གནས་ཚུལ་གཏོང་མཁན། ཀླུ་འབུམ་བཀྲ་ཤིས།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱེད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲོའུ་ནས་དབུས་སྐད་ཐོག་ལ་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་གཅིག་དགོས་པའི་ས་མིག་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
༡༽ བོད་སྐད་ལ་བྱང་ཆ་ཡོད་པའི་ཐོག་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་མཐོ་སློབ་ཀྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་འཕྲོད་ཐུབ་པ།
ཞིབ་གསལ་འདི་ནས་གཟིགས།http://www.rfa.org/tibetan/dakhyab/stringer-in-ktm-nepal-05192016110734.html
སྐལ་ལྡན་བློ་གྲོས་ཀྱི་བཀའ་སྐྱོན་སྒུར་འདོད་མེད། དེཡིན་དུས་ལས་ཀ་འདི་སྙན་ཞུ་མ་ཕུལ།
གསར་འགོད་པ་དགོས་པ་མི་འདུག དོན་མེད་དངུལ་རྫོགས་རོགས་རེད། བོད་པའི་གསར་འགྱུར་དེ་ཚོ་ནི་གསར་འགྱུར་མ་རེད་དུས་དེབ་ཀྱི་ངོ་བོར་གནས་འདུག་བོད་པའི་གསར་འགྱུར་མང་ཆེ་བ་བདུན་རེའམ་ཟླ་རེའི་གནས་ཚུལ་ཙམ་ཅིག་རེད། གཟིགས་དང་བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ་ལྟ་བུར་སྐབས་རེར་བདུན་ཕྲག་གཅིག་གི་རིང་ལ་གསར་འགྱུར་གང་ཡང་འཐོན་གྱི་མི་འདུག གལ་ཏེ་བཏོན་ཀྱང་འཛམ་གླིང་གི་གསར་འགྱུར་གལ་ཆེ་བ་དེའི་རིགས་གང་ཡང་ཡོད་པ་མ་རེད་དྷ་རམ་སལའི་གཡས་གཡོན་ཙམ་གྱི་གནས་ཚུལ་དབང་ལུང་གི་སྐོར་ཙམ་ཅིག་རེད། དེས་ན་ངས་སྔོན་མ་གསར་འགྱུར་དེའི་རིགས་ལ་བལྟ་ཀློག་བྱེད་ཀྱི་ཡོད་མོད་གསར་འགྱུར་གང་ཡང་མེད་ཙང་དྲ་དངུལ་འཕྲོག་བརླག་འགྲོ་བྱེད་ལས་མེད་དུས་ད་ལྟ་ཀློག་གི་མེད། དེ་ལས་ཕྱི་རྒྱལ་གྱི་གསར་འགྱུར་དེ་ཚོའི་རིགས་ང་ཡི་གྲོགས་པོ་ཚོར་དྲིས་ནས་ཉན་གྱི་ཡོད། བོད་པའི་གསར་འགྱུར་དང་རྒྱ་ནག་གི་གསར་འགྱུར་དེའི་རིགས་འབྲི་སྟངས་ཕལ་ཆེར་གཅིག་པ་རེད། དེ་ལས་ཁ་བརྡའི་དྲ་བ་ནི་ང་ཡི་གསར་འགྱུར་ཤེས་ས་དང་རྩོམ་ཡིག་སྦྱོང་ས་དུས་ཚོད་གཏོང་ས་བྱེད་ཀྱིན་ཡོད།
དེང་སང་ཨ་རིའི་མཚོན་པའི་རླུང་འཕྲིན་
དང་གསར་ཤོག་ཀློག་མཁན་ཨ་ཡོད་།
དེ་ཚོའི་གྲས་དེ་གྲལ་རིམ་གྱི་ལས་འགན་སྒྲུབ་མཁན་ལས་མི་དམངས་ལ་གང་ཕན་།
མི་མང་ལ་གོ་རྟོགས་སྤེལ་མཁན་ཡག་
ཤོས་དེ་ཁ་བརྡ་རེད་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་གྲོང་གསེབ་་མི་ཡི་ཉན་ཡ་རེད་ཟེར། ངོས་གནས་རེད། 80% ཉན་མཁན་གྲོང་གསེབ་་མི་རེད། ད་ད་དྲ་རྒྱའི་དུས་རབས་ཆགས་ཚར་རེད། མི་ཚང་མ་གསར་འགོད་པ་ཆགས་ཚར་རེད། སྐད་འཕྲིན་གཅིག་པུ་ལ་དཔེ་བཞག་ན་ཉིན་རེ་གསར་འགྱུར་བརྒྱ་ལ་ཉེ་བ་ཐོན་གྱི་ཡོད་རེད། གསར་འགོད་པ་ཚང་མ་མི་སྒེར་པ་སོ་སོ་རེད། ད་གཟབ་གཟབ་མ་བྱས་ན་ཨེ་རླུང་ཚང་གི་མི་ཚང་མ་ལས་མེད་ཆགས་གྱི་རེད་ཡ །
ཕྱི་ཚུལ་ནས་ཁྱབ་བསྒྲགས་འདྲ་ཆགས་པོ་ཙམ་ལས། དོན་དངོས་སུ་ཆ་རྐྱེན་ཚང་མིན་ལ་མི་བལྟ་པར་བཟང་ཁ་མཐུན་ཕྱོགས་ཅིག་བླངས་ཚར་པ་རེད་། གང་ལྟར་ཨམ་སྐད་སྡེ་ཚན་དེ་འདྲ་ཡིན་པ་སྔོན་ནས་ཤེས་ཤེས་པ་རེད་།
བལ་ཡུལ་གྱི་གསར་འགོད་པ་ནི་གནད་འགགས་ཤིག་རེད། རང་རེའི་བོད་དང་ཐག་ཉེ་བའི་ས་ཆ་ཞིག་ཡིན་ཕྱིར། གསར་འགོད་པ་དྲང་བདེན་གྱི་སྒོ་ནས་འདེམས་དགོས་པ་ལས་སྔར་བཞིན་ངོ་ཤེས་དང་། ཕ་ཡུལ་མ་ཡུལ་གཅིག་པ་ཁོ་ན་གྲལ་དུ་མི་འཇུག་པའི་རེ་བ་ཡོད།
ད་དུང་ཞུ་ཡ་གཅིག་ལ་དྷི་ལི་ནས་གསར་འགྱུར་གཏོང་མཁན་གསར་འགོད་པ་རྒན་པོ་དེ་དང་ལྷོ་ཕྱོགས་ནས་གཏོང་མཁན་ཡི་གེ་ཡང་ཡག་པོར་བྱས་ཏེ་ཀློག་མི་ཤེས་མཁན་དེ་ཚོས་བཏང་བའི་གསར་འགྱུར་དེ་ཚོར་ཉན་ན་གཉིད་ཁུགས་ཡོང་གི་འདུག དྷ་ས་ནས་གཏོང་མཁན་བུ་མོ་དེ་དང ཨ་རི་ནས་གཏོང་མཁན་གྱི་བུ་མོ་གཉིས་དེ་གཅིག་པོར་ཨའུ་ཙམ་རེད། གསར་འགོད་པས་གསར་འགྱུར་གཏོང་དུས་ཡུལ་དེ་དང་དེའི་གནས་ཚུལ་རྣམས་ཁ་གསལ་གོ་བདེ་ཞིག་དགོས་པར་མ་ཟད། ས་ཆ་དེར་མེད་པའི་ཕྱིལ་ལོག་གི་མི་དེ་ཚོས་ཉན་ན་དངོས་གནས་ས་ཆ་དེ་དང་དེའི་གནས་སྟངས་རྣམས་དེ་འགྲོ་མ་མྱོང་ནའང་གནས་ཚུལ་དོན་སྤྱི་ལྷང་ངེར་མིག་ངོར་ལ་འཆར་ཐུབ་པའི་གནས་ཚུལ་གཏོང་དགོས་པ་རེད། དེ་འདྲ་གཏོང་མཁན་ཞིག་མཐོང་མ་སོང།
འཛམ་གླིང་འདི་དྲ་རྒྱའི་དུས་རབས་ནང་ཁ་ཕྱོགས་ནས་རླུང་འཕྲིན་དང་གསར་ཤོག་ལ་ལྟ་ཀློག་དང་ཉན་རྒྱུའི་དུས་ཚོད་གཏོང་མཁན་ཉུང་ཉུང་རེད་ གྲོང་གསེབ་ས་ཁུག་ལུང་ཁུག་དྲ་ཐག་མེད་ས་རེ་གཉིས་ཡོད་སྲིད་ དེ་མིན་ཚང་མ་དྲ་རྒྱའི་དུས་རབས་ལ་ཁ་ཕྱོགས་ནས་སྔོན་འཐོན་བྱེད་བཞིན་པ་ལས་རྗེས་ལུས་སུ་ནམ་ཡང་ཕྱི་ཤིག་རྒྱག་མཁན་ཨ་ཡོད་།