ཚེ་རིང་པོ་ནས་བྲིས།
ཁ་སང་གཟའ་ཉི་མ་རེད། ངས་གྲོགས་པོ་ཞིག་ལ་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་ན་བསམས་ཏེ་ཁ་པར་བཏང་བ་ཡིན། སྟབས་ལེགས་པ་ཞིག་ལ་གྲོགས་པོ་ནང་དུ་བསྡད་འདུག ངས་ཁོང་གི་བཟའ་མི་ཚོར་འཚམས་འདྲི་བྱས། ཁོང་གིས་ཀྱང་ང་ཚོར་བཀྲ་ཤིས་བདེ་ལེགས་ཡོད་ཅེས་ཟེར། དེ་མ་ཐག་ཁོང་གིས་ང་ལ་གློ་བུར་དུ་གསར་འགྱུར་ཞིག་བཤད་བྱུང་། གསར་འགྱུར་དེ་ནི་བོད་པའི་བུད་མེད་ཅིག་གིས་རང་གི་བུ་ཕྲུག་བསད་པའི་སྐོར་རེད།
ཁོང་གིས་བཤད་དོན་ལྟར་ན། བུད་མེད་དེ་ནི་བོད་ཁམས་ཕྱོགས་ནས་སྐྱེས་ཤིང་། རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཏེ་ད་ལྟ་བྷེལ་རྗམ་དུ་གནས་སྡོད་བྱེད་ཀྱིན་ཡོད་པ་དང་། ཕ་ཡུལ་གཅིག་པའི་ཕོ་གསར་ཞིག་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་བུ་ཕྲུག་ཅིག་སྐྱེས་འདུག ཡིན་ནའང་། བདུན་ཕྲག་གཅིག་གི་གོང་དུ། བུད་མེད་དེའི་ཁྱོ་ག་སློབ་གྲྭ་ནས་ཕྱིར་ཁྱིམ་དུ་ཐོན་མ་ཐག རང་གི་བུ་ཕྲུག་ལ་བལྟ་འདོད་ཀྱིས་ཉལ་ཁང་དུ་ཕྱིན་དུས། བུ་ཕྲུག་གི་དབུགས་ཆད་ཡོད་འདུག ཁོས་བཟའ་ཟླར་རྒྱུ་མཚན་དྲིས་དུས། མོས་བུ་ཕྲུག་གིས་ངུ་མཚམས་མ་བཞག་པར་བརྟེན་དར་གོས་ཤིག་གདོང་ལ་བཀབ་པ་ཡིན་ཞེས་བཤད་པ་འདྲ། བྱིས་པ་དེ་ནི་སྐྱེས་ནས་ཟླ་གཅིག་ལས་འགོར་མེད་ཚོད། དེ་མ་ཐག་ཁྱོ་གས་ཉེན་རྟོག་མི་སྣར་སྐད་བཏང་ཞིང་། ཉེན་རྟོག་མི་སྣས་བུད་མེད་དེར་འདྲི་རྩད་བྱས་དུས། མོས་བསམ་གཟས་ཏེ་རང་གི་བུ་ཕྲུག་བསད་པར་ངོས་ལེན་བྱས་ཡོད་ནའང་། སྐབས་དེར་སེམས་ཁམས་རིག་པ་བ་ཞིག་གིས་བུད་མེད་དེར་སེམས་ནད་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་དང་། གནས་ཚུལ་དེ་ནི་བྷེལ་རྗམ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག་ཟེར། ངའི་སེམས་ཁམས་འཁྱག་པར་གྱུར།
ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཕ་མས་བུ་ཕྲུག་གསོད་པ་དང་། བུ་ཕྲུག་གིས་ཕ་མ་གསོད་པའི་གསར་འགྱུར་རྒྱུན་དུ་འབྱུང་། གསར་འགྱུར་འདི་ལ་ང་གོམས་པ་འདྲ། ཡིན་ནའང་བོད་མི་ཞིག་གིས་རང་གི་བུ་ཕྲུག་བསད་པའི་གསར་འགྱུར་ཐོས་པ་ཐེངས་དང་པོ་ཡིན་སྟབས། གསར་འགྱུར་འདི་ནི་ངའི་བློ་ངོར་མི་ཤོང་བ་ཞིག་བྱུང་། བྱིས་པ་ཞིག་གཉོར་བ་ལ་དཀའ་ངལ་ཡོད་པ་དཔེར་ན། མདོ་སྨད་ཀྱི་གྲགས་ཅན་མི་སྣ་སྣང་རི་དཔོན་པོས་ཀྱང་བྱིས་པ་གཅིག་གཉོར་བ་ལས་དམག་བརྒྱ་ཐམ་པར་འཐབ་དགོས་པ་ལ་དཀའ་ངལ་མི་འདུག་ཅེས་གསུངས་པ་རེད། ཡིན་ནའང་ང་ཚོར་རིག་གཞུང་ཞིག་དང་སེམས་ཁམས་ཤིག་ཡོད་པ་མ་ཡིན་ནམ། དྲ་གྲོགས་ཚོའི་ནང་དུ་གནས་སྟངས་འདི་ལ་སེམས་ཁམས་རིག་པ་དང་། བོད་ཀྱི་རིག་གཞུང་དང་འབྲེལ་ནས་གང་མང་མང་གསུང་ཐུབ་མཁན་ཡོད་དམ།
very bad news.maybe she is crazy.my God.
དེ་ནི་ཁོ་ནུབ་ཕྱོགས་སོང་ནས་ཐོབ་པའི་ཐབས་རྩལ་ཞིག་རེད དུ་རུང་སོ་སོ་ཨ་མ་བཙོན་དུ་བཅུག་པ་ཡང་གོ་རྒྱུ་འདུག རྒྱ་གར་ནས་གཡོ་རྒྱུ་ཁྲམ་གསུམ་བྱས་ནས་ནུབ་ཕྱོགས་བདེ་བ་ཅན་ཞིང་དུ་སོང་མ་རེད་དམ དེ་ནས་ ཡང་་་་་་་་་་་་་་
མི་སེམས་ནད་ཡོད་པ་དག་ལ་ཁག་ཡོད་པ་མ་རེད། དེ་མིན་རང་གི་ཕྲུ་གུ་གསོད་མི་སྲིད། སྙིང་རྗེ། མ་བུ་གཉིས་ཀ་སྙིང་རྗེ།
སེམས་ཁམས་ལ་སྐྱོན་ཡོད་པའི་བུད་མེད་ཅིག་གིས་འདི་བྱས་པར་ཧ་ལས་རྒྱུ་མི་འདུག
ཁྱེད་ཚོས་ཡ་མཚན་མདོག་མ་བྱེད་ད་ངས་ཁྱེད་ཚོར་འདྲི། འཆར་ལྡན་བུ་བཙའི་སྲིད་ཇུས་འདི་བཏིང་བ་ནས་བཟུང་། ཕ་མས་ཕྲུ་གུ་ག་ཚོད་གཅིག་བསད་ཅིང་གསོད་ཀྱིན་པ་མ་ཤེས་སམ། བོད་མི་རིགས་ལ་ཧ་ལས་པའི་རིག་གཞུང་ཡོད་མ་གསུངས་རོགས། སྔོན་མ་ང་བོད་དུ་སྡོད་སྐབས་ཕྲུ་བསད་པའི་བུད་མེད་གཉིས་མཐོང་མྱོང་ཡོད།
གཅིག་གི་མིང་ལ་ལྔ་ལྔ་ལྷ་མོ་ཟེར། མོ་གཉེན་སྒྲིག་མ་བྱས་པའི་བུད་མེད་ཅིག་ཡིན་ཚོད་འདུག་ཀྱང་།
བློ་རྡོ་ཟེར་བ་ཞིག་རྒྱུན་དུ་འབྲེལ་འདྲིས་བྱུང་སྟེ། སྔ་ཕྱིར་ཕྲུ་གུ་གཉིས་བྱུང་བ་དང་གཉིས་ཆ་འབྲོག་པའི་སླས་རྭའི་ནང་གི་ལུད་ཕུང་འོག་ཏུ་སྦས་འདུག་ཟེར། དཔྱིད་ཀ་ལུད་བསྔོགས་དུས་ཕྲུ་གུའི་ཕུང་པོ་མངོན་རྗེན་དུ་གྱུར་ཀྱང་བོད་མི་བྱང་ཆུབ་སེམས་དཔའ་ཚོས་མོ་ཁྲིམས་ལ་མ་སྦྱར་བ་རེད་ཟེར།
གཞན་པ་དེ་ཡང་ཁྱོ་བོ་ཞིག་དང་བུ་ཕྲུག་གསུམ་ཡོད་ཀྱང་ཁ་བྲལ་དགོས་བྱུང་སྟེ་མོ་དུད་ཞིག་གི་འགན་འཁུར་
འོག་དཀའ་སྡུག་ག་ཚོད་ཡོད་མེད་དེ་བཤད་མི་དགོས་པ་ཡིན་མོད། སྲིད་པའི་འདོད་ཆགས་འདི་མགོ་མ་ནོན་པར་ཡུལ་གྱི་ཕོ་འཁྱམ་ཁག་གཅིག་དང་འབྲེལ་འདྲིས་བྱུང་སྟེ་ཕྲུག་གུ་གཉིས་བྱུང་། ཡང་བསྐྱར་གསུམ་པ་ཞིག་སྐྱེ་མ་རག་དེར་ཞགས་ཤས་ན་བའི་ཟོལ་གྱིས་ཕྲུ་གུ་དེ་མི་མངོན་པའི་དབྱིངས་སུ་སྦས་ཟིན་ཏེ། མོ་རང་ལྡེམ་ཁྱུག་ཁྱུག་གིས་འགྲོ་བ་མཐོང་། ཨོ་་་་གལ་ཆེན་ཞིག་བརྗེད་གྲབས་འདུག་སྤྱི་ཚོགས་རྙིང་པ་སྟེ་བོད་སྡེ་པ་གཞུང་གི་སྐབས་སུ། དབུས་པའི་སྐུ་ངོ་ཞིག་ལོ་ཤས་རིང་ང་ཚོའི་ལུང་པར་ལས་གནས་སྤོས་ཏེ་སྡོད་སྐབས་ང་ཚོའི་ལུང་པའི་བུ་མོ་ལོ་གཞོན་ཞིག་དང་བཙན་ཤེད་ཀྱིས་གཉེན་བསྒྲིགས་བྱས། ཁོང་གཉིས་ལ་ཕྲུ་གུ་ཞིག་བྱུང་ནས་ཟླ་ངོ་དྲུག་ཙམ་ལས་མ་སོན་པར་སླར་ཡང་སྐུ་ངོ་མཆོག་ལས་སྤར་བྱ་དགོས་ཐུག བུད་མེད་དེས་ཕྲུ་གུ་ཁྱེར་ཏེ་ལམ་ཐག་རིང་པོར་སོང་ན་ཕྲུ་གུར་སྐྱོན་ཡོད་པས། རྗེས་མ་ཕྲུ་གུ་ཅུང་ཆེ་རུ་སོང་མོ་སྐབས་ངེས་པར་དུ་ཡོང་ཆོག་ཞུས་ཀྱང་།
སྐུ་ངོ་མཆོག་དགོངས་པ་རབ་ཏུ་འཁྲུགས་ཏེ། རང་གི་བུ་ཆུང་ཡ་ང་དེ་ལམ་འོག་གི་ཚེར་མ་དང་གཤག་དྲྭའི་རྭ་བའི་གསེབ་ཏུ་ཤུགས་ཀྱིས་འཕངས་དང་ཆབས་གཅིག་བུ་མོ་དེ་བྱེའུ་ཁྲས་བཅོམ་པ་ལྟར་བཟུང་ཞིང་རྟ་ཐོག་ཏུ་བསྐྱོན་ནས་ཆིབས་སྒྱུར་བསྐྱངས་སོང་ཟེར། ཅི་འདྲ་འདུག བུ་མོ་དེར་བརྩེ་དུངས་ད་ཡོད་ས་རེད་པ།
ཕྲུ་གུ་ཅུང་ཆེ་རུ་སོང་སྐབས་དང་། མོ་ངེས་པར་དུ་ཡང་ཆོག་ཅེས་བཅོས་རོགས
འཆི་མེད་ལགས་ཀྱིས་བོད་པའི་དྲ་ངོས་ལ་དབྱིན་ཇི་འབྲི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དྲ་གྲོགས་ཚོས་ཐེངས་མང་པོ་བཤད་སོང་མོད། ཉན་གྱི་མི་འདུག ད་དུང་ཁོ་མོས་གསར་འགྱུར་འདི་བཀླགས་ཚར་རྗེས། ཧ་སང་མདོག་མདོག་བྱེད་ཀྱིན་འདུག་པ་དང་མིང་ཚིག་སྡུག་རེ་སྡུག་ཚད་བེད་སྤྱོད་གཏོང་སྟངས་ལ་ལྟོས་ན་ཁྱོད་ར་བུད་མེད་ཡ་རབས་ཤིག་མིན་པ་སེམས་ཐག་བཅད་ཆོག
རྗེས་ནས་བོད་པ་ཡིན་ན་བོད་ཡིག་བེད་སྤྱོད་གཏོང་རོགས། འདྲེས་མ་ཡིན་ན་་་་་་་་་་་་་་་་་་་་་་་་
དེ་ནི་སྟབས་མ་ལེགས་པར་བྱུང་བའི་དོན་རྐྱེན་ཞིག་རེད། ཁོ་མོས་ཡང་གསོད་འདོད་གང་ནས་ཡོད། གནམ་འོག་ན་རང་གིས་བུ་ཕྲུག་ལ་ཞེ་མི་ཐོག་པའི་ཕ་མ་ཞིག་ཡོད་ཁག་པོ་རེད། ཡིན་ན་ཡང་ལས་དབང་ཟེར་བ་ལས་འགྲེལ་རྒྱག་ག་ལ་ཐུབ། ཀུན་སྐྱིད་ཐོབ་པར་ཤོག
ཨོ་རིག་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།
བོད་ནང་དུ་ཕ་མས་བུ་ཕྲུག་གསོད་པའི་གནས་ཚུལ་ཡོང་གི་རེད་པ་རེད།
ད་དུང་བཙུན་མས་བུ་ཕྲུག་གསོད་པའི་གནས་ཚུལ་ཡང་རེ་བཟུང་ཡོད་པ་ཤེས་གསལ་རེད།
དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་ཀྱང་ཁྲིམས་ལ་བཏུགས་མཁན་གོ་རྒྱུ་མི་འདུག
ལྷག་དོན་དུ་སེམས་ཁམས་འཁྲུག་པའི་སྐྱེས་མ་ཞིག་གི་བསམ་བསམ་ནས་རང་གི་བུ་ཕྲུག་བསད་ཡོད་མེད་སུ་རྟོགས།
རྒས་པའི་སྟེང་གི་རྡོག་རྫིས་དེ་དག་ལ་དགའ་པོ་ཁྱོན་ནས་མེད།
སྙིང་རྗེའི་ཡུལ་རང་རེད།
ཨོ་རིག་གི་སྐད་ཆ་ལ་གོ་རྒྱུ་གང་ཡང་མིན་འདུག འཆར་ལྡན་བུ་བཙའི་སྲིད་ཇུས་རྗེས་ཕ་མས་རང་གི་བུ་ཕྲུག་བསད་པ་ཇི་སྙེད་ཅིག་བྱུང་བ་འདི་དག་སེམས་ཁམས་སྐྱོན་མེད་ཡིན་པའིཐོག་ནས་དོན་རྐྱེན་བྱུང་བར་ཁྱེད་ཀྱིས་མནའ་སྐྱེལ་ཐུབ་བམ། གཉིས་ནས་མི་རབས་ཤིག་གི་ལོ་རྒྱུས་རིང་པོའི་ནང་འདི་འདྲའི་གནས་ཚུལ་ཇི་སྙེད་ཅིག་བྱུང་བ་དང་འབྱུང་ངེས་རེད་མོད། དེ་དག་ལ་རྒྱུན་ལྡན་གྱི་སྤྱོད་ལམ་ཇ་འཐུང་བ་དང་ལྟོ་ཟོས་པ་ལྟ་བུ་ལས་དོན་གནད་མེད་པ་ལྟར་རྩིས་ན་ཅུང་འོས་སམ།
ཤི་མཁན་གསོད་མཁན་སུ་ཡིན་ན་ཡང་། སྙིང་རྗེས། ཨོམ་མ་ཎི་པད་མེ་ཧྰུམ།
བོུ་མོ་དེ་ཟླ་བ་ཅིག་མ་རེད་ ཟླ་བ་ཅུ་གཅིག་རེད། ཁ་སེང་བཟའ་ཉི་མ་མ་རེདསྤྱི་ཟླ་དང་པོའི་ཚེས་ཉི་ཤུ་རེ་བཟའ་ཕུར་བུ་དགོང་དྲོ་རེད། ཨ་མ་དེ་བུ་མོ་དེ་སྐྱེས་པ་བཟུང་སེམས་ནད་དེ་བྱུང་བ་རེད་འདུག་ཟེར་གི་འདུག་དེ་ཕྲུ་གུའི་ཕ་ཡི་གསུང་གི་འདུག།
ཧ་ལས་ལས་དང་ཧང་སངས་སངས་མ་བྱེད། བོད་པའི་སྤྱི་ཚོགས་ནང་རང་གི་བྱིས་པ་གསོད་མཁན་གྱི་ཨ་མ་མང་ནི་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་དེ་བས་ཀྱང་མང་གི་རེད། ཕ་མས་གཉིས་ཆས་གྲོས་བྱས་ནས་སོ་སོའི་བྱིས་པ་གསོད་ཀི་ཡོད་ནི་རེད། གྲོད་ཁུག་ནང་གི་བྱིས་པ་བསད་པ་དེ་ཁྲིམས་ཐོག་ནས་རང་གི་བྱིས་པ་བསད་པར་ངོས་འཛིན་བྱས་མེད་ཀྱང་ཆོས་ཀྱི་ནང་གི་མི་བསད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གནས་ཚུལ་འདི་དང་ཐོག་ངས་སྒོ་ཕྱེ་སྙིང་ཕོད་པ་དེ་ནོར། ཕྲུ་གུ་མང་པོ་བཏོན་ནས་བདག་པོ་མ་བྱེད་པར་ཐང་འཁྱམས་སུ་བཏང་བ་ལས། དང་ཐོག་ནས་ཚད་གཞི་བྱས་ནས་བདག་སྐྱོང་བྱས་པ་དེ་ཧ་ཅང་བཟང་ཚོད་རེད།
མེ་ཏོག་དཀར་པོལགས།
ངས་འབྲི་དུས་དོགས་པ་ཞིག་ཟ་སོང་མོད། བྱ་སྟངས་བྱེད་སྟངས་ལ་ལྟོས་ན་བུད་མེད་ཐེབས་ཆག་ཅིག་གི་ལས་སྟངས་འདྲ་བོ་འདགུ་པས། ངས་བུད་མེད་ཟེར་ནས་བྲིས་པ་ཡིན། ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན་རླུག་པ་་ཡོད་ས་ར། ྷཧཧཧཧཧ
ཚེ་རིང་པོ་ནས། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཕ་མས་བུ་ཕྲུག་གསོད་པ་དང་། བུ་ཕྲུག་གིས་ཕ་མ་གསོད་པའི་གསར་འགྱུར་རྒྱུན་དུ་འབྱུང་། གསར་འགྱུར་འདི་ལ་ང་གོམས་པ་འདྲ། ཡིན་ནའང་བོད་མི་ཞིག་གིས་རང་གི་བུ་ཕྲུག་བསད་པའི་གསར་འགྱུར་ཐོས་པ་ཐེངས་དང་པོ་ཡིན་སྟབས། གསར་འགྱུར་འདི་ནི་ངའི་བློ་ངོར་མི་ཤོང་བ་ཞིག་བྱུང་། གསུངས་པ་འདི་རང་གིས་གོ་ཐོས་བྱས་ན་ཡིན་ཚོད་ཀྱང་། སྤྱིར་བཏང་གི་གསར་འགྱུར་ཐེངས་དང་པོ་ཞིག་གཏན་ནས་མ་ཡིན།
ལྷག་བསམ་གྱིས་བཤད་དོན།
དྲ་སྟེང་འདི་གནས་ཚུལ་འདི་ལྟ་བུ་འགོད་མཁན་གྱི་མི་འདི་ཡག་པོ་ཞིག་རྩ་བ་ནས་མ་རེད། ཁོ་པས་བུད་མེད་དེར་སེམས་གཏིང་ནས་འཁོན་འཛིན་གང་ཞིག་ཡོད་པ་ཡིན་ནམ། འོ་ན་ཁོ་པའི་ཁྱོ་ག་ལ་འཁོན་འཛིན་ཡོད་པ་གང་ཡིན་གྲང་། བསམ་བློ་ཐོངས་དང་། བུད་མེད་འདི་ད་དུང་འཇིག་རྟེན་འདིའི་སྟེང་མུ་མཐུད་འཚོ་དགོས་པ་མ་ཡིན་ནམ། གང་ལྟར་མོའི་མི་ཚེ་ནག་པོ་བཟོས་ཚར་བ་རེད། མོ་སྤྱི་ཚོགས་ཁྲོད་མགོ་བོ་བཀྱག་ཡས་མེད་པ་བཟོས་ཚར་བ་རེད། གནས་ཚུལ་འདི་ཁྱབ་བསྒྲགས་བྱས་ནས་ཚེ་རིང་པོ་ཁྱེད་ལ་གང་ཞིག་ཐོབ་བྱུང། ད་ཁྱེད་རང་ཡིད་ཚིམས་སོང་ངམ། འདི་བོད་མི་ཡ་རབས་ཤིག་གི་སྤྱོད་པ་མ་རེད། ཅེས་ཟེར།
འོན་ཀྱང་ངས་བསམས་ན། བུད་མེད་མོ་རང་གི་མི་ཚེ་ནི་མོ་རང་གིས་ནག་པོ་བཟོས་ཟིན་པ་ལས། ཚེ་རིང་པོས་གནས་ཚུལ་དྲྭ་ཐོག་ཏུ་མ་སྤེལ་གོང་མོའི་མི་ཚེ་དཀར་པོ་དཀར་རྐྱང་ཞིག་མ་ཡིན་ལ། སྤྱི་ཚོགས་ཁྲོད་མགོ་བོ་བཀྱག་རྒྱུ་མེད་པ་ཡང་མོ་རང་གིས་བཟོས་ཚར་ནས་ད་གཟོད་དྲྭ་ཐོག་ཏུ་བཀོད་འདུག་པ་ལས། དྲྭ་ཐོག་ཏུ་བཀོད་རྗེས་གཞི་ནས་མགོ་བོ་འདེགས་རྒྱུ་མེད་པ་དེ་འདྲ་ཞིག་ཆགས་པ་གཏན་ནས་མ་རེད། ད་དུང་་་་་་་་་་འདི་བོད་མི་ཡ་རབས་ཤིག་གི་སྤྱོད་པ་མ་རེད་ཟེར། ཚིག་འདི་བུད་མེད་མོ་རང་ལ་སྦྱར་ན་ཧ་ཅང་འཚམ་པོ་ཞིག་ཡིན་པ་ལོས་བདེན་ཡང་། ཚེ་རིང་པོས་གསར་འགྱུར་སྤེལ་བ་ལ་དམིགས་བསལ་གྱི་ཚིག་འདི་དང་འབྲེལ་བ་གཏན་ནས་མི་འདུག་གོ།
ང་ཚོས་གཞན་གྱི་སྤྱོན་རྣམས་དགོས་པ་དམིགས་བསལ་མེད་ན་སྦས་གང་ཐུབ་བྱེད་པ་ལས་རྔ་རྡུང་དར་འཕྱར་གྱིས་ཁྱབ་བསྒྲགས་བྱེད་མི་ཉན། དོན་ཚང་མ་སོ་སོའི་མྱྲོང་ཐོག་ལ་འགེལ་དང་། དེ་ནས་ཤེས་ཡོང་། འོད་སྣང་གིས་བཤད་པ་ལྟར་མོས་མོ་རང་ནག་པོ་བཟོས་ཀྱང་དེ་ཤེས་མཁན་མི་ཉུང་ཤས་རེད། ད་ཆ་མི་བརྒྱ་ཕྲག་མང་པོས་ཤེས་པ་མ་ཟད། ད་དུང་གནས་ཚུལ་མཁོ་སྤྲོད་པས་མོ་ཁམས་མོ་ཞིག་ཡིན་པ་ཡང་བཤད་འདུག ད་ཆ་མོའི་མིང་བཤད་ན་ཇི་འདྲ་ཞིག་ཏུ་འགྱུར་གྲང། དེ་ལས་ཀྱང་གསལ་བ་དགོས་ན་ལོ་གྲངས་དང་མོ་ཡི་དཔར་ཡང་དྲ་སྟེང་དུ་བཀོད་ན། ད་གཟོད་གང་འདྲ་ཞིག་ཆགས་སམ། བླ་མ་མཁྱེན། ད་བྲི་ཡས་རྫོགས་པ་འདྲ། མོ་ལ་ཕན་མ་ཐོགས་ཀྱང་གནོད་མ་བསྐྱལ་ན་བཟང་སྙམ། ཉམ་ཐག་ལ་རོགས་རམ་དགོས་པ་ལས་སྒྱེལ་བའི་སྟེང་དུ་རྡོག་བརྫིས་མ་གཏོང་། ཨ་རོགས་ཚོ། ད་མཚམས་ཚིགས་ཡོད་ལེ་དགའ།
ཚང་མས་ཡག་པོ་བཤད་འདུག་ལ་ལྷག་བསམ་གྱི་སྐད་ཆར་གོ་རྒྱུ་དམིགས་བསལ་འདུག
ངས་ཀྱང་གོང་གི་མཆན་དེ་བཀོད་ཚར་བ་མ་གཏོགས་འགྱོད་པ་སྐྱེ་གྲབས་ཡིན།
ཚེ་ལོ་དཔག་མེད་ཞེས་པ་སུ་ཡིས་མཐོང་། །
བྱོན་པའི་སྨྲངས་རབས་བདེན་དོན་ཅི་ཞིག་ཡོད། །
སྲིད་པའི་ཁམས་སུ་ཁྱབ་པའི་མུན་ནག་ལས། །
བཀྲ་བའི་དགེ་མཚན་ཞ་བའང་ངས་མི་འདོད། །
འདི་ནི་གླིང་བཞི་རི་རབ་བཤད་དང་མཚུངས། །
ཨ་མ་དེ་ཡིས་རང་གི་ཕྲུག་གུ་གསད་པ་དེ་ནི་ལས་འབྲས་རྣམ་པར་སྨིན་པ་ཡིན་རྒྱུ་རེད།
ང་ཚོ་ནང་པའི་ལུགས་ལ་དེ་ལྟར་འདོད་མི་དགོས་སམ།
མ་གཞི་ནས་དེང་དུས་ཀྱི་ཕ་མ་ཚོས་ཕྲུག་གུ་གཅིག་གཉིས་ལས་ཆགས་རྒྱུ་མེད་པར་ཟོས་པ་དེ་དག་གིས་ཕྲུག་གུ་གསོད་ཀྱི་མེད་དམ།
ཕྲུག་གུ་མི་ཆགས་པའི་སྨན་དེ་དག་གིས་ཕྲུ་གུ་གསོད་ཀྱི་མེད་དམ།་
འདི་དྲི་བ་ཡིན་ང་ལ་མངལ་ཆགས་ཀྱི་སྐོར་ལ་དེ་ཙམ་རྒྱུས་མངའ་མེད།
ལན་ཡོད་ན་གསུང་རོགས།
ལ་སྟོད་ལགས།
གོ་ཐོས་ལ་
སྨན་དེས་ཕྲུ་གུ་གསོད་ཀྱི་རེད་ཟེར།
ད་དུང་ཐེངས་གཅིག་ལ་མང་པོ་བཟས་ན་ཕྲུ་གུ་མ་ཟད་ཨ་མ་ཡང་འཆི་ཉེན་ཡོད་ཟེར།
བདེན་མིན་མི་ཤེས།
སྐུ་ཞབས་ཚེ་རིང་པོ་ལགས། ཁྱེད་རང་གིས་གསར་འགྱུར་ནག་པོ་ཟེར་བ་ཞིག་གནས་ཚུལ་ཆ་ཚང་མ་གོ་མ་རྟོགས་པར་དྲ་ཐོག་བཀོད་འདུག་པ་འོས་ཤིང་འཚམས་པ་ཞིག་མ་མཐོང་། ཁ་བརྡ་དྲ་རྒྱ་ནི་བོད་ཕྱི་ནང་གཉིས་ཀའི་བོད་མི་མང་པོ་ཞིག་གིས་ལྟ་ཀློག་མང་ཤོས་དེ་རེད། ཁྱེད་རང་གསར་འགྱུར་ནག་པོའི་གསར་འགོད་པ་ཞིག་ཡིན་འདུག་པས། གསར་འགྱུར་ནག་པོ་དེ་ནག་ཁུངས་ནང་ནས་རྙེད་པ་ཞིག་ཡིན་ཚོད་འདུག མཐའ་དོན་གསར་འགོད་པ་ནག་པོ་ལགས། གསར་འགྱུར་ནག་པོ་ཆ་ཚང་རྒྱུས་ལོན་བྱས་ནས་འགོད་འདོད་ཡོད་ན་སྦེལ་ཇིམ་སྐུ་ཚབ་དོན་གཅོད་དང་། བོད་རིགས་ཚོགས་པ་སོགས་ལ་འབྲེལ་གཏུགས་བྱས་ན་འཐུས། དེ་མིན་ཕྱེད་བདེན་ཕྱེད་མི་བདེན་པའི་གནས་ཚུལ་དེ་རིགས་དྲ་ཐོག་ཏུ་མ་འགོད་ན་ལེགས།
བདེན་པ་ཡིན་རྒྱུ་མ་རེད་བསམ།
ཨ་མ་དེ་སེམས་ཁམས་ཧ་ཅང་དྭངས་མོ་ཞིག་ཡོད་པ་མ་རེད་ཟེར་གྱི་འདུག་ལ་ང་ཚོ་ནང་པ་ཞིག་ཡིན་པས་ཆ་ནས་ཀྱང་དེ་ལྟར་མི་གསོད་པར་ཡིད་ཆེས་དགོས་པ་ཞིག་རེད། གོ་ཚོད་ལ་བྱིས་པ་དེ་ངུས་ནས་ངུ་འཚམས་མ་ཆད་པར་མོས་དེ་བྱིས་དེས་སྒང་ལ་གྱོན་པ་ཞིག་གཡུག་ནས་བཞག་པར། བྱིས་པ་དེ་ཕར་འཕགས་ཚུར་འཕགས་བྱས་ནས་གྱོན་པ་དེས་བྱིས་པ་དེས་ཁ་བཀག་ནས་ཤི་སོང་པ་རེད་ཟེར་གྱི་འདུག། གང་ལྟར་ཨ་མས་ཆེད་དུ་དེ་འདྲ་བསད་སོང་པ་ཟེར་ན་ཡིད་མི་ཆེས་པ་ཞིག་མ་རེད་བསམ། བྱིས་པ་དེ་སྐྱེས་ནས་ཟླ་བ་བཅུ་རེད་ཟེར་གྱི་འདུག། རྒྱལ་བ་ཡིད་བཞིན་ནོར་བུ་མཁྱེན།དག་པའི་ཞིང་དུ་སྐྱེས་པར་ཤོག།
ངས་འདིར་གསལ་བཤད་ཅིག་བྱེད་འདོད་བྱུང་། ངས་གསར་འགྱུར་འདི་གྲོགས་པོ་ཞིག་གི་ཁ་ནས་ཐོས་པ་རེད། གྲོགས་པོས་ཀྱང་བྷེལ་རྗམ་གྱི་གྲོགས་པོ་ཞིག་བརྒྱུད་ཤེས་པ་རེད། གསར་འགྱུར་འདི་བདེན་པ་རེད་མ་རེད་ཅེས་དོགས་འདྲོགས་བྱེད་དགོས་དོན་ཡོད་པ་མ་རེད། རྒྱུ་མཚན་ནི་གསར་འགྱུར་འདི་བྷེམ་རྗམ་གྱི་གསར་འགྱུར་བརྒྱུད་ཁག་ཏུ་ཐོན་སྟབས། འདིས་གནས་ཚུལ་འདི་བདེན་པ་ར་སྤྲོད་བྱས་པ་རེད།
ངས་གསར་འགྱུར་འདི་འབྲི་སྐབས། གསར་འགྱུར་འདི་མགོ་མཇུག་མི་ཚང་བ་ཤེས་ཡོད། བུད་མེད་དེས་བྱིས་པ་དེ་ཅི་ལྟར་བསད་པའི་སྐོར་ལ་དོགས་པ་ཞིག་རྡོལ། དོགས་པ་ཡོད་བཞིན་དུ་བྲིས་པ་ཡིན། གཅིག་བྱས་ན་དོན་རྐྱེན་འདིའི་སྐོར་ལ་ཞིབ་འཇུག་བྱེད་མཁན་དང་། སྣོན་པ་རྒྱག་མཁན་འབྱུང་ངེས་སྙམ་སྟེ་བྲིས་པ་རེད།
བུད་མེད་དེར་སེམས་ནད་ཡོད་ནའང་འདྲ། མེད་ནའང་འདྲ། བྱེད་སྟངས་འདི་ཡ་རབས་མ་རེད། མ་རབས་རེད། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལའང་མི་མཐུན། ང་ཚོའི་སྤྱི་ཚོགས་ནང་དུ་འདི་རིགས་མི་འབྱུང་ཆེད། བརྗོད་གཞི་འདི་རིགས་ལ་བགྲོ་གླེང་གནང་དགོས་པ་རེད། ངོ་སྤྲོད་བྱེད་དགོས་པ་རེད། ཆོས་དང་འཇིག་རྟེན་གཉི་གའི་ལམ་ནས་ལམ་སྟོན་བྱེད་དགོས་པ་རེད།
དེ་མིན་ང་ལ་བུད་མེད་དེའི་སྐོར་ལ་ཇུས་གཏོགས་ཡོད་པ་མ་རེད། ད་ང་ལ་མ་སྤྱོ། དྲིན་ཆེན་པོ། རྩོམ་འབྲི་བའི་རང་དབང་ང་ལ་ཡོད།
ཨ་རིའི་ནེའུ་ཡོག་ནས་བོད་པའི་བཟའ་ཟླ་གཉིས་ལ་བྱིས་པ་ནག་པོ་ཞིག་སྐྱེས་རྗེས། ཁྱོ་ག་ངོ་ཚ་ནས་གནས་གཞན་ཞིག་ལ་བྲོས་སོང་བ་ཐོས། དེ་རིང་ཨ་མས་བུ་ཕྲུག་གསོད་པའི་དོན་རྐྱེན་བྱུང་སོང་། བྷབོད་པའི་བུ་མོ་འདི་དག་ད་འགྲིག་གིན་མི་འདུག བོད་པའི་བུ་མོ་དག་གིས་བསམ་ཚུལ་ཞིག་གསུང་རོགས།
གཅེན་པོ་ལགས་བཙུན་མས་བུ་ཕྲུག་གསོད་ཁན་ནི་བཙུན་མ་རེད་ཧཧཧ
ཨ་བཙེ་སྐུ་རྩེད་ཡིན་
རྡ་སའི་བཙུན་མས་ཕྲུ་གུ་བསད་པའི།།
ལོ་རྒྱུས་རིང་མི་རྣ་ཐོས་མེད་དམ།།
ནག་ཆུ་གྲོང་གི་བཙུན་དགོན་ཞིག་ན།།
བུ་བསད་བཙུན་མའི་གནས་ཚུལ་མེད་དམ།།
ས་པཎ་གྱིས།
ངན་སྐྱུག་ཁྲོན་པ་སུ་ཞིག་རྔོག །ཅེས་པ་འདྲ་ཞིག་དྲན།
******************************************************************************
དུས་མིན་འཆི་དང་ནད་ཀྱིས་གཙེས་པ་སོགས།།
ཚེ་ལ་གནོད་པའི་བར་ཆད་སྣ་ཚོགས་ཀྱིས།།
བར་དོའི་ལམ་འཕྲང་འགྲིམས་པའི་སྐྱེ་འགྲོ་ཀུན།།
བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག།
ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ ཨོཾམཎིཔདྨེཧཱུཾཧྲཱིཿ
******************************************************************************
སེམས་ནད་ཅན་ཡིན་ན་གནས་ཚུལ་ལོགས་ཀ་རེད་་་་་་་་ད་སྐབས་རྡ་ས་སོགས་ན་ན་ཆུང་བུ་མོ་ལ་ལས་རང་གི་ཕྲུ་གུ་གསོད་ཀིན་ཡོད་ཚུལ་འདྲ་ཞིག་་་་་ག་ས་ག་བར་གོ་རྒྱུ་འདུག་ག་་་་་་་དེ་སྔོན་ཞིག་ལ་ང་དང་ངའི་དགའ་རོགས་ངེད་གཉིས་བདེ་ལེགས་སྨན་ཁང་དུ་སོང་བ་ཡིན། མོའི་ཁོག་པའི་ནང་གི་ཕྲུ་གུ་བུ་དང་བུ་མོ་གང་ཡིན་ཤེས་འདོད་ཀྱིས་ཨམ་རྗེར་དྲིས་པ་ཡིན། ཨམ་རྗེས་ང་ལ་དགོངས་དག་བུ་དང་བུ་མོ་གང་ཡིན་བཤད་ཆོག་གི་མ་རེད་ཟེར་་་་་་ངས་རྒྱུ་མཚན་གང་ཡིན་ནམ་ཞེས་དྲིས་དུས་མོས་འདི་ཟེར་གི་་་་་་་ད་སྐབས་བཙན་བྱོལ་ནང་ལ་མས་བུ་གསོད་ཀྱིན་ཡོད་པའི་གནས་ཚུལ་ཡོང་གིན་ཡོད་ཙང་རེད་ཟེར་གི