ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་དྲ་བ།
རྒྱ་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་འདོན་སྤེལ་བྱས་ཏེ་བོད་ནང་གི་ཡ་ང་བའི་དངོས་ཡོད་གནས་སྟངས་འགེབས་སྲུང་བྱས་པ།
༄༅། །བོད་འདི་མུ་མཐུད་ནས་རྒྱ་ནག་གི་དབང་བསྒྱུར་འོག་གནས་ཐུབ་པའི་གདེང་སྤོབས་མེད་སྟབས། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ལས་ཁུངས་ནས་ཐེངས་འདིར་སླར་ཡང་སེམས་འཁྲུག་དང་བྲེལ་ཟིང་ཆེན་པོའི་ཐོག་ནས་བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཟེར་བ་བཏོན་ཡོད། བཙུན་མ་ཡེ་ཤེས་མཁའ་འགྲོས་གཙོས་བོད་མི་ ༡༣༧ གིས་རང་ལུས་མེར་སྲེག་བཏང་བ་དེ་དག་གིས་རང་ཡུལ་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བོད་མི་ཚོས་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་ལ་མི་དགའ་བའི་བསམ་བློ་ཤུགས་ཆེ་ཡོད་པ་གསལ་སྟོན་བྱེད་བཞིན་ཡོད།
ཕྱི་ལོ་ ༡༩༩༠ འགོ་སྟོད་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཟེར་བ་ཐེངས་ ༡༣ བཏོན་ཡོད། དེ་ནི་པེ་ཅིང་གཞུང་གིས་ཕྱི་ལོ་ ༡༩༩༠ ནས་ད་བར་ལོ་གཉིས་རེའི་མཚམས་སུ་བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་ཐེངས་རེ་བཏོན་པ་ལྟ་བུ་ཆགས་ཡོད། སྤྱིར་རྒྱབ་ཤ་དཀར་པོའི་དེབ་ཅེས་པའི་གོ་དོན་ནི། ཆེས་རྙོག་གཞི་ཅན་གྱི་གནད་དོན་ལ་གཞུང་གི་དབང་ཚད་ལྡན་པའི་ལམ་སྟོན་ཡིག་ཆའམ། དངོས་ཟོག་ཚོང་རྒྱུའི་དྲིལ་བསྒྲགས་ཡིག་ཆ་ཞིག་ལ་ཟེར་བ་ཡིན། བོད་ཐོག་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱ་རྒྱུའི་ཐོབ་དབང་ཡོད་ཚུལ་བཤད་པ་དེར་ངོས་ལེན་བྱེད་མཁན་ཡོང་རྒྱུར་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཐེངས་ ༡༣ པ་དེ་འདོན་སྤེལ་བྱེད་དགོས་ཐུག་ཡོད། བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེ་ད་ཆ་ཧ་ཅང་མང་དྲགས་པ་དང་ཡིད་རྟོན་མི་རུང་ཞིང་། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་དག་འགེབས་སྲུང་བྱ་རྒྱུར་ཕྱིས་དྲགས་པ་རེད།
ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་རྒྱ་ནག་ཐོག་ཨ་རིའི་གྲོས་ཚོགས་ཀྱི་རྟོག་ཞིབ་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་རང་དབང་ཐོག་དམ་བསྒྲགས་བྱས་པ་དང་། དཔལ་འབྱོར་དབྱེ་འབྱེད་དང་སྤྱི་ཚོགས་ཟུར་འབུད་བྱས་པ། དེ་བཞིན་བོད་མིའི་རིག་གཞུང་དང་ཁོར་ཡུག་རྩ་མེད་བཟོ་བཞིན་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཟད། རྒྱ་རིགས་ཚན་རིག་པ་ཚོས་ཀྱང་འཛམ་གླིང་གི་སྣེ་གསུམ་པའམ་མཐོ་སྒང་བོད་ཀྱི་ཁོར་ཡུག་ཤུགས་ཆེ་ཉམས་གུད་འགྲོ་བཞིན་པའི་གནད་དོན་གླེང་སློང་བྱས་ཡོད།
རྒྱ་ནག་གཞུང་གིས་ད་བར་བོད་ཐོག་བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ ༡༢ བཏོན་ཟིན་པ་རྣམས་དང་མི་འདྲ་བར་ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་། སྔ་ལོ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྟེང་རྣམ་པ་གསར་པའི་ཐོག་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་ཡོད་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། འོན་ཀྱང་དེ་ནི་ཕྱིས་དྲགས་ཡོད། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་མི་ཚོས་རང་བཙན་རྩོད་བཞིན་ཡོད་སྐོར་ལོག་འགྲེལ་བྱས་ཡོད་པ་དེ་ནི་ཆེད་མངགས་གཞན་དག་མགོ་བོ་རྨོངས་སུ་འཇུག་རྒྱུའི་ཐབས་ལམ་ཞིག་ལས་མ་འདས། འཁྱོགས་བཤད་འདི་ལྟ་བུ་བྱ་རྒྱུ་ལས་རྒྱ་ནག་གཞུང་ལ་ཐབས་ལམ་གཞན་རྙེད་མེད། དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་གཅིག་ཐོབ་ཐབས་བྱེད་བཞིན་ཡོད་པ་དེ་ནི་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན། དེར་བརྟེན་སྲིད་གཞུང་མང་པོས་སྲིད་བྱུས་འདིར་སྔགས་བརྗོད་ཞུ་བཞིན་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་ཐབས་ལམ་འདིར་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དོན་ཚན་འགའ་ཤས་གླེང་སློང་བྱས་ཡོད་པ་རྣམས་དྲ་ཐག་ འདི་དང་། འདི་ནས་གཟིགས་ཐུབ།
ཐེངས་འདིར་དེ་སྔའི་བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེ་དག་དང་མི་འདྲ་བར་༸གོང་ས་མཆོག་ནས་རྒྱ་ནག་གཞུང་དང་ལྷན་འབྲེལ་བ་མཛད་རྒྱུའི་ཀུན་སློང་ལ་ཟུར་ཟ་དང་མཚན་སྨད་བྱས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་ཧ་ཅང་གུས་བཀུར་དང་ཆེ་བསྟོད་ཞུ་ཡུལ་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་སྟབས། ༸གོང་ས་མཆོག་གི་ཀུན་སློང་དང་དགོངས་པ་བཞེས་ཕྱོགས་ལ་རྒྱ་ནག་གཞུང་ནས་ངོས་འབྱོར་གང་ཡང་ཐོབ་དགོས་ཀྱི་མེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྩོད་མེད་ཡོངས་གྲགས་ཀྱི་བོད་མིའི་དབུ་ཁྲིད་གཅིག་ཡིན་པ་མ་ཟད། འཛམ་གླིང་ཁྱོན་དུ་རྒྱ་རིགས་ཚོས་ཀྱང་ཡིད་སྨོན་ཞུ་ཡུལ་ཞིག་ཡིན།
གསར་འགོད་ཚན་པ་ཁག་གིས་ཡང་སེ་འགྲེལ་བརྗོད་བྱས་ཡོད་པ་ལྟར་ན། གསར་འགོད་པ་རྣམས་བྱང་ཀོ་རི་ཡ་ལས་བོད་ནང་དུ་འགྲོ་རྒྱུར་དམ་བསྒྲགས་ཆེ་བ་ཡོད་སྐོར་བརྗོད་བཞིན་ཡོད། བྱང་ཀོ་རི་ཡ་ནི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་གཅིག་ཡིན། བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་འདོན་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་དང་གསར་འགོད་པ་འགྲོ་རྒྱུའི་ཐོབ་ཐང་སྤྲད་ནས་ཁོང་རྣམ་པས་འཛམ་གླིང་མི་མང་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་གྱི་སྙན་ཐོ་དང་དཔང་པོ་བྱེད་འཇུག་དགོས།
དབུས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༥ ལ།
ད་རེས་ཀྱི་རྒྱབ་ཤ་དཀར་པོའི་དེབ་ནི་ཏུ་རྒྱ་ནག་གཞུང་འབྲེལ་ངོས་ནས་ཐ་གཅིག་ཏུ་༼དབུ་མའི་ལམ༽བསྙོན་འབྱིན་ནམ། ངོས་ལེན་ཁྱོན་ནས་མེད་པའི་ལོ་རྒྱུས་རང་བཞིན་གྱི་བསྒྲགས་གཏམ་རེད། རྒྱ་གཞུང་གིས་ཕྱི་ལ་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ་ནང་བསྒྲགས་སྐབས་ཀྱང་དབུ་མའི་ལམ་བསྙོན་འབྱིན་ལྟེ་བར་བཟུང་འདུག ཕྲན་གྱིས་གནད་དོན་འདི་རྒྱ་ཡིག་གླེང་སྟེགས་ཀྱི་ཡིག་ཟམ་ནང་བཀོད་ནས་བགྲོ་གླེང་བྱེད་ཀྱིན་པའི་སྒང་ཡིན།
སྤྱིར་ཨ་རི་སོགས་ཀྱི་རྒྱབ་བསྐྱོར་དང་ངོ་གདོང་ནས་བོད་རྒྱ་ཞི་མོལ་ལ་དམིགས་པའི་རོགས་དངུལ་གལ་ཆེན་རེད་དེ། དེ་ནི་བོད་མིི་དམངས་ཀྱི་མིག་སྔའི་ཡ་ངའི་གནས་སྟངས་དང་བརྗེ་ཐབས་མེད་པས། ངེས་པར་དུ་དབུ་མའི་ལམ་ལ་བསྐྱར་ཞིབ་ཀྱིས་ཐབས་ལམ་འཚོལ་རན་ཡོད་པར་མ་ཟད། རྒྱལ་བ་རིན་པོ་ཆེ་བོད་དང་རྒྱ་ནག་གཞུང་གི་བར་གནས་སུ་འགྲིག་འདུམ་བྱེད་མཁན་གྱི་ཚུལ་དུ་བཞུགས་ནས་བོད་དོན་གྱི་མཐའ་མའི་ཐག་གཅོད་བོད་མི་དམངས་ལ་ཡོད་པ་བསྐྱར་བསྒྲགས་བྱེད་པའི་དུས་སུ་སླེབས་ཡོད། ད་གཟོད་གནས་སྟངས་གཞན་ཞིག་འཆར་མི་སྲིད་པའང་མིན། ལྷན་རྒྱས་ནས་ཀྱང་བགྲོ་གླེང་ལྷུག་པོ་གནང་རོགས།
རྒྱབ་ཤ་དཀར་པོའི་སྐོར་གྱི་རྒྱ་ཡིག་གསར་འགྱུར།
陸發表西藏白皮書:中間道路分裂中國
中央社中央社 – 2015年4月15日 下午4:43
推薦
(中央社台北15日電)中國大陸國務院今天發表「西藏發展道路的歷史選擇」白皮書,稱西藏精神領袖達賴喇嘛的「中間道路」實質是分裂中國。
這本白皮書全文長約2.7萬字,以大篇幅的歷史敘述強調西藏自古是中國的一部分。文中表示,「中間道路」企圖建立「國中之國」,達到「西藏獨立」的目的,違背「憲法和國家制度」。
白皮書稱,多年來,達賴的「藏獨」策略一直在不斷變化。達賴「流亡政府」是一個「從事分裂中國活動的非法政治組織」,沒有合法性也沒有代表性。
達賴喇嘛曾多次表示,自己不主張西藏獨立,只希望西藏擁有一定的自治權利;他還指自己可能是最後一任達賴喇嘛,希望轉世制度到他終止。但達賴上述說法,都引起中共當局大力抨擊。
經常批露大陸政治內幕且設在美國的博訊網分析指出,大陸有一批官員希望西藏、新疆持續「亂」,因為亂才能獲得維穩經費,甚至有機會立功,因此不希望達賴喇嘛這種「中間路線」獲得成功。1040415
དབུ་མའི་ལམ་ལ་དམིགས་བསལ་གྱིས་ལན་འདེབས་བྱས་པ་ཞིག་ཏུ་མཐོང་མ་སོང་། སྐད་ཆ་སྔོན་མ་ལྟར་རེད་འདུག བོད་ནི་གནའ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དེ་ཁས་བླངས་ཚེ་གྲོས་མོལ་བྱེད་རྒྱུ་ཡོད་པར་བསྟན་པ་རེད། ཏིན་ཞོ་ཕིན་གྱི་སྐབས་ནས་རིམ་པར་བརྒྱུད་འོང་བའི་སྐད་ཆ་དག་བསྐྱར་བཤད་ཅིག་རེད། ཡིན་ཡང་། ཁ་ཤས་ཆད་འདུག
ཀྲུང་གོའི་ངོས་ནས་དབུ་མའི་ལམ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་པ་འདི་དང་པོ་མ་རེད། ཀྲུང་གོའི་ཕྱོགས་ནས་དབུ་མའི་ལམ་ནི་རང་བཙན་གྱི་ཐེམ་སྐས་རེད་ཅེས་བཤད་པ་ནས་ངོས་ལེན་མ་བྱས་པ་རེད།
གནམ་ལོ་ཡག་ལགས་ཀྱིས་གསུངས་པ་ལྟར་བོད་རྒྱ་ཞི་མོལ་ལ་དམིགས་པའི་རོགས་དངུལ་ཙམ་གྱིས་ད་ལྟའི་བོད་ཀྱི་གནས་བབ་ལ་འགྱུར་ལྡོག་གཏོང་ཐུབ་པ་དེ་མ་བཏང་ན་འཐབ་རྩོད་ཀྱི་ངོ་བོ་འགྱུར་བ་རེད་ཀྱང་། ང་ཚོར་འགྱུར་ལྡོག་གཏོང་ཐུབ་པའི་ཡིད་ཆེས་ཅན་གྱི་ལས་དོན་གང་ཞིག་འདུག དེ་བཙལ་དགོས་ཀྱི་འདུག
གནད་དོན་གཞན་ཞིག་ལ་རང་གཞུང་གི་གསར་འགོད་གསལ་བསྒྲགས་འདིའི་ནང་དུ་ཀྲུང་གོས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་གྲངས་ཚད་དང་དེ་ལ་ཆ་འཇོག་མེད་པའི་སྐོར་ལས་འབྲེལ་མོལ་བྱེད་འདོད་ཀྱི་སྣེ་མོ་ཙམ་ཡང་བསྟན་མི་འདུག རྒྱ་ཕྱོགས་ནས་བཟང་ངན་ལ་མ་ལྟོས་པར་སྣེ་མོ་ཞིག་བསྟན་ཡོད། དེ་ནི་བོད་ནི་གནའ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཚེ་གྲོས་མོལ་བྱེད་རྒྱུ་ཡོད་པར་བསྟན་པ་དེ་རེད། གསར་འགོད་གསལ་བསྒྲགས་འདིའི་ནང་རྒྱ་ནག་བོད་ལ་ངན་རབས་སྡུག་རབས་ལས་གཞན་གྱི་གནད་དོན་ལ་གླེང་སློང་གནང་མེད་པ་ནི་དོ་སྣང་བྱེད་དགོས་པ་ཞིག་རེད། གཅིག་བྱས་ན་ཆབ་སྲིད་ཀྱི་ཡི་གེ་བཀླགས་མ་ཤེས་པ་ཡིན་སྲིད།
ལྷ་སྡེ་གནམ་ལོ་ཡག་གི་གསུང་བ་བདེན་པ་རེད། མི་འཐུད་ནས་དཔྱད་རོགས་
རྒྱ་ཡིག་གླེངས་རྟགས་ནང་རྒྱ་མི་དག་གི་བསམ་ཚུལ་ག་འདྲ་ཡོད་མེད་ཡང་འདིར་འགོད་རོགས་མཛོད།
བོད་ཀྱི་ནང་འཁྲུགས། བོད་ཀྱི་གསར་བརྗེ། བོན་བསྣུབ་པའི་ཚུལ་ལ་འདི་འདྲ་ཞིག་བཤད་སྲོལ་འདུག འོག་གི་འབྲེལ་ཐག་ལ་བསྣུན་ན་གསལ། 2012-07-12 凤凰大视野 西藏的西藏:神秘文明的遗痕.
བོད་པ་ཕན་ཚུན་བར་དུ་རྩོད་པ་རྒྱག་ཡ་ལྷག་མི་འདུག རྩོད་བསམ་མཁན་ཚོས་རྒྱ་གཞུང་ལ་རྩོད་དུ་ཤོག་ཅེས་པ་གསལ་པོ་རེད། རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེའི་དཀར་ཆག་ལ་ཅིག་ལྟོས་དང་ཤེས་ཐུབ་པས། འོག་ཏུ་བཀོད་ཡོད།
བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ། བོད་ལྗོངས་འཕེལ་རྒྱས་ལམ་བུའི་ལོ་རྒྱུས་ཀྱི་གདམ་ག
དཀར་ཆག
གླེང་བརྗོད།
༡ ལམ་སྲོམ་རྙིང་པ་ནི་བོད་ཀྱི་ལོ་རྒྱུས་གར་སྟེགས་ནས་འཕུད་དགོས།
༢ བོད་ལྗོངས་གསར་པ་ནི་བགྲོད་ལམ་ཡང་དག་པ་ཞིག་ཏུ་བསྐྱོད་ཀྱིན་ཡོད།
༣ ༼དབུ་མའི་ལམ༽གྱི་ངོ་བོ་ནི་རྒྱ་ནག་རྒྱལ་ཁབ་ཁ་བྲལ་དུ་གཏོང་རྒྱུ་དེ་ཡིན།
༤ ༼ཞི་བདེ༽དང༼འཚེ་མེད་ཞི་བའི༽རྫུན་དབྱིབས།
༥ དབུས་གཞུང་གིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པར་བཟུང་པའི་སྲིད་བྱུས།
མཐའ་བསྡོམས་ཀྱི་ཚིག
༢༠༡༥ ལོའི་བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ། བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག
2015-03-27 16:22:00 | རྩོམ་པ་པོ།: | ཡོང་ཁུངས།: ཀྲུང་གོའི་སྲིད་གཞུང་དྲ་བ།
(༢༠༡༥ ལོའི་ཟླ ༤ པ)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་།
དཀར་ཆག
སྔོན་འགྲོའི་གཏམ།
དང་པོ། ལམ་ལུགས་རྙིང་པ་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་ངེས།་ཅན་ཡིན།
གཉིས། བོད་གསར་པ་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།
གསུམ། “དབུ་མའི་ལམ” གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་ཡིན།
བཞི། “ཞི་བདེ་” དང་། “འཚེ་མེད་ཞི་བདའི་ལམ་” གྱི་འཕྲུལ་སྣང་།
ལྔ། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས།
མཇུག་བསྡུའི་གཏམ།
སྔོན་འགྲོའི་གཏམ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་ཡུན་རིང་པོའི་ནང་། ཀྲུང་གོའི་མི་རིགས་ཁག་སྐྱིད་སྡུག་མཉམ་མྱོང་གི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གི་ཚོགས་པ་ཞིག་ཆགས་པ་རེད། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་དང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གི་ཐུན་མོང་ཚོགས་པའི་ཁོངས་མི་ཞིག་ཡིན། བོད་ལྗོངས་ཀྱི་ལས་དབང་ནི་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་རླབས་པོ་ཆེ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་འབྲེལ་བ་དམ་པོ་ཡོད།
བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་སྟེང་། འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རིག་གནས་བསྐྲུན་ཡོད་ལ། ཀྲུང་གོའི་ལོ་རྒྱུས་དང་ཀྲུང་ཧྭའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་གོང་དུ་འཕེལ་བར་བྱས་རྗེས་བཞག་ཡོད། འོན་ཀྱང་། དུས་རབས 20 པའི་དུས་དཀྱིལ་བར། བོད་ལྗོངས་ནི་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཏུ། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་དང་། སྤྱི་ཚོགས་རྙིང་ཞེན་བག་འཁུམས་དང་ཕྱི་བཀག་ནང་སྡོམ། ཉམས་རྒུད་རྗེས་ལུས་ཐེབས་ཡོད།
བོད་ལྗོངས་དེང་རབས་ཤེས་དཔལ་གྱི་ལམ་དུ་འགྲོ་འགོ་དངོས་སུ་ཚུགས་དུས་ནི 1949 ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ལ་ཡིན། ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། བསྒྱུར་བཅོས་སྒོ་འབྱེད་སོགས་འཕེལ་རྒྱས་ཀྱི་དུས་རིམ་གལ་ཆེན་ཁག་བརྒྱུད་རྗེས། བོད་ལྗོངས་ཀྱིས་སྤྱི་ཚོགས་ལམ་ལུགས་གསར་རྐྱང་ཞིག་བཙུགས་ཡོད་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།
བོད་ལྗོངས་དེ་རིང་གི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་ནི། དེང་རབས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་རླབས་རྒྱུན་དང་བསྟུན་པ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ལམ་དེའི་ཐོག་ནས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད། བོད་ལྗོངས་ཀྱིས་དབུལ་ཞིང་ཕོངས་ལ་རྗེས་ལུས་ཡིན་པ་ནས་ཕྱུག་འགྱུར་དང་ཤེས་དཔལ་གྱི་མཆོང་སྐྱོད་མངོན་དུ་བསྒྱུར་ཏེ། ཉམས་འགྱུར་གསར་རྐྱང་གིས་སྐྱེ་བོ་རྣམས་ཀྱི་མདུན་དུ་མངོན། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཉམ་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བཏོད་པ་དང་། བོད་འཛམ་གླིང་ལ་ཁ་ཕྱོགས་པའི་སྒོ་འབྱེད་ཀྱི་ཉམས་དང་། མིའི་རིགས་ཀྱི་ཤེས་དཔལ་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་ཧུར་ཐག་བྱས་ཡོད།
བོད་ལྗོངས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དེས་བོད་ལྗོངས་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་གསལ་བཤད་གང་ལེགས་བྱ་ཐུབ་ཀྱི་ཡོད། ཡིན་ནའང་། དུས་ཡུན་རིང་པོར་ཕྱི་རྒྱལ་དུ་ཡུལ་གྱར་ཕྱིན་པའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་སྟོབས་ཤུགས་ལྷག་འཕྲོའི་འཐུས་ཚབ་ཡིན་པའི་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས། “བོད་རང་བཙན”བཅས་ཀྱི་ཆབ་སྲིད་ཀྱི་དམིགས་ཡུལ་དང་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ཞེན་ཐག་མ་ཆོད་པར། དུས་ཡུན་རིང་པོའི་ནང་གཏུམ་དྲག་གིས”བོད་རང་བཙན”གྱི་ལམ་ཕྱོགས་སྤེལ་བར་ཕམ་ཁ་བྱུང་རྗེས། ལོ་འདི་དག་ལ་ཡང”དབུ་མའི་ལམ”ཞེས་འཆལ་གཏམ་ཞིག་ཆེ་ཆེར་སྒྲོག་གི་ཡོད། “དབུ་མའི་ལམ”ནི“འོས་མེད་འགྲིག་ཐབས”དང་། “བཏང་སྙོམས”དང་། “ཞི་བདེ”དང་། “འཚེ་མེད་ཞི་བའི་ལམ་”དང་འདྲ་བར། དོན་ལ་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་བོད་ལྗོངས་བསྐྱོད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡང་དག་ཁས་མ་བླངས་པ་དང་། ཀྲུང་གོའི་མངའ་ཁོངས་སུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཚོགས་ཁག་གིས་དབང་སྒྱུར་བྱེད་པའི“རྒྱལ་ཁབ་ནང་གི་རྒྱལ་ཁབ” འཛུགས་རྒྱུའི་རེ་ངན་བཅངས་ཏེ། གོམ་རིམ་དབྱེ་ནས “བོད་རང་བཙན” གྱི་དམིགས་ཡུལ་མངོན་དུ་བྱ་འདོད་པ་ཡིན།
དཔལ་དོན།ལགས་ད་རང་མགོ་རང་གིས་མ་གཡོག་་་་་དབུ་མའི་ལམ་ཐགཅིག་ཏུ་དགག་པ་གནང་འདུག་་་་ད་དེ་ག་གོལ་མ་གནང་་་་་་་་་ད་རེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་གསལ་བོ་སྟོན་སོང་་་་ད་བོད་པ་ཚོས་བསམ་བློ་གཏོང་རམ་སོང་ངོ་་་་་་་་
དབུ་མའི་ལམ་ལ་དགག་པ་བྱས་པ་དེ་དབུ་མའི་ལམ་གྱིས་ཁོ་ཚོ་འདུག་བཟོད་མི་བདེ་བ་ཞིག་བཟོ་ཡི་ཡོད་པའི་རྟགས་རེད། ནུས་པ་གང་ཡང་མེད་མཁན་ཞིག་ལ་དགག་པ་རྒྱག་དགོས་དོན་མེད་པ་རེད། འདི་ནི་རྒྱ་རྒན་ཚོས་དབུ་རང་བར་གྱི་རྩོད་རྙོག་བེད་སྤྱད་ནས་བོད་མི་ནང་ཁུལ་ཁ་བྲལ་གཏོང་བའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་རེད།
རྒྱབ་ཤ་དཀར་པོའི་དེབ་འདི་རྒྱ་དཔོན་ལྟ་བ་མཁྲེགས་འཛིན་ཅན་ཚོས་ཞིན་ཅིན་ཕིང་གི་མ་མཐོང་སར་ལྐོག་ནས་བཏོན་པ་ཡིན་ས་རེད། རྡ་སའི་བཤད་སྟངས་བྱས་ན་ཆེའི་ཉུང་ཤས་ཤིག་གིས་དབུ་མའི་ལམ་ལ་དགག་པ་བརྒྱབ་པ་ཡིན་གྱི་རེད། མ་གཏོགས་རྒྱ་དཔོན་བསམ་བློ་གུ་ཡངས་ཅན་ཚོས་དེ་འདྲ་རྩ་བ་ནས་གནང་གི་མ་རེད་ད་་་་་ཨོ་་་་ཧཧཧཧཧཧ
དབུ་མའི་ལམ་གྱི་རྩོད་རྙོག་བེད་སྤྱད་ནས་རྒྱ་རྒན་ཚོས་བོད་མི་ནང་ཁུལ་དུ་ཁ་བྲལ་གཏོང་ཇུས་ཡིན་ན་ཁྱོད་ཚོ་རྒྱ་རྒན་ཚོའི་ཕྱག་རོགས་ཡོད་ན་མེད་ན་དེ་རེད། ཆུ་སྒང་ཁ་བྲལ་བཟོས། གཞོན་ནུ་ཁ་བྲལ་བཟོས། བོད་རང་བཙན་འདོད་མཁན་ཚོགས་པ་སྐྱིད་སྡུག་སུ་ཡིན་ནའང་ཁྱོད་ཚོས་ཁ་བྲལ་བཟོས་མྱངས་ཡོད་པ།
བོད་རང་བཙན་ཞེས་པའི་མིང་ཙམ་ཡང་བརྗོད་རྒྱུ་མེད་པ་མ་བཟོ་བར་རྒྱ་ནག་གིས་དབུ་ལམ་དང་མཉམ་དུ་གྲོས་མོལ་ཡོང་གི་མ་རེད།
་་་་་་་་་་་་་་་ # 10 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
April 17th, 2015 at 4:25 AM
རྒྱབ་ཤ་དཀར་པོའི་དེབ་འདི་རྒྱ་དཔོན་ལྟ་བ་མཁྲེགས་འཛིན་ཅན་ཚོས་ཞིན་ཅིན་ཕིང་གི་མ་མཐོང་སར་ལྐོག་ནས་བཏོན་པ་ཡིན་ས་རེད། རྡ་སའི་བཤད་སྟངས་བྱས་ན་ཆེའི་ཉུང་ཤས་ཤིག་གིས་དབུ་མའི་ལམ་ལ་དགག་པ་བརྒྱབ་པ་ཡིན་གྱི་རེད། མ་གཏོགས་རྒྱ་དཔོན་བསམ་བློ་གུ་ཡངས་ཅན་ཚོས་དེ་འདྲ་རྩ་བ་ནས་གནང་གི་མ་རེད་ད་་་་་ཨོ་་་་ཧཧཧཧཧཧ ་་་་་་་་་་་་་་་་་་་
གནམ་ལོ་ཡག་ཟེར་བ་དང་། ཀླུ་མཁར་བྱམས་ཟེར་བ་འདི་དག་དུས་རྟག་ཏུ་མདུང་ཁ་དང་གྲི་ཁ་ནང་དུ་གཏད་ནས་བསྡད་ཡོད། ཁོ་པ་ཚོས་བཤད་པ་ལྟར་ན་གང་ལྟར་དབུ་མའི་ལམ་འགྱུར་བ་དགོས་བསམ་པ་དེ་རེད། རྒྱུ་མཚན་གང་ཡང་མེད་པར་མི་མང་ཁ ལ་འཁྱེར་བ་ཙམ་ལས། དོན་ངོ་མར་དབུ་མའི་ལམ་བོད་མི་མང་གི་མངོན་འདོད་དང་མི་མང་གིས་གདམས་ནས་སླེབས་ཡོད། ཉིས་སྟོང་བརྒྱད་ལོར་ཛ་དྲག་ཚོགས་ཆེན་སྐབས་ཀྱང་མི་མང་གིས་གཏན་འབེབས་བྱས་པ་ཞིག་རེད། མི་མང་གིས་མཐའ་མའི་གཏན་འབེབས་བབ་རླིངས་བརྟན་གསུམ་གྱི་སྒོ་ནས་བྱེད་ངེས་པས་ཁྱེད་གཉིས་ཀྱི་བསམ་ངན་ལ་རེ་བ་གང་ཡང་མེད། ང་ཚོ་བོད་མི་ཚོས་དུས་རྟག་ཏུ་གནམ་ལོ་ཡག་ཟེར་བ་དང་ཀླུ་མཁར་བྱམས་ཟེར་བའི་མི་ངན་འདི་དག་ལ་ཡིད་གཟབ་དང་ཞིབ་འཇུག་ནན་མོ་བྱེད་དགོས། ཆེན་དུ་བོད་ནང་ཁུལ་དུ་དཀྲུགས་བཤིག་རྒྱག་མཁན་ཙམ་ལས་གཞན་གང་ཡང་མིན། རྒྱུ་མཚན་བཤད་རྒྱུ་ཡོད་མདོག་གིས་མདའ་དཀྲུགས་ཕུ་དཀྲུགས་བཟོ་བཞིན་ཡོད།
རྒྱ་རྒན་ཚོས་དབུ་རང་གི་རྩོད་རྙོག་བེད་སྤྱེད། རྒྱ་ཕྲུག་ཚོས་དེ་ལ་གཞོག་འདེགས་བྱེད་ཀྱི་ཡོད་ཀྱང་བོད་མི་མང་ནམ་ཡང་མགོ་འཁོར་ལེ་མ་རེད། ཧཧ