བློ་གྲོས་རབ་བརྟན།
ངས་གསར་འགྱུར་ཞིག་བཀླགས་པ་ཡིན། དོན་ཅི་ཞིག་ཤོད་ཀྱིན་ཡོད་པ་གཏན་ནས་མ་ཤེས། གསར་འགྱུར་དེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་ཚན་པའི་ཡིག་ཐོག་གསར་འགྱུར་རེད། བརྗོད་གཞི་ཐེ་ཝན་སློབ་ཕྲུག་གི་གཞུང་འཛིན་ཚོགས་པར་ངོ་རྒོལ་གྱི་ལས་འགུལ་ཡིན་པ་ཤེས། འོན་ཏེ་དོན་ཅི་བྱུང་དང་ཐག་གཅོད་ཅི་ཡིན་ངས་ཤེས་མ་ཐུབ་པས། རྒྱུས་མངའ་ཅན་ཚོས་གསལ་བོ་བཟོ་རོགས། གཤམ་དུ་བཀོད་པ་དེ་གསར་འགྱུར་གྱི་ཚིག་ཕྲེང་རེད།
༼ད་ཐེངས་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་གནང་དགོས་དོན་ནི་རེས་གཟའ་ཉི་མ་ཉིན་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Wang Jin-pyngཡིས། ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་རྣམས་དང་མཇལ་འཕྲད་གནང་ནས་མ་འོངས་པར་གྲོས་ཚོགས་ནང་རྒྱ་ནག་དང་གྲོས་མཐུན་ཇི་བཞག་དེ་རྟོག་ཞིབ་བྱེད་ཆོག་པའི་ཁྲིམས་གཞི་མེད་པར་བགྲོ་གླེང་གནང་རྒྱུ་མིན་པའི་ཁས་ལེན་གནང་རྗེས་ད་ཐེངས་ཀྱི་ཐེ་ཝན་གྱི་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།༽
གསར་འགྱུར་འདི་དབྱིན་ཡིག་དང་རྒྱ་ཡིག་གང་ནས་རེག་པ་ཡིན་ན། མཉམ་དུ་ཤན་སྦྱར་བཀོད་ན་སྐད་ཡིག་གཞན་དེས་ང་ལ་རོགས་འདེགས་བྱེད་ངེས་ཀྱང་དེ་ཡང་མི་འདུག གསར་འགྱུར་འདིའི་ཚིག་འགྲོས་ལ་སྐད་ཡིག་གཞན་གྱི་ཤན་ཞུགས་ཆེ་བས་ངས་མ་གོ་བ་ཡིན་ནམ། ཡང་ན་བོད་ཡིག་གི་ཚིག་འགྲོས་གསར་བ་ཞིག་དར་བ་རེད། དེ་ཡང་མིན་ན་དགག་སྒྲ་སྦྱོར་སྟངས་གསར་བ་ཞིག་བྱུང་བ་རེད།
ཉེ་སྔོན་ཐེ་ཝན་སློབ་མ་ཚོས་གྲོས་ཚོགས་སམ། ཁྲིམས་བཟོ་ལྷན་ཁང་གི་ཚོགས་ཁང་འཕྲོག་ནས་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་དང་། དོན་ཚན་གཙོ་བོ་གཅིག་དེ་ཐེ་ཝན་གྱིས་རྒྱ་ནག་སྐམ་སའི་གཞུང་བར་གྲོས་ཆིངས་འཇོག་ཐབས་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་དང་། དེང་ཕྱིན་ཁྲིམས་གཞི་དེ་གཞིར་བཟུང་གིས་གྲོས་ཆིངས་འཇོག་པ་ལས་ཉེ་སྔོན་ཐེ་རྒྱའི་བར་ཚོང་དོན་གྲོས་ཆིངས་ཤིག་ལྐོག་ནས་བཞག་པའི་ཁར། གྲོས་ཚོགས་ནང་ཡིག་ཆ་མ་བསྟན་པར་ཆོག་མཆན་སྤྲད་གྲབས་བྱས་པ་ལྟར་བྱེད་ཆོག་ཅེས་པ་དེ་རེད། དེ་བཞིན་ཉིན་གྲངས་ཉི་ཤུ་ལྷག་བརྒལ་རྗེས། ཁྲིམས་བཟོ་ལྷན་ཁང་གི་ཚོགས་གཙོ་ཝང་ཅིན་ཕེན་ཚོགས་ཁང་ནང་ཕེབས་ནས་སློབ་མར་ཐུག་འཕྲད་དང་དགོས་འདུན་དེ་ངོས་ལེན་གནང་བར་བརྟེན་ནས་ངོ་རྒོལ་ལས་འགུལ་གཟའ་ཕུར་བུའི་མཚན་མོ་ནས་རེ་ཞིག་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག
གྲོས་ཚོགས་ནང་ཡིག་ཆ་མ་བསྟན་པར་ཆོག་མཆན་སྤྲད་གྲབས་བྱས་པ་ལྟར་བྱེད་མི་ཆོག་ལ་བཅོས་རོགས།
འདྲ་བོ་འདྲ་བོ་རྐྱང་འདུག ཧཧཧཧ
ངས་ནང་དོན་ཤེས་སོང་བས་ཕལ་ཁྱེད་ཀྱི་གནས་ཚད་སྐྱོ་དྲགས་པས་ཡིནངེས།
ཕལ་ཆེར་ལ་བཅོས་རོགས
༄༄།། ལྷ་སྡེ་ལ་ཕྱག་འཚལ་ལོ།
རྩོམ་པ་པོ་འདིས་གསར་འགྱུར་ནང་དོན་གོ་མ་ལོན་པ་བརྒྱ་ཆ་བརྒྱ་ཐམས་པ་བདེན་ངེས། ངས་གསར་འགྱུར་དུམ་བུ་འདིའི་ནང་དོན་ལ་ཚོད་དཔག་གི་ལམ་ནས་ལང་ལོང་ཞིག་གོ་སོང་། ཡིན་ན་ཡང་། སྤྱིར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ལམ་ལ་ཡོད་པའི་ཡིག་ཚགས་འདི་ཚོ་ལ་ལྟ་ཉན་ཞིག་མི་འདུག དུས་ཕལ་མོ་ཆེ་ལ་ནི་ཡིད་སྐྱོ་འོས་པ། ངོ་གནོང་འོས་པ། སེམས་ཕམ་འོས་པ། མགོ་འཁྲུག་འགྲོ་བ། མཚམས་མཚམས་ལ་གད་མོ་སྣ་ཁུངས་ནས་ཤོར་འགྲོ་བ། མདོར་ན་ཚིག་གི་སྡེབས་སྦྱོར་ངན་པ། ཡི་གེའི་དག་སྡེབས་ཞན་པ། སྐད་ཀྱི་འགྲོ་སྟངས་འཆོལ་བ། བརྗོད་བྱའི་དོན་མ་ཁྲོལ་བ། ཚིག་གི་གཅོད་མཚམས་ཉམས་པ་སོགས་སྐྱོན་ཀུན་ལྡན་དང་ཡོན་ཏན་ཀུན་ཟད་ཀྱི་རང་བཞིན་ཅན་ཞིག་རེད། རླུང་འཔྲིན་ཁང་སོགས་གསར་འགྱུར་བརྒྱུད་ལམ་ནི་དེང་སུ་སྤྱི་ཚོགས་ཀྱི་བརྡ་སྤྲོད་བརྒྱུད་ལམ་ཡོད་ན་མེད་ན་དེ་ཡིན་པས་བོད་ལ་འདི་འདྲ་བའི་གསར་འགྱུར་བརྒྱུད་ལམ་སྤུས་མི་དག་པ་ཞིག་ཡོད་པ་དེ་ཡང་བསྐལ་པ་བརྒྱར་ལས་མ་དག་པ་དང་ཚོགས་མ་བསགས་པའི་འབྲས་བུ་ངན་པ་དུས་གཅིག་ལ་སྨིན་པ་ཡིན་པར་ངེས།
འདི་ཡི་ནང་དོན་ལས་སླ་པོར་གོ་ཐུབ་ཀྱི་འདུག ཁྱེད་རང་བོད་སྐད་ཀྱི་རྨང་གཞི་ཞན་དྲགས་པའི་སྐྱོན་ཡིན་པ་འདྲ།
བློ་རབ་ལ་ཁེགས་མི་འདུག ཅི་ཞིག་ལ་ངོ་རྒོལ་བྱས་པ་སོགས་བྲིས་མི་འདུག་ལ། ཕྱིར་འཐེན་གྱི་གནད་འགག་ཡང་བཤད་མི་འདུག་པས་མ་གོ་བ་རེད། སྤྱིར་གསར་འགྱུར་འབྲི་ན་ནང་གི་དོན་སྙིང་གཙོ་བོ་བོར་བརླགས་བྱེད་མི་ཉན་པ་དེ་རེད། ཨེ་རླུང་ཚང་གི་གསར་འགོད་པ་ཚོ་གོ་མེད་ཚོར་མེད་འབྲི་ལོབ་དང་བཤད་ལོབ་ལ་སོང་བས་རྐྱེན་རེད།
བློ་རབ་ནང་བཞིན་གྱི་མྱོང་ཚོར་ང་ལའང་བྱུང་ཡིནའང་གསར་འགྱུར་གྱི་ནང་དོན་དེ་དག་བརྒྱུད་ལམ་གཞན་ནས་ཤེས་རྟོག་ཡོད་སྟབས་གོ་དོན་རྟོག་པར་འབད་རྩོན་བྱས་མེད། ཡིག་ཚོགས་ཡར་འདྲུད་མར་འདྲུད་མང་པོ་བྱས་ནས་དོན་དངོས་གསལ་སྟོན་མ་ཐུབ་པ་དེ་སྐད་རིགས་གཞན་གྱིས་དབང་ཤུགས་འོག་རང་སྐད་ཁྲ་ལེ་ཁྲོལ་ལེ་ཡིན་པ་གསལ་པོ་རེད།
གསར་འགྱུར་འདིའི་རིགས་དུས་ནམ་ཡང་ཨ་རི་རླུང་འཕྲིན་དང་ཨེ་ཤི་ཡ་རླུང་འཕྲིན་ནང་བཀོད་བཞིན་པ་རེད་ རྒྱུ་མཚན་ནི་དེའི་ནང་གི་ལས་བྱེད་དེ་ཚོ་བོད་ཡིག་དང་བོད་སྐད་ལ་སྦྱངས་པ་མེད་ཁར་གསར་འགྱུར་རིག་པར་དེ་བས་ཕོངས་པ་རྐྱང་རྐྱང་རེད་ དེ་ཚོ་མང་ཆེ་བ་ངོ་ལྐོག་སྤྲེལ་ལད་ལ་བྱང་ཤིང་ གཡོ་སྒྱུ་དང་དཀྲུགས་ཤིང་ལ་མཁས་པ་མ་ཟད་ ཉེ་རིང་ཤོག་སྒྲིལ་དང་ འཚོ་བ་སྐྱེལ་རྒྱུར་གང་ཡང་བྱེད་མཁན་ཞིག་རེད་
བློ་རབ་ཀྱིས་དོན་སྙིང་མ་རྟོགས་པ་ལ་ཁག་མི་འདུག ཅིའི་ཕྱིར་ངོ་རྒོལ་བྱས་པ་དང་ཇི་ལྟར་མཚམས་འཇོག་བྱེད་བཅུག་པའི་བརྒྱུད་རིམ་ཞིབ་ཕྲ་མ་བྲིས་པའི་སྐྱོན་རེད། ཨ་རིའི་བོད་སྐད་གསར་འགྱུར་ཁང་གཉིས་ཀྱི་ཡིག་རྩལ་སྐྱོ་བ་ལ་སྐྱོ་ཚད་མི་འདུག སྙིང་ལངས་སྤྱད་ཅིག་རེད། ངས་ཀྱང་གསར་འགྱུར་གཞན་ནས་མཐོང་སྟབས་དོ་སྣང་དེ་ཙམ་མ་བྱས་འདིར་ཞིབ་ཏུ་བཀླགས་དུས་སྐྱོན་དེ་ག་རང་མཐོང་སོང་།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ན་བོད་ཡིག་ཚད་ལྡན་ཤེས་མཁན་དཀོན་ནི་རེད།
གས་འགྱུར་འདིའི་ནང་དོན་མ་ཤེས་ན་རང་སྐྱོན་རེད།
ད་ཐེངས་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་གནང་དགོས་དོན་ནི་རེས་གཟའ་ཉི་མ་ཉིན་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་Wang Jin-pyngཡིས། ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་རྣམས་དང་མཇལ་འཕྲད་གནང་ནས་མ་འོངས་པར་གྲོས་ཚོགས་ནང་རྒྱ་ནག་དང་གྲོས་མཐུན་ཇི་བཞག་དེ་རྟོག་ཞིབ་བྱེད་ཆོག་པའི་ཁྲིམས་གཞི་མེད་པར་བགྲོ་གླེང་གནང་རྒྱུ་མིན་པའི་ཁས་ལེན་གནང་རྗེས་ད་ཐེངས་ཀྱི་ཐེ་ཝན་གྱི་སློབ་ཕྲུག་གི་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།༽
གསལ་འགྱུར་འདིའི་དོན་ཚང་མ་ངས་ནི་གོ་སོང་།
་སྐབས་རེར་རླུང་འཕྲིན་ཁང་གི་ཡི་གེ་མི་དག་པ་བདེན་པ་རེད།
གོང་ས་༧་སྐྱབས་མགོན་ལ་་་་་་སྐྱབས་མཏོན་མཆོག་་་བྲིས་པ་ཅིག་ངས་ཀྱང་མཐོང་སོང་།
ཡིན་ན་ཡང་ཁ་རྡུང་བཏང་ན་མི་འོས་སྙམ།
རླུང་འཕྲིན་ཁང་འདིས་བོད་མི་སྤྱི་ལ་ཅི་ཙམ་ཕན་གྱིན་ཡོད་པ་དང་།
བཟང་ཕྱོགས་ནས་ཀྱང་གླེང་རྒྱུ་མ་བརྗེད་རོགས།
དྲྭ་གྲོགས་ཚོ།
བློ་གྲོས་རབ་བརྟན།
ཟེར་་བ་དེར་ཡང་ཁག་མི་འདུག་སྙམ།
གང་ཡིན་ཟེར་ན་
ཁོང་གིས་ཉིན་རེའི་གསར་འགྱུར་དུས་ཐོག་དུ་མ་ཉན་པར་ཉིན་གཅིག་གི་གསར་འགྱུར་དུམ་བུ་ཞིག་འཁྱེར་ཡོང་ནས་བསལ་ཚུལ་བཤད་ཀྱིན་ཡོད་རེད། ཉིན་སྔ་མ་སྔ་མའི་གསར་འགྱུར་བསྐྱར་བཟློས་བྱེད་དགོས་དོན་ཡོད་མ་རེད། བློ་གྲོས་རབ་བརྟན།་་ཁོ་ལ་ཡང་ཡིག་ནོར་འདུག་པས་གོ་དགའ་བོ་འདུག་
སྔ་མ་མ་ཉན་ན་ཕྱི་མ་མི་གོ་བ་བཤད་མ་དགོས་པ་རེད། ཡིན་ཡང་ཁྱོད་གཅིག་བུའི་ཆེད་དུ་གསར་འགྱུར་མགོ་རྔ་ཚང་མ་བསྐྱར་བཟློས་བྱེད་དགོས་དོན་ཅང་ཨེ་ཡོད་དམ། གསར་འགྱུར་ནི་ཉིན་རེ་ཉིན་རེར་ཉན་རྒྱུ་དེ་གལ་ཆེན་པོ་རེད་སྙམ། ཕྱོགས་གཞན་ཞིག་ནས་བཤད་ན།
གསར་འགོད་ལས་རིགས་ལ་མི་དགའ་མཁན་ཡང་འཛམ་གླིང་གང་སེར་འདུག དེའི་རྒྱུ་མཚན་ཅི་ཡིན་ཡང་ཤེས་དགོས་སྙམ།
ངས་ཀྱང་ཡིག་ནོར་འགའ་ཤས་བྲིས་སོང་བས་དགོངས་དག་ཞུ།
རླུང་འཕྲིན་ཁང་གི་གསར་འགྱུར་ཁག་གཙོ་བོ་བརྙན་ངག་སྒོ་ནས་འབྲེལ་བཤད་གནང་གྱི་ཡོད་རེད། ཡི་གེ་དེའི་ནང་ལ་མདོ་སྤྱི་ཙམ་ཞིག་མ་གཏོགས་བཀོད་ཡོད་མ་རེད། དཔེར་ན་དེབ་ཅིག་གི་ཁ་བྱང་དེ་ལ་འབྲེལ་བཤད་ཆ་ཚང་ཞིག་འབྲི་དགོས་ཡོད་མ་རེད་བ།
གསར་འགྱུར་འདི་ལ་གོ་བ་མི་ལོན་པའི་སྐྱོན་གང་ཡང་མི་འདུག།
ངོ་རྒོལ་ཞིག་བྱུང་འདུག། ངོ་རྒོལ་བྱེད་མཁན་ཚོ་སློབ་མ་རེད་འདུག། ངོ་རྒོལ་དེ་མཚམས་བཞག་འདུག། རྒྱུ་མཚན། མིང་ལ་Wang Jin-pyng་ཟེར་ནིའི་མི་ཞིག་དང་ཐུག་འདུག། མི་དེ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་རེད་འདུག། ཁོས་མ་འོངས་བར། གྲོས་ཚོགས་ནང་ལ་རྒྱ་ནག་དང་བར་དུ་གྲོས་མཐུན་ག་རེ་བཞག་ན་ཡང་། དེ་ལ་རྟོག་ཞིབ་བྱེད་ཆོག་པའི་ཁྲིམས་གཞི་མ་བཟོས་བར། གྲོས་ཚོགས་ཀྱིས་རྒྱ་ནག་དང་གྲོས་མཐུན་བགྲོ་གླེང་མི་གནང་རྒྱུའི་ཁས་ལེན་བྱས་འདུག། དེའི་རྒྱུ་མཚན་གྱིས། ད་ཐེངས་ཀྱི་སློབ་མ་ཚོའི་ངོ་རྒོལ་དེ་སློབ་མ་ཚོས་མཚམས་འཇོག་བྱེད་རྒྱུ་ཡིན་བྱས་ཐག་རེས་གཟའ་ཉི་མ་ཉིན་བཅད་འདུག།
འདི་འདྲ་ལས་སླ་བོ་ཞིག་རེད། སྟབས་བདེ་བོ། གོ་བདེ་བོ། འདི་འདྲ་མི་གོ་ན། བོད་ཡིག་ཞིག་ཕར་བཞག། མཐའ་ན་བོད་སྐད་ཞིག་ཡང་གོ་གི་ཨེ་ཡོད་ན་འདོད་ཀི། སྡིག་པ་ཁེར་མོ།
ཡིག་ནོར་རེ་གཉིས་ཡོང་བར་གནད་འགག་མིན་འདུག བཟོད་པ་ཏོག་ཙམ་བྱེད་ཐུབ་ན་བཟང་། དོལ་རྒྱལ་བ་ཚོས་རྒྱལ་བ་རིན་པོ་ཆེ་གཅིག་པུའི་སྟེང་ལ་ཤོར་ནས་དམའ་འབེབ་དང་སྐུར་འདེབས་ཚད་ལས་བརྒལ་བ་ཤོད་བཞིན་པ་དེར་ཁ་བརྡ་ཚང་གི་དྲ་གྲོགས་མང་ཆེ་བས་བླུན་པོའི་རྟུལ་ཞུགས་དྭངས་ལེན་གནང་ནས། གོ་མ་བྱུང་། ཐོས་མ་བྱུང་ལྟ་བུ་ཞུགས། འདིར་ཡིག་ནོར་རེ་གཉིས་ལ་སྡུག་སྐད་ནམ་མཁས་མི་གཤོང་བ་སྐྱོན་པ་མཐོང་དུས་ཚོར་སྣང་མངར་སྐྱུར་ཅན་ཞིག་སྦྱིན་བྱུང་། ཐུགས་རྗེ་ཆེ།