ཇོ་ལེབ་བློ་བཟང་ཆོས་འཕེལ་གྱིས་བསྒྱུར་པའི་”རཱ་ཧུལ་མཉམ་དུ་བོད་སྐྱོད་ཟིན་ཐོ།”ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་བར་ཕེབས་ཤོག དེབ་འདི་ནི་ཕེ་ནེ་མུ་ཁར་ཇིའི་དཔེ་དེབ་བོད་ཡིག་ཐོག་བསྒྱུར་པ་ཐེངས་དང་པོ་དེ་ཡིན། སྤྱི་ལོ་༡༩༣༨ནང་ལ། སྐད་གྲགས་ཅན་གྱི་ཧིནྡཱིའི་སྐད་ཡིག་མཁས་དབང་རཱ་ཧུལ་སཾསྐྲི་ཏྱཱཡན་གྱིས་བོད་པའི་མཁས་དབང་རིགས་པ་སྨྲ་བ་དགེ་འདུན་ཆོས་འཕེལ་དང་། རྒྱ་གར་གྱི་དགེ་སློང་ཨ་བྷ་ཡ་སིང་། དེ་བཞིན་པར་ལེན་པ་མུ་ཁར་ཇི་བཅས་དང་ལྷན་དུ་བོད་ལ་གནས་སྐོར་གནང་། གཙོ་བོ་བོད་ཀྱི་གནའ་དཔེ་ཞིབ་འཇུག་དང་འཚོལ་བསྡུ། དེ་བཞིན་ནང་པའི་དགོན་པ་ཁག་ལ་གནས་སྐོར་བྱས་ཡོད། ལོ་ཙ་བ་འདིའི་བཀའ་དྲིན་གྱིས་ད་རེས་སྙན་འཇེབས་དང་གསོན་ཉམས་ལྡན་པའི་རྩ་ཆེའི་ཟིན་ཐོའི་དཔེ་དེབ་འདི་ཐེངས་དང་པོར་བོད་ཡིག་ནང་ལ་སྤེལ་ཡོད་པ་དང་། ཀློག་པ་པོ་རྣམས་ལ། ངོ་མཚར་ཅན་གྱི་བོད་སྐྱོད་ཚོགས་པ་འདིའི་བྱས་རྗེས་རྣམས་ཤེས་རྟོགས་དང་། ཚོགས་མི་རེ་རེའི་ཕྱིའི་གཟུགས་དབྱིབས་དང་ནང་གི་བསམ་བློའི་ཁྱེར་སོ་རྣམས་ཞིབ་རྒྱས། ལྷག་པར་དུ། ཁྱད་དུ་འཕགས་པའི་མི་སྣ་དགེ་འདུན་ཆོས་འཕེལ་ལགས་དང་རཱ་ཧུལ་གྱི་སྐོར་ལ་གནས་ཚུལ་ཞིབ་ཕྲ་ཤེས་པའི་གོ་སྐབས་བསྐྲུན་ཡོད།
ཇོ་ལེབ་བློ་བཟང་ཆོས་འཕེལ་ནི་བོད་མདོ་སྨད་རྔ་བའི་ཡུལ་ནས་ཕེབས། ཝ་ར་ན་སིའི་ལེགས་སྦྱར་སྐད་ཡིག་སློབ་གྲྭ་ཆེན་མོར་ལེགས་སྦྱར་སྐད་ལ་སློབ་གཉེར་མཛད། སྤྱི་ལོ་ ༢༠༠༩ ལོར་སློབ་གྲྭ་ཐོན་ནས་ཤསྟྲིའི་ལག་ཁྱེར་ཐོབ། འོད་ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་འཁུར་ལེན་ཞོར་ལ་སློབ་གཉེར་འཕར་མ་བྱས་ནས་ཨཱཅཱ་རྱའི་ལག་ཁྱེར་བླངས། “རཱ་ཧུལ་མཉམ་དུ་བོད་སྐྱོད་ཟིན་ཐོ།”ནི་ཁོང་གི་དེབ་གཟུགས་ཐོག་གི་ཡིག་སྒྱུར་བརྩམས་ཆོས་དང་པོ་དེ་ཡིན། དེབ་འདི་ད་ལོ་ལོ་སྟོད་ལ་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་བྱས་སོ།
མཛད་སྒོ་འདི་ནི་རིན་མེད་དང་ཚང་མར་སྒོ་ཕྱེ་ཡོད། མཛད་སྒོའི་མཇུག་ཏུ་”རཱ་ཧུལ་མཉམ་དུ་བོད་སྐྱོད་ཟིན་ཐོ།”ཞེས་པའི་བླུ་ཉོ་ལ་དགའ་བསུ་དང་སྒྱུར་བ་པོའི་མཚན་རྟགས་ཀྱང་ཞུས་ཆོག
མཛད་སྒོའི་དུས་ཚོད། སྤྱི་ཟླ་10ཚེས་6། རེས་གཟའ་ཕུར་བུ། དགོང་དྲོའི་ཆུ་ཚོད་7ནས་9བར་ཡིན།
ཁ་བྱང་།
Trace Foundation
132 Perry Street, Suite 2B
New York, NY 10014
རྟེན་འབྲེལ་ཞུ།
ས་ཐག་རིང་བས་བཅར་མི་ཐུབ། །
སྤྲིན་པའི་ངོས་སུ་ཤིས་ཚིག་འབྲི། །
རླུང་ལ་འདེག་པའི་རེ་བ་ཞུ། །
དེ་ཙམ་ཁྱེད་ལ་འདི་ནས་སོ། །
འོད་དུས་དེབ་དེ་ད་དུང་ཡང་དྲན་གྱི་འདུག ཇོ་ལེབ་ཆོས་འཕེལ་གྱིས་བརྩམས་གནང་བའི་མེ་ལོང་མའི་སྐོར་གྱི་དེབ་ཆུང་དེ་ཡང་ཐེངས་མང་བཀླགས་མྱོང་། བར་སྐབས་ཤིག་ནས་རྩོམ་པ་པོ་འདི་བརླག་སོང་། དེབ་འདི་ངེས་པར་དུ་ཉོ་རྒྱུ་ཡིན།
༅༅། བོད་སྐྱོད་ཟིན་ཐོའི་དཔེ་དེབ་དེ་ཉོ་འདོད་ཡོད་དེབ་དེ་ལ་གོང་ཚད་ག་ཚོད་རེད་
གསུང་རོགས་གནང། ཤོག་གྲངས་ག་ཤོད་ཡོད། ཕྱག་དེབ་དེའི་ནང་ལ་གནད་དོན་གཙོ་བོ་
གང་འཁོད་ཡོད་དམ།
ཪིག་པ་རྨ་བ་མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་ཉིད་ཡོད་འདུག་པ་གལ་ཆེ་ཞིག་ཡོད་ས་རེད།
བཀྲིས་བདེ་ལེགས་ཞུ། བསྒྱུར་རྩོམ་དེ་མགྱོགས་མྱུར་མཇལ་བར་རེ།
ཇོ་ལེབ་བློ་བཟང་ཆོས་འཕེལ་ལེགས་ཀྱིས་ཨཱཅཱ་རྱ་སྟེ། སློབ་དཔོན་གྱི་སློབ་གོར་སོན་པ་དང་། ཞར་འབྱུང་དུ། “རཱ་ཧུལ་མཉམ་དུ་བོད་སྐྱོད་ཟིན་ཐོ།”བོད་སྐད་དུ་བསྒྱུར་པར་ལེགས་སོ། བོད་ཀྱི་དཔེ་མཛོད་ཁང། ཞེས་པ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ཡིན་ངེས། བླུ་ཡོན་ཞུ་ངེས་ལགས།
དགེ་འདུན་ཆོས་འཕེལ་མཁས་དབང་ཆགས། །
རྒྱ་གར་རཱ་ཧུལ་ལམ་འགྲོགས་འཁྲིད། །
ཨ་བྷ་ཡ་སིང་མུ་ཁར་ཇིའི། །
གསུང་རྩོམ་ཟིན་ཐོ་བོད་བསྒྱུར་ལེགས། །
་
དིང་སང་བོད་ཀྱི་ཕྱི་ནང་དུ། །
མཁས་དབང་ནམ་མཁའི་སྐར་ཚོགས་འདྲ། །
དགེ་འདུན་ཆོས་འཕེལ་གཉིས་པ་ཞིག །
ཡོད་དང་མེད་ཅེས་ཕྱ་མ་ཕྱོ། །
དེ་ལྟ་བུའི་མཁས་དབང་གཉིས་པ་ཞིག་ཤེས་བྱ་ལ་མི་སྲིད་པ་རེད། བོད་ཀྱི་སྐུ་དྲག་བླུན་པོ་ཚོའི་ཕྲ་དོག་དབང་གིས་བསད་པ་ཕངས་པ་ལ་ཨ། གང་ལྟར་མཁས་དབང་དགེ་ཆོས་ལགས་ཀྱི་དྲན་རྟེན་ཀྱི་ཉིན་མོ་ཞིག་ཁ་བརྡ་འདིའི་ནང་ངེས་པར་དགོས་པ་ལྟ་བུ་ཞིག་མཐོང་བ་བཞིན་རེ་བསྐུལ་ཡང་ཞུ། །
དེབ་འདི་ཉོ་ན་གང་ནས་ཉོ་ཐུབ་བམ།
“བོད་ཀྱི་སྐུ་དྲག་བླུན་པོ་ཚོའི་ཕྲ་དོག་དབང་གིས་བསད་པ་ཕངས་པ་ལ་ཨ།” འདི་སྐོར་ལ་ཀཱི་རྟི་རིན་པོ་ཆེས་བརྟག་དཔྱད་མཛད་ནས། བྲིས་པའི་དགེ་ཆོས་ཀྱི་ལོ་རྒྱུས་ཀློག་ན། གནས་ཚུལ་དངོས་མ་ཤེས་ཐུབ།
ཀིརྟི་རིན་པོ་ཆེས་བརྟག་དཔྱད་བྱས་ཏེ་བྲིས་བའི་དགེ་ཆོས་ཀྱི་ལོ་རྒྱུས་ཤིག་ད་སྔ་མཐོང་མ་མྱོང་། རབ་བྱེད་ཞབས་བཏགས་མ་ཟེར་བ་དེ་ནི་མི་རྣམས་ལ་བཅར་འདྲི་བྱས་ཏེ་ཡིག་ཐོག་ལ་ཕབ་པའི་ཀླེག་བམ་ཞིག་ཡིན་པ་རེད།
༅༅། དགེ་འདུན་ཆོས་འཕེལ་རིན་པོ་མཆོག་གི་སྐོར་ཀིར་ཏི་རིན་པོ་མཆོག་གི་བྲིས་རྩོམ་གནང་བའི་
ཕྱག་དེབ་དེ་ག་ནས་རག་ཡོང་གསུང་རོགས། ངེས་པར་ཉོ་འདོད་།
བཀྲིས་བདེ་ལེགས་ཡོད།
༅༅། དད་དང་དགའ་དང་གུས་པ་གསུམ། གངས་ཅན་མཁས་པ་དགེ་ཆོས་ཡིན།
ཁོང་གི་རང་སྐྱེས་རིག་སྟོབས་དེ་། སུ་དང་སུ་ལའང་ཡོད་མིན་ལགས།
་་་་་་ཀླེག་བམ་ཞིག་ཡིན་པ་རེད། ་་་་་་་་་་་
་
གླེགས་བམ། གླེགས་ཤིང་། གླེགས་ཐག
༅༅། དགེ་འདུན་ཆོས་འཕེལ་རིན་པོ་མཆོག་གི་སྐོར་ཀིར་ཏི་རིན་པོ་མཆོག་གི་བྲིས་རྩོམ་གནང་བའི་
ཕྱག་དེབ་དེ་ག་ནས་རག་ཡོང་གསུང་རོགས། ངེས་པར་ཉོ་འདོད་།
བཀྲིས་བདེ་ལེགས་ཡོད།
་
ཨ་འབར་འཇིགས་དབང་མཆོག་ལ་ཞུ་བ།
་
རྒྱ་གར་དྷ་ས་ནས་རྙེད་ཐུབ། སྔོན་མ་ང་ལ་དེབ་དེ་ཡོད་ཅིང་བཀླགས།
དྷ་ས་ཀཱིརྟིའི་དགོན་པར་བརྩད་གཅོད་མཛད་གྲོགས།
༅༅།་བློ་བཟང་འཇམ་དཔལ་ལགས། བཀྲིས་བདེ་ལེགས།
ཐུགས་རྗེ་ཆེ་ངེས་པར་དུ་ཀིར་རྟི་དགོན་པར་འབྲེལ་བ་ཞུ་གི་ཡིན།
༅༅། དེང་སང་གོ་ལ་འདི་ནང་ལ་། མཁས་པ་མང་པོ་ཡོད་ངེས་ཀྱང།
གངས་ལྗོངས་མཁས་པ་དགེ་ཆོས་འདྲ། ཡོད་ཀྱི་མ་རེད་རིག་པས་ཤེས་།
དགེ་ཆོས་རིག་པའི་ཨ་མ་རེད། དགེ་ཆོས་རིག་པའི་ཕ་ཡང་རེད།
དགེ་ཆོས་འདྲ་བ་གོ་ལ་འདིར། བསྟན་རྒྱུ་ཡོད་ན་འདི་རུ་ཤོད།
ང་ཉན་འདོད་ཡོད་ཅིང་ཀློག་ཀྱང་འདོད།
བཀྲིས་བདེ་ལེགས་ཞུས།