༄༅། ཕྲན་བཀྲིས་དབང་འདུད་བཀའ་བློན་ཁྲི་པ་སྐབས་ ༣ འོས་གཞིར་ལང་ཆེད་སྦར་སིལ་༸སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་དགོངས་པ་ཞུས་འཁྲེོལ་གྱིས་ལས་མཚམས་དངོས་སུ་ ༢༠༡༠ ཟླ་ ༡༢ ཚེས་ ༡༧ ཉིན་བཞག་ཟིན་པ་དང་། ད་ཆ་དངོས་གཞིའི་འོས་གཞིར་སྡོད་རྒྱུའི་གསལ་བསྒྲགས་སྦུད་ཙམ་ཞུ་རྒྱུར།
ལོ་ཤས་སྔོན་ནས་མི་སྒེར་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་མི་སྣས་ཕྲན་མ་འོངས་བཀའ་བློན་ཁྲི་པའི་འོས་གཞིར་སྡོད་འཆར་ཡོད་མེད་དྲི་བརྩད་དང་། སྡོད་དགོས་པའི་འབོད་སྐུལ་ཨུ་ནན་གནང་མཁན་རིམ་པ་བྱུང་བར་འོས་གཞིར་སྡོད་བློ་མེད་ལུགས་ཞུས་པ་དང་། འདས་ལོ་གཅིག་ནང་ནོར་ཝེ་དང་ཁེ་ན་ཌ་ནས་སྐབས་གསུམ་པའི་བཀའ་ཁྲི་འོས་མི་མང་ཚོགས་ནས་མིག་འཛུགས་གནང་ཆེད་གློག་འཕྲིན་དྲྭ་བ་ (Website) ཆེད་འཛུགས་གནང་བའི་ནང་ཕྲན་གྱི་མིང་རིམ་ཐོན་སྐབས་ཕྱིར་འཐེན་ཞུས་ཤིང་། དེ་འབྲེལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་ནས་ཀྱང་འོས་མིར་སྡོད་རྒྱུའི་རེ་སྐུལ་ཕྱག་བྲིས་གནང་བར་འོས་གཞིར་སྡོད་འཆར་མེད་སྐོར་ཡིག་ངག་གཉིས་ཐོག་ནས་འགྲེལ་བཤད་ཞུས་ཡོད།
དེ་རྗེས་རང་གཞུང་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་གནང་བསྟུན་སླར་ཡང་ཨ་རི་དང་། ཡུ་རོབ། རྒྱ་གར་སོགས་ནས་བོད་མི་སྤྱི་སེམས་ཅན་ཁག་གཅིག་གིས་ཞལ་པར་གནང་སྟེ་ད་ལྟའི་སྐབས་ལས་གཡོལ་མལ་གསོ་རྒྱབ་དུས་མིན་པ་དང་། མང་ཚོགས་ནས་འདོད་མོས་ཀྱིས་འོས་ཤོག་བླུགས་ཏེ་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞིའི་ནང་མིང་འདོན་གནང་ན་ཕྱིར་འཐེན་བྱ་སེམས་ཡོད་མེད་ཐད་ཀར་བཀའ་འདྲི་གནང་མཁན་བྱུང་ལན་དུ། ཕྲན་ནས་སྔོན་འགྲོའི་འོས་གཞིའི་ནང་སྡོད་རྒྱུ་མིན་པའི་ཐག་གཅོད་བྱེད་དོན་རང་ཉིད་སེམས་ཤུགས་ཆགས་པ་དང་། ཞབས་འདེགས་ཞུ་འདོད་མེད་པ། དཀའ་ངལ་ལ་གཡོལ་ཐབས་བྱས་པ་སོགས་མིན་ཞིང་། མི་ལོ་ ༤༠ སྐོར་གཞུང་མང་གི་ཞབས་འདེགས་ཞུས་ཟིན་པ་དང་། ད་ཆ་མུ་མཐུད་བསྡད་ན་ཐུགས་ཕན་གསོས་པ་ཨེ་ཡོང་བསམ་སྟེ་འོས་གཞིར་བསྡད་མེད་ཀྱང་། ད་དུང་རྒྱ་ཆེའི་མང་ཚོགས་ནས་ཐུགས་རེ་ཡིད་ཆེས་དང་འོས་ཤོག་བླུགས་གནང་མཁན་ཡོད་ན་དེ་ཚོ་རྩི་མེད་སྣང་ཆུང་འཇོག་ཐབས་མེད་གཤིས། གལ་སྲིད་ཕྲན་དངོས་གཞིའི་མིང་གཞུང་ནང་ཡོད་ན་ཕྱིར་འཐེན་བྱ་རྒྱུ་མིན་པའི་ཁས་ལེན་ཞུས་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་དབུས་འོས་བསྡུ་ལས་ཁང་ནས་མིང་གཞུང་གསལ་བསྒྲགས་གནང་ཉིན་བཀའ་ཤག་ལ་ཕྲན་སྦར་སིལ་༸སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་རྩ་དགོངས་ཞུས་པ་དང་།
རང་ཉིད་ཀྱི་རྩ་དོན་དང་འབྲེལ་བའི་ལང་ཕྱོགས་དང་། འཛིན་སྐྱོང་ལས་དོན་བྱེད་འཆར་སོགས་ད་ནས་དངོས་གཞིའི་འོས་ཤོག་མ་བླུགས་བར་ད་དུང་ཟླ་བ་ ༣ ལྷག་ཡོད་སྟབས་གསར་འཕྲིན་དང་བགྲོ་གླེང་ཚོགས་འདུ་ཁག་གི་བརྒྱུད་ལམ་ནས་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད། ཡོང་རྒྱུའི་དུས་ཡུན་འདིའི་ནང་དུས་ཚོད་དང་འགྲོ་སོང་གི་ཆ་ནས་ཕྲན་རང་བོད་མིའི་སྡོད་སྒར་ས་གནས་ཁག་ལ་བཅར་ཐུབ་རྒྱུ་དཀའ་བ་ལས་འོས་བསྡུའི་ལས་དོན་ལ་སྣང་ཆུང་དང་མང་ཆོགས་ལ་ཆ་མཐོང་མ་ཞུས་པ་མིན།
ཚང་མས་མཁྱེན་གསལ་ལྟར་རང་རེའི་བཅའ་ཁྲིམས་དགོངས་དོན་གྲོས་ཚོགས་ནས་སྲིད་བྱུས་གཏན་འབེབས་གང་གནང་འཛིན་སྐྱོང་བཀའ་ཤག་ནས་ཕྱག་བསྟར་གནང་དགོས་ཤིང་། ཕྲན་རང་འདས་པའི་མི་ལོ་ ༤༠ ཙམ་རིང་འཛིན་སྐྱོང་ནང་ཐེམ་སྐས་རིམ་འཛེགས་ཀྱིས་གཞུང་མང་གི་ཞབས་འདེགས་ཇི་ཞུས་རྒྱ་ཆེའི་མང་ཚོགས་ནས་མཁྱེན་རྟོགས་ཡོད་ཀྱང་། གཞོན་སྐྱེས་ཁག་གཅིག་དང་། འདས་ལོ་བཅུ་ཕྲག་གཉིས་ཙམ་ནང་བོད་ནས་གསར་ཕེབས་གནང་མཁན་ཁག་གཅིག་གིས་གསལ་མཁྱེན་མེད་པ་དངོས་འབྲེལ་ལ་སོང་། ང་ཚོའི་སྤྱི་ཚོགས་འདི་དེ་ཙམ་ཆེན་པོ་མིན་སྟབས་གཞན་ལ་འདྲི་རྩད་དང་ཕྱོགས་ཡོངས་ནས་དཔྱད་ཞིབ་གནང་སྟེ་བཀའ་ཁྲིར་འོས་བབ་ཡོད་མིན་གཟིགས་གལ་ཆེ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པ་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་མཁེ་ཕན་གྱི་ཆེད་མི་རབས་གོང་མ་རྣམས་ནས་སྤྱིའི་སྒྲིག་འཛུགས་ལམ་སྲོལ་རྨང་གཞི་སྲ་བརྟན་བཟོས་གནང་བར་རྒྱུན་འཁྱོངས་ཡར་རྒྱས་གཏོང་རྒྱུ་དང་། མི་རབས་གསར་པར་བརྟན་ལྷིང་ཐོག་ནས་བརྒྱུད་སྤྲོད་ཐུབ་ཐབས་ཆེད་ད་ལྟའི་སྐབས་འདིར་མ་འོངས་ལོ་ ༥ རིང་ཕྲན་ལ་བཀའ་བློན་ཁྲི་པའི་འགན་འཁུར་འཁྱེར་དགོས་པའི་རེ་བསྐུལ་གནང་མཁན་ཚོར་དེ་དོན་ཁས་ལེན་གསལ་བསྒྲགས་འདིའི་བརྒྱུད་ནས་ཞུ་རྒྱུ་བཅས། ཕྲན་བཀྲིས་དབང་འདུད་ཀྱིས། ༢༠༡༠ ཟླ་ ༡༢ ཚེས་ ༢༡ ལ།།
བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་བཀའ་ཁྲིའི་འོས་གཞིར་བཞེངས་པར་སྙིང་དབུས་མཚམས་ཁྲིའི་བཀྲིས་བདེ་ལེགས་བཞུ། བོད་རྒྱལ་ལོ།
སྤྱིར་ཁྱེད་རང་མི་ཡག་པོ་ཡོད་ཀྱང་ད་རེས་བཀའ་བློན་གྱི་འོས་ཐོབ་ཀྱི་མ་རེད། སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ཤོར། བཀའ་ཁྲིའི་འོས་ཤོར། ལ་ཤའི་ཤ་བ་ཤོར། ཐང་ཐོག་གི་རི་བོང་ཤོར། དགའ་ལྡན་གྱི་མང་ཇ་ཤོར། བླ་བྲང་གི་ཚོགས་ཐུག་ཤོར། འབྲར་སྤུངས་ཀྱི་སྐུ་འགྱེད་ཤོར། ལག་ནང་གི་ལྕགས་ཚན་ཤོར། རུམ་ནང་གི་བྲོ་ཁ་ལྷུང་བ་ཞིག་མ་བྱུང་ན་ངས་ལུང་བསྟན་བཤད་མཚམས་བཞག་ཆོག xxxxxxxxxxxxx
ད་རེས་བཀའ་ཁྲིའི་རྒྱལ་ཁ་བློ་བཟང་སེང་གེའི་ཡིན།།
འདི་ནི་འཇིག་རྟེན་བྱེད་པོ་བདག་གིས་བསམ་བཟོས།།
ང་ཡིས་བཟོས་པ་རྣམས་ལ་ང་ཡིས་དབང་བསྒྱུར་བས།།
ང་ལ་འཇིག་རྟེན་བཀོད་པ་པོ་ཞེས་ཡོངས་སུ་གྲགས།།
སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ལ། ཐུགས་རྗེ་ཆེ་ལན་གྲངས་༡༠༠༠༠༠༠༠༠༠༠༠༠༠༠༠ ཕུལ་བ་ལགས། སྐབས་འདི་ནི་ཤིན་ཏུ་ནས་དུས་ཚོད་གཉན་འཕྲེང་གི་དུས་ཤིག་རེད། སློབ་སྦྱོང་ཕུན་སུམ་ཚོགས་པ། ཉམས་མྱོང་ཕུན་སུམ་ཚོགས་པ། ལྟ་བ་ཕུན་སུམ་ཚོགས་པ་སྐུ་ཉིད་ཀྱིས། དུས་སྐབས་འདི་ལྟ་བུ་ལ་བློ་གྲོད་པ་འཁེལ་ན་ཡང་གྲོད་པས་ཆུ་ལུད་ཟེར་བའི་དཔེ་ལྟར་མ་སོང་པར། གཞིས་བྱེས་བོད་འབངས་ཡོངས་ཀྱི་ཐུགས་རེ་བཞིན་ལམ་སློང་ཡོང་བའི་སྨོན་འདུན་བཅས།
xxxxxxx
སྐུ་ངོ་བཀྲིས་དབང་འདུས་ལགས་བཀའ་བློན་ཁྲི་པར་ཕེབས་པར་འདི་ལེགས་མོད། ཡིན་ནའང་། ད་ལྟའི་ཆུ་མོའི་རྒྱུག་སྟངས་འདི་ལ་ལྟ་དུས། རེ་བ་འདི་ཙམ་ཆེན་པོ་མིན་འདུག
གལ་ཏེ་རླུང་རྟར་སྒྱུར་བ་ཐེབས་ནས་གཤམ་གསལ་གྱི་གནས་ཚུལ་རྣམས་བྱུང་ན་ཁོང་ལ་རེ་བ་འདུག
༡༽ བཀའ་ཁྲིའི་འོས་བསྡུའི་གོང་ལ། ཨ་རིའི་ཧར་ཝ་ཀྲི་སློབ་ཆེན་གྱིས་བློ་བཟང་སེང་གེ་ལ་གཏན་འཇགས་ཀྱི་སློབ་དཔོན་གྱི་ལས་ཀ་སྤྲད་ན། ཁོང་གིས་འོས་ནས་འཐེན་སྲིད་ཀྱི་རེད། གོ་སྐབས་འདི་ཤིན་དུ་འཐོབ་དཀའ་བ་ཞིག་རེད།
༢༽བློ་བཟང་སེང་གེ་རྒྱ་མོ་ཞིག་དང་མཉམ་དུ་ཉལ། དེ་རྒྱ་མིའི་ཉུལ་མ་ཡིན་ཚེ། ཁོང་འོས་སྡུ་ནས་ཕྱིར་འཐེན་དགོས་སྲིད།
༣༽ ཨ་རིའི་ཝི་ཀི་གསང་ཤོར་ཡིག་ཆའི་ནང་ནས། བློ་སེང་གིས་ཨ་རིའི་ཉུལ་མའི་ལས་ཀ་བྱས་པ་འདྲ་འཐོན་ཚེ་ཁོང་ཕྱིར་འཐེན་བྱེད་དགོས།
༤༽ཉིན་ཞིག་རྒྱལ་བ་རིན་པོ་ཆེས་གསལ་བསྒྲགས་གནང་ནས་ཁོང་གི་རྒྱབ་སྐྱོར་དེ་བཀྲིས་དབང་འདུས་ལ་ཡོད་དོ་གསུངས་ན་བཀྲིས་དབང་འདུས་ལགས་ལ་རེ་བ་འདུག
ཡིན་ནའང་། ཡང་བསྟན་འཛིན་རྣམ་རྒྱལ་ལགས་ད་ལྟ་ཞུགས་ཡོད་པས་་་་་་ཨ། ད་དངོས་གནས་རེ་བ་མིན་འདུག་ག
འོ་བསམ་བློ་ཞིག་བཏང་དུས་རེ་བ་འདུག
བློ་སེང་དང་བསྟན་འཛིན་རྣམ་རྒྱལ་རྩོད་པ་ཤོར། རྩོད་པ་དེ་ཇེ་ངར་ཇེ་ངར་ལ་སོང་ནས། བློ་སེང་གིས་བསྟན་རྣམ་ལ་འགྲམ་ལྕག་ཞིག་ཞུས། བསྟན་རྣམ་གྱིས་བློ་སེང་གི་ཕོ་རྟགས་ལ་རྡོག་རྡོ་ཞིག་ཞུས། གཉིས་ཀ་ཨ་རིའི་བདེ་འཇགས་པས་བཟུང་། བཀྲིས་དབང་འདུས་ལ་བཀའ་ཁྲི་འཐོབ།
ནམ་རྒྱུན་སྐུ་ངོའི་མཛད་རྗེས་ལ་ཡིད་རངས་དང་། བསྔགས་བརྗོད་ཞུ་མཁན་ཡིན་པའི་ཆ་ནས་སྐུ་ངོ་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ན་དགའ་དགོས་པ་ཞིག་ཡིན་བཤད་མི་དགོས་ཀྱང་། ད་ལན་འོས་བསྡུ་འདིའི་སྐབས་སུ་མིང་མང་ནས་བཀའ་བློན་གྱི་འོས་ལ་བཞེངས་དགོས་པའི་འབོད་བསྐུལ་ཞུས་སྐབས་གནང་གི་མིན་པ་འདྲ་བོ་གསུངས་པ་དང་། སྔོན་འགྲོའི་འོས་བསྡུ་བྱ་ཡལ་རྡུལ་དྭང་བའི་རྗེས་སུ་སྐུ་ངོ་ནས་བཀའ་བློན་གྱི་འོས་གཞིའི་ནང་བཞུགས་ཀྱི་ཡིན་གསུངས་པར་སྐུ་ངོའི་ཕུག་གི་དམིགས་ཡུལ་གང་ཡིན་ཅང་མི་ཤེས་ཀྱང་མི་མང་ལ་འཐོམ་ཞྭ་ནག་པོ་ཞིག་གཡོགས་ཡོད། མ་འོངས་པའི་བཀའ་བློན་ཁྲི་པའི་རེ་བ་མ་གནང་།
ཁྱོད་ཀྱི་འོས་གཅིག་པོ་དེ་སུ་ལ་ལྡུག་ནའང་ཐང། འོན་ཀྱང་སྐུ་ངོ་བཀྲས་དབང་མཆོག་ལ་སྙིང་ཚིམས་དང་དམའ་འབེབས་བྱས་པ་དེ་ཤིན་ཏུ་ནས་མ་འོས་པ་ཞིག་རེད། ཁྱོད་འཇོག་རྟེན་བྱེད་པོ་ཡིིན་ན་དེ་ནི་ཁྱེད་རང་གི་ལོག་རྟོག་འབའ་ཞིག་ལས་གྲུབ་པ་རེད། ཁྱེད་རང་གི་ལྟ་བ་དེ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་རེད། དོན་དངོས་ལ་འཇིག་རྟེན་བྱེད་པོ་ཞེས་པ་མེད། ཁྱོད་མུ་སྟེགས་པ་ཞིག་གིས་བོད་ཆོས་ལྡན་ཞིང་གི་དབུ་ཁྲིད་ལ་བོད་ཡིག་དང་ནང་ཆོས་ལ་ཆ་རྒྱུས་རྩ་བ་མེད་པའི་མུ་སྟེགས་པ་ལྟ་བུའི་འགོ་ཁྲིད་ཅིག་འཇོག་པར་འདོད་དམ། ཀ་ཡེ་འཇིག་རྟེན་བྱེད་པོ། དེང་སང་ཚན་རིག་དར་ཁྱབ་ཤིན་ཏུ་ཆེ་བས་མི་རྣམས་མགོ་བོ་རྨོངས་སུ་འཇུག་མི་ཐུབ། དགོངས་པ་མ་ཚོམས། རྗེས་སུ་མཇལ་ཡོང།
xxxxxxxxxxxxxx
*
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » བསམ་ཚུལ།
སྔོན་འགྲོའི་འོས་བསྡུ་མདོར་གླེང་། ཁང་གསར་རྡོ་རྗེ།
འདོན་སྤེལ། ༢༠༡༠/༡༡/༡༨
(བློ་རྒྱ་ཆེ་བའི་དཔྱད་ཞིབ་དང་བསམ་རྒྱ་ཡངས་པའི་འཆར་སྣང་མེད་ན། རང་དབང་ཆེ་བའི་དམངས་གཙོ་མེད།)
ཚང་མས་ཟབ་ཉན་བྱེད་ཀྱིན་པའི་སྔོན་འགྲོའི་འོས་བསྡུ་དེ་ཚར། འོན་ཀྱང་དེའི་སྐོར་ལ་དཔྱད་ཞིབ་བྱེད་མཁན་མི་འདུག ངས་རྒྱ་གར་ནང་བཞུགས་པའི་ངོ་ཤེས་ཚོ་ལ་བསམ་ཚུལ་དྲིས། ཁོང་ཚོས་ཚང་མ་སྔོན་ནས་ཚོད་དཔག་ཐུབ་ཡོད་མདོག་མདོག་བྱེད། ངས་ཨ་རི་དང་ནུབ་ཁུལ་དུ་གྲོགས་པོ་ཁ་ཤས་དང་སྐད་ཆ་བཤད། ཚང་མས་ཧང་སངས་དགོས་པ་ཅི་གང་མི་འདུག་མདོག་མདོག་བྱེད། ཚང་མས་ཤེས་ཡོད་ནའང་ཐང་། ཀུན་གྱིས་དཔོག་ཡོད་ནའང་འགྲིག འདིར་ངས་བྲེལ་ཟིང་གི་ཁྲོད་ནས་དཔྱད་ཞིབ་ཅིག་བྱེད་འདོད་བྱུང་།
༡ ༽ གོ་རྟོགས།
ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཐད། བལ་འབྲུག་གཉིས་ཀྱིས་འགལ་རྐྱེན་བརྩམས་ཡོད་ཀྱང་། དེ་ནི་རང་ཅག་གི་ལག་ཏུ་མེད་པས་བཞག རང་ཅག་གིས་འཐུས་ཤོར་བ་ནི། མང་ཚོགས་ཀྱི་ངོས་ནས་དེབ་སྐྱེལ་བྱས་ཀྱང་འོས་བསྡུའི་ཆ་ཤས་ནང་ཞུགས་མ་ཐུབ་པ་ད་དུང་ཁྲི་གསུམ་སྐོར་ཡོད་པ་དེ་རེད། མང་ཚོགས་དཀྱུས་མ་ཙམ་མ་ཟད། གཞུང་གི་གནད་ཡོད་ལས་བྱེད་དང་ཐ་ན་འོས་བསྡུའི་འགན་འཛིན་བཅས་པར་ཡང་ཞན་ཆ་མི་ཉུང་བ་ཞིག་སྔར་བཞིན་འདུག་པ་དཔེར་ན། འོས་བསྡུའི་འགན་འཛིན་རྣམ་པས་སྒྲིག་གཞི་དང་མཐུན་པའི་ལམ་སྟོན་གསལ་པོ་དང་ཡང་དག་པ་གནང་ཐུབ་མེད་པ་དང་གཅིག འབྲུག་ཡུལ་དུ་འོས་བསྡུའི་སྐོར་ལ་འབྲེལ་བ་བྱེད་སྐབས་ས་གནས་ཀྱི་ཆབ་སྲིད་གནས་སྟངས་ལ་དགོངས་བཞེས་མ་ཐུབ་པ་དང་གཉིས། འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་དང་ལམ་སྟོན་ཁག་བོད་དབྱིན་གཉིས་ནང་བྲིས་ཏེ་དྲྭ་ལམ་ཁག་ཏུ་འཇོག་མ་ཐུབ་པ་ཙམ་མ་ཟད། འཇོག་རྩིས་ཙམ་ཡང་མེད་པ་དང་གསུམ་ལྟ་བུ་ཡིན། ད་དུང་སྔོན་འགྲོའི་འོས་མིའི་ཐོ་གཞུང་གསལ་བསྒྲགས་བྱས་པ་དེའི་ནང་། མི་དང་ས་ཆའི་མིང་འབྲི་ནོར་ཤོར་བ་དང་ཡིག་ནོར་ཧ་ཅང་མང་བ་ནི། བོད་ནང་བོད་ཡིག་གི་ཆེད་དུ་སྲོག་བཏང་སྟེ་སྐད་འབོད་བྱེད་བཞིན་པའི་སྐབས་འདི་ལྟ་བུར་ལྷག་པར་དུ་མིག་ལ་མི་མཛའ་བའི་ལས་ཀ་རེད།
གཞུང་གི་གནད་ཡོད་ལས་བྱེད་ལ་མཚོན་ན། ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་ཀྱི་འོས་གྲངས་སྐོར་གསར་ལམ་དུ་བསྒྲགས་པ་དང་། ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་འོས་བསྡུའི་མི་སྣར། འོས་དངོས་སུ་བསྡུ་བའི་སྐབས་སུ་གཞན་གྱིས་བཀྲམས་པའི་འོས་གཞིའི་ཐོ་གཞུང་བེད་སྤྱོད་ཆོག་པའི་ལམ་སྟོན་ལོག་པ་བྱས་པ། ས་གནས་འོས་བསྡུ་ཚོགས་ཆུང་ཁག་གིས་འོས་བསྡུའི་ཉིན་ལྟ་རྟོག་སྟངས་འཛིན་སྒྲིག་གཞི་དང་མ་མཐུན་པ་མང་དུ་བྱུང་བ་ལྟ་བུ་ཡིན། བདག་གིས་བལྟས་ན། སྐྱོན་ཆ་འདི་དག་གི་རྩ་བ་གཅིག་ནི། དབུས་འོས་བསྡུ་ལས་ཁང་ནས་བྱུང་བ་རེད། དབུས་འོས་བསྡུ་ལས་ཁང་ཞེས་པ་ཞིག་གཏན་འཛུགས་ཡོད་ཀྱང་། འོས་བསྡུའི་ལས་ཀ་མེད་པའི་སྐབས་སུ་གྲ་སྒྲིག་དང་ལས་ཀ་མེད་པར་སྡོད་ཅིང་། འོས་བསྡུའི་ལས་དོན་བྱུང་བ་དང་འོས་བསྡུའི་འགན་འཛིན་ངོ་མ་དང་ལས་འཕར་ཞེས་དེ་སྔོན་འོས་བསྡུའི་ཉམས་མྱོང་ཡོད་མེད་དང་། མང་ཚོགས་ལ་སྐད་བརྡ་འཕྲོད་མིན་སོགས་ལ་མ་བལྟས་པར་བསྐོས། དེ་ཚོས་ཉིན་ཤས་ནང་ཟང་ངེ་ཟིང་ངེ་བྱས་ཏེ་སྒྲིག་གཞིར་སློབ་སྦྱོང་བྱེད་ཁུལ་བྱེད་ཀྱང་དོན་གྱི་གོ་རྟོགས་གཏིང་རྩ་ཆོད་པ་མེད། འདི་ལྟར་སྔོན་གྱི་འོས་བསྡུ་རིམ་པའི་སྐབས་བྱུང་བའི་ཉམས་མྱོང་རྣམས། འོས་བསྡུའི་སྐབས་རྗེས་མར་བརྒྱུད་སྤྲོད་ཐུབ་པའི་ལམ་ལུགས་ཡག་པོ་ཆགས་མེད།
༢ ༽ མིང་ཤས།
ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ནང་། ཆེད་དུ་མིང་ཤས་བཟོ་བའི་གནས་ཚུལ་ཤུགས་ཆེན་པོ་བྱུང་ཡོད། དཔེར་ན། རྒྱ་རི་སྒྲོལ་མ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་བཟང་སེང་གེར་གནོད་སྐྱེལ་རྩིས་རེད་ཟེར་བ་དང་། བཀྲས་མཐོང་བསྟན་རྣམ་གྱིས་གཞུང་དངུལ་ཕོན་ཆེ་སྒེར་ཟོས་བྱས་པ་རེད་ཟེར་བ། ཁྱིམ་ཚང་ཆེན་པོ་གསུམ་གྱིས་ད་བར་བཙན་བྱོལ་གྱི་དབང་ཆ་བཟུང་བ་རེད་ཟེར་བ་ལྟ་བུ་རེད། འོན་ཀྱང་བཀྲ་ཤིས་དབང་འདུད་དང་བློ་བཟང་སྦྱིན་པ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་གནོད་སྐྱེལ་ཆེད་ཡིན་མིན་ཐད་རྩོམ་ཡིག་སྤེལ་མཁན་སུ་ཡང་མེད། དེའི་ཐོག་ནས་ཆེད་དུ་མིང་ཤས་བཟོ་བའི་སྦྱོར་བ་ངན་པ་དེ་ཚོའི་འབྱུང་ཁུངས་གང་ཡིན་ཕྱོགས་ཙམ་མཚོན་ནུས་པ་ཡིན།
༣ ༽ ཉམས་མྱོང་རྒས་པོས་འཆུག་པ།
དུས་བབ་དྲ་རྒྱ་ལས་བཤུས།
བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད།
ཁ་བྱང།
http://www.tibettimes.net/news.php?cat=5&&id=3636
སྐུ་ངོ་བཀྲིས་དབང་འདུ་ལགས་སྔོན་མ་ང་ཁྱེད་ལ་ཡིད་ཆེས་དང་དགའ་མོས་བྱེད་མཁན་ཞིག་ཡིན།
ད་ཆ་ཁྱེད་ཀྱི་ཕྲུ་གུ་ལས་ཀ་ལྟ་བུ་དེ་ལ་ང་ཡང་བློ་ཕམ་བྱུང་སོང།
གྲོགས་པོ་ཚོ་་ཁྱེད་རང་ཚོའི་ར་བཟིའི་སྐད་ཆ་འདི་ཚོར་ཡ་ལན་བྱེད་འོས་པ་ཞིག་མཐོང་གི་མི་འདུག་ འོན་ཀྱང་དོན་དངོས་ཐོག་བཀྲས་དབང་མཆོག་ནི་བག་དང་ལྡན་ཞིང་བཟང་སྤྱོད་ལྡན་པའི་དབུ་འཁྲིད་གཅིག་ལོས་ཡིན་ བློ་སེང་གིས་ཟམ་གདོང་བླ་མས་ལད་ཟློས་བྱས་སྟེ་གསར་གཏོད་དང་ གཅིག་བསྒྲིལ་སོགས་ཚིག་རྐང་གསུམ་ཕྱིར་སྟོན་ཀྱང་ དེ་ནི་ཟློས་གར་ཙམ་ལས་ཁོང་གི་བརྒྱུད་ལ་ལྡན་པ་ཞིག་ག་ནས་ཡོང་ ཁོང་གི་ལི་ཐང་བརྟན་བཞུགས་སྐབས་དཔུང་བསྒྲིགས་སྟངས་དེ་ལ་བལྟས་ན་ཤེས་ཚོད་རེད་
བཀྲས་དབང་མཆོག་ལ་དེ་ལྟ་བུའི་ཡོན་ཏན་དང་ཉམས་མྱོང་ཞིག་ཡོད་ཀྱང་བོད་ཀྱི་ཡ་རབས་སྤྱོད་བཟང་མ་བརླག་པར་ཁ་སྐྱེངས་ ངོ་ཚ་ཁྲེལ་དང་ལྡན་པ་ཞིག་གནང་བ་རེད་
བསྟན་འཛིན་རྣམ་རྒྱལ་ནས་དེ་སྔ་བཀའ་བློནཁྲི་པ་ཐེངས་གཅིག་བྱས་ཚར་བ་དང་སྐབས་དེར་ཁོང་གིས་ལ་དགས་བལ་ལས་སོགས་ནས་དངུལ་མ་ཚང་བ་དང་དོན་དངོས་ཐོག་བོད་གཞུང་སྤང་སྒོག་བཟོས་པ་རེད་ གཞུང་གི་རྩིས་ཁྲ་བྱུང་སོང་ཁ་མ་འདུམ་པ་དེ་ཁོང་གིས་བྱས་རྗེས་ཞིག་ལོས་ཡིན་
སྔོན་འགྲོའི་འོས་གཞི་མ་བཏོན་གོང་སྤང་རྟགས་ཀྱི་མི་མང་ལ་འོས་ཤོག་སློང་མཁན་དེ་ཚོ་ཁྲིམས་དང་ལྡན་མིན་འོས་བསྡུ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ནས་གསལ་བཤད་ཞིག་གནང་རོགས་ཞུ་
སྔོན་འགྲོའི་སྐབས་འོས་བླུགས་མཁན་ཁྲི་གསུམ་བརྒལ་ཙམ་ལས་བྱུང་མེད་ དངོས་སུ་དེབ་སྐྱེལ་བྱ་མཁན་བདུན་ཁྲི་བརྒལ་བ་ཡོག་རེད་ དེ་ཚོ་ད་ལྟ་ཤི་ཡོག་མ་རེད་
བློ་བཟང་སེང་གེ་ལ་ཁྲི་གཉིས་བླུགས་མཁན་ནང་ནས་་ཁྲི་གཅིག་ནི་གྲ་ཚང་ཁག་གི་གསར་འབྱོར་ཁམས་པ་དེ་ཚོ་རེད་ འདི་ཚོར་འོས་ཤོག་གཉིས་ཐོབ་ཐང་ཡོད་པ་དེ་དམངས་གཙོ་ངོ་མ་མ་རེད་ མར་ཏང་འདི་ཚོ་ང་ཚོེའི་སྤྱི་ཚོགས་ཀྱི་ཞབས་འདྲེན་པ་རེད་ དོན་དངོས་སྲིད་དོན་གྱི་གནད་འགག་མ་ཤེས་པར་ཕ་ཡུལ་གཅིག་པའི་ཞེན་ཁོག་ཆུང་ཚག་ཁོ་ན་རེད་
རྟ་བདུན་དབང་པོའི་དཔྱད་བརྗོད་དེར་ལེགས་པའི་ཆ་མང་པོ་འདུག དབུས་འོས་བསྡུ་ལས་ཁང་གིས་ལས་དོན་སྤེལ་ཕྱོགས་ལ་ཞན་ཆ་མང་པོ་ཡོད་པ་དོན་དངོས་རེད། དེ་ལས་ཀྱང་ཚབས་ཆེ་བ་ནི་དེ་སྔ་བཞག་པའི་འོས་བསྡུའི་སྒྲྲིག་གཞིར་འོས་བསྡུ་ལས་ཁང་རང་གིས་བརྩི་མེད་རྡོག་རོལ་དུ་བཏང་བ་དེ་རེད། སྒྲིག་གཞི་ལྟར་བྱས་པ་ཡིན་ན་སྡོན་འགྲོའི་སྐབས་དེབ་སྐྱེལ་བྱས་མེད་ཚེ་དངོས་གཞིའི་སྐབས་འོས་བླུགས་རྒྱུའི་ཐོབ་ཐང་མེད་ཚུལ་བཀོད་ཡོད་ཀྱང། ད་ཆ་དེ་ལ་བརྩིས་མེད་ཀྱིས་བསྐྱར་དུ་དེབ་སྐྱེལ་བྱེད་ཆོག་གི་ཡོད་པ་དེ་རེད། དེ་ཕལ་ཆེར་གང་ཟག་གི་དགོས་དབང་གིས་ཡིན་སྲིད། མ་ཟད་ཉམས་མྱོང་དང་ཤེས་ཚད་མེད་པའི་འོས་བསྡུའི་འགན་འཛིན་གསར་བསྐོ་བྱས་པ་ནི་བསྟན་བཤིག་རང་རེད། ཡང་བློ་བཟང་སེང་གེར་འོས་ཁྲི་གཅིག་གྲྭ་ས་ཁག་གི་ཁམས་པ་གསར་འབྱོར་བས་བླུགས་པ་རེད་ཟེར་བ་དང་། ཁོ་ཚོས་ཕ་ཡུལ་གཅིག་པའི་ཞེན་ཁོག་གིས་བྱས་པ་རེད་ཟེར་བ། ཁོ་ཚོ་ནི་སྤྱི་ཚོགས་ཀྱི་ཞབས་འདྲེན་པ་རེད་ཟེར་བ། ཁོ་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་སྤྲད་པ་ནོར་འཁྲུལ་རེད་ཟེར་བ་སོགངས་ནི་སྐད་ཆ་ཚབས་ཆེན་ཤ་སྟག་རེད། ཁྱེད་རང་ལ་ཁུངས་སྐྱེལ་ཡས་ཡོད་དམ། མདའ་འདི་ནས་བརྒྱབ་སྟེ་མདེའུ་འདིར་དོན་སོང་ཟེར་ཡས་ཀྱི་དཔང་རྟགས་ཁྱེད་རང་ལ་ཡོད་དམ། གྲྭ་ས་ཁག་ནས་བློ་བཟང་སེང་གེར་འོས་ཁྲི་གཅིག་ཙམ་བླུགས་པ་ཡིན་དུ་ཆུག་ཀྱང་། དེ་འཕྲོས་ཆིག་ཁྲི་སུམ་སྟོང་བརྒལ་བ་ཞིག་བླུགས་མཁན་རྣམས་ལ་སྐྱོན་བརྗོད་མི་བྱེད་པ་གང་རས། འོ་ན་ཁོ་ཚོས་བློ་བཟང་སེང་གེར་འོས་བླུགས་སྐབས་སྲིད་དོན་གྱི་གནད་འགག་ཤེས་པ་དང་། ཁམས་པ་གྲྭ་པ་ཚོས་བླུགས་སྐབས་སྲིད་དོན་གྱི་གནད་འགག་མི་ཤེས་པ་ཆགས་འགྲོ་གི་ཡོད་དམ། གང་ལྟར་ཁྱེད་རང་གི་དེ་ལ་ཁུངས་ལུང་རྒྱུ་མཚན་མི་འདུག དོན་དངོས་གྲྭ་ས་ཁག་ནང་བཞུགས་པའི་ཁམས་པའི་ཁྲོད་ཕྱོགས་རིས་འཐེན་འཁྱེར་མི་གནང་མཁན་མང་པོ་ཡོད་ལ། ཁོ་ཚོའི་ཁྲོད་ཤེས་འཇོན་གཉིས་ལྡན་ཡང་མང་པོ་ཡོད། གདན་སའི་ནང་གི་ཁམས་པ་ཚང་མས་བློ་སེང་གེར་འོས་ཤོག་བླུགས་པའི་ངེས་པ་མེད་ལ། གལ་ཏེ་བླུགས་པར་ཆ་བཞག་ཀྱང་དེ་ནི་ཁོ་ཚོའི་ཐོབ་ཐང་རེད། དེ་ལ་སུས་ཀྱང་ཐེ་བྱུས་བྱ་དབང་མེད། ནོར་འཁྲལ་ཆེ་ཤོས་ནི་རྒྱལ་ཡོགས་མང་གཙོ་ཚོགས་པ་ཞེས་པའི་ལས་མེད་ཀླད་སྟོང་དེ་ཚོས་སྤྱི་ཚོགས་ནང་དོན་མེད་ཟིང་སློང་བྱས་པའི་ངན་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། གང་ལྟར་བྱས་རྗེས་ལ་གཞིགས་པའི་འོད་སྣང་སྤྲོད་དགོས་འདི་ཡ་ར་བས་ཀྱི་རྩ་བ་རེད།
ཤེས་སོང་ བསམ་གཞིགས་ཁྱེད་རང་གི་བཤད་པ་་ལྟར་ཕ་ཡུལ་གཅིག་པའི་ཞེན་ཁོག་མི་བྱེད་མཁན་གྲ་པ་ཡང་མང་པོ་ཡོག་རེད་ ཁ་ཤས་བློ་སེང་གིའི་ཨ་རིའི་དེང་དུས་ཤེས་ཡོན་ལ་ཡིད་སྨོན་བྱེད་མཁན་ཡང་ཡོག་རེད་ འོན་ཀྱང་དམངས་གཙོ་ཚད་ལྡན་ནི་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་དགོས་པ་མ་གཏོགས་ཐོན་བསྐྱེད་མེད་པའི་བཟའ་ཁྱི་དེ་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་སྤྲོད་པ་ནི་སྨྱོན་པ་རང་མ་རེད་པས་
ཡིན་ནའང་བཀྲིས་དབང་འདུ་ལ་རེ་བ་ནམ་ཡང་ཡོད་མ་རེད།
ཨ་ཁ་མཐོལ་ལོ་བཤགས། འཕགས་པའི་དགེ་འདུན་ལ་བཟའ་ཁྱི་ཞེས་འབོད་པ་འདི་ལས་ངན་རང་རེད། ཁོ་ཚོ་མང་པོ་ཞིག་གིས་ཕྱོགས་འཐེན་གཡམ་རྒྱུགས་བྱེད་པ་དོན་དངོས་རེད་ལ། འདིས་བོད་འདི་ཕུང་ལ་སྦྱོར་རྒྱུར་ཉེན་ཁའང་ཤིན་ཏུ་ཆེ། འོན་ཀྱང་སོ་སྐྱེ་ཉོན་མོངས་པའ་ིགཞན་དབང་དུ་གྱུར་སྐབས་ཡིན་ལུགས་དཔྱོད་པའི་བློ་གྲོས་ཀྱི་མཐུ་མེད་པསབཟོ་རྒྱུ་ཅང་མེད། ད་ནི་ང་ཚོའི་རླུང་རྟ་ལ་སྒུག་རྒྱུ་རེད། ཁྱེད་རང་བདེ་མོ་བྱོས།
སྲིད་པ་རྡོ་རྗེའི་འཇའ་གཏམ་ལ་ཅིག་ལྟོས་དང་། ཞེན་འཁོག་གིས་ར་བཟི་ནས་དོན་ཐོག་བསམ་བློ་གཏོང་གི་མི་
འདུག ད་ལྟ། ང་ཚོ་ལ་དགོས་པ་ནི་ལོ་གཞོན་ཤེས་ཡོན་ཅན་དང་སྤོབས་པ་ཡོད་མཁན་ཡོད་མཁན་ཞིག་དགོས།
དང་པོ་ནས་འཇོན་གི་མ་རེད་ཟེར་མཁན་ཞིག་ང་ཚོ་ལ་དགོས་ཀྱི་མེད། ངས་སོ་སོའི་ཆོལ་ཁོངས་ཡིན་པ་རྒྱུ་མཚན་དུ་
བྱས་ནས་ཁྲིམས་ལུགས་པ་བློ་བཟང་སེང་གེ་ལ་རྒྱབ་ལངས་བྱས་པ་ཡེ་ནས་མིན། ཅི་སྟེ་ཁོང་དབུས་པ་ཞིག་དང་། ཡང་ན་ཨ་མདོ་བ་ཞིག་ཡིན་ནའང་ངའི་འོས་ཤོག་གཅིག་པུ་དེ་ཏན་ཏན་ཁོང་ལ་འཕེན་གྱི་རེད།
འོ་འོ་སྲིད་པ་རྡོ་རྗེ། བསམ་བློ་ཐོངས། (ཐོན་བསྐྱེད་མེད་པའི་བཟའ་ཁྱི་) འདི་འདྲ་བྲིས་འདུག ཐོན་བསྐྱེད་མེད་ན་གཞིས་ཆགས་ལས་གྲྭ་ས་ཁག་རྫིག་པོ་ག་འདྲས་སེ་བྱུང་བ་རེད། ༡༽ ཁྱེད་རང་གིས་ཞལ་འདེབས་ཕུལ་ནས་བསླངས་པ་ཡིན་ནམ། ༢༽ ཐོན་བསྐྱེད་མེད་པའི་དབང་དུ་བཏང་ཡང་འོས་ཤོག་གཅིག་བླུགས་ཆོག་པའི་དཔྱ་དེབ་མ་དངུལ་ཁོང་ཚོ་ཚང་མས་དུས་ཐོག་ཕུལ་ཡོད་པ་རེད། ༣༽ དཔྱད་དེབ་ཆ་མཉམ་པ་ཕུལ་ཡོད་པས་རང་དབང་ཆ་མཉམ་པ་ཡོད་པ་རེད། ༤༽ ཁྱོད་ཀྱིས་བཟའ་ཁྱི་ཞེས་འབོད་བཞིན་པ་དེ་དག་གིས་རང་གི་མོས་པ་ཡོད་སར་ཚར་གཅིག་ལས་གཉིས་བླུགས་ཡོད་པ་མ་རེད། ༥༽ ཁྱེད་རང་གི་འདོད་པ་ཡོད་ས་ཞིག་ལ་བླུགས་ན་བླང་དོར་གནས་ལུགས་ཤེས་མཁན་ཡིན་ལ། ཁྱོད་རང་གི་འདོད་པ་མེད་ས་ཞིག་ཡིན་ན་ཞེན་ཁོག་ཆགས་འགྲོ་བ་དེ་ཡང་ཡ་མཚན་མ་ཡིན་ནམ།
གལ་ཏེ་ཁྱེད་ཀྱི་སྐུ་ངོ་བཀྲ་ཤིས་དབང་འདུས་མ་བླུགས་པའི་རྒྱུ་མཚན་བགྲང་གི་ཡོད་ན། དེ་དགེ་འདུན་པ་ཚོའི་སྐྱོན་མ་རེད། སྐུ་ངོ་ཁོ་རང་ནས་སྲིད་དོན་གྱི་དབང་ངམ། དགོས་མཁོ་གང་ཞིག་གི་དབང་གིས་དང་པོ་ནས་ཕྱིར་འཐེན་ཙུག་འཐེན་ཙུག་བྱས་སོང་ང་། རེད་མ་རེད།
བཀྲ་ཤིས་དབང་འདུད་ལགས་བཀའ་ཁྲི་མ་ཐོབ་ན་ཡང་། བཀའ་བློན་གོ་ས་ཅིག་ཐོབ་པའི་སྨོན་འདུན་ཞུ།
xxxxxxxxxxxxxx
བཀྲིས་དབང་འདུ་ལགས་ངོ་མ་ཁྱེད་ལ་རེ་བ་མེད་པའི་དགོངས་པ་ཞུ་མི་བཟང་ངམ།
xxxxxxxxxxxxxxxxxx
དེས་ན་སྔོན་འགྲོའི་སྐབས་འོས་གྲངས་ཉུང་ཤས་ལས་མ་ཐོབ་པའི་འོས་མི་རྣམས་ནས་དྲང་བདེན་གྱི་ཐུགས་བསམ་བཞེས་ནས་ངེས་པར་དུ་དགོངས་པ་ཞུ་དགོས་པ་ནི་བོད་ཀྱི་མ་འོང་གི་རྒྱལ་ཁ་ཡིན།
བཀྲིས་དབང་འདུས་ལགས་ཀླད་པ་ཐང་ཐང་ཡིན་པས།
ང་ཚོས་སོ་སོའི་བསམ་ཚུལ་བྲི་དུས་མི་རིགས་ཀྱི་ཡ་རབས་ལུག་སྲོལ་ལ་ཐུགས་སྣང་བྱེད་དགོས་ཀྱི་འདུག
རང་དང་ལྟ་བ་མི་འདྲ་བའི་བསམ་ཚུལ་དགག་སྐབས་ཚིག་ངན་ཡོད་ཚད་བཀོལ་ན་ལེགས་པོ་ཨེ་ཡིན་ནམ།
བཀྲིས་དབང་འདུས་ལགས་ཁྱེད་དང་བཀའ་ཟུར་ཆེན་གཉིས་མཉམ་འབྲེལ་ཐོག་ནས་བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་སྟངས་དེ་ཐབས་སྐྱོ་བ་ལ།
སྐུ་ངོ་བཀྲ་ཤིས་དབང་འདུས་ལགས། ད་ནྀ་སྐུ་ངལ་གསོས་ནས་བཞུགས་ན་ལེགས། ཁྱེད་ཡར་ལངས་བ་ལས་མར་ལོགས་ན་དགའ་ས་རེད།
སྐུ་ངོ་ལགས། ཁྱེད་བཞེངས་པ་ལས་བཞུགས་ན་ལེགས། རྒན་པའི་གཞོན་རྟགས་བསྟན་ལ་གླང་པོ་ཆེ་ཡི་རོ་ལྟོས་ཟེར་བ་འདྲ།
མཆན་འགོད་པ་འགས།
བཀྲ་ཤིས་དབང་འདུས་དང་བཀྲས་མཐོང་བསྟན་རྣམས་གཉིས་བཀའ་བློན་ཁྲི་བའི་འོས་དམིགས་ནས་དགོངས་པ་ཞུས་གསུངས་པ་དེ་ནི་དམངས་གཙོའི་ལམ་ལུགས་ཀྱི་འོས་འཕེན་སྟངས་ལ་རྨོངས་པ་འདྲ།
དེ་ཡིན་ན་བློ་སེང་གཅིག་པོར་འོས་དམིགས་སྟོན་ནས་བཀའ་ཁྲིའི་སྔོན་འགྲོའི་འོས་འཕེན་རྒྱུ་ཡིན་ནམ།
སྔོན་མ་ཞིག་ལ་སྐུ་ངོ་འཇུ་ཆེན་ནས་སྐུ་ངོ་ཟམ་གདོང་བླ་མ་དང་མཉམ་དུ་བཀའ་ཁྲིའི་འོས་དམིགས་སུ་བཞུགས་པ་ནི་འགྲན་སྡུར་དང་བཀའ་ཁྲི་ཐོབ་རྒྱུར་རེ་བ་ཙམ་ཅིག་མིན་པར་དམངས་གཙོའི་ལམ་ལུགས་སུ་དམའ་ཐར་འོས་མི་གཉིས་ངེས་པར་དུ་དགོས་ངེས་ལ་སོང་ཁོང་འོས་ཀྱི་ནང་དུ་བཞུགས་པ་ཡིན་གསུངས་སོང།
ཨོ་དེ་རེད། ད་དྲན་སོང་། ཁྱེད་ཀྱིས་རི་བོང་རི་བོང་ཤོར།སྡོམ་པ་སྡོམ་པ་ཤོར་སོང་། བོད་གངས་ཅན་གྱི་སྲིད་འཛིན་ཁྱེད་ལ་ཐོབ་མི་སྲིད་པ་རེད། སྐུ་ངོ་ལགས།
ཟམ་གདོང་ལྷག་བསམ་དག་པས། །
བོད་ལ་བྱས་རྗེས་བཞག་སོང་། །
འཇུ་ཆེན་འཇུ་སྟངས་མ་ཤེས། །
གཏི་མུག་གཉིད་ལ་དུབ་སོང། །
གོང་དུ་དྲ་གྲོགས་ལྷ་ས་ཨབ་སོག་པས་བྲིས་པ་བཞིན། འདིར་དྲ་གྲོགས་རྣམས་ནས་རྒོལ་ཚིག་བཀོལ་སྟངས་ཐད་བོད་མིའི་ཡ་རབས་བཟང་པོའི་དྲི་མ་ཙམ་ཡང་མེད་པའི་དམོད་ཚིག་ཁ་མཆུ་ཤོར་ངེས་སུ་འགྲོ་བ་མང་དག་ཅིག་བེད་སྤྱོད་བྱས་ཟིན་བྱེད་བཞིན་འདུག འཕྲལ་དུ་མཚམས་བཞག་རོག་གནང་། དྲ་ལམ་འདི་དག་ནི་བོད་མི་ཕྱི་ནང་མང་པོས་གཟིགས་བཞིན་ཡོད་ན། སེམས་ཤུགས་ཆག་ཉེན་དང་ལྷག་པར་གཞོན་སྐྱེས་ན་གཞོན་ཚོར་མིག་ལྟོས་ངན་པ་ཡིནཔས། སྨྱུག་འཛིན་པ་ཞིག་གིས་འགན་འཁུར་གྱི་བྱ་བར་འབུངས་དགོས་པ་ནི་སྐབས་དོན་གྱི་ལས་གལ་ཆེ་བ་ཞིག་ཡིན་པས། ཅིས་ཀྱང་དགོངས་འཇགས་གནང་རོགས་གནང་། མ་གནང་ན་སྔ་ལོའི་སྤྱི་འཐུས་ཀྱི་ལོ་རྒྱུས་བཞིན་མི་ཆགས་པའི་ཉེན་ཁ་མེད་པའང་མིན་པས། ཡིད་གཟབ། ཡིད་གཟབ། ཡིད་གཟབ། བྱོས།།
རྒྱ་མ་བོད་ཀྱི་རྨ་བྱས་ཡག་པོ་གསུངས་འདུག རྒྱབ་སྐྱོར་ཆ་ཚང་ཡོད། འོན་ཀྱང་རྨ་བྱས་ཡིད་འོང་སྒྲ་སྒྲོག་ཀྱང་། །ཟས་སུ་དུག་ཆེན་ཟ་བ་བཞིན། །ཞེས་གསུངས་པ་ལྟར་རྨ་བྱ་དང་ཉེ་པོ་རང་བྱ་རྒྱུ་མེད།