གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
བོད་དོན་ལས་འགུལ་པ་ཚོས་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལ་ངོ་རྒོལ།(ཐེངས་གཉིས་པ།)
ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་ནས་བོད་དོན་ལས་འགུལ་བ་ཚོས་སྤེལ་འཆར་ཡོད་པའི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་བོད་དོན་ལས་འགུལ་གྱི་ཆ་ཤས་གཅིག་དེ་དེ་རིང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལེང་ཀོང་ལེ་ཡུལ་སྐོར་བྱེད་སའི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་ཤུལ་ཀོ་ཏུའུ་མཱེ་ན་རུ་ཞོགས་པའི་དུས་ཚོད་༨:༣༠་ཐོག་འཐབ་ཇུས་རང་བཞིན་ལྡན་པའི་ལས་འགུལ་མང་པོ་ཡོད་པའི་གྲས་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཡོད། ལས་འགུལ་བ་ཚོའི་ལག་ཏུ་བཟུང་བའི་འཕྲེད་དར་དང་ཤོག་བྱང་། ད་དུང་གཟུགས་པོའི་ཐོག་ཏུ་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན། གསར་བརྗེ་རྒྱལ་ལོ་ལ་སོགས་པའི་འབོད་ཚིག་སོགས་བཀོད་འདུག་ལ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ཐད་ལ་རྒྱ་གར་གཞུང་གི་རྒྱབ་སྐྱོར་དང་འཛམ་གླིང་ཧྲིལ་པོའི་ཐེ་བྱུས་དགོས་སྐོར་གྱི་སྐད་འབོད་དྲག་པོ་བྱས་ཡོད། “རྒྱ་གར་ནི་འཛམ་གླིང་ཐོག་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་ལོ་རྒྱུས་ཐོག་སེམས་དཔའ་ཆེན་པོ་གྷན་ངྷའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་མི་བསྟུན་པའི་ལས་འགུལ་བརྒྱུད་ནས་ཐོབ་པའི་ད་ལྟའི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པས། རྒྱ་གར་རྒྱལ་ཁབ་ལ་བོད་པའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་ཀུན་སྤྱོད་རང་བཞིན་གྱི་འགན་འཁྲི་ཡོད་ཅེས་” ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་། ཁོས་ད་དུང་མུ་མཐུད་ནས་“ལྷག་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་གཞུང་ཡང་འཛམ་གླིང་གི་སྲིད་གཞུང་ཚང་མ་དང་ལྷན་དུ་ལངས་ནས་ཁྱབ་རྒྱ་ཆེ་ལ། ནུས་ཤུགས་ལྡན་པའི་རྒྱལ་སྤྱིའི་རང་བཞིན་གྱི་དཔུང་སྡེ་ཆེན་པོ་ཞིག་བསྐྲུན་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་སྤྲད་པའི་ཐོག་ད་ལྟའི་བོད་ནང་གི་རྒྱ་གཞུང་གི་ཆེས་སྡུག་རྩུབ་ཀྱི་སྲིད་ཇུས་དེ་མཇུག་བསྒྲིལ་ཡོང་བར་ཤུགས་སྣོན་རྒྱག་པའི་དུས་ལ་བབ་ཡོད། བོད་ཀྱི་གནད་དོན་ཐག་གཅོད་གཙང་མ་བྱེད་ཐུབ་ན། ད་གཟོད་རྒྱ་དཀར་ནག་གཉིས་དབར་གྱི་རྩོད་རྙོག་ལའང་རང་བཞིན་གྱི་ལམ་ཁ་གསར་བ་ཞིག་རྙེད་ཐུབ།“ཅེས་བརྗོད་སོང་། དེ་ཡང་ཕྱི་ལོ་ཉིས་སྟོང་དགུ་ནས་བརྩིས་ན་ད་ལྟའི་དབར་རྒྱལ་གཅེས་དཔའ་བོའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་ལྔ་བཅུ་ང་གཅིག་བརྒལ་ཡོད་པ་རེད། རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ཚང་མས་༧་གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་སོགས་པའི་གཅིག་མཚུངས་ཀྱི་འབོད་སྒྲ་བསྒྲགས་ཡོད། ཡིན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོའི་སེམས་གཏིང་གི་མངོན་འདོད་ཁག་ལ་བསམ་ཤེས་བྱེད་རྒྱུ་ཕར་ཞོག ད་དུང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་ཐོག་ལ་ཡང་ཧ་ཅང་ཐབས་སྡུག་གི་རྩུབ་སྤྱོད་སྤེལ་ཡོད་ལ། དེ་མིན་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་ཉེན་རྟོག་མི་སྣས་མེ་མདའ་བརྒྱབ་ནས་བོད་མི་ཁ་ཤས་དམར་གསོད་བཏང་བ་མ་ཟད། ངོ་རྒོལ་ལས་འགུལ་ནང་འཛུལ་ཞུགས་བྱས་པར་དོགས་གཞི་ཡོད་མཁན་གྱི་བོད་མི་གང་མང་འཇུ་བཟུང་བྱས་ནས་བཙོན་འཇུག་བཀར་ཉར་བྱས་ཡོད། དེ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་གྱི་ཚོགས་མི་ཁག་ཅིག་གིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨམ་་་ཁིར་ཞི་ནཱ་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོང་བར་རྒྱ་གར་རང་བཙན་ཉིན་མོ་ནས་བཟུང་རྒྱ་གར་གྱི་མི་སེར་ཁོ་ནར་དམིགས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་དྲ་ཐོག་དང་ཡིག་ཐོག་གཉིས་ཀའི་ལམ་ནས་འགོ་འཛུགས་བྱས་ཡོད་ལ། བསྡུ་རུབ་བྱས་པའི་མཚན་རྟགས་དེ་དག་རྒྱ་གར་གྱི་སེམས་དཔའ་ཆེན་པོ་གྷན་ངྷའི་མཆོག་གི་འཁྲུངས་སྐར་ཉིན་ཏེ་ཕྱི་ཟླ་༡༠་པའི་ཚེས་༢་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་འབུལ་འཆར་ཡོད་འདུག(ཉིན་མོ་དེ་ནི་རྒྱ་གར་རྒྱལ་ཁབ་ལ་མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར་ལ་རྒོལ་ལན་དང་ཕྱིར་འབུད་བྱེད་ཐུབ་པའི་ནུས་པ་ཡོད་པ་མཚོན་གྱི་ཡོད།)
ང་ཚོའི་དྲ་ཐོག་གི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་གཟིགས་འདོད་ན། དྲ་ཐག་འདིའི་ཐོག་ལ་བསྣུན། https://secure3.convio.net/sft/site/Advocacy?cmd=display&page=User
དེ་རིང་གི་ལས་འགུལ་ཁྲོད་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་དང་།བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ལས་འགུལ་འགན་འཛིན་བསྟན་འཛིན་འཇིགས་བྲལ་གཉིས་ཀྱང་མཉམ་ཞུགས་གནང་ཡོད་ལ། ད་ལྟ་ཁོང་ཚོ་རྒྱ་གར་གྱི་ཉེན་རྟོག་མི་སྣས་བཀག་ཉར་བྱས་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་ཡོད། ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ།གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ།ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན། ༢༠༡༢་ལོའི་ཟླ་༩་པའི་ཚེས་༥་ཉིན།
འོ་ལགས་སོ། ཐུགས་རྗེ་ཆེ། སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
ལས་འགུལ་ཁྱད་མཚར་དེ་འདྲ་སྤེལ་ན་རྗེས་མ་རྒྱ་གར་བས་ལས་འགུལ་སྤེལ་དུ་བཅུག་གི་མ་རེད། བསམ་བློ་གཏོང་དང། གནས་ཡུལ་རྒྱལ་ཁབ་ལ་གུས་ཞབས་ལྡན་པའི་ལས་འགུལ་སྤེལ་ན་བཟང།
བོད་དོན་ལས་འགུལ་པ་ཚོས་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལ་ངོ་རྒོལ།(ཐེངས་གཉིས་པ།)
ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་ནས་བོད་དོན་ལས་འགུལ་བ་ཚོས་སྤེལ་འཆར་ཡོད་པའི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་བོད་དོན་ལས་འགུལ་གྱི་ཆ་ཤས་གཅིག་དེ་དེ་རིང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལེང་ཀོང་ལེ་ཡུལ་སྐོར་བྱེད་སའི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་ཤུལ་ཀོ་ཏུའུ་མཱེ་ན་རུ་ཞོགས་པའི་དུས་ཚོད་༨:༣༠་ཐོག་འཐབ་ཇུས་རང་བཞིན་ལྡན་པའི་ལས་འགུལ་མང་པོ་ཡོད་པའི་གྲས་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཡོད།
ཅེས་གསུངས་འདུག་་་་་་་་་་རྣམ་པ་ཚོ་གསུངས་དང། འཐབ་ཇུས་རང་བཞིན་ལྡན་པའི་ལས་འགུལ་དེས་མ་འོངས་པར་དགེ་སྐྱོན་གང་འདྲ་ཡོང་བ་འདུག་གམ།
དཔེ་ཡག་པོ་འདུག་རྒྱ་ནག་རྒྱལ་སྤྱིའི་སྟེང་ངོ་ཚ་བོ་བཟོ་རྒྱུ་དང་བྱ་ངན་ཐེར་འདོན་བྱ་རྒྱུ་དེ་རེད། དེ་མིན་རྒྱ་བོད་མཉམ་གནས་ཡིན་དབུ་མ་ཡིན། ང་ཚོ་ལོག་བཅུག་རོགས་ལབ་པ་ཉན་སོང་གམ་གཟིགས་དང་། ད་ནི་སྤྱི་སྒེར་ཚང་མས་བཀག་རྒྱ་དང་ཚད་བཟུང་མེད་པའི ཐོག་ནས་མང་གཙོའི་ལུགས་སྲོལ་ལྟར་ལས་འགུལ་སྤེལ་དགོས།
རྙིང་བ་རྐྱང་རྐྱང་གླིང་ཁི་བསྡད་ན་ཨ་མཆོག་ཚ་རོག་རེད། ལས་མགུལ་གསར་བ་གནང་ན་ཡག་པོ་འདུག། ཐུག་རྗེ་ཆེ། ལས་མགུལ་ག་རེ་གནང་ན་དམངས་གཙོའི་ཐོབ་ཐང་རེ། བདེན་པ་ར་སྤྲོད་དང་རྫུན་པ་ཐེར་འདོན་བྱེད་དགོས་ལ་དེ་ཡང་གསལ་བོ་བྱེད་པ་གལ་ཆེ། གསར་གཏོད། གཅིག་བསྒྲུལ། རང་ཁ་རང་གསོ་བྱེད་དགོས།
འདི་ལྟ་བུའི་ལས་འགུལ་ཇི་ཙམ་སྤེལ་ན་དེ་ཙམ་གྱིས་བོད་རྒྱ་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་བ་དང་། ཇི་ཙམ་གྱིས་རྒྱ་བོད་གཉིས་ཀྱི་བར་ཐག་ཇེ་རིང་དུ་སོང་ན་བོད་ཀྱི་རིག་གཞུང་གི་དབུགས་ཐག་ཆད་རྒྱུར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་བ་ཡིན།
ཀླད་པ་དེ་ལྗང་མདོག་ཡིན་པ་འདྲ། ཐབས་ཇུས་རང་བཞིན་ལྡན་པའི་ལས་འགུལ་དེས་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་དོར་མེད་པ་མདོར་ན་རང་ཚུགས་མ་ཤོར་བ་དང་རང་བཟོ་མ་ཉམས་པ་ཞིག་ཡིན་ཕྱིན་མ་འོངས་པར་དགེ་བ་ལས་སྐྱོན་གང་ཡང་འབྱུང་མི་སྲིད། འོན་ཀྱང་དེ་ལས་ལྡོག་པའི་ཡོད་ཚད་བློས་གཏོང་གིས་མགོ་འབུལ་ལུས་འབུལ་གྱི་སློང་མོ་བ་རྣམས་ལ་སྐྱོན་མ་གཏོགས་སྣང་མི་སྲིད།
སྲལ་འི། དགའ་ནས་ཡོད། ཐབས་ཇུས་དང་བློ་བཀོད་ལྡན་པའི་བྱ་འགུལ་སྤེལ་ཐུབ་ན་དེ་ནི་མི་རིགས་ཤིག་གི་གཟི་བརྗིད་དུ་རྩི། དེ་མིན། རྒྱ་གར་དང་ཕྱི་རྒྱལ་ཁག་ང་ཚོའི་ས་ཆ་མིན་པའི་དབང་དུ་བཞག་ནས་ལས་འགུལ་སྤེལ་ན་སྐྱོན་དུ་མཐོང་བ་དང་དོགས་དུ་ཟོན་མཁན་ཚང་མ་ལ་སོ་སོས་སོ་སོ་བཅུག་ནས་རིལ་བུ་འདྲ་ཞིག་བྱེད་པའི་བསམ་བློ་སྐྱོན་ཅན་ལ་ངོ་ཚ་རྒྱུ་ཡོད་ནི་བྱས་ཟེར་བ་ཡིན། འཛམ་གླིང་ཧྲིལ་པོས་རྒྱ་བོད་གཉིས་ཀྱི་ཁྱོ་ཤི་ང་གསོན་གྱི་དཀའ་རྙོག་འདི་ཤེས་ཡོད་ཡོད་པ་རེད། དེ་ན་དེ་ལ་ངོ་རྒོལ་བྱེད་པ་ལ་བར་ཆད་བྱེད་པ་དང་བཀག་འགོག་བྱེད་མཁན་ཚང་མ་ཡང་བོད་ཀྱི་དགྲ་པོ་གསར་བ་ཞིག་དུ་རྩིས་ན་མ་འགྲིག་པ་ཡོད་བ་མ་རེད། བསམ་ཤེས་ཡོད་ནིའི་རྒྱལ་ཁབ་དང་མི་རིགས་གིས་ང་ཚོ་ལ་རོགས་པ་བྱེད་པ་ལས་གནོད་པ་བྱེད་མི་སྲིད་པ་ཞིག་རེད།
ཏིབབཏ ཀི ཨྰཇཏ། བྷྰརཏ ཀི སུརཀྵཱ །
བོད་ཀྱི་རང་བཙན། རྒྱ་གར་གྱི་སྲུང་སྐྱོབ།
བོད་ཀྱི་རང་བཙན་ནི། རྒྱ་གར་གྱི་སྲུང་སྐྱོབ་རེད།
ལས་འགུལ་སྤེལ་བ་ཤིན་ཏུ་བཟང་། བོད་རྒྱལ་ལོ།
འདི་ལས་འགུལ་འདྲ་བོ་མིན་འདུག སྤྱོད་པ་ཉེས་མདོག་ཁ་པོ་འདུག ད་དུང་འཐབ་ཇུས་ཡིན་ཟེར། ལས་འགུལ་ངོ་མ་གནང་མཁན་གཞོན་ནུའི་དབུས་རྒྱུན་རྣམ་པ་རེད་དོ།
ལས་འགུལ་ག་རེ་སྤེལ་ན་རྒྱབ་སྐྱོར་ཡོད།
ཀླད་པ་ཁྱེད་རང་ལ་ཀླད་པ་ཞེ་དྲག་མེད་པ་འདྲ། ལས་འགུལ་ལ་འདྲ་མོན་སྣ་ཚོགས་ཡོད་པ་ལས་སྣ་གཅིག་ཁོ་ན་ག་ལ་ཡིན། སོ་སོས་ཅི་ཡང་མི་འཇོན་པར་ལས་ཀ་བྱེད་མཁན་ལ་གཅིག་བཤད་ཁུལ་བྱེད་པ་འདི་ངོ་ཚ་མེད་པའི་རྣམ་ཐར་རེད་ལོ།