ཁ་སང་དེ་རིང་གི་གསར་འགྱུར་ཚ་བོ་ཞིག་ནི། ཨ་རིས་ཐའེ་ཝན་ལ་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་པ་དེ་རེད། ཐག་གཅོད་འདིས་ཨ་རིས་རྒྱ་ནག་གི་སྙིང་དཀྱིལ་ལ་མདེའུ་འཕངས་ཡོད་པ་རེད་ཟེར། ད་དུང་གལ་སྲིད་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་བྱས་པ་ཡིན་ན། ན་ཚ་དེ་ཇེ་ཆེར་འགྲོ་གི་རེད་ཟེར། ད་དུང་ཉེ་ཆར་གྱི་གཱོ་གཱལ་གྱི་རྙོག་ཁྲ་དང་། རྒྱ་ནག་གིས་ཚོང་འབྲེལ་ཐད་དྲང་པོ་མི་བྱེད་པའི་རྙོག་ཁྲ་སོགས་ཀྱིས་ ཨ་རྒྱའི་འབྲེལ་བ་དེ་ན་ཚ་ཅན་དུ་འགྱུར་རྒྱུ་ཡིན་པ་རེད་ཟེར། ནང་དོན་ཚ་བོ་དང་རློན་པ་འདི་དག་གིས་ང་རྒྱལ་ཅན་གྱི་རྒྱ་ནག་ལ་དཔའ་ཞུམ་པ་ཞིག་སྤྲོད་ཐུབ་བམ།
སྤྲད་ཐུབ་ཀི་མ་རེད།
གནས་ཚུལ་འདི་དག་རྐྱེན་པས་རྒྱ་ནག་སྐད་ངན་ཤོར་འདུག་མོད། དཔལ་འབྱོར་གཙོ་བྱས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བལྟས་ན། དཔའ་ཞུམ་པ་བཟོ་བ་ལས་རྒྱ་ནག་གི་གཉའ་བ་ཇེ་རེངས་སུ་འགྲོ་གི་རེད་ཡ།
དཀའ་ལེ་རེད། དཀའ་ལེ་རེད།
ཁ་བརྡ་དྲ་དཔོན་ཚོ་ལ། ད་ནངས་དུས་བབ་ཟིན་བྲིས་པ་གནས་ཚང་ལགས་ཀྱིས་ཁ་བརྡ་དྲ་བ་འདི་བཤུས་ཟེར་བའི་རྩོམ་ཡིག་འདི་འདྲ་ཞིག་དུས་བབ་ཚང་གི་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་གསར་འགོད་ལྷན་ཚོཊ།ཞེས་པའི་གསར་འགྱུར་དེའོ་མཆན་བུར་བཏབ་འདུག འོན་ཀྱང་ངས་ཀ་བརྡ་ཚང་ནས་འདི་འདྲ་ཞིག་རྙེད་མ་སོང་། བསུབ་ཚར་ནི་ཡིན་རྒྱུ་མ་རེད་དམ། ཡང་འདི་འདྲ་ངས་ཀྱང་ཁ་བརྡ་དྲ་ངོས་ནས་མཐོང་བའི་ཚོར་སྣང་ཞིག་འདུག ལན་ཞིག་གསུང་དང་། འདི་གལ་ཆེན་ཞིག་མ་རེད་དམ།
རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།
གཡང་སྐྱབས་རྒྱལ་གྱིས།
—————
དེ་རིང་ཡང་ངས་གཏམ་ཡན་ཞིག་ཐོས་ནས་རྩོམ་འདི་འབྲི་དགོས་ཤར། རྩོམ་ཞིག་བྲིས་པ་ཙམ་གྱིས་ཕན་གནོད་འབྲེལ་བའི་འགྱུར་བ་ཞིག་ཡོང་བའི་རེ་བ་མེད་ན་ཡང་། ང་དང་ང་འདྲ་བའི་བསམ་ཚུལ་འཛིན་པ་དག་ཀྱང་འཛམ་གླིང་འདི་ན་ཤི་མེད་པའི་རྣམ་པ་ཞིག་བསྟན་པ་རེད་བསམས།
ཁ་སང་ཁེ་ཉིན་ཞིག་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ་ཞིག་འཚོགས་ཡོད་སྐད་དང་། ཚོགས་ཐོག་དེར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ལམ་སེང་རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བལྟས་པ་ཡིན་མོད། ཚོགས་འདུའི་སྐོར་མཐོང་ཡུལ་དུ་མེད་ཅིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་དང་ཕ་ཡུལ་དྲ་རྒྱ་ལ་བལྟས་མོད་ཚོགས་འདུ་དེའི་སྐོར་མཐོང་ཡུལ་དུ་མི་འདུག
ད་ཡང་འདི་རེད། གསང་བ་ཆེན་པོ་དང་གལ་ཆེན་པོ་ཡིན་མདོག་གིས་ཚོགས་འདུ་ཞིག་བསྐོངས་ནས། བོད་ཀྱི་ལོ་རྒྱུས་ལ་དོ་ཕོག་གཏོང་བ་དང་བོད་མིའི་སེམས་ཁམས་ལ་ན་ཚ་གཏོང་བའི་སྐད་ཆ་འདི་འདྲ་བཤད་འདུག ང་ཚོའི་མི་ཐོག་འདི་ལ་བོད་རང་བཙན་མ་ཐོབ་ཀྱང་། མི་ཐོག་རྗེས་མའི་མདུན་ལམ་ལ་སྒོ་ལྕགས་བརྒྱབ་མི་ཆོག་པ་རེད། དེའི་སྟབས་ཀྱིས་དེ་རིང་ནས་བཟུང་ངས་རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན། འདིའི་རྒྱུ་མཚན་ནི་ང་རྒྱ་རི་རིན་པོ་ཆེ་ལ་མ་དགའ་བ་ཡང་མིན་ལ། རྒྱ་རི་རིན་པོ་ཆེས་བོད་དོན་ལ་བྱས་རྗེས་བཞག་མེད་པ་རེད་ཅེས་ཀྱང་ཞུ་གི་མེད། ངའི་རྒྱུ་མཚན་ནི་གཙོ་བོ་དོན་ཚན་གཉིས་ཀྱི་ནང་དུ་འདུ་བ་ཡིན།
དོན་ཚན་དང་པོ་ནི། རྒྱ་རི་རིན་པོ་ཆེས་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ནས་ལོ་ངོ་བཅུ་ཕྲག་བརྒལ་ནས་འགྲོ་གི་ཡོད། དམིགས་བསལ་སྐུ་ཚབ་ཀྱི་དུས་ཡུན་འདིའི་ནང་ཨ་རིའི་སྲིད་འཛིན་གཉིས་བརྗེ་ནས་གསུམ་པའི་ཐོག་ལ་འགྲོ་གྲབས་བྱེད་ཀྱིན་ཡོད། བོད་དོན་ཐད་འབྲེལ་མོལ་ཐེངས་བདུན་བརྒྱད་ཅིག་བྱས་ནས་གྲུབ་འབྲས་མ་ཐོན་པ་དེ་རེད། དེ་ལྟར་ན་མི་གསར་པ་ཞིག་ལ་གོ་སྐབས་སྤྲོད་རོགས་ཞེས་ཞུ་བ་དེ་ཡིན།
དོན་ཚན་གཉིས་པ་ནི། རྒྱ་རི་རིན་པོ་ཆེ་བགྲེས་ཡོལ་ཕེབས་པའི་ལོ་ཚད་ལ་སླེབས་ཟིན་པ་རེད། རྒྱ་རི་རིན་པོ་ཆེ་དང་མཉམ་དུ་ཕྱག་ལས་གནང་མཁན་གྱི་གྲས་ན་བགྲེས་ཡོལ་དུ་མ་ཕེབས་མཁན་ད་ལྟ་ཧ་ལམ་ཡོད་པ་མ་རེད། ང་ཚོས་གང་ཟག་གཅིག་གི་འཇོན་ནུས་ལ་འཐམས་ནས་བསྡད་ན། “མི་རབས་ནས་མི་རབས་བར་གྱི་རང་དབང་འཐབ་རྩོད་”དེ་ཡོང་ཐུབ་ཀྱི་མ་རེད། དེས་ན་ངེད་ཀྱི་སྐད་འབོད་ནི། “རྒྱ་རི་རིན་པོ་ཆེ་དགོངས་པ་ཞུ་རོགས།”ཞེས་པ་འདི་ཡིན།
ཁ་བརྡ་ལས་དྲངས།
དུས་བབ་ཚང་ནས་འདིར་བཤུས་པ་ཡིན།
དྲ་ཐག་འདི་ན་འདུག
http://www.tibettimes.net/news.php?showfooter=1&id=2180&&cp=1
་་་་་ཁོང་ལས་ལྷག་པའི་ཉམས་མྱོང་ཅན་ཁྱེད་རང་ཡིན་ན་མ་གཏོགས་གཞན་སུ་ཡོད་རེད།
གཅན་བཟོད་རྒྱམ་ལགས།
ཁ་བརྡའི་ཐོག་གི་རྩོམ་དེ་འདི་ན་འདུག
http://www.khabdha.org/?p=1091
ང་ལ་ཡང་གོ་ཐོས་ཀྱི་སྐད་ཆ་ཞིག་ཡོད། སྐུ་ཚབ་ཚོགས་པ་ཐེངས་བརྒྱད་པ་དང་དགུ་པའི་བར་དེར་ཡང་། རྒྱ་རི་རིན་པོ་ཆེ་གསང་བའི་ཐོག་ནས་བོད་དུ་ཕེབས་ཡོད་ཚུལ་གོ་བྱུང་། དེ་ཡང་ཟམ་པ་ཐེབས་རྩ་ཟེར་བ་ཞིག་བརྒྱུད་ནས་ཕ་ཡུལ་གྱི་གཞིས་ཁྱིམ་ལ་གཟིགས་རྟོག་གནང་དུ་ཕེབས་པ་རེད་ཟེར། ཝ་ཤིན་ཊོན་གྱི་གསར་འགོད་པ་ཚོས་འདི་མཁྱེན་གྱི་ཡོད་པ་རེད་ཟེར། ཡིན་ན་ཡང་། ང་ལ་ཁུངས་སྐྱེལ་མེད་ལགས། རྣ་ཐོས་ཙམ་ཡིན།
དགེ་རབ་ལགས་ཀྱིས་མཁོ་སྤྲོད་གནང་བར་སྙིང་ཏུགས་རྗེ་ཆེ་ཞུ། ད་ནི་རྒྱ་རི་ཚང་གི་རྐུབ་དམར་པོ་དེ་ལྷང་ལ་འབུད་རན་དང་ནི་ཡིན་ས་རེད། ད་ཐེངས་དྲ་གྲོགས་ཚོས་ཅིག་ཉན་ས་མ་རེད་ཀོ
ཁྱེད་ཀྱིས་གསུངས་པ་འདི་འདྲ་ཞིག་ད་ལོ་རྡ་སའི་གཙུག་ལག་ཀང་གི་སྒོ་འགྲམ་གྱི་རྩིག་ངོས་དག་ནས་ཀྱང་མཐོང་མྱོང་སྣང་ཞིག་འདུག རྒྱ་རི་ལ་གནས་ཆུང་གིས་ཅང་མི་ཟེར་བ་ཅི་ཡིན་ནམ། ཁོང་ཡང་རྒྱ་རི་ཚང་ལ་སྐྲག་གོ་ནས་ཆེད་ཡིན་རེ། ང་ཚོས་ལྷ་འདི་ཚོས་བཅའ་བ་རིམ་གྲོ་འདྲ་འདོན་དགོས་ཟེར་བ་ལས་བོད་མི་རིགས་ཀྱི་ཆགས་འཇིག་གི་སྐོར་ནས་མ་འོངས་ལུང་བསྟན་འདྲ་ཅང་གསུང་མི་ཤེས་པ་འདྲ། དེ་འདྲའི་རྨོངས་དོན་ཅི་ཡིན་ནམ། ཁྱར་མཚར་བོ་ཞིག་རེད་ཡ།
ཨ་རོག་བཟོད་རྒྱམ་ཁྱོད་སྐྲག་རྒྱུ་མེད་ནོ་བལྟས་ན་བཟི་ཁབ་རྒྱབ་དང་ནི་མིན་ན། སྔོན་ཟིག་ལ་པདྨ་འབུམ་དང་ཧོར་འཇིགས་སོགས་ཤུ་བའི་དུས་ཚོད་ལ་མ་སླེབས་ནི་རེད་མ་གཏོགས་གནས་ཚུལ་འཇིགས་པོ་མང་བོ་བྱུང་སོང་བ། དྷ་ས་ན་དེང་སང་སྨྱོན་པ་མང་ནི་རེད་གཟབ་གཟབ་བྱོས་ན་ཧྲ་ནི་རེད་འེ་གོ་ཐ། ལས་ངན་ང་ལ་སེམས་ཁུར་ལྷག་མ་མ་སྤྲོད་ན་མི་ཆོག་ནི་མིན་ན།
རྩམ་དགས་ང་ལ་སེམས་འཁུར་གནང་བར་བཀའ་དྲིན་ཆེ། རྡ་སའི་སྨྱོན་པ་དེ་ཚོར་ང་འདྲ་བོ་ཟ་འཐུང་གི་ཁུངས་མི་འཁྱོལ་མཁན་འདི་ཙོ་དགོས་ནི་མ་རེད། གནས་ཆུང་གིས་ར་ང་འདྲ་བོར་ཅང་ཟེར་ནི་མ་རེད། རྒྱུ་མཚན་སླ་མོ་རེད། ངས་རྒྱ་རིས་བོད་དོན་ལ་མི་ཕན་པ་དང་། གནས་ཆུང་གིས་དོན་མི་མཁྱེན་པ་ཤེས་ཡོད་པས་རེད། རྒྱ་རི་ཚང་གིས་རྒྱའི་སྲིད་ཇུས་བཙན་བྱོལ་དུ་དྲིལ་སྒྲོག་བྱེད་རྒྱུ་དང་། གནས་ཆུང་ཚང་གིས་བོད་མི་རིགས་དང་བོད་མི་དམངས་ལ་བཅའ་བ་རིམ་གྲོ་འདོན་དགོས་སྐོར་དང་སྒྲོལ་མ་འབུམ་ཕྲག་དེ་རིང་གནངས་ཀ་བྱས་ནས་འདོན་དགོས་སྐོར་འཇིགས་སྣང་བསྐྱེད་རྒྱུ་ལས་ཅང་བ་ནི་མ་རེད། བོད་མི་རིགས་ཀྱི་མ་འོངས་བདེ་སྡུག་དང་བོད་མི་རིགས་ཀྱི་མ་འོངས་པའི་གནད་ལས་དབང་ཕྱོགས་ནས་ཆོད་ཙིག་ར་ཤེས་ནི་མ་རེད། འདི་གསལ་བོ་གསལ་རྐྱང་མ་རེད་དམ།