བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
༄༅། ། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ འཚོ་བཞུགས་གནང་རྒྱུ་ལུང་དང་བརྟག་པ། མགོན་པོ་གང་གི་ཞལ་བཞེས་ཡོངས་གྲགས་སུ་ཡོད་མུས་རྩེ་མཐུན་ཐོག ཉེ་ལམ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་ ༣༤ སྩོལ་སྐབས་སླར་ཡང་སྐུ་ཚེ་ཡུན་དུ་བརྟན་པའི་བཀའ་བཞེས་གནང་སྟེ། གཞིས་བྱེས་བོད་མི་ཡོངས་དང་། འཛམ་གླིང་ཡུལ་གྲུ་སོ་སོར་གནས་འཁོད་ནང་པའི་རྗེས་འཇུག་དང་། བོད་དང་བོད་མིར་བརྩེ་ཞེན་འཆང་མཁན་རྣམས་ཀྱིས་དགའ་ཚོར་དང་། ཡིད་སྨོན་ཞུ་བཞིན་པའི་སྐབས་འདིར། ཀླུ་མཁར་བྱམས་ཀྱིས་བོད་རིག་པའི་ཞིབ་འཇུག་པ་ཞིག་ལ་རྗེས་དྲན་རྩོམ་ཡིག་ཅིག་བྲིས་པའི་ཁ་བྱང་དུ་དགུང་ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་རྒྱུར་ཁོ་བོས་ཟུར་ཟ་ངན་དམོད་བྱས་འདུག་པ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ཞེན་དང་བརྩི་བཀུར་ཞུ་མཁན་ཡིན་ནོ་ཅོག་ལ་བཟོད་ཐབས་མེད་པའི་བློ་ཕམ་བཟོས་བྱུང་ཞེས་ས་གནས་རྒྱུན་ལས་ཁག་དང་། གཞིས་བྱེས་གཉིས་ཀྱི་མི་སྣ་གང་མང་ཞིག་གིས་ཡིག་ངག་གཉིས་ཐོག་ནས་སེམས་ཚོར་ཆེན་པོས་དྲི་བརྩད་དང་།བསམ་ཚུལ་འདོན་གླེང་། གཞེན་བསྐུལ་ཅི་རིགས་བཅས་རིམ་བསྟུད་དུ་འབྱོར་དང་འབྱོར་མུས་ལ་བརྟེན། མདོ་སྨད་དབུས་རྒྱུན་ལྷན་འཛོམས་ཐོག་ཞིབ་འཇུག་དང་། གོ་བསྡུར་སྦྱངས་བཤད་བགྱིས་ཏེ་གསལ་བསྒྲགས་སྤེལ་རྒྱུ་གཤམ་གསལ།
· ༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུ་མདོ་སྨད་ཚོགས་ཆེན་སྔ་རྗེས་ཀྱི་སྤྱི་མོས་གྲོས་ཆོད་ཡིན་པས། གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་མདོ་སྨད་དབུས་རྒྱུན་གྱི་གཡོལ་དུ་མེད་པའི་ལས་འགན་ཡིན།
· བོད་དང་བོད་མིའི་རྩ་དོན་དང་བདེ་ཐབས་ནི་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་གྲགས་ཤིང་གྲུབ་པ་ལགས་ན། ༸གོང་ས་མཆོག་ལ་མཚན་སྨད་དང་འཁུ་ལྡོག་བྱེད་པའི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ།
· ཀླུ་མཁར་བྱམས་ཀྱིས་བྲིས་པའི་ལོ་ ༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱོད་ཡིན་ཟེར་བ་འདི་ཡོངས་གྲགས་སུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ བཞུགས་རྒྱུའི་སྐུ་ཚེ་ལ་དམོད་བཏབ་པ་ཞིག་ཏུ་ངོས་འཛིན་བྱེད་པ་ལྟར། སྐད་ཆ་དེས་༸གོང་ས་མཆོག་ལ་དད་མོས་ཞུ་མཁན་རྣམས་དང་རྒྱལ་སྤྱིའི་ནང་མགོན་པོ་མཆོག་ལ་ཆེ་ མཐོང་ཞུ་མཁན་ཡོངས་ཀྱི་སེམས་ཚོར་དང་བརྩེ་གདུང་ལ་གནོད་ཚབས་ཆེན་པོ་བཟོས་ཡོད་པ་གོར་མ་ཆག
· ཀླུ་མཁར་བྱམས་ཀྱིས་རྩོམ་ཡིག་སྔ་རྗེས་སྤེལ་བའི་ནང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་། གཞི་མེད་སྐྱོན་འཛུགས་ཇི་སྙེད་ཅིག་ཞུས་ཡོད་པ་དེ་དག་མདོ་སྨད་དབུས་རྒྱུན་ལས་སྐབས་བཅུ་བཞི་པས་དོ་བདག་འབོད་འགུག་གིས་གོ་བསྐོན་སློབ་སྟོན་བྱས་ཡོད་ཀྱང་། ད་དུང་ལམ་ནོར་ལྡོག་ཤེས་མེད་པའི་བྱ་སྤྱོད་མུ་མཐུད་བྱས་དང་བྱེད་བཞིན་པ་ནི་དགྲ་བོའི་གཡོ་ཁྲམ་འོག་ཚུད་པའི་དགྲ་དགའ་གཉེན་སྡུག་གི་ལས་དང་གྲོད་པ་ནང་བསྟེན་དང་བློ་ཕྱི་གཏད་ཀྱིས་བྱ་སྤྱོད་ལས་མ་འདས།
· བོད་དང་བོད་མིའི་ངོ་བོ་དང་མཚོན་རྟགས་སུ་ངེས་ཤིང་། འཛམ་གླིང་ཁྱོན་འདིར་ཞི་བདེ་དང་། ཆོས་ལུགས་འཆམ་མཐུན། བྱམས་བརྩེའི་བཟང་སྤྱོད་དར་སྤེལ་གྱི་དབུ་ཁྲིད་འགྲན་ཟླ་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་། གཞི་མེད་སྐྱོན་འཛུགས་ཀྱི་སྤྱོད་ངན་ལ་ཀླུ་མཁར་བྱམས་ཀྱིས་སྔར་བཤགས་ཕྱིས་འདོམས་དགོས་པའི་སྐུལ་མ་འདེབས་རྒྱུ།
· བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་གིས་བོད་མིའི་རྩ་དོན་དང་། བོད་མིའི་བདེ་ཐབས་ལ་གནོད་འགལ་གྱི་བྱ་སྤྱོད་སྤེལ་མཁན་ལ་མཐུན་འགྱུར་དང་རོགས་རམ་སྦྱོར་སྤྲོད་སོགས་མི་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་།
· གཉན་འཕྲང་གི་དུས་འདིར། བོད་མི་ཚང་མས་དོན་མེད་ཕྱོགས་ལྷུང་འཐེན་ཁྱེར་དང་། སྤྱི་ཚོགས་ཞི་ལྷིང་ཐད་འགལ་རྐྱེན་བཟོ་མཁན་དག་ལ་བག་ཟོན་གནང་སྟེ། སྤྱི་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུའི་གཞེན་སྐུལ་ཡང་ཞུ་རྒྱུ་བཅས།
བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ་ ༢༠༡༧ ཟླ་ ༠༢ ཚེས་ ༢༠ ཉིན།
མདོ་སྨད་ཆོལ་ཁས། ཆོལ་ཁ་སྤྱི་ཡི་ལངས་ཕྱོགས་གསལ་སྟོན་གནང་བ་ནི་སྐབས་བབས་འོས་འཚམས་ཀྱི་ལས་ཤིག་དུས་ལྟར་བསྒྲུབས་པ་རང་ཡིན་ན། ཤིན་ཏུ་དགའ་བསུ་བྱེད་འོས་པའི་གནས་རེད། འོན་ཀྱང་། “དགྲ་བོའི་གཡོ་ཁྲམ་འོག་ཚུད་པའི་དགྲ་དགའ་གཉེན་སྡུག་གི་ལས་དང་གྲོད་པ་ནང་བསྟེན་དང་བློ་ཕྱི་གཏད་ཀྱིས་བྱ་སྤྱོད་ལས་མ་འདས” ཞེས་པ་འདི་ལ་མོས་མཐུན་རྩ་ནས་མེད།
འཇམ་ནོར་དང་ལྷ་བཟང་། ཀླུ་བྱམས་རྣམས་ནི། རྒྱལ་ཞེན་བྱེད་སྟངས་ནོར་ཡོད་ཀྱང་། དོན་ལ་རྒྱལ་ཞེན་པ་ཡིན་མིན་ལ་ཐེ་ཚོམ་མེད། དེས་ན་ཁུངས་ལུང་མེད་པའི་སྐད་ཆས་རྒྱལ་ཞེན་པ་རྣམས་ལ་སྒྲོ་འདོགས་བྱེད་མི་རུང་། དེ་ལྟར་བྱས་ན། མི་རིགས་འདིའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་འབྲེལ་བའི་བཟང་སྤྱོད་ཀྱང་ཉམས་རྒུད་དུ་འགྱུར་རྒྱུ་ཡིན། །
མདོ་སྨད་དབུས་སྤྱི་ཁྱབ་ཁང་གི་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་གཅིག་པུའི་དོན་དུ་ལས་དོན་དེ་དག་གནང་བར་བསྔགས་འོས་སུ་མཐོང་ཡང་། འོང་ཀྱང་ས་ཡ་དྲུག་གི་དགྲ་བོ་ངོ་མ་དེ་རྒྱ་ནག་དམར་པོ་ཡིན་པ་ཤེས་དགོས་རྒྱུ་དེ་དེ་བའི་ཀྱང་གལ་ཆེ་བ་མཐོང་། དེ་དང་བསམ་འདུན་གཅིག་ཅན་དོལ་རྒྱལ་ཚོགས་པ་ཉུང་ཤས་རྣམས་ལ་གདོང་ལེན་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་པ་ཁྱེད་ཚོས་ལོས་མཁྱེན། གལ་ཏེ་མཁྱེན་ན། ད་བར་རྒྱལ་ཕྱི་ནང་ཀུན་ཏུ་དོལ་ཚོགས་ནས་མངོན་སུམ་འཛེམས་མེད་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་དང་འབའ་བཤའ་ཞུས་དང་ཞུ་བཞིན་པ་དེ་དག་ལ་བོད་མདོ་སྨད་ཚོགས་པའི་རྒོལ་ལན་ཇི་ལྟར་བྱས་མིན་གྱི་གསལ་བཤད་ཐུང་ཙམ་ཞིག་དྲྭ་ཐོག་ཏུ་གནང་ན་བོད་གཞིས་བྱེས་འཆི་གསོན་ཡོངས་ཀྱི་རྣམ་ཤེས་བར་དོར་འཁྱམས་པོ་ཡོངས་ལ་ཕན་ཐོགས་ཡོང་བར་གདོན་མི་ཟ།
ད་བྱས་དུས་ནུབ་ཕྱོགས་ཀུན་ནས་ཞབས་འདེབས་བསྡུ་རུབ་བྱས་པའི་དགོས་དམིགས་ཨ་ཚོགས་ཀླུ་མཁར་གཉའ་བཅག་ཡ་ཆེད་དུ་ངོ་མ་རེད་འདུག་ཨང་། ཨ་ཙ་མ་ཨ་མདོ་ཨོང་མདོ་མེད་མཁན་རེ་ཟུང་འདི་ཚོ་གང་དྲག་ཨ།
· བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་གིས་བོད་མིའི་རྩ་དོན་དང་། བོད་མིའི་བདེ་ཐབས་ལ་གནོད་འགལ་གྱི་བྱ་སྤྱོད་སྤེལ་མཁན་ལ་མཐུན་འགྱུར་དང་རོགས་རམ་སྦྱོར་སྤྲོད་སོགས་མི་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང·
གཉན་འཕྲང་གི་དུས་འདིར། བོད་མི་ཚང་མས་དོན་མེད་ཕྱོགས་ལྷུང་འཐེན་ཁྱེར་དང་། སྤྱི་ཚོགས་ཞི་ལྷིང་ཐད་འགལ་རྐྱེན་བཟོ་མཁན་དག་ལ་བག་ཟོན་གནང་སྟེ། སྤྱི་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུའི་གཞེན་སྐུལ་ཡང་ཞུ་རྒྱུ་བཅས།
ཟེར།
མདོ་སྨད་ཆོལ་ཁའི་རྒྱུན་ལས་འདྲ་འདི་ཚོ་སྙིང་རྗེ། རང་ཉིད་ཚོའི་ཁ་ནང་ལ་ཐལ་བ་བརྒྱག་བཞིན་པ་ལས་ཅི་ཡང་ཤེས་ཀྱིན་མི་འདུག ཁོོ་ཚོས་རང་ཉིད་ཀྱི་དད་པ་ཕར་གཡུག་ནས་གཞན་གྱི་དད་པ་ལ་དག་ཐེར་བྱ་འདོད་པ་འདི་རང་ཉིད་ཚོའི་རྐུབ་སྟེགས་དང་ངོ་གདོང་སྲུང་བྱེད་ཅིག་ཡིན་ན་མི་ཤེས་མོད། ཡིན་ན་ཡང་། ཁ་ཆེའི་དྲག་སྤྱོད་པ་ཚོས་འདི་ལས་གཞན་གལ་བྱེད་ཀྱིན་མེད་པ་ཤེས་ན་རེད། ཁོ་ཚོས་ཁ་ཆེའི་ཆོས་ལུགས་ལ་ཅིག་ལབ་ན་མི་ཆོག་དད་པ་མེད་ན་མི་ཆོག ཨ་ལཱ་ཡི་སྐུ་བྲིས་ན་མི་ཆོག་མོ་ཧཱ་མཱ་དྷི་ལ་ཅིག་བཤད་ན་མི་ཆོག་པའི་རྨོངས་ཞེན་གྱི་ལས་ཀ་མང་པོ་བྱས་པའི་དེང་སང་གི་ཁ་ཆེའི་སྤྱི་ཚོགས་དེ་ག་འདྲ་ཞིག་འདུག གང་ན་དམར་གསོད་དང་ཁྲག་སྦྱོར་ཡོད་ན་དེ་ན་ཁ་ཆེ་བ་དང་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཚོ་ཡོད་ཤག་ཅིག་མ་རེད་དམ། ཁྱེད་ཚོས་བོད་སྤྱི་ཚོགས་དེ་ལྟ་བུའི་ཁ་རུབ་ཀྱི་སྤྱི་ཚོགས་ཤིག་བཟོ་འདོད་པ་ཨེ་ཡིན། ད་ལྟ་དུས་རབས་ཉེར་གཅིག་པ་རེད་ད། དྲིན་ཆེན་ཚོ། མགོ་ཁྲིད་དང་རླབས་ཆེན་གྱི་གཙོ་འཛིན་ཞེས་སྒང་ན་འདུག་མཁན་ཚོར་ཅི་ཡང་ལབ་མི་ཆོག་པའི་དུས་རབས་དེ་ཡོལ་ཚར་རེད་ད། དུས་རབས་བཅུ་དགུ་དང་ཉི་ཤུ་བར་རྗར་མན་ནཱ་ཛི་དང་རྒྱ་ནག་དམར་ཕྱོགས་སོགས་ནས་ཧེ་ཐི་ལིར་དང་མོའུ་སོགས་ལ་ཅི་ཡང་བཤད་མི་ཆོག་པ་དང་། གལ་སྲིད་བཤད་པའི་དབང་དུ་བཏང་ན་མི་དེར་དག་ཐེར་དང་ངན་དམོད་རྫུན་བསྒྲགས་བྱེད་པའི་སྲིད་དབང་སྒེར་གཅོད་ཀྱིས་གནམ་ས་བླ་འོག་བརྗེ་བ་རེད། ཡང་ན་ཁྱེད་ཚོས་བོད་པ་ཚོ་དེ་ལྟར་བྱ་འདོད་པ་ཨེ་ཡིན། ༧་གོང་ས་མཆོག་གིས་དུས་ནམ་རྒྱུན་ད་ལྟའི་དུས་རབས་འདི་མི་དམངས་ལ་དབང་གི་རེད། མི་དམངས་ཀྱི་བསམ་ཚུལ་གཙོ་བོར་འཛིན་དགོས་པར་གསུང་པ་ལས་ང་ལ་སྐད་ཆ་བཤད་མཁན་ཚང་མ་རྩ་མེད་དང་ནག་པོ་བཟོས་ཤོག་གསུང་གི་མི་འདུག་ད། མ་གཞི་ཁྱེད་རང་ཚོར་དད་པ་དང་དམ་ཚིག་གཙང་ངེ་བ་ཞིག་ཡོད་ན་གཞན་ལ་དད་ཡོད་མེད་དང་གཞན་གྱིས་བསམ་ཚུལ་ཅི་ཞིག་བཤད་མིན་དེ་མི་སྒེར་རང་གི་ཁེ་དབང་ཞིག་མ་རེད་དམ། འདི་དག་མི་སྒེར་རྩིས་ཐང་དང་ཐོབ་ཐང་སོགས་ཤེས་ཁུལ་བྱས་པ་མིན་མོད། ང་ཚོ་ཚང་མས་རྒྱ་ནག་གིས་བོད་ལ་ཅིག་བྱས་ཡོད་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ཞེས་འུ་ཐུག་ཐབས་ཟད་ཀྱིས་བཤད་ཀྱིན་པ་མིན་ནམ། གལ་ཏེ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་གཙི་དགོས་ན་ང་རང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་ན་གསལ་བའི་མི་སྒེར་གྱི་ཁེ་དབང་དེ་དག་ཅི་ཞིག་ལ་གཙི་མ་དགོས་པ་རེད། ང་ཚོ་མ་གཞི་མགོ་མཇུག་ལོག་པའི་ལས་ཀ་བྱེད་རྒྱུར་དགའ། ད་ལྟ་བླུན་རྨོངས་ཀྱི་ཀླད་པ་མང་པོ་ཞིག་གིས་གླེན་ཞེན་གྱི་ཀླད་རྩ་འདྲེས་ནས་ཡོད་པས་བོད་མི་རིགས་ལ་སེམས་ཤུགས་ཡོད་མཁན་དང་རང་གི་སེམས་ཀྱི་སྐད་ཆ་དང་བསམ་ཚུལ་ཅི་ཡོད་མ་གསང་དྲང་པོས་བཤད་མཁན་ཚོར་སྡུག་ལས་བྱ་སྲིད་ན་ཐང་མོད། ལོ་རྒྱུས་ཀྱིས་ཁྱེད་ཚོའི་ངོ་གདོང་ཇི་ལྟར་འབྲི་མིན་ང་ཚོས་ད་ལྟ་ནས་གསལ་ཞིང་གསལ་བ་ཞིག་མ་རེད་དམ། མ་མཐའ་ཡང་འདི་ལྟར་བྱ་དགོས་ན་དང་པོ་ཀླུ་མཁར་བྱམས་དང་གྲོས་སྡུར་ཞིག་བྱས་ནས་གསལ་བསྒྲགས་ཤིག་སྤེལ་ན་ཆོག་གི་མོད། རང་ཉིད་ཚོ་ནི་བདེན་པ་དྲང་གཞག་ཡིན་རྐྱེན་གྱིས་ཉོག་ལས་བྱ་སྟངས་དང་ཕ་རོལ་མི་སྒེར་གྱི་རྩིས་ཐང་དང་གནས་བབ་ལ་ཅི་མི་སྙམ་མཁན་དག་ནི་སྒེར་གཅོད་ནང་གི་ཆེས་ཀླ་ཀློ་བས་སྒེར་གཅོད་འཁྲབ་སྟངས་དེ་རེད། རྒྱ་གར་རང་བཙན་འཐབ་རྩོད་སྐབས་སུ་རང་བཙན་རྩོད་སྟངས་ཀྱི་ལྟ་ཚུལ་མི་མཐུན་པ་དང་གཱན་དྷི་ཡི་འཚེ་མེད་བསྟུན་མེད་ལ་ངོས་ལེན་མེད་མཁན་མང་པོ་ཡོད་པ་རེད་ད། ཁོ་ཚོས་ཕན་ཚུན་ནག་པོ་བཟོ་རེས་དང་རྩ་མེད་གཏོང་རེས་བྱས་ཡོད་པ་མ་རེད་ད། ཀླུ་མཁར་བྱམས་ལ་ཁོ་རང་གི་བསམ་ཚུལ་ཡོད་ཆོག་གི་ར། ༧གོང་ས་མཆོག་དང་ལྟ་ཚུལ་མི་མཐུན་པ་བཤད་ཆོག་གི་ར། དེ་ཙམ་ཞིག་ཡོད་པ་དེས་ཁོའི་ཡོད་ཚད་ནག་པོ་བཟོས་ན་ང་ཚོས་དེ་ལས་སྟངས་བཅའ་སྟངས་ཤིག་ཨ་ཡིན་ནམ། དངོས་ནས་བསམ་བློ་ཞིབ་ཏུ་བཏང་ན་རེད་ད། ང་ཚོས་བོད་ནང་གི་བོད་མི་ཚོར་རང་དབང་མེད་ཚུལ་མནར་གཅོད་གཏོང་གི་ཡོད་ཚུལ་སོགས་བསྒྲགས་ཀྱི་ཡོད་པ་མིན་ནམ། ཁོ་ཚོར་འདི་ལྟ་བུ་ལས་གཞན་རང་དབང་མེད་པ་དང་མནར་གཅོད་གཏོང་རྒྱུ་ག་རེ་ཡོད་པ་རེད། བོད་ནང་གི་རྩོམ་པ་པོ་ཐེའུ་རང་གིས་ཀྱང་བཅར་བརྡུང་སོགས་བྱས་ན་མི་སྐྱོན་མོད། ཆེས་སྡུག་པ་དེ་རང་གི་ནང་སེམས་ཀྱི་སྐད་ཆ་བརྗོད་མི་ཆོག་པ་དེ་རེད་ཅེས་བཤད་པ་དེ་ང་ཚོས་ནམ་རྒྱུན་བཤད་པ་མིན་ནམ། མི་མང་པོ་ཞིག་བཙན་བྱོལ་ནས་ཡིད་ཐང་ཆད་ནས་གང་ས་གང་དུ་འཐོར་འགྲོ་བཞིན་པ་དེ་ཡང་ཁྱེད་ཚོ་ལྟ་བུ་གཞན་གྱི་གྲུབ་འོག་ནས་བསྡད་དེ་དམའ་རིམ་མི་དམངས་ལ་གཉའ་གནོན་བྱས་པ་མང་སོང་བས་ཡོང་གི་མེད་པ་རེད། དེ་རིང་རང་བོལད་ལྗོངས་ཀྱི་མགོ་ཁྲིད་ཡིན་ཟེར་མཁན་ཁ་ཤས་ཀྱིས་བཙན་བྱོལ་ནས་ཡོང་བའི་མི་ཁ་ཤས་ཤིག་གི་མིང་བསྒྲགས་བཞིན། ཁོ་ཚོ་ཕྱི་ལོག་ནས་འདུག་མ་ཐུབ་པར་ཕྱིར་མེས་རྒྱལ་ལ་ལོག་པ་རེད་ཟེར་བ་དེ་གོ་མ་སོང་ངམ། ད་ཁྱེད་ཚོས་༧གོང་ས་མཆོག་རྒྱབ་རྩར་ཁུར་ནས་ཁོང་གི་མི་ཤེས་ས་ནས་སྒེར་གཅོད་འཁྲབ་མཚམས་བཞག་ན་ཡག་གི་རེད་ད། ཉིན་ཞིག་མི་ཞིག་གིས་༧གོང་ས་མཆོག་གི་མདུན་ནས་གླེན་ཞེན་གྱི་ཉོག་ལས་འདི་དག་གསལ་ཞིང་གསལ་བ་ཞུས་ན་དེ་དུས་ང་ཚོ་སུས་གནོག་ལས་བརྒྱག་གི་ཡོད་ངེས་པ་ཞིག་རེད་ད། ཁྱེད་ཚོས་འདི་ལྟ་བུའི་གནོག་ལས་བྱས་ཏེ་༧གོང་ས་མཆོག་ནི་ཁྱེད་ཚོ་ལྟ་བུ་སེམས་ཁམས་སུ་རྩ་ཕྲན་ཞིག་མི་འགྲོ་ས་ལྟ་བུ་ཞིག་བཟོས་ན། དེ་ལས་ཁོང་ལ་དམའ་འབེབ་བྱ་སྟངས་ཤིག་སྲིད་ན་མེད་པ་ཞིག་མ་རེད་དམ། ཁོང་གི་རྗེས་མཇུག་པ་ཚོར་སེམས་མི་སྐྱིད་པ་ཞིག་བཟོ་དགོས་ན་དེ་ལས་མི་སྐྱིད་པ་ཞིག་བཟོ་རྒྱུ་ག་རེ་ཡོད་པ་རེད། ༧གོང་ས་མཆོག་གིས་རྒྱ་གར་དེ་རིག་གཞུང་སྣ་ཚོགས་དང་ཆོས་ལུགས་འདྲ་མིན་མཉམ་གནས་ཀྱི་རྒྱལ་ཁབ་གཞན་གྱིས་མིག་དཔེར་ལྟ་དགོས་ས་ཞིག་རེད་ཅེས་གསུང་ཡོད་པ་ལས། རྒྱ་གར་དེ་བསམ་ཚུལ་གཅིག་དང་རིག་གཞུང་གཅིག་ཆོས་ལུགས་གཅིག་མ་སྒྱུར་བ་དེ་ཡག་པོ་མ་རེད་ཅེས་གསུང་གི་མི་འདུག་ཨ། དེ་དག་ཐམས་ཅད་ལ་གནད་འགག་ཅིག་ཡོད་པ་རེད། ༧གོང་ས་མཆོག་གི་བཀའ་གསུང་ལ་དངོས་ནས་རྗེས་སུ་མཇུག་འདོད་ན། འདི་ལྟ་བུ་དག་དང་ཁོང་ཉིད་ཀྱིས་མི་སྒེར་རང་དབང་དང་རང་དབང་དམངས་གཙོའི་སྐོར་ནས་ག་རེ་གསུངས་ཡོད་པ་དགལ་བསྐྱར་དུ་དཔྱད་ཞིབ་ཅིག་བྱས་ན་མི་ཡག་གམ། དེ་བས་རང་ཉིད་ཚོས་རྐུབ་སྟེགས་ཙམ་ཞིག་སྲུང་བར་འདི་ལྟར་གནོག་ལས་མ་བྱས་ན་ཡག་གི་རེད་ད། མདོ་སྨད་རྒྱུན་ལས་ཡིན་ན་མདོ་མེད་རྒྱུན་ལས་ཡིན་ན་དེ་ཚོར་གསལ་འདེབས་ཤིག་གི་ཆེད་དུ་ཡིན།
རང་བཙན་འཐབ་རྩོད་པ་ཞིག་ཡིན་ན་རང་བཙན་རྩོད་དང་། རྒྱབ་སྐྱོར་གཙང་མ་ཡོད། ཡིན་ཡང་རང་བཙན་ཁ་ལ་ཁྱེར་ནས་བོད་མི་ས་ཡ་དྲུག་གི་ལྡོག་ཕྱོགས་སུ་ལངས་ཏེ་༧གོང་ས་མཆོག་ལ་མཚན་སྨད་རབ་དང་རིམ་པ་ཞུ་བ་འདིས་བོད་མི་ཆིག་སྒྲིལ་གྱི་ནུས་པ་གཏོར་བ་ཙམ་མ་ཡིན་པར་རྒྱ་གཞུང་མངོན་འདོད་བསྒྲུབས་ནས་དམིགས་ཡུལ་འགྲུབ་ཀིན་ཡོད་པས་ཀླུ་མཁར་བྱམས་དང་ཀླུ་མཁར་བྱམས་རྒྱབ་སྐྱོར་པ་ཚོས་ད་མཚམས་བཞག་ན་དགའ།
རྒྱུན་ལས་ཁང་གི་གསལ་བསྒྲགས་ལ། རྗེས་སུ་ཡི་རང་དང་། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།
མདོ་སྨད་དབུས་རྒྱུན་ལས་རྣམ་པ། ཀླུ་མཁར་བྱམས་ཀྱི་བྱས་ཉེས་བགྲངས། བསྒྲགས་གཏམ་སྤེལ་བ་ལ་དགའ་བསུ་ཡོད། དེ་འདྲ་བྱེད་དགོས་པ་རེད། ཡིན་ནའང་། མདོ་སྨད་ཚོགས་ཆེན་རིམ་པ་ཡིས་བཞག་པའི་གྲོས་ཆོད་ནང་ལ། མདོ་སྨད་ཀྱི་ནང་ནས་མཚན་སྨད་ཞུ་མཁན་དང་ངོ་རྒོལ་བྱེད་མཁན་ཡོང་ན་གདོང་ལེན་བྱེད་དགོས་པ་དང ། དེ་ལས་གཞན་ལ་གདོང་ལེན་བྱེད་མི་དགོས་ལབ་ཡོད་པ་མ་རེད། བོད་གཞུང་མང་ལ་རྒྱབ་སྟོན་མཁན་། རྒྱལ་ལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན། བཙན་བྱོལབོད་མིའི་ནུས་པ་གཏོར་བཤིག་གི་ལས་ཀ་བྱེད་མཁན། ཚང་མརགདོང་ལེན་བྱེད་དགོས་པ་ཡིན་དུས་ཙ་ནས། གཞན་པ་ཚང་མར་ཡང་རིམ་པ་བཞིན་གདོང་ལེན་དང་བསྒྲགས་གཏམ་སྤེལ་བའི་ཡིད་ཆེས་ཡོད།
༄༅། མདོ་སྨད་དབུས་རྒྱུན་ནས་གསལ་བསྒྲགས་ཇི་གནང་ལ་རྒྱབ་སྐྱོར་ཡོད།
བོད་མིའི་བླ་སྲོག་ལ་མཚན་སྨད་ཞུ་མཁན་གསུམ་རང་ཡོད་ཅེས་ངས་སྔོན་མ་ནས་བཤད་བཞིན་པ་རེད།
དེ་གསུམ་ནི་རྒྱ་དམར་གུང་བྲན་ཀླ་ཀློ་ཆོས་མེད་དང་གཅིག། འཚོ་བ་དགྲ་ལ་བསྐྱལ་ནས་བསྡད་མཁན་དོལ་ཚོགས་དང་གཉིས་།
(ཚེ་བཀྲ་བླས་ཇི་བཤད་་ལ་ཉོན་) དེ་མིན་དོགས་གཞི་བྱ་དགོས་པའི་རང་བཙན་མིང་འཁྱེར་ནས་དོན་དུ་་་གང་ཡང་མི་འཇོན་མཁན་
ཀླུ་དཀར་བྱམས་ཟེར་བ་དེ་རེད། ཡང་མི་ཁ་ཤས་ནས་ཁོ་ལ་(ཀླུ་དཀར་བྱམས་མ་རེད། ཀླུ་ངན་འཁྱམས་རེད་གྱི་ཡོད) ཁོ་རྒྱ་དམར་པོ་ལ་སྐྱོན་བརྗོད་བྱེད་མི་ཐུབ་པར ། རེ་ས་པྲལ་ཁོག་ལས་མེད་པར། མིག་ལ་མཛུམ་མོ་ཀེར་ཀེར་
བྱེད་མཁན་ཀླུ་ངན་འཁྱམས་་ཁོ་པའི་རྒྱབ་ཏུ་སུ་འདུག་་་སུ་རེད།
what is the motive behind གང་འདུག་བལྟ་དགོས་པ་དེ་གལ་ཆེན་པོ་ཡིན། ཁོ་རྡ་རམ་ས་ལ་བཞག་ན་སྐུའི་གསང་གསུམ་ལ་གནོད་པར་བརྟེན་་ས་གནས་ཉེན་རྟོག་པར་སྔ་ས་ནས་དོ་དམ་དགོས་པའི་སྙན་སེང་ངེས་པར་ཞུ་དགོས་པ་དེ་རེད།ཁོས་་ཐེངས་འདི་གཅིག་པོ་མ་རེད། ཐེངས་མང་རྒྱལ་བ་དོན་གྱི་བདག་པོར་མཚན་སྨད་ཞུས་ཡོད་།གོང་དུ་ཞུས་པ་དོན་ཚན་གཅིག་རེད། དོན་ཚན་གཉིས་པ་དེ་ནི། སྦལ་པ་རྒྱ་མཚོའི་ནང་ལ་ཕག་རྩག་བརྒྱབ་པར་ཧ་ལས་ཧོན་འཐོར་ས་ཅི་ཡོད།
སངས་རྒྱས་སར་་བདུད་ཀྱང་ཡོད་ཟེར་བ་དེ་རེད། ཡིནན་ཡང་བདུད་དེ་ཕྱི་ནས་མིན་པ་བདུད་ནང་ན་
ཡོད་པར་བརྟེན་གཟབ་དགོས།གང་ལྟར་ཡང་གཉིད་ཁུག་ནས་མ་བསྡད་པར་མིག་གཉིས་ཀའི་ངེས་པར་བལྟ་དགོས་པ་ཡིན། བདེ་སྲུང་ལས་ཁུངས་གཟིམ་ཁུག་ནས་མ་བཞུགས་རོགས།
བོད་མི་ས་དྲུག་གི་སྤྲལ་བའི་མིག་དང་ཁོག་པའི་སྙིང་འཛམ་གླིང་ཞི་བདེའི་སྡེ་དཔོན་ཆེན་པོ་ནང་པ་ཡོངས་ཀྱི་དབུ་འཁྲིད་སྤྱི་ནོར་གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་མཚན་སྨད་དང་ཟུར་ཟ་སོགས་གླེང་མཁན་གང་ན་སུ་ཡོད་དེ་དག་ལ་ངོ་རྒོལ་མཐའ་གཅིག་ཡོད་།
རང་བཙན་དང་དབུ་མ་བདེན་པའི་ཨུ་ཚུགས་རང་ཐག་རང་གཅོད་སོགས་ཆབ་སྲིད་སྟོང་པའི་སྟོང་གཏམ་བསྒྲགས་ནས་ཁ་དམག་རྒྱབ་ནས་དུས་ཚོད་སྐྱེལ་མཁན་གང་ན་སུ་ཡོད་དེ་ཚོར་ནམ་ཡང་རྒྱབ་སྐྱོར་མེད་ལ་ངོ་རྒོལ་ཡང་མེད་།
མི་ཉམ་ཆུང་ལ་ཐུབ་ཚོད་མ་གཏོང་མདོ་སྨད་པ་ཚོ།
མདོ་སྨད་དབུས་རྒྱུན་གྱིས་ཡག་པོ་བྱས་འདུག རང་བཙན་རྩོད་མཁན་ལ་མདོ་སྨད་ངོས་ནས་ད་བར་དགག་པ་རྒྱབ་མྱོང་ཡོད་པ་མ་རེད། ད་དུང་ཡིན་ནའང་ནུས་པ་ཅན་བོད་མི་མང་པོའི་བསམ་ཕྱོགས་དང་མཐུན་པའི་རང་བཙན་རྩོད་ཐབས་དང་རྩོད་མཁན་ཞིག་ཡོད་ཚེ་དགའ་བསུ་ཞུ་དང་ཞུ། ཡིན་ནའང་།
གོ་སྐབས་ཅི་ཡོད་ལ་༧གོང་ས་ཐམས་ཅད་མཁྱེན་པར་ཟུར་ཟ་དང་འཁུ་བའ་ིལས་བྱེད་པར་འབད་བརྩོད་ལྷོད་མེད་བྱེད་མཁན་ལ་ང་ཚོས་ཀྱང་ངོ་རྒོལ་བྱེད་དགོས་པ་རེད་ལ་བྱས་ཆོག་པའང་རེད། དེ་ནི་དད་ཞེན་པ་ཟེར་བ་དང་ཁམས་པ་ཧྲེ་ཧོར་བྱམས་པ་ཟེར་བ་སོགས་ཉུང་ཤས་ཀྱིས་རྩོད་གཞིའི་ངོ་བོ་བསྒྱུར་ཐབས་ལ་འབད་ནས་དད་པ་ཡོད་མེད་དང་། རང་བཙན་ལ་མ་དགའ་བ་ཟེར་བ་སོགས་དང་འབྲེལ་བ་གཏན་ནས་མེད་པ་གསལ་བསྒྲགས་སུའང་གསལ་བ་ལྟར་ང་ཡང་དེར་འཐད།
དད་ཞེན་པ་ཟེར་བ་སོགས་ཁ་ཤས་ཀྱིས་མདོ་སྨད་དབུས་རྒྱུན་གྱི་གསལ་བསྒྲགས་འདི་བརྒྱུད་ནས་མདོ་སྨད་ལའང་མཐོང་ཆུང་དང་ཁྱད་གསོད་མ་བྱས་ན་དགའ་གི་རེད་བསམ། ཡི་གེ་ཡག་པོ་ཀློག་དང་༼གོ་བསྐོན་བློ་འགུགས་༽ཟེར་བའི་དོན་ཤེས་ཀྱི་མེད་པ་འདྲ།
མདོ་སྨད་དབུས་རྒྱུན་གྱིས་ཡག་པོ་བྱས་འདུག རང་བཙན་རྩོད་མཁན་ལ་མདོ་སྨད་ངོས་ནས་ད་བར་དགག་པ་རྒྱབ་མྱོང་ཡོད་པ་མ་རེད། ད་དུང་ཡིན་ནའང་ནུས་པ་ཅན་བོད་མི་མང་པོའི་བསམ་ཕྱོགས་དང་མཐུན་པའི་རང་བཙན་རྩོད་ཐབས་དང་རྩོད་མཁན་ཞིག་ཡོད་ཚེ་དགའ་བསུ་ཞུ་ངེས་རེད།
མཆན༼༡༢༽ དཔལ་ཆེན་དོན་འགྲུབ་ཁྱོད་ཉོན་ཅིག་་་་་་ངས་རྩོད་གཞི་ངོ་བོ་བསྒྱུར་དགོས་དོན་མེད་མེད། ཀླུ་མཁས་གོང་ས༧མཆོག་ལ་ལྟ་ཚུལ་གང་ཡོད་ཁོ་རང་གིས་འདོད་མོས་རེད་ལ་སྨྲ་བརྗོད་རང་དབང་ལ་དེ་བས་བཤད་ག་ལ་དགོས། མདོ་སྨད་ཆོལ་ཁའི་ཚོགས་པ་ཟེར་བ་དེ་མྱི་མགོ་ཕྱི་ནང་མེད་མཁན་ཁ་ཤས་ཀྱིས་བེད་སྤྱོད་གཏོང་ནས་ཀླུ་མཁའ་བཟའ་ཚང་གཉིས་ཐོག་དམག་རྒྱག་པར་འདི་འགྲིག་མི་འདུག་ཟེར་ཀི་ཡོད། དོན་ངོ་མའི་ཐོག་ལ་བལྟས་ན་རྩོད་དགོས་ས་ཕ་བསད་ལག་དམར་གུང་བྲན་ཏང་ལ་མ་རྩོད་པར་བཟའ་ཚང་ཉམས་ཆུང་གཅིག་ཐོག་བྱ་ལས་འདི་འདྲ་དགོས་སར་ཆད་མི་དགོས་སར་ལྷག་དཔེར་བཞིན་མ་རེད་དམ། ད་མང་པོ་མི་བཤད་ཨ་་་བོད་རིགས་ནང་ཁུལ་འབུད་འཇོམས་གཏོང་རེས་གྱིས་ཤིག་་་་་
རླུང་ཐོག་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།
སྔར་ངའི་བསམ་པར། མདོ་སྨད་ཟེར་དུས་ཡུལ་གྱི་ཆགས་ཚུལ་ལ་བལྟས་ནས་བཏགས་པ་ཞིག་ཡིན་ཤག་བྱས། ངོ་མ་བྱེད་དུས་དེ་ལྟར་མ་ཡིན་པར་མིའི་གཤིས་སྤྱོད་ལ་བལྟས་ནས་བཏགས་པ་ཞིག་རེད་འདུག མདོ་སྨད་མ་རེད། མདོx་རེད་འདུག། ཨ་ཁ་བོད་པ་ཚང་།
ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད།
མདོ་མེད་རྐྱང་རེད་འདུག
རྒྱ་རིགས་ཐར། ཤར་ཁུག སྤེན་ཚེའི་ཨབ་ཕྲུག་དག་གིས་ཀླུ་མཁར་བྱམས་མ་ཐུབ་པར་ཚོགས་པའི་མིང་ཐོག་ནས་ལས་འགུལ་སྤེལ་འདུག
ཀླུ་མཁར་བྱམས་ཁྱོད་ཚོར་བཀའ་དྲིན་ཆེན་པོ་ཡིན།
འོས་སྦྱོར། འབྲི་གུང་སྤྲོ་ཚེའི་སྐད་ཆ།
མི་ཡིན་ན་བསམ་མནོ་ཡག་པོ་གཏོང་དགོས་འདུག་ག དགྲ་བོ་རྒྱ་དམར་རང་ཉིད་ཀྱི་མིག་མདུན་ལ་བཞག་ནས་མ་མཐོང་མདོག་མདོག་དང་ནང་ཁུལ་ལ་ཁྲག་གི་འཁོར་ལོ་བསྐོར་བ་ལ་དགའ་བ། ལེགས་པ་ཐམས་ཅད་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་གྲུབ་འབྲས་ཀྱང་ཡིན་པ་དང་མི་ལེགས་པ་ཐམས་ཅད་རང་ཉིད་ཀྱི་མི་དགའ་བའི་ཕྱོགས་དེའི་མགོ་ལ་གཡོག་རྒྱུར་དགའ་བ། མདུན་དུ་དད་པ་ཡོད་མདོག་བསྟན་པ་ལས་ལྐོག་ཏུ་མ་རུང་ཁོག་བཅངས་ཀྱིས་སྤྱི་རྒྱུ་སྒེར་བདག་བྱེད་རྒྱུར་དགའ་བ་ལས་དོན་ངོ་མའི་དད་པ་གང་ཡིན་མིན་ཤེས་འདོད་མེད་པར་དགའ་བ། དགྲ་དར་ནམ་མཁར་འཆར་མཁན་ལ་དཔའ་རྟགས་གོ་གནས་བསྐོ་འཇོག་བྱེད་རྒྱུར་དགའ་བ་དང་ཡབ་མེས་བཙན་པོའི་སྲིད་དབང་གླེང་མཁན་ནག་པོ་བཟོ་རྒྱུར་དགའ་བ། ༧གོང་ས་མཆོག་ལ་འཛེམས་མེད་ཀྱི་ངོ་རྒོལ་རྔམ་སྟོན་དང་༧གོང་ས་མཆོག་ལ་ཚད་མེད་དམའ་འབེབས། ད་དུང་༧གོང་ས་མཆོག་གི་སྐུ་ཚེ་ལ་བར་ཆད་བཟོ་དགོས་རེད་ཟེར་མཁན་གྱི་མི་སྣ་དངོས་སུ་གདོང་ལ་ལངས་ཀྱང་མི་ངན་དེ་དག་ལ་གང་ཡང་བྱེད་མ་ཐུབ་པར་བོད་མི་རིགས་ལ་ཤ་ཞེན་ཡོད་པའི་ནང་ཁུལ་ལ་ཐུབ་ཚོད་གཏོང་བར་དགའ་བ། ༧གོང་ས་མཆོག་གི་གསུང་བེད་སྤྱོད་ལོག་པར་བཏང་ཏེ་སྤྱི་ཚོགས་དབྱེན་དཀྲུག་བྱེད་མཁན་ཡན་པར་བཏང་བ་དང་ནུས་མེད་ཉམ་ཆུང་སྟེང་ལ་གང་འདོད་ཅི་འདོད་ཀྱི་དབང་ཡོད་བཤད་རྒྱུར་དགའ་བ། མདོར་ན་དགྲ་བོ་རྒྱ་དམར། རྒྱུག་ཁྱི་དོལ་ཚོགས། དད་པ་ལོག་སྤྱོད་སྤྱི་རྒྱུ་སྒེར་བདག་བྱེད་མཁན། དགྲ་དར་ནམ་མཁར་འཕྱར་མཁན། དུས་དབང་གི་གནད་དོན་སྐབས་༧གོང་ས་མཆོག་རྫུན་མ་བཟོ་མཁན། འོས་བསྡུའི་སྐབས་༧གོང་ས་མཆོག་གི་གསུང་བཀའ་གནང་མེད་པར་ཡིག་ཐོག་ལ་བཀྲམ་ནས་སྤྱི་ཚོགས་དཀྲུག་མཁན་དེ་དག་༧གོང་ས་མཆོག་གི་དགྲ་བོ་དང་བོད་མི་རིགས་ཀྱི་དགྲ་བོ་ཡིན་པ་མི་ཤེས་པའི་མི་དེ་དག་ནི་དོན་དངོས་ཐོག བོད་དགའ་དང་༧གོང་ས་མཆོག་ལ་དད་མཁན་ཞིག་ཡིན་དང་། དབུ་རང་བར་ལ་འགལ་ཟླ་བཟོས་ནས་བོད་མི་རིགས་དང་། བཅན་བྱོལ་སྤྱི་ཚོགས་འདི་ཉིད་གཏོར་མཁན་གང་ཡིན་ལེགས་པར་དཔྱད་དགོས་པར་སྣང་ངོ་།། ༢༠༡༧/༠༢/༢༡ སྤྲོ་ཚེས་སོ།།
མདོ་སྨད་རྒྱུན་ལས་ལ་ཐུགས་རྗེ་ཆེ་ངོ་མ་ཡག་པོ་གནང་འདུག་་་ལངས་ཕྱོགས་དང་ཁ་ཕྱོགས་གཅིག་བྱས་ནས་ན་ཡག་པོ་ཡོད་ཀླུ་བྱམས་ལྟ་བུ་ལ་དུས་ནམ་ཡིན་ཡང་ཁ་གཏད་ལངས་དགོས་ལངས་མཁན་དེ་ཡང་མདོ་སྨད་པ་གཅིག་བུ་ག་ལ་ཡིན་ཡིན་མི་སྲིད་ཡིན་ན་ཡང་བར་སྐབས་ཤིག་ལ་ཁམས་པ་དང་དབུས་གཙང་གཉིས་ལྟད་མོ་བལྟ་མཁན་ནང་བཞིན་ཆགས་འདུག་འདི་ནི་ངོ་མ་ཡིད་སྐྱོ་བ་རང་རེད་་་ང་ཚོ་ལ་ཡོད་པ་༧གོང་ས་མཆོད་མ་གཏོགས་གཞན་ཅི་ཡོད། འགའ་ཤས་ཀྱིས་མདོ་སྨད་ནང་འཛིང་ཡང་ཟེར་ངོ་མ་གཟི་བརྗིད་རེད་གནད་དོན་འདི་ལྟ་བུ་ཞིག་གི་སྐབས་ནང་འཛིང་བྱ་མི་ཐུབ་ན་སྐྱག་བཙན་རེད་མགོ་བདེ་རེད་རྫུན་མ་རེད།
མཆན་ ༡༤ པ་ ཧྲེ་ཧོར་བྱམས་པ་རིན་ཆེན་ཅན་ཉན་ཅིག ཀླུ་མཁར་བྱམས་ཟེར་བས་བོད་མི་བསམ་ཡོད་ཀུན་གྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༧གོང་ས་མཆོག་ལ་མཚད་སྨད་ཟུར་ཟ་དང་བོད་མི་རྣམས་ཁྱད་གསོད་བྱས་པ་ཁོ་རང་གི་འདོད་མོས་དང་སྨྲ་བརྗོད་རང་དབང་ཡིན་ན། ཀླུ་མཁར་བྱམས་ཀྱིས་ཁ ཚོད་ཡོད་ནང་གི་ཚིག་ཚོད་མེད་བཤད་དེ་རིག་འཚོ་མ་ཟིན་པ་ལྟ་བུའི་ལས་བྱེད་པ་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པ་དང་། སྐད་ཆ་བཤད་པ་ལ་རང་དབང་མེད་པ་ཅི་རེད།
ཁྱོད་ཀྱི་བསམ་པ་ལ་ཀླུ་མཁར་བྱམས་དང་ཁྱོད་ལྟ་བུའི་ངན་པ་ལངས་ཤོར་ཁག་གཅིག་གིས་ག་རེ་བཤད་བཤད་དང་། གཞན་དག་གིས་ཅི་ཡང་བཤད་མི་ཆོག་པ་རེད་དམ། གད་མོ་མ་སློང་ལོ་་་སྙིང་རྗེ། འཇིག་རྟེན་དེ་འདྲའི་ལས་སླ་བོ་ཡོད་མ་རེད།
ཀླུ་བྱམས་ཀྱི་བྱ་སྤྱོད་དེ་རྒྱལ་ཞེན་ཡིན་མིན་མི་ཤེས། གང་ལྟར་དྲིན་བྱེད་པ་མི་ཚོར་བའི་རྒྱུ་བདག་མེད་པའི་མི་ཞེས་པ་དེ་དངོས་ཡིན་པ་ཁོ་རས་ར་སྤྲོད་བྱེད་སོང་། ལོ་རབས་བདུན་བཅུ་བརྒྱད་བཅུའི་ནང་ཁོ་འདྲ་བོ་དེ་འདྲ་ཡོད་ན་གང་བཙན་འབྱོལ་སྤྱི་ཚོགས་ནང་གང་བྱེད་ཀྱི་ཡོད་མེད་གསལ་པོ་རེད། ཡིན་ཡང་ད་ཆ་མི་ཁྱི་རྒན་དེ་འདྲ་བོ་ཞིག་གིས་ཡིག་ངག་གཉིས་ནས་ལན་མང་མཚན་སྨད་དང་སྐྱོན་བརྗོད་བྱེད་ཀྱང་སྨྲ་བརྗོད་རང་དབང་ཡིན་ཚུལ་གྱི་གང་ཡང་བྱེད་ཐུབ་ཀྱི་མེད། ཡ་མཚན་རེད། གང་ལྟར་བོད་ཀྱི་ཁ་དཔེར། ར་བསད་ལུག་འདར་ཞེས་པ་ལྟར། ཁོ་དངོས་གསོད་དགོས་མེད་ཀྱང་ལམ་སྟོན་གྱི་སྣ་སུན་ཞིག་ངེས་པར་དུ་སྤྲོད་ཐུབ་ཚེ་ཁོ་དང་ཆ་འདྲ་བའི་ལྟ་བ་རུལ་བ་ཅན་གྱི་གང་ཟག་རྣམས་ཡང་གཉིས་ལས་སད་ངེས།
གྲོད་པ་ནང་བསྟེན་དང་བློ་ཕྱི་གཏད་རེད་ཟེར་དུས་ཀླུ་བྱམས་རྒྱ་དམར་གྱི་རྒྱུག་ཁྱི་ཞིག་ལ་བརྩི་གི་ཡོད་འདྲ། དེ་འདྲ་དང་ཨེ་ཡིན་ན། དཔང་རྟགས་གསལ་པོ་ཞིག་མེད་ན་ཀླུ་བྱམས་ལ་མི་ཞེད་ཀྱང་། བོད་མི་མང་ཡིད་མི་ཆེས་སའི་ཚོགས་པ་ཞིག་ཆགས་ཀྱི་རེད།
སེར་པོ་གསུམ་གྱི་མནར་གཅོད། སྲོག་འབེན་ལ་འཛུགས་ཏེ་བོད་རང་བཙན་རྩོད་མཁན་གྱི་གྲྭ་བཙུན་དཀྱུས་མ་ཚོར་ཅང་བཤད་ཡ་མེད་མོད། མི་ཞིག་གིས་བོད་རྒྱལ་ཁབ་ག་པར་ཡོད་དྲིས་དུས། ཐག་ཉེ་ས་ནས་བཤད་ན་ཞྭ་སེར་བོ་ཚང་གི་བྱུང་རབས་ནང་འཛུབ་མོ་འཛུགས་དགོས་པ་ནི་གུ་ཡངས་མེད་པའི་གནད་དོན་ཞིག་ཡིན། རེད་དེ། སྐབས་ཐོག་གི་བརྗོད་གཞི་ནི་དེབ་སེར་པོ་དང་གདོང་སེར་པོ་གཉིས་ཡིན་པ་ལས། ཞྭ་སེར་པོ་ཚང་མིན། ཉིན་མོ་དེར་ཡང་གནམ་གྲུ་ས་ངོས་སུ་ཉེ་བར་བཅར་བས་ན། ནམ་རྒྱུན་ལྟར་ལག་དེབ་སེར་པོ་དང་འབྲེལ་བའི་དྲི་བ་ཁག་གིས་ཁོ་བོའི་བྲང་གཞུང་བརྡུང་མགོ་བཙུགས། སྡེ་བ་ལག་འཁྱེར་ཚད་ལྡན་ཅན་གྱི་མགྲོན་པོ་རྣམས་གནམ་ནས་ས་ལ་བབ་མ་ཐག དོལ་སྒམ་འབབ་སྟེགས་( Bag Zone )ཕྱོགས་སུ་འཐེན་པའི་བགྲོད་རྟགས་དེད་ནས་ཆུ་བཞུར་བཞུར་ངང་མདུན་ལ་གཤར། ང་ནི་རླུང་བཞིན་གཡོ་བའི་སེམས་ཁམས་དེའི་དབང་གིས་གློག་སྐས་རིང་པོ་དག་ནས་ཅི་ལྟར་བབ་པ་དང་། འགྲུལ་སྐས་མཐོན་པོ་དེ་ཚོར་ཅི་ལྟར་འཛེགས་པའང་ཧ་གོ་མ་སོང་།
ཅིག་ལྟ་དུས་ལུས་བཤེར་ས་ཚུགས་ལ་སླེབས་འདུག དེར་མི་ཀྲུང་ཧ་མི་སེར་རྒྱལ་ཁབ་ཀྱི་འབངས་མི་དང་ཕྱི་གླིང་བ་འགྲོ་ས་ལམ་རྟགས་ཁ་ཁ་ཡོད་པས། ང་རང་ཕྱི་གླིང་བའི་ནང་ཕྱིན་པ་དང་། དེར་འགག་སྒོའི་ལས་བྱེད་ཚོར་ཉམས་ཚོད་ཅིག་བརྟག་རྗེས། ལྟས་ཚོད་ལ་རྒྱ་མོ་བབ་ཆགས་ཤིག་འདུག་པས་ཁོ་མོའི་མདུན་གྱི་གྲལ་ཤུར་ནང་བང་སྒྲིག་ཅིང་། ཐོག་མ་ནས་ནོར་འཁྲུལ་རྐང་གཅིག་མི་འབྱུང་རྒྱུའི་ཆེད་ཡིག་ཆ་ཁག་སྔོན་ནས་སྟོན་ཆོག་ཆོག་བྱས་པ་དང་། ཕར་ནས་ཤོག་ཟེར་རག་བར་སྒུག་མཚམས་ས་ཐིག་ནང་ལངས་ནས་བསྡད། སྐད་བཏང་མཚམས་སྣང་མེད་ཡིན་མདོག་གིས་ཕར་ཕྱིན་ནས་འཚམས་འདྲི་དང་བཅས་ལག་དེབ་སེར་པོ་སྒྲོམ་སྒོའི་ནང་ཕར་བསྲིངས། གང་ནས་ཡོང་བ་ཡིན། འགྲོ་དོན་ག་རེ་ཡོད། འབྲེལ་བ་བྱེད་ས་སུ་ཡོད་སོགས་རྣ་བྱང་ལ་སོང་ཡོད་པའི་དྲི་བ་དག་སླེབས་སྐབས། དེ་ལ་འབབ་པའི་ལན་ཞིག་སྔ་ས་ནས་ཡོད་ཀྱང་། དངོས་ནས་བཤད་ན་སྐྱེས་ཡུལ་དང་སྐྱེས་ལོ་ཡན་ཆོད་ཁ་གསལ་བཀོད་ཐུབ་མེད་པའི་ལག་འཁྱེར་རྫོབ་པོ་དེ་མི་ཞིག་གི་ལག་པར་འཇོག་སྐབས། རང་བཞིན་གྱིས་གདོང་བ་ཕྱེད་ཀ་དམར་པོ་ཆགས་འགྲོ་གི མ་གཞི་ནས་ལག་དེབ་སེར་པོ་ལབ་ན་གནད་དོན་ཅན་གྱི་ཡིག་ཆའི་ཁུངས་ཡིན་སྟབས། མོས་དེ་མཐོང་འཕྲལ་བབ་ཆགས་པའི་གདོང་པ་མདོག་འགྱུར་ཚར་འདུག
དེ་མུར་ཁོ་མོས་ཁྱོད་ལ་རྒྱ་གར་ཉེན་རྟོག་པའི་དག་མཆན་(Police Clean sheet ) ག་པར་ཡོད་ཟེར། ངས་( འོ་རེད་) དེ་ཕ་གའི་གནམ་ཐང་ནས་བསྡུས་འགྲོ་གི་ཡོད་པ་རེད། ཕྱིར་ལོག་ཆོག་པའི་ཐོངས་མཆན་(Return Visa ) ཞུས་ཡོད་པ་དེར་གཟིགས་དང་། ཉིད་ཀྱི་དྲི་བ་དང་ལན་གཉིས་ག་དེ་ཡིས་འཐུས་པ་རེད་བརྗོད་པ་ཡིན། ཚིག་དེ་ཁོ་མོའི་སྣང་བར་མ་སོང་བ་འདྲ། འཁྲིས་ཀྱི་རྒྱ་མོ་དེར་སྐད་ཆ་དྲིས་སོང་། རླུང་རྟ་བརྒྱུག་ནས་རྒྱ་མོ་གཞན་པ་དེས་ཡིག་ཆར་དཀའ་ངལ་མེད་ན་འགྲོ་སྟངས་དེ་རེད་ལབ་ཡོད་ས་རེད། དེ་ནས་ཁོ་མོས་སླར་ཡང་ངའི་ཡིག་ཆར་ཞིབ་བཤེར་བྱས་ཤིང་། དེབ་སེར་པོར་བརྟག་དཔྱད་བྱེད་སྐབས་ནག་ཚོང་བརྒྱག་མཁན་ཞིག་གི་ལག་པར་གནའ་རྫས་ཤོར་བ་བཞིན། གནམ་ལ་འཕྱར་ཏེ་འོད་ངོགས་ནས་བརྟག སྤྲུགས་སྤྲུགས་བཏང་ནས་བར་ན་ཅང་ཟེགས་རྒྱུ་ཡོད་མེད་ལ་བལྟས། མཐར་སྣ་སྒོར་ཁྱེར་ནས་མ་བསྣིམས་ཙམ་ཞིག་བྱས་རྗེས། གཞི་ནས་གློག་གི་བརྟག་ཆས་བར་བཅུག་སོང་། བྱེད་སྟངས་དེས་ང་ཙམ་མ་ཡིན་པར་གཡས་གཡོན་མི་རྣམས་ཀྱང་དོག་མ་བདེ་བ་ཞིག་བཟོས། མཐའ་མར་མོས་འཐད་ལ་མི་འཐད་པའི་ངང་ཐམ་ཀ་བརྒྱབ་ནས་ལག་འཁྱེར་ཚུར་སློག་སོང་། ཁོ་བོར་མཚོན་ན་གོ་ནོར་གྱི་གོ་རིམ་དེར་ཡ་ལན་སློག་སྟངས་ཉག་གཅིག་དྲན་པ་ནི། ཐོན་ཁར་རྒྱ་རྒན་མར་ཐུགས་རྗེ་ཆེ་མ་ཞུས་པ་ཙམ་ཡིན།
དེ་ནས་ཕྱི་ལོག་ཏུ་ཕྱིན་པའི་ན། འགྲུལ་སྒུག་ཁང་གི་མི་ཚོགས་ཁྲོད་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ཞིག་གིས་ང་ལ་བསྒུགས་ནས་བསྡད་འདུག་ལ། ངས་ཕར་རྒྱལ་དར་མ་མཐོང་གོང་རྒྱལ་དར་གྱིས་ང་ཚུར་ངོ་རྟགས་ཆོད་སོང་བ་འདྲ་ཞིག་བྱུང་། སྤྱིར་ན་ལྷ་སྒྲུང་དང་འབྲེལ་བའི་རྒྱལ་དར་དེ་ངས་སྔས་མགོའི་མཐོ་སར་བཞག་ནས་ཕྱག་འཚལ་ཞིང་། བྲང་ལ་སྦྱར་ནས་ངུས་མྱོང་། སྡུག་ས་ནས་བཤད་ན་མ་རྒན་ཚེ་ལས་འདས་སྐབས་ཀྱང་ཚོར་བ་དེ་འདྲ་ཁག་སེ་འདུག དེ་བས་རྒྱལ་དར་ལ་སེམས་ཤིག་ཡོད་ན་ང་ངོ་ཤེས་དགོས་པའི་ཚད་ཡིན། གཞན་རྒྱལ་དར་གྱི་འགྲེལ་བཤད་ནི་ཆོས་སྤེལ་མཁན་ཚོའི་ཧམ་བཤད་ཡིན་སྟབས། ཕྱོགས་དེ་ནས་ང་ནི་ཁ་དང་ཁ་སྤུ་ཁ་ཁ་ཡིན་པ་ཞོར་འཕྲོས་ཙམ་མོ།།
ལག་དེབ་སེར་པོ་འདི་ངའི་ཐོབ་ཐང་དངོས་གནས་དེ་ཡིན་ལ། གདོང་བ་སེར་པོ་འདི་ངའི་ལྷན་སྐྱེས་ཀྱི་ཤ་མདངས་ཡིན། རྒྱལ་ཁབ་བཙོང་བའི་ནག་ཉེས་ཁོ་ནས་མ་གཏོགས་ཞྭ་སེར་བོ་ཚང་ངའི་ཕ་ཆོས་ཡིན། སོང་ཙང་ལག་དེབ་སེར་པོ་དང་། གདོང་བ་སེར་པོ། ད་དུང་ཞྭ་མོ་སེར་པོ་གསུམ་པོར་ང་སྒེར་ངོས་ནས་ཁ་འཁང་ར་ཞིག་ཡོང་གཞི་མེད་མོད། ཡུལ་ལུང་སོ་སོའི་ཐོངས་མཆན་སྤྲོད་མཁན་གྱི་ལས་བྱེད་པ་དང་། འགག་སྒོ་སྲུང་མཁན་གྱི་སྐོར་གཡེང་པ་ཚོའི་མདུན་ཅོག་ཐོག ངའི་ལག་དེབ་སེར་པོ་དང་། ངའི་གདོང་སེར་པོ་འདི་གཉིས་མཉམ་པོར་བཤམས་དུས། གང་ཞིག་ན་ཅིག་ཏག་ཏག་བསྡད་མེད་པ་ལམ་སེང་ཧ་གོ་ཡོང་གི དེར་བརྟེན་བྱུང་རབས་ཀྱི་ཁ་མཚམས་གང་ཞིག་ནས་རྒྱལ་ཁབ་ནག་གསུབ་ཕྱིན་པར་མནོ་བསམ་གཏོང་སྐབས། སྤྱིར་ན་ཆོས་སྲིད་ཟུང་འབྲེལ། སྒོས་སུ་ཞྭ་སེར་འདི་ཚང་དུས་མཐའི་ཉི་མ་དམར་པོ་ནང་བཞིན་ཅི་འདྲའི་མིག་ལ་འཛེར་བ་ཞིག་རེད། དེས་ཀྱང་ག་ལ་ཚད། ཁ་བ་རི་བ་ཚང་གི་སྣོད་བཅུད་གཉིས་ཀྱི་རླུང་རྟ་མར་ལ་འགྲིབ་བཞིན་པའི་སྐབས་སུ། ཁོ་ཚོ་དྲ་ཇེ་རྒྱས་དང་མགོ་ཇེ་སྐྲང་ཡིན་དོན་ཅི། ད་ནི་གང་ལྟར་ཤོར་པོ་ཞིག་གི་སྐྱེས་པ་བླངས་ཏེ་མི་ཚེ་རྫོགས་གྲབས་འདུག དུས་ཡུན་འདིའི་ནང་ཁུངས་འཁྱོལ་རུང་མ་འཁྱོལ་རུང་ཨུ་ཚུགས་མཐར་སྐྱེལ་བྱས་པ་རེད། སོང་ཙང་ངས་ད་ནས་བཟུང་ལོ་རྒྱུས་ལ་སྨྲེ་ངག་མི་འདོན། ཆོས་རྒྱུད་ལ་བསྐུར་བ་མི་འདེབས། རང་གིས་ཅིག་འཇོན་པ་ནི་ལག་དེབ་སེར་པོ་འདི་ཁྱེར་ཏེ། གདོང་བ་སེར་པོ་འདི་བསྟན་ནས། མུ་མཐུད་བདག་གཞན་ཉིས་ཆར་གྱག་གྱག་བྱེད་རྒྱུ་ཙམ་ཡིན།
རྩོམ་པ་པོས་མཆན: [ ཁ་སྔོན་ཕྱི་ཟླ་ལྔ་བར་ཐའེ་ཝན་བོད་ཀྱི་མཛའ་གྲོགས་ཚོགས་པ་གཙོས། ཚོགས་པ་ཁག་མཉམ་འབྲེལ་འོག རྒྱལ་ས་ཐའེ་པེ་རུ་<>ཅེས་པའི་བརྗོད་གཞིའི་ཐོག རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་འཚོགས་པ་དང་། ཚོགས་ཐོག་དེར་ལྷོ་སོག་དང་། ཡུ་གུར་གྱི་འབྲེལ་ཡོད་མི་སྣ་གདན་ཞུས་གནང་འདུག་ལ། ཕྲན་བོད་ཀྱི་མིང་ཐོག་ནས་ཕྱིན། སྐབས་དེའི་མཐོང་ཐོས་དང་། བརྒྱུད་ལམ་ཁག་གིས་ཡིག་ངག་གཉིས་ཐོག་ནས་བཅར་འདྲི་བྱས་པ་བཅས་གཞིར་བཞགས་སྟེ། སྙན་ཞུའི་རྩོམ་ཡིག་གི་འབྲི་ཐབས་སྤྱད་ནས་རྩོམ་འདི་བྲིས་ཤིང་། རྩོམ་ཡིག་འདི་ནི་དེའི་ནང་གི་ཚན་པ་གཅིག་ཡིན། ]
མཆན་༼༢༤༽རྣམ་རྒྱལ་གྱིས་ངོ་མ་མྱོང་ཚོར་དམར་རྗེན་བྲིས་འདུག་ཀྱང་མིག་གཡས་ཞ་དང་རྣ་ཅོག་གཡོན་འོན་ཚོས་གོ་དཀའ་མོ་རེད།
མདོ་སྨད་མ་རེད། མདོ་མེད་རེད།
དབུས་རྒྱུན་གྱི་ལས་སྟངས་འདི་ལ་ད་རིས་ངོ་མ་བཤད་ཤེས་མ་སོང་།
འོས་སྦྱོར། རྩོམ་པ་པོ་ཀླུ་བྱམས། ཉི་མའི་སྲིབ་འཁྱག་གླེང་བ། མི་སུ་འདྲ་ཞིག་ཡིན་ཡང༌། ྋགོང་ས་མཆོག་སྟེ་འཛམ་གླིང་གི་ཉི་མའི་སྐུ་ཡོན་གྱི་ཉིན་ཕྱོགས་ནས་གླེང་ན། དམར་པོ་མེ་ལས་དབལ་ཚ་བ། གཙང་མོ་ཆུ་ལས་རླབས་དྲག་པ། རྟ་རྔ་ལས་ཀྱང་ཉག་ཕྲ་བ། རྒྱ་གཡེར་ལས་ཀྱང་ཁ་བེར་བ། སྲན་མ་ལས་ཀྱང་རྡོག་འགྲིལ་བ། བག་ཕྱེ་ལས་ཀྱང་རྩིས་ཞིབ་པ་སོགས། མདོར་ན་ཞི་རྒྱས་དབང་དྲག་གི་འཕྲིན་ལས་གཅིག་བསྡུས་ཀྱི་ཞིང་བཀོད་ཅིག་ལ་བློས་བསླངས་བྱས་ཆོག་ཆོག་ཡིན་མོད། རྐུན་མིག་ལྐོག་ལྟར་གོམས་པའི་རྩོམ་འབྲི་བ་འགས། ཁོང་ལའང་ལྷ་སྒྲུང་གི་བྲན་གཡོག་དང་སྲོལ་རྒྱུན་གྱི་བཙོན་པ་ཞེས་བརྗོད་ཀྱིན་ཡོད་ལ། བར་ལམ་འདིར་རྒྱལ་བ་རིན་པོ་ཆེས་ཞལ་དྲོན་མོ་ནས [ ་་་་ང་རང་ལོ་༧༠ སླེབས་ཟིན་པས་བགྲེས་ཡོལ་བྱེད་འོས་པ་རེད། ང་ལ་འགྲོ་བ་མིའི་རང་མོས་རང་དབང་གི་ཐོབ་ཐང་དགོས་ངེས་རེད་་་་“་་་་་ཆབ་སྲིད་ཐད་རྒྱལ་བ་རིན་པོ་ཆེ་ཡིས་གནང་གི་རེད་ལབ་ནས་ང་ལག་པ་ཕྱིས་ས་བྱེད་པ་འདི་ནོར་འཁྲུལ་ཆེན་པོ་ཞིག་དང༌། ལས་རྒྱུ་འབྲས་ལའང་འགྲོ་ཐབས་མེད་་་“་་་་་་འགོ་ཁྲིད་མཐོ་ཤོས་བཀའ་ཁྲི་འོས་འདེམས་བྱུང་རྗེས་ད་དུང་ངོས་དབང་ཆ་བཟུང་ཏེ་བཀའ་ཁྲིའི་སྣ་ནས་ཁྲིད་བསྡད་ན། དེ་མང་གཙོ་ཞིག་ག་ལ་ཡིན་་་་་] ཟེར་བ་ལ་སོགས་པ་གོ་རྒྱུ་ཅན་གྱི་གསུང་སྐད་ཡང་ཡང་ཤོར་ཡོད་མོད། དེ་ལ་བདག་སྤྲོད་བྱེད་མཁན་ཞིག་མེད་པའི་ཁར། སྲིད་ཚོང་བ་དང་ཆོས་ཚོང་བ་སྤྲེལ་མའི་གར་སྟེགས་ཐོག་ཁོང་ཚང་གང་ལ་ཁྲིད་ཁྲིད་ཡིན་སྟབས། ཕལ་སྐད་ཀྱི་དབང་དུ་བྱས་ན་[ ཨ་དྲིན་ཅན་ཚོ། ད་ང་ཐང་ཆད་གི་འདུག་༌]ཅེས་རྒྱལ་བ་ཚང་གིས་ཞུ་བ་འཐེན་གྲབས་བྱས་འདུག འདི་ལྟར་བསམ་ན། ལོ་ཟླའི་འཁོར་འགྲོས་ཀྱིས་སྲོལ་རྒྱུན་གྱི་བཙོན་པ་དང་ལྷ་སྒྲུང་གི་བྲན་གཡོག་ཟེར་བའི་བཤད་ཚུལ་འདི་དག་ལ་དག་འབུད་བྱས་པ་མིན་ནམ། མ་གཞི་ཉི་མ་ནི་ས་གཞི་ལེབ་མོ་འདིའི་སྒང་ལ་ཉིན་སྲིབ་མེད་པར་དྲོད་ཁོལ་སྦྱིན་མཁན་ཞིག་ཡིན་པའི་དབང་དུ་བྱས་ཀྱང༌། ཉི་མ་རང་སྟེང་དུ་སྲིབ་འཁྱག་གི་ཆ་མང་པོ་ཞིག་ཡོད་པ་གོར་མ་ཆགས་ན། ཕྲན་གྱིས་ཀྱང་བླ་མ་ཉི་མ་འདྲ་བོའི་མཛད་པའི་སྲིབ་ངོས་ནས་གླེང་སློང་རྒྱུའི་ཚོད་ལྟ་ཤིག་བྱས་པ་འདི་བཞིན་རྒྱ་མཚོའི་ནང་ལ་དཀར་ཐིགས་ཙམ་མོ།
ལྷ་མི་ཡུལ་ལ་བྱོན་ན་ལྷ་སྒྲུང་གི་བྲན་གཡོག་ཡིན།
བཀའ་རྩ: [ང་རང་ལོ་༧༠ སླེབས་ཟིན་པས་བགྲེས་ཡོལ་བྱེད་འོས་པ་རེད། ང་ལ་འགྲོ་བ་མིའི་རང་མོས་རང་དབང་གི་ཐོབ་ཐང་དགོས་ངེས་རེད]
དགོངས་འགྲེལ: མ་གཞི་ (ཨ ཀ མའི )འདྲ་གཟུགས་མཚོ་ལ་ཤར་བ་ནས་བཟུང༌། བན་ཆུང་ལོ་བཅུ་དྲུག་ཅན་ཞིག་གི་མགོར་རྒྱལ་སྲིད་རྩིབས་སྟོང་འཁོར་ལོའི་གོ་དབང་བཙན་གྱིས་བསྐྱོན་པའི་བྱུང་རབས་ལ་ཕྱིར་མིག་བལྟས་ན། རྒྱལ་དབང་ན་རིམ་ནི་ལྷ་སྒྲུང་གི་བྲན་གཡོག་དངོས་མ་ཞིག་ལས། “ཁོ་ཚོའི་སྟེང་ལ་འགྲོ་བ་མིའི་རང་མོས་རང་དབང་གི་ཐོབ་ཐང་”ཟེར་བའི་བརྡ་ཆད་འདི་སྦྱོར་ས་མེད་པ་གསལ་བོ་རེད།
དེ་ཡང་ཕོ་བྲང་པོ་ཏ་ལའི་ཡང་སྟེང་ན་ཙི་ཙིས་ཁེངས་ཤིང་དུད་དྲེགས་ཆགས་པའི་གཟིམ་ཆུང་གོད་ཏོ་ཞིག་ཡོད་པའི་ནང༌། ཆགས་བྲལ་ཞི་དུལ་གྱི་ངང་སྒམ་ཚུགས་བཏོད་ནས་བཞུགས་པའི་ལྷ་ཕྲུག་ཚོའི་གྲས་ཀྱི་ཨང་༡༤ པར་མཚོན་ནའང༌། རང་ཉིད་གཟིམ་སྤུག་དེའི་ནང་འཁྱག་འཁུམ་བྱས་ནས་འདུག་དགོས་པའི་རྒྱུ་མཚན་གཏན་ནས་མི་ཤེས་ལ། སྐབས་རེར་བླ་རྒན་རྒན་འཁོགས་འགས་ཁོང་རི་ཤོད་ཀྱི་ལྕང་གསེབ་ན་ཆགས་པའི་ནོར་བུ་གླིང་ཁར་ཁྲིད་འགྲོ དེ་གར་ཁ་སྲིབ་འཁྱག་ལ་གཏད་པའི་ཁང་མིག་ཅིག་ཡོད་པའི་ནང་ན་ཚོད་མ་སྨིན་པའི་གཅེས་ཕྲུག་གང་གིས། དུས་ཚོད་མང་ཆེས་བ་ཆོད་མེད་པའི་ཞལ་འདོན་ཁོ་ནར་ཟད། ད་དུང་དེ་བས་ཀྱང་ཞེད་སྣང་ཚ་ཤོས་ནི། ཀ་གདོང་འབུས་ཟོས་པའི་གཟིམ་སྤུག་གི་རྩིག་གྱང་ངོར་རྟ་ལྕག་དཀར་དམར་གཉིས་བསྒར་འདུག་པ་དེ་ཡིན། དཀོར་རྒྱགས་ལ་སོང་པའི་གཟིམ་འགག་ཚོས་ལྕག་ཚན་དམར་པོ་དེ་སྤྱན་རས་གཟིགས་ཀྱིས་བསྟན་བཤིག་འཁྲབ་ན་སྐུ་སྐལ་ཡིན་རབས་ངོམ་སོ་བྱེད་ལ། ལྕག་ཚན་དཀར་པོ་དེ་གཅེན་པོ་བློ་བཟང་བསམ་གཏན་ལ་ལྷ་ཡུལ་ནས་མར་བསྐུར་བ་རེད།༼ གང་གི་མཛད་རྣམ་ཕྱག་བསྟར་མར་གཟིགས་དང༌། བསོད་བདེེ་མེད་པའི་གཅེན་པོར་ལྕག་ཚན་རག་པར་ཁ་གྲངས་མེད་ཁར། སྤྱན་རས་གཟིགས་ཀྱི་རྐུབ་མགོ་ནའང་རྨ་ཤུལ་འགའ་མེད་དམ་བསམ་བསམ་ཞིག་འདུག་ད༽ གསེར་ནག་གི་རྩིག་མ་ཅན་གྱི་སྒེའུ་ཁུང་གསེབ་ནས་ལྟ་ཐེངས་རེར། བྱིས་པ་ལོ་མཉམ་ཚོ་ཕ་རིའི་གྲོང་འདབས་ན་རྩེད་འཇོར་རོལ་བ་མཐོང་དུས། ཕྲག་དོག་གི་ཚོར་བ་སྐྱོ་སྣང་གི་མཆི་མར་བསྒྱུར་མྱོང་བའི་ལྷ་ཕྲུག་འདི་བ་སུ་ཡིན་མིན་ངས་མ་བཤད་ཀྱང་ཁྱེད་ཅག་གིས་མཁྱེན་ཤག་ཤག་རེད།
བྱུང་རིམ་ལ་ཕྱི་འདང་རེ་བརྒྱབ་ན། ར་སྟག་ལྷ་འཁྲུག་ཁྲོད་ནས་ཚངས་དབྱངས་རྒྱ་མཚོའི་ཤུལ་ལམ་ལ་བསྟན་འཛིན་རྒྱ་མཚོ་མ་སྐྱེད་པ་ནི་ལས་ངན་ནང་གི་ལས་ཅན་རེད་ལ། དཔེ་མི་སྲིད་པའི་དུས་ལོག་བྱུང་བ་དང་བསྟུན། རྒྱལ་པོ་སྟག་བྲག་གིས་ལོ་བཅུ་གཉིས་མ་ཟིན་ཙམ་ཀྱི་ཕྲུ་གུ་ཞིག་ཁོང་གི་ཡབ་ཡུམ་དང་གཏན་ནས་ཐུག་འཕྲད་མི་ཆོག་པའི་བཀའ་རྒྱ་བསྡམ་པ་མ་ཟད། ནོར་གླིང་ཕྱི་རའི་ནང་དུའང་གང་བྱུང་ཕེབས་མི་ཆོག་པ་བཟོས་ཡོད། ད་རིམ་པ་འདི་ནས་བཤད་ན། དེང་སང་ཁྲི་བྱང་སྐྱེས་སྤྲུལ་གྱིས་མཚོན་བླ་སྤྲུལ་བསོད་ཟད་འགས། ང་ལ་བླ་མ་གང་རུང་གི་མཚན་གནས་འདི་འོས་བབ་མི་འདུག ཉོ་མཁན་ཡོད་ན་བཙོང་གི་ཡིན་ལུགས་བརྗོད་པར་ཡང་ཁག་ཅིག་མི་འདུག་སྙམ།
ང་ཚོས་བླ་བྲང་ཤུལ་འཛིན་གཙོས་རྒྱུ་དངོས་རྗེས་འབྲེལ་གྱི་ཁེ་ཕན་འབའ་ཞིག་གི་དོན་དུ། མི་བུར་སྤྲུལ་མིང་བཏགས་པའི་བྱུང་རབས་ཀྱིས་མཚོན། ཕྲུ་གུ་བསམ་མེད་ཚོ་ཆོས་སྒོར་བཙན་གྱིས་བརྫོངས་པ་འདི་བཞིན། འགྲོ་བ་མིའི་རང་མོས་རང་དབང་གི་ཐོབ་ཐང་ལ་སྦྱར་ནས་གླེང་སའི་གཞི་ཞིག་མེད་ཁར། ད་དུང་གོ་བརྡ་འཕྲོད་ཁག་ཤོས་ནི། ལྷ་སྒྲུང་གི་བྲན་དུ་གྱུར་ནས་དཀའ་བ་བརྒྱ་ཕྲག་མྱངས་མྱོང་བའི་གང་ཟག་རྣམ་པར་མཚོན་ན། ཉིན་མོ་དེ་བས་བཟུང་ཁོ་ཚོར་ལྷའི་བདེ་སྐྱིད་ཕར་ཞོག་མིའི་ཐོབ་ཐང་ཙམ་ཡང་མེད་པའི་ཉམས་མྱོང་ཡོད་གཞིན་དུ། ཁོ་ཚོས་མུ་མཐུད་ནས་ལྷ་སྒྲུང་རྟོག་བཟོ་བྱེད་ཀྱིན་པ་དེ་རེད།
དེར་བརྟེན་ྋགོང་ས་མཆོག་གཙོས། ས་ཡི་སེམས་དཔའ་རྣམ་པར་འགྲོ་བ་མིའི་རང་མོས་རང་དབང་གི་ཐོབ་ཐང་འདི་སྤྲོད་འོས་མིན་གྱི་མཚམས་ཚིགས་ནི། ཕྱི་རྐྱེན་ལས་ཀྱང་ནང་རྐྱེན་གལ་ཆེན་པོ་ཆགས་འདུག གང་ཡིན་ཟེར་ན། ཐོག་མར་ཁོང་ཚོའི་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང༌། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་མཚམས་འཇོག་དགོས་ཤིང༌། བྱུང་ན་ཉིན་མོ་དེ་ནས་བཟུང་ང་ཚོས་ལྷ་མི་རྟེན་གཅིག་གི་སྐྱེས་ཆེན་ཚོར་མིའི་རང་མོས་རང་དབང་གི་ཐོབ་ཐང་སྤྲོད་འོས་མིན་གཞུང་ལུགས་ཀྱི་གཞི་འཛིན་ས་ཞིག་རྙེད་མདོག་ཁ་བ་རེད། མ་གཏོགས་ལྷ་སྒྲུང་རང་མགོར་ལྷུང་དུས་སུན་སྣང་སྐྱེས་ཀྱིན་ཡོད་མདོག་མདོག་དང༌། གཞན་གྱི་མགོར་ལྷ་སྒྲུང་སྤེལ་རྐྱང་རང་གནང་ཚེ། ལས་དེ་ལྟར་བགྱི་བའི་ཉེར་ལེན་གྱིས། ལྷན་རྒྱས་ཚོར་ཚེ་ཚེ་རབས་རབས་ལ་འགྲོ་བ་མིའི་ཐོབ་ཐང་ཅིག་རག་རྒྱུ་སེམས་ཐག་ཡིན་པ་མ་ཟད། དུས་ནམ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་བསྒྲགས་ཡིག་ནང་ལྟར། བྱིས་པ་ལྷ་སྐུར་བཟོས་པའི་ཉེས་པ་བརྩད་གཅོད་བྱེད་མཁན་འབྱུང་མི་སྲིད་པ་མིན་ན་་་་་་ ་་་ ། (མུ་འགོད་)
གོང་གི་སེར་པོ་གསུམ་གྱི་མནར་གཅོད་ཟེར་བའི་རྩོམ་ཡང་ཀླུ་མཁར་བྱམས་ཀྱི་རྩོམ་ཡིན་པ་ཤེས་པར་གྱིས།
ད་གང་ཤེས། གང་བྱུང་རེད། སྐྱིད་སྐྱིད་རེད། འཁྲབ་ཚན་རེད། འདྲ་ཆགས་རེད།
མདོ་སྨད་ཚང་ལ་བུ་ཞིག་ཡོད། བུའི་མིང་ལ་ཀླུ་ཁར་བྱམས་ཟེར། ཁོས་སྒྲུང་ཞིག་བཤད། དེ་ལ་སྒྲུང་སྐྱོར་བྱེད་མཁན་སུ་ཡོད། གང་དུ་ཡོད། སུས་ཤེས།
ཚོགས་སྡེ་མང་ཆེས་བ་མི་མགོ་བདེ་ཁ་ཤས་ཤིག་གཡོག་འཁྲབ་བྱེད་སའི་ལྟ་བུ་མ་གཏོགས་བོད་མི་རིགས་ལ་ཕན་ཐོབ་པ་ཞིག་ནམ་ཡང་བསྟན་རྒྱུ་མེད་པ་རེད། ཆོལ་ཁའི་སོ་སོའི་ཚོགས་སྡེའུ་མིང་ཅན་དེ་རིགས་ལ་གཟབ་དགོས་ས་རེད། ང་ཚོ་མང་གཙོ་གཞུང་ཡིན་པས་སུ་ལའངསྐྱོན་བརྗོད་དང་རང་དབང་ཡོད། ཆོས་དད་ཡོད་མེད་སོ་སོའི་འདོད་མོས་རེད་ལ།
དད་པ་ལོག་སྤྱོད་ཀྱི་སྤྱི་ཚོགས་བཀྲུག་ན་བོད་རིགས་འདི་ཉིད་རྩ་སྟོང་གི་བྱ་འགུལ་པ་དེ་ཚོ་ཡིན་པས། ནམ་ཡང་ངོ་རྒོལ་ཡོད།
༄༅། རྩོད་རྒྱུ་ཡོད་ན་ཕ་ཡུལ་བཙན་འཕྲོག་ལ་རྩོད་དང།
ལན་རྒྱབ་རྒྱུ་ཡོད་ན་ཕ་ཡུལ་བཙན་འཕྲོག་ལ་རྒྱོབས།
དྲི་བ་ཡོད་ན་སྤྱུན་ཟླ་བསད་མཁན་ལ་དྲིས།
ར་འཕྲོད་ཡོད་ན་གཏེར་ཁ་བསྔོགས་མཁན་ལ་སྤྲོད།