བཤད་དང་དྲིས་ལན་རྩ་ཆེན།
༨། ཕྱི་མིས་ཞིབ་འཇུག་དོ་ནན་གྱིས་བྲིས་པའི་འབྲེལ་ཡོད་དབྱིན་དེབ་སྣ་ཚོགས།
༩། གཞིས་བྱེས་གཉིས་སུ་དཔར་བའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་སྣ་ཚོགས།
གསུམ་པ། ནང་དོན།
གླེང་སློང་ཆེ་བའི་ཉེ་རབས་བོད་ཀྱི་གནད་དོན་གཙོ་བོ་རྣམས་ཟུར་འདོན་གྱིས་དབྱེ་ཞིབ་དང་མཐའ་སྡོམ། ཡོངས་གྲགས་སུ་མ་གྱུར་པའི་གནད་དོན་ཆེ་གྲས་གསལ་འདོན་གྱིས་འགྲེལ་བརྗོད། མདོར་ན། དབྱེ་ཞིབ་དོ་ནན་གྱི་སྒོ་ནས་ལོ་རྒྱུས་ཀྱི་གནད་དོན་ངོ་མ་གང་ཡིན་སྟོན་ཐབས་བྱས་ཡོད་ལ། འདི་ལྟ་བུ་བོད་ཡིག་ཏུ་ཐོན་པ་དང་པོ་ཡིན།
བཞི་པ། འབྲི་ཐབས།
དེང་རབས་ཞིབ་འཇུག་གི་འབྲི་ཐབས་གཙོ་བོར་སྤྱད་ཡོད། དེ་ཡང་ལོ་རྒྱུས་ཀྱི་གཙོ་གནད་རྣམས་ཟུར་འདོན་གྱིས་ཁུངས་དང་བཅས་ཏེ་དབྱེ་ཞིབ་གང་ནུས་བྱས་པར་མ་ཟད། ཞིབ་འཇུག་གི་གྲུབ་དོན་རྣམས་ཀྱང་དཔྱད་པ་གཟུ་བོས་མ་ནོར་བར་འགོད་ཐབས་བྱས་ཡོད།
ལྔ་པ། དགོས་དམིགས།
དྲང་ཞིང་མ་ནོར་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ངོ་མ་སྟོན་པ་དམིགས་ཡུལ་གྱི་མཐིལ་དུ་བཟུང་ཡོད།
ཐུགས་སྣང་གསལ་བཤད།
• འཁྱོག་པ་དྲང་པོར་བསྲངས་ཤིང་གབ་པ་མངོན་པར་ཕྱུང་བའི་ལོ་རྒྱུས་ཀྱི་དཔེ་དེབ་གསར་པ།
• ཉེ་རབས་བོད་ཀྱི་གནད་དོན་གང་མང་འབུར་ཐོན་དུ་བྱས་པའི་ལོ་རྒྱུས་ཀྱི་ཕྲེང་བ་རིང་མོ།
• ཞིབ་འཇུག་དོ་ནན་གྱིས་དཔྱད་གཞི་ ༢༠༠ ལྷག་ནས་ལུང་འདྲེན་བྱས་པའི་གསར་ཐོན་དཔེ་དེབ།
• ལུང་ཁུངས་ ༡༣༧༠ ལྷག་ཞབས་མཆན་དུ་བཀོད་པའི་ཡིག་ཆའི་མེ་ལོང་གསལ་པོ།
• བོད་ཀྱི་མི་རྒན་དག་གི་གཏམ་དང་། མཁས་པ་མྱོང་ཅན་རྣམས་ཀྱི་གསུང་། སྔར་མཐོང་མ་མྱོང་བའི་ཡིག་ཆ། མདོར་ན། གནས་གཅིག་ཏུ་དཀའ་བ་མེད་པར་ཡིག་ཆ་མང་པོ་ཀློག་ཆོག་པའི་ཉེ་རབས་བོད་ཀྱི་དེབ་ཐེར་མཐུག་པོ་ཞིག་སྟེ།
ཉེ་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང་ཐུགས་སྣང་ཅན་ཚོས།
མངགས་ཉོ་གནང་རོགས།
ཤར་ནུབ་ཀྱི་ཡུལ་གྲུ་གང་དུ་བཞུགས་ཀྱང་མངགས་ཉོ་གནང་ཚེ་འབྲེལ་བ་གནང་ས་ནི།
སྐལ་བཟང་། ཁ་པར་ཨང་གྲངས། 0091 9816889603
གོང་གསལ་ཁ་པར་ཨང་གྲངས་ཀྱི་སྟེང་ནས་ WhatsApp ལ་མཐུད་ཆོག །
སྐད་འཕྲིན་ལ་མཐུད་ན། WeChat ID: kdamchoe
རིན་གོང་། སྟོད་ཆ་དང་སྨད་ཆ་གཉིས་ཀར་རྒྱ་བལ་འབྲུག་གསུམ་དུ་ཧིན་སྒོར་ ༧༥༠ དང་།
དེ་མིན་ཕྱི་རྒྱལ་ཁག་ཏུ་ཨ་སྒོར་ ༢༧ ཡིན།
བཀྲ་ཤིས་བདེ་ལེགས།
ཐུགས་རྗེ་ཆེ།
རྒྱ་ལོའི་ལོ་རྒྱུས་ནི། གླིང་སྒྲུང་དང་གཅིག་མཚུངས་རེད། དེབ་ནང་བསྟོད་བསྟོད་མང་མང་ཡང་དོན་དངོས་རྒྱ་ལོའི་བྱས་ཉེས་ལས་བྱས་རྗེས་རྐང་གཅིག་མེད། ཁོ་པ་རྒྱལ་བའི་གཅེན་པོར་སྐྱེས་པ་ཚེ་སྔོན་བསོད་ནམས་ཡིན་པ་སྨོས་མ་དགོས་ཀྱང་། བཙན་བྱོལ་ནང་མ་འཇོན་འཇོན་མདོག་གི་ལས་དོན་སྣ་མང་བརྩམས་ཀྱང་མཇུག་སྐྱོང་རྐང་གཅིག་མེད་པ་མ་ཟད། བཙན་བྱོལ་ནང་གི་རྙོག་དྲའི་འགོ་ཁུངས་ཚང་མ་རྒྱ་ལོར་ཐུག་ཡོད། ད་བར་ང་ཚོ་གཞན་ཡུལ་དུ་མུ་མཐུད་གནས་པ་དེ་འང་རྒྱ་ལོར་ཐུག་ཡོད། ཁྱོད་ཚོས་གླིང་སྒྲུང་གསར་པ་ཞིག་བཟོས་ཏེ་བསྟོད་བསྟོད་ལ་ཚོད་མེད་རྐྱེན། སྒུག་ཨཱ། ད་རྒྱ་ལོས་གཙོས་པའི་ཡབ་གཞིས་ཀྱི་བྱས་ཉེས་དམར་རྗེན་ཐོན་ངེས་ཡིན། འདས་པའི་ལོ་རྒྱུས་ཀྱི་ཁ་ལོ་འདི་འཆོར་མི་ཉན། དོན་དངོས་བཤད་དགོས་རེད། བྱས་པ་ཅན་རྣམས་ཀྱི་བཀའ་དྲིན་བརྗེད་མི་ཉན།
སེང་རྡོར། སྙན་ངག་འབྲི་ཤེས་མཁན་གྱི་རྒྱ་ཁྱི་ལྡོམ་རྐྱལ་ཞིག
བོང་རྫི། གདུག་རྩུབ་ཆེ་བའི་སྐད་ཆ་ལྷག་བསམ་ཅན་ཞིག
ཤེས་རབ་དར་རྒྱས། ཁྱད་འཕགས་འབྲི་རྩལ་གྱིས་བདེན་སྟོབས་ཀྱི་མེ་ཁ་གསོ་བའི་རྒད་པོ་དྲང་ཚུགས་ཅན་ཞིག
སོག་ཚང་བློ་བྷེ། ཧི་མ་ལ་ཡའི་ཕ་རོལ་ནས་བསྐུར་འོངས་པའི་སྐྱོ་གདུང་གི་སྐད་ཆ་ཐེད་པོ་མང་པོ་ཞིག་སྡུག་བསྔལ་གྱིས་ཕྱི་བཙེམ་ནང་བཙེམ་བྱས་བྱས་ནས་ཕྱིར་བོད་ལ་སྐུར་མཁན་གྱི་འབྲོག་རྒན་སྨུག་རྩི་ཅན་ཞིག
ཚེ་རིང་སྐྱིད། ཡར་མར་འགྲོ་བའི་ལམ་ངོགས་ཀྱི་རྒྱ་སེ་མེ་ཏོག་དག་རང་ཉིད་ཡིན་རློམ་གྱིས་ལྡེམ་ཞིང་ལྡེམ་ཞིང་འགྲོ་མཁན་ཞིག
བསྟན་པ་ཡར་འཕེལ། ཏག་ཏག་རང་ཉིད་ཀྱི་མིང་གི་ལྡོག་ཕྱོགས་སུ་མེ་ཤུགས་འཕུར་མདའ་ལས་ཀྱང་རིངས་པར་བསྐྱོད་པའི་སྐྱ་མིན་སེར་མིན་ཞིག
བློ་བཟང་སེང་གེ། སྐྱག་པ་འགོས་པའི་རང་གི་བྱད་བཞིན་ལ་མཛུབ་མོས་བཙུགས་ནས་འདི་ཁྱོད་ཀྱི་བྱད་བཞིན་ལ་འགོས་པའི་སྐྱག་པ་རེད་ཅེས་ཕེ་རིང་འདེབས་མཁན་གྱི་འབུམ་རམས་པ་ཞིག
ཨ་ཚོགས་ཀླུ་མཁར་བྱམས། གཡག་རྒན་ཞིག་མི་རྐུ་རྒྱུ་ན་བཟའ་ཉོག་གང་པོ་ཨོ་གླིང་ཟེར་བའི་དག་ཞིང་གསར་པ་དེར་མི་ཐོན་པའི་རྒད་པོ་རྒྱ་རག་ཅིག
སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། གནའ་བོའི་དཔེ་རྙིང་བསྔོགས་བསྔོགས་ནས་ཤི་ལ་ཁ་བྱེད་བཞིན་པའི་ལོ་ལོན་གསར་བུ་པྲ་ཚག་ཅིག
སེང་དར་མ། རྒྱའི་དཔའ་རྒོད་ཀོ་ཝུན་ཀུའུ་སྐད་ཆ་དག་གདམ་གསེས་ཀྱིས་ངོ་དེབ་ཐོག་བོད་ཡིག་ལས་མི་ཤེས་མཁན་དག་དགའ་རུ་འཇུག་མཁན་གྱི་ངོ་ཤེས་པའི་མི་ཞིག
ཨ་རླུང་དང་ཨེ་རླུང་། ཡིག་ནོར་ལས་སྣོན་བྱེད་སའི་བཟོ་གྲྭ་ཆེན་པོ་གཉིས།
མདང་དགོང་གྲོགས་ཞི་བདེ་ལགས་ཀྱིས་ “ཨ་ཨ། ད་དཔེ་ཆ་ཟེར་ནོ་ཐོན་ཡོད་ཀི། ངེད་ཅན་གསར་བུ་སྐོར་ཞིག་གིས་དཔེ་ཆ་མངགས་ཉོ་གྲ་སྒྲིག་བྱེད་ཀི་ཡོད། ཁྱོད་ལའང་དགོས་ན་མཉམ་དུ་མངགས་ཆོག་”ཟེར།
དེ་ནས་དྲ་རྒྱ་བསྔོགས་ཏེ་དེབ་ཀྱི་དཀར་ཆག་བཀླགས་པ་ཡིན། རྩོམ་པ་ཁོང་གི་རྩོམ་རྩལ་དང་རིག་པའི་ངར་ཁ་ལ་སྔོན་མ་ནས་ཧང་སངས་ཡོད་ཐོག ད་ལམ་ཡང་ཡིད་ཀྱི་དབང་བོ་སྒུལ་བའི་དེབ་སྟོད་སྨད་གཉིས་ཐོན་ཟིན་པ་གློ་བ་དགའ་ཞིང་ཀློག་འདོད་ཀྱི་མེ་འབར་བྱུང་བས་ “ང་ལའང་ཚར་གཅིག་ཨ་པ་ལོ་ལོ་”ཞེས་ཁ་ནས་ཤོར།
ངེད་ཅན་ནི་ངེད་ཅག་ལ་བཅོས།
མངགས་ཚར། ཧ་ཅང་ཀློག་འདོད་པའི་དེབ་ཅིག་རེད་བསམས་སོང་། དཀར་ཆག་དང་རྩོམ་པ་པོས་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་དམིགས་ཡུལ། ས་བཅད་བཀྲམས་སྟངས། ཞབས་མཆན་འགོད་སྟངས་བཅས་གསལ་བཤད་གནང་འདུག་པས་དགའ་སོང་།
སྐུ་ངོ་གསང་བ་ཆེན་པོའི་ཕྱག་དེབ་ནི་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་པོའི་ཁྲོད་དུ་བཞག་པའི་ཞབས་རྗེས་ཤིག་རེད་མོད། བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ལ་ཁྱོག་བཤད་གང་མང་ཞིག་[བཀའ་བློན་སྦུག་གི་ཐུག་བཟོ་བ] སོགས་སུ་གསལ་གསལ་ཐིང་ཐིང་ངང་མཐོང་རྒྱུ་འདུག དཔེར་ན། ཟུར་གཡུ་གཉིས་ལ་མ་ཉེས་ཁ་གཡོག་གིས་ཐེ་ཝན་དུ་གྲོས་སོང་བ་སོགས་འདུག་པས་ད་རེས་གསར་དུ་ཐོན་པའི་དེབ་དེའི་ནང་དུ་ནའང་དེ་ལྟར་ཡོད་ངེས་པས་བློ་ཕམ་དྲག་པོ་ཡོད་དོ།
བོད་པའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེའི་ནང་གང་ཟག་སྒེར་གྱི་ཁོན་འཛིན་སྤྱི་དོན་དུ་སྦྱར་ནས་འཐབ་རྩོད་ཀྱི་ངོ་བོ་བསྒྱུར་བའི་ནད་ཡམས་དེ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་སྐྱོན་གནད་ཅིག་ཏུ་བརྩི་དུ་གོས། སྐུ་ངོ་རྒྱ་ལོའི་དེབ་དང་། འཇུ་ཆེན་ཐུབ་བསྟན་གྱི་དེབ་སོགས་སུ་འཁྲབ་སྟོན་དེ་ཚོ་ལུ་གུ་རྒྱུས་འབྲེལ་དུ་མཐོང་ཡོད་པ་དེ་དག་བོད་ཀྱི་མི་རབས་གསར་པའི་དྲང་བདེན་གྱི་མིག་ཟུང་ལས་དབྱེ་འབྱེད་གནང་རྒྱུ་དགོས་ནི་དུས་བབས་ཀྱི་འོས་འགན་གཙོ་བོ་ཞིག་རེད་དོ།
དེབ་མ་མཐོང་སྔོན་དུ་དགེ་སྐྱོན་གླེང་འདོད་མེད་ན་དེབ་དེ་ཀློག་ནས་བསམ་ཚུལ་གླེང་ཆོག་པ་ཞུ།
གཡུ་ཟུར་གཉིས་ཐེ་ཝན་ཏུ་བྲོས་དང་སོང་། ཡང་ན་སྤོས་ཅི་ཞིག་སྦྱར་ཀྱང་མདོར་བསྡུས་ན་འབབ་ས་དེ་གཅིག་རེད། ཁོང་གཉིས་ཀ་ཐེ་ཝན་ནས་ལོ་ཤས་བསྡད་པ་ལོ་རྒྱུས་མང་པོའི་ནང་ཡོངས་གྲགས་ཡིན་ན་དེ་ལ་རྩོད་དགོས་པ་ཞིག་ཨེ་ཡོད། རྩོད་གཞི་ངོ་མ་དེ་བོད་སོག་ལས་ཁུང་ཀྱིས་དངུལ་དངོས་བསླུ་བྲིད་འོག་བཙན་བྱོལ་སྤྱི་ཚོགས་ནང་ཉོག་དཀྲུགས་པའི་དུས་སྐབས་ཞིག་ལ་བཀའ་བློན་ཟུར་བ་གཉིས་ཚོགས་པ་དེ་འདྲ་ཞིག་ལ་འཐིམ་སོང་ན་གླེང་གཞི་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་ཨ་ལ་ལ། དེའི་གནས་ཚུལ་ཁྱེད་རང་ཚོ་ཡིད་མི་ཆེ་ན་གྷོ་གྷིལ་ལ་འཚོལ་གཤེར་ཞིག་གནོང་དང་། དབྱིན་ཡིག་ནང་དེའི་གནས་ཚུལ་ལོ་དུས་ཟླ་ཚེས་དང་བཅས་མང་པོ་ཡོད་པ་རེད། འོན་ཀྱང་ཕྱིས་སུ་ལམ་ནོར་ཟློག་ཤེས་དང་དགོངས་སེལ་ཞུས་པ་དངོས་ནས་ཡག་པོ་རེད་བསམ། ད་དེང་སང་དེ་ཡང་འགེབས་སྲུང་བྱས་ནས་གླེགས་དག་ཡ་ཨེ་ཡོད། སྤྱིར་ནོར་མེད་ན་༧ གོང་ས་མཆོག་ལ་དགོངས་སེལ་ཡང་ཞུ་དགོས་ཨེ་ཡོད། སྤྱིར་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ངོས་ནས་བལྟ་བ་ལས་ཚོར་ཤུགས་དང་རང་ཞེན། ཡང་ན་ཕྱོགས་ཞེན་bais བྱེད་མི་རུང་བ་ལོ་རྒྱུས་སྨྲ་བ་ཀུན་གྱི་གདམ་པ་དེ་རེད།
[ཕྱི་ལོ་ ༡༩༦༧ ལོར་རྒྱ་གར་ནས་ཐེ་ཝན་ཁུལ་བསྐྱོད་པའི་གནས་ཚུལ་ཐད། སྐབས་དེའི་ལས་བྱེད་ནང་ཁུལ་དྭོགས་པ་རྣམ་རྟོགས་རགས་ཤིང་། ཁོག་ཡངས་དཀྱེལ་ཆེའི་ཐབས་བྱུས་མ་ལྡང་བའི་ཁར། ཕྱི་ནང་རྒྱུ་རྐྱེན་སྣ་མང་གིས་འཕྲལ་རྐྱེན་བྱས་པ་ལས། གཡུ་ཐོག་པ་རང་ཉིད་བོད་བསྟན་སྲིད་མི་རིགས་དང་བཅས་པར་ལྷག་བསམ་དཀར་གཙང་ཡིན་པ་ལོ་རྒྱུས་དངོས་ཀྱི་ཐོག་ནས་གསལ་པོར་མཐོང་ཐུབ།]
གཡུ་ཐོག་གི་སྐོར་གླེང་གི་ཡོད་ན། དོན་གྱི་འབབ་ས་འདི་ཤེས་ན་ལེགས།
སྤྱི་ལོ་ ༡༩༥༩ གཡས་གཡོན་ལ་ཟུར་གཡུ་གཉིས་ཀྱིས་རྒྱ་མིར་ཞི་དྲག་གང་འཐད་ནས་འཐབ་རྩོད་གཟེངས་སུ་ཐོན་པ་བྱས་ཡོད། བཙན་བྱོལ་དུ་སླེབས་རྗེས་རྒྱ་ལོ་དོན་གྲུབ་ལ་གོ་སྐབས་ཐོབ་སྟེ། རྒྱ་ལོ་དོན་གྲུབ་ཁོ་པ་རྒྱལ་བའི་གཅེན་པོ་ཡིན་པས་ཨ་རོག་ཁམས་པས་གཙོས་དབུས་གཙང་པ་སྦྱབ་ཆུང་འགའ་ཞིག་དང་བཅས་པ་བེད་སྤྱད་དེ། ཟུར་གཡུ་གཉིས་ཀྱིས་གཙོས་བྱས་པ་ཅན་མང་པོ་ཞིག་སྡོད་བཟོད་མ་ཐུབ་པ་བཟོས་པ་རེད། མདོར་ན། རྒན་རབས་པ་མང་པོ་ཞིག་གིས་འདི་ལྟར་གསུངས་ཀྱི་འདུག རྒྱ་མིས་གླགས་མ་ཁེལ་བའི་ཟུར་གཡུ་གཉིས་རྒྱ་ལོ་དོན་གྲུབ་ཀྱིས་ཏག་ཏག་བཟོས་སོང་། ཞེས་གསུངས། ཟུར་གཡུ་གཉིས་ཐེ་ཝན་དུ་ཕེབས་རྗེས་བོད་སོག་ལས་ཁུངས་དང་འབྲེལ་བ་བྱུང་འདུག འོན་ཀྱང་རྗེས་སུ་དགོངས་དགས་ཞུ་ས་དེ་རྒྱལ་དབང་རིན་པོ་ཆེ་ཡིན་པ་ལས། རྒྱ་ལོ་དོན་གྲུབ་ལ་མ་རེད། ཁྱོད་ཚོས་རྒྱ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་དྲང་པོར་ཤོད་དགོས། རྟོགས་བཏགས་མ་བྱེད། ངས་རྒྱ་ལོ་དོན་གྲུབ་དང་དུས་དང་ལས་དོན་མཉམ་དུ་བསྒྲུབས་མྱོང་བའི་མི་ལ་བཅར་འདྲ་བྱས་མྱོང་། རྒད་མོ་བྲོ་པོ་རྐྱང་རེད། བོད་ཁམས་ལེགས་པོ་དགོས་ན། མདོ་སྟོད་སྨད་ཀྱི་མི་ཚོས་ཉོན། ཕྱོགས་ཞེན་དེ་འདྲ་མ་བྱེད་རོགས།
སྔ་མོ་གཡུ་ཟུར་གཉིས་ཀྱི་གཏམ། །
བར་དུ་ཨ་ཐར་འཇུ་ཆེན་གཉིས། །
དིང་སང་སྤེན་ཚེ་བློ་སེང་དྲུག །
སྐད་གྲགས་ཆེའམ་གཏམ་ངན་ཆེ། །
ཀརྡོས།
མི་བཟང་མི་ཡི་དཔོན་པོ་བཟང་། །
མི་ངན་མི་ཡི་དཔོན་ངན་ངན། །
་
དཔོན་ངན་ཧིཊ་ལར་མའོ་གཉིས། །
དཔོན་བཟང་རྒྱ་དབང་པཎ་ཆེན་གཉིས། །
ཀརྡོས།
ཟུར་གཡུའི་སྐྱག་པ་ཚ་བོར།།
ཞིམ་ངད་དྲི་བཟང་འཐུལ་ཟེར།།
འཐུལ་ན་ཁྱོད་ཚོས་ལྡོགས་ཤིག།
ཟུར་གཡུའི་གཅིན་པ་ཚ་བོར།།
ཨ་རག་དྲི་ཞིམ་ལྡང་ཟེར།།
ལྡང་ན་ཁྱོད་ཚོས་འཐུང་ཨ།།
མདོ་སྟོད་མདོ་སྨད་པ་ཡིས།།
ཟུར་གཡུའི་སྐྱག་པ་མི་ལྡག།
མདོ་སྟོད་མདོ་སྨད་པ་ཡིས།།
ཟུར་གཡུའི་གཅིན་པ་མི་འཐུང་།།
སྔར་སོང་སྔ་མོའི་སྐུ་དྲག །
སྟག་གཟིག་དོམ་དྲེད་ཡོད་རེད།།
ཕ་ལྷ་སྟག་དང་འདྲ་བྱུང་།།
འཛུམ་དྲུག་འཐབ་རྩལ་ངོམས་ཏེ།།
རྒྱལ་བ་བཙན་ནས་དྲངས་བྱུང་།།
སྔ་མོ་སྔ་མོའི་སྐུ་དྲག །
སྟག་གཟིག་དོམ་དྲེད་ཡོད་རེད།།
ཟུར་ཁང་གཟིག་དང་འདྲ་བྱུང་།།
ཞི་དྲག་འཐབ་རྩལ་སྤྱད་དེ།།
ལུགས་ཟུང་གུང་ལ་བཏེགས་སོང་།།
སྔ་སོང་སྔ་མོའི་སྐུ་དྲག །
སྟག་གཟིག་དོམ་དྲེད་ཡོད་རེད།།
གཡུ་ཐོག་དོམ་དང་འདྲ་བྱུང་།།
དོམ་གྱི་སྡེར་མོ་རྣོན་པོས།།
དགྲ་བོའི་སྙིང་ཁམས་བཀས་སོང་།།
སྔ་སོང་སྔ་མོའི་སྐུ་དྲག །
སྟག་གཟིག་དོམ་དྲེད་ཡོད་རེད།།
ང་ཕོད་དོམ་དང་འདྲ་བྱུང་།།
རལ་པ་འཐུག་པོའི་འོག་ནས།།
རིགས་ཞེན་ལ་རྒྱ་སྦས་ཡོད།།
ད་ཡོད་དེང་སང་སྐུ་དྲག །
ཤ་ཁྱི་ཞི་མི་ཡོད་རེད།།
རྒྱ་ལོ་ཤ་ཁྱི་འདྲ་བྱུང་།།
ལས་དོན་ཧོལ་རྒྱུགས་ཁོ་ནས།།
ཆོས་སྲིད་རླུང་ལ་བསྐུར་སོང་།།
ཤ་ཁྱི་ལོ་ན་རྒས་པས།།
བདག་མེད་ཟུག་རྔུ་ལྷང་ལྷང་།།
ད་ཡོད་དེང་སང་སྐུ་དྲག །
ཤ་ཁྱི་ཞི་མི་ཡོད་རེད།།
བློ་སེང་ཞི་མི་འདྲ་བྱུང་།།
སྐད་དེ་རྣ་ལ་འཇམ་ཡང་།།
ལྐོག་ཏུ་བྱ་ངན་སྤེལ་མཁས།།
ཡོང་ཁུངས་ཁ་གསལ་མེད་པའི།།
ཌྲོ་ལོ་ས་ཡ་མང་པོའི།།
ཁང་པ་ལྐོག་སྦས་བྱས་ཡོད།།
ཨ་རིའི་ཐེབས་རྩ་ཁང་གི །
ཌྲོ་ལོར་ས་ཡ་གཅིག་གི །
སྤྲོད་འཛིན་ལྐོག་སྦས་བྱས་ཡོད།།
ད་དུང་རྒྱལ་བའི་མདུན་དུ།།
འཇམ་པོ་ཞི་མི་འདྲ་འདུག །
ལྐོག་ཏུ་དམ་ཉམས་རྣམས་དང་།།
གྲོགས་པོ་མཉམ་དུ་སྒྲིག་གི །
མི་ངན་ལྷག་པ་
མི་བཟང་ཇ་མ།
རྩོམ་པ་པོ་བཀྲ་ཤིས་བདེ་ལེགས་དེབ་གསར་ལ་མྱུར་དུ་མཇལ་བའི་རེ་བ་ཡོད།
འཕྲུལ་དེབ་ཡོད་ན།