ཐབས་ཇུས་ཞིབ་འཇུག་ཚོགས་པ་ནས།
ཉེ་ སྔོན་མི་འགའ་ཞིག་གིས་དབྱིན་ཡིག་མི་ཤེས་པའི་བོད་མི་རྣམས་མགོ་བསྐོར་བཏང་ཕྱིར། བསམ་བཞིན་དུ་རྩོམ་ཡིག་སྤེལ་ཏེ་བོད་མི་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་ དོགས་གླེང་བྱས་པར་བརྟེན། ང་ཚོས་དཔྱད་པ་ཞིབ་མོར་བྱས་ནས་བོད་མི་ཡོངས་ལ་གསལ་བཤད་འདི་དྲིལ་བསྒྲགས་བྱེད་ རྒྱུ་ཡིན།
སྤྱིར་བཏང་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ཆེ་ཁག་ཚོས་ཤེས་ཡོན་སློབ་སྦྱོང་མཐར་ཕྱིན་མཁན་གྱི་སློབ་མ་རྣམས་ལ་ Ph.D. Doctor of Philosophy,༼མཚན་ཉིད་རིག་པའི་མཁས་དབང་།༽ ཡང་ན་ S.J.D. Doctor of the Science of Law,༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་།༽ ཞེས་པའི་ལག་ཁྱེར་སྤྲོད་སྲོལ་ཡོད།
མཁས་དབང་དང་འབུམ་རམས་པའི་གོ་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་གམ་མི་ཆོག?
གལ་ཏེ་འདོགས་མི་ཆོག་ན་ནུབ་ཕྱོགས་པའི་མཐོ་རིམ་སློབ་གྲྭ་ལ་མཁས་དབང་དང་འབུམ་རམས་པ་མེད་པར་འདོད་དགོས་ཤིང་།
ཁྱེད་ཚོས་ཕལ་ཆེར་མཁས་དབང་ཡིན་ན་བོད་ཀྱི་བླ་མ་ལོ་ན་མཐོན་པོ་ཞིག་ཡིན་དགོས་བསམ་ན་མཐོང་རྒྱ་ཆུང་བའི་སྐྱོན་རེད་དམ།
གལ་ཏེ་མཁས་དབང་དང་འབུམ་རམས་པའི་མིང་འདི་ Ph.D, ཡང་ན་ S.J.D. ལག་ཁྱེར་ཐོབ་མཁན་ལ་འདོགས་ཆོག་ན་བློ་བཟང་སེང་གེ་ནི་མཁས་དབང་དང་འབུམ་རམས་པའི་གོ་ས་ཡོད་མཁན་ཞིག་ཡིན་ཏེ། རྒྱུ་མཚན་ནི། སྤྱི་ལོ་༡༩༩༦་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་བོད་མི་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་རབ་འབྱམས་པའི་༽སློབ་ཐོན་ལག་ཁྱེར་སྤྲད་ཡོད་པ་དང་། (LL.M. Master of Law་)
སྤྱི་ལོ་༢༠༠༤་ལོར་ཨ་རིའི་ཧར་ཝ་མཐོ་སློབ་ནས་ཡང་བསྐྱར་བློ་བཟང་སེང་གེ་ལ་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་གཟེངས་བསྟོད་ལག་ཁྱེར་ཕུལ་ཡོད་པར་རེད། (J.S.D., or S.J.D. Doctor of the Science of Law,) འདི་ལས་ལྷག་པའི་མཁས་དབང་དང་འབུམ་རམས་པའི་གོ་ས་ཞིག་ནུབ་ཕྱོགས་མཐོ་སློབ་སུ་ལ་ཡང་སྤྲད་རྒྱུ་མེད་པས། དེས་ན་བོད་མི་བློ་བཟང་སེང་གེ་ལ་མཁས་དབང་གི་གོ་ས་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
བོད་མི་ས་ཡ་དྲུག་ལྷག་གི་ནང་ནས་༼ཁྲིམས་ལུགས་ཚན་རིག་ཞིབ་འཇུག་མཁས་དབང་༽གི་ལག་ཁྱེར་ཐོབ་མཁན་མཁས་དབང་བློ་བཟང་སེང་གེ་ལས་གཞན་བོད་རིགས་ཞིག་ད་བར་བྱུང་ཡོད་མ་རེད། འདི་ལ་ང་ཚོས་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
གལ་ ཏེ་བོད་རིགས་མི་སྐྱ་ཞིག་ལ་མཁས་དབང་གི་གོ་ས་ཐོབ་པ་ལ་མིག་ཚ་ན། འདི་ནི་ཡིད་སྐྱོ་འོས་པའི་བོད་མིའི་རྙིང་ཞེན་གྱི་ནད་གཞི་ཕུང་ཚབས་ཅན་དེ་ཡིན་ པར་ངོས་འཛིན་གནང་ནས་སྤང་རོགས་ཞུ་རྒྱུ་ཡིན།
ད་ ལན་བོད་རྒྱལ་ཁབ་དང་བོད་མི་རིགས་གཉིས་ཀ་ཤི་གསོན་གྱི་མཚམས་སུ་སླེབས་པའི་དུས་ འདིར། བསམ་ཡོད་བོད་མི་ཡོངས་ཀྱིས་ཕྱོགས་ཞེན་གྱི་ཕྲག་དོག་སྤང་ནས་ཕུགས་རྒྱངས་རིང་ པོའི་སྤྱི་དོན་ལ་བསམ་ཞིབ་གནང་ནས་འོས་ཤོག་འཕེན་རོགས་ཞུ།
ཡང་བསྐྱར་བོད་རྒྱལ་ཁབ་དང་བོད་མི་དམངས་ལ་སྙིང་ནས་བརྩེ་བའི་བོད་མི་ཡོངས་ལ་འབོད་བསྐུལ་ཞུ་རྒྱུ།
སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པ་དང་།
དེ་བཞིན་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་ལ་བོད་གཞུང་གི་ཕྱག་ལས་དང་དབུ་ཁྲིད་གནང་ཟིན་པར་བརྟེན།
དེང་སང་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ངོ་མ་བཞུགས་པའི་དུས་འདིར།
མི་རབས་གསར་པ་ཞིག་བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བར་བྱུང་ན།
ཕྱོགས་ཡོངས་ཀྱི་བོད་དོན་ཐབས་ཇུས་དང་འཐབ་རྩོད་ལ་བསྒུལ་ཤུགས་ཆེན་པོ་ཞིག་སྤྲད་ངེས་པས་མ་ཚད།
ད་ལན་མཁས་དབང་བློ་བཟང་སེང་གེ་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་གོ་སྐབས་སྤྲད་ན།
བོད་གངས་ཅན་ལྗོངས་ཀྱི་མ་འོངས་པའི་རྒྱུན་འཛིན་ལོ་གཞོན་ཀུན་གྱི་རེ་བ་དང་སྤོབས་པ་སྔར་ལས་ལྷག་པ་གོང་འཕེལ་ཆེན་པོར་བཏང་ཐུབ།
སྤྱིར་བཏང་མི་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་མི་ལོ་བཅུ་ཕྲག་དུ་མར་ཡང་བསྐོར་བསྐྱར་བསྐོར་ཡུན་རིང་བྱས་ན།
བོད་དོན་ལ་ཕན་པའི་དགེ་མཚན་མེད་པར་མ་ཟད་དམངས་གཙོའི་ལྡོག་ཕྱོགས་སྒེར་གཅོད་རིང་ལུགས་རྙིང་པ་ཚོས་བྱེད་བཏང་སྟེ།
དམངས་གཙོ་རྫུན་མ་ཞིག་ང་ཚོས་ལག་བསྟར་བྱས་པ་ལྟ་བུའི་སྣང་ཚུལ་ངན་པ་ཞིག་རྒྱལ་སྤྱིའི་མིག་ལམ་ལ་བསྐྲུན་ངེས་པས།
བཀའ་བློན་ཁྲི་བའི་ལས་དུས་རྫོགས་པའམ་རྩ་དགོངས་ཞུས་ནས། ཡང་བསྐྱར་བཀའ་བློན་ཁྲི་བར་མི་འཛེགས་པའི་སྔོན་འགོག་ད་ལྟ་ནས་བྱས་ན།
བོད་མི་ནང་ཁུལ་གྱི་མཐུན་ལམ་ཡར་རྒྱས་དང་བོད་རྒྱལ་ཁབ་ཀྱི་དམངས་གཙོ་ཚད་ལྡན་ཡོང་བ་ལ་མིག་རྒྱང་རིང་བའི་བྱ་བ་བཟང་པོ་ཞིག་རེད།
བོད་ རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
དཔྱད་གཞིའི་རྒྱུ་ཆ།
Lobsang Sangay studied at Tibetan refugee school in Darjeeling and did his B.A. (Honors) and LLB (Bachelor in Law) from Delhi University. In 1995,
Lobsang Sangay received his LL.M. Master of Law in 1996 at Harvard University, which is the first graduate-level training in law and continued to receive his S.J.D., which is a research doctorate in law,[1] and the highest degree in law at Harvard University in 2004.
You may think that an S.J.D. Is lower than a Ph.D, but you are wrong. S.J.D is an equal degree to a Ph.D Doctor of Philosophy. Not only is an S.J.D equal to a Ph.D, it is also equal to LL.D. Doctor of Law, J.D., J.S.D. Doctor of the Science of Law, and Dr. iur Doctor of Law.
Doctor of Law or Doctor of Laws is a doctoral degree in law. The application of the term varies from country to country, and includes degrees such as the LL.D. Doctor of Law, Ph.D. Doctor of Philosophy, J.D., J.S.D., or S.J.D. Doctor of the Science of Law, and Dr. iur Doctor of Law.
Doctor of Juridical Science, Doctor of the Science of Law, (sometimes also referred to as a Doctor of Laws), abbreviated J.S.D. or S.J.D., is a research doctorate in law,[1] and the highest degree in law.[2] It is offered primarily in the United States, where it originated, and in Canada. As a research doctorate, it follows professional training in law (LL.B. or J.D.) and the first graduate-level training in law (LL.M. Master of Law), and is primarily aimed at training professors, legal scientists, and other scholars in law.
洛桑桑蓋學校就讀於西藏難民在大吉嶺,也學士學位(榮譽)和學士(法學學士)從德里大學。 1995年,
洛桑桑蓋收到了他的法學碩士法學碩士1996年在哈佛大學,這是第一個研究生層次的培訓,法律,並繼續接受他的SJD,這是法學博士的研究,[1]和法律的最高學位,2004年在哈佛大學。
你可能認為一S.J.D.低於博士學位,但你錯了。 SJD是一個平等程度博士學位博士學位。不僅是一個 SJD等於一個博士,它也等於法學博士法學博士,J.D.,J.S.D.醫生的法律科學和法學博士法學博士。
法學博士或法學博士,是一個在法律博士學位。一詞中的應用因國家而異,包括學位,如法學博士法學博士,哲學博士哲學博士,J.D.,J.S.D.,或S.J.D.醫生的法律科學和法學博士法學博士。
法 學博士,博士的法律科學,(有時也被稱為法學博士),簡稱 JSD或SJD,是法學博士的研究,[1]和最高程度的法律。[2]它主要是提供在美國,在那裡起源,以及加拿大。作為一個研究博士學位,它遵循專業培 訓,法律(法學學士或JD)和第一個研究生層次的培訓,法律(法學碩士法學碩士),而主要是針對培訓教授,法律學家和其他學者的法律。
གནས་ཚུལ་མང་ཙམ་ཤེས་འདོད་ན་གཤམ་གསལ་དྲྭ་རྒྱ་ཁག་ལ་གཟིགས་རོགས་ཞུ།
http://www.law.harvard.edu/news/today/2003/01/7student.php
http://www.suffolk.edu/college/37317.html
བོད་ རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
Today 20th march 2011 let’s hope that the day of election proves a rightful time for Deciding the fate of the country in the right direction. So we hope and pray our Tibetan elections around the world are held peacefully and it is ultimately only the will of the masses that comes on board. We can seen many powerful politicians lose their power at the hands of the will of the voter. But we highly respect both katri and chithe candidates because they stand up for nation and developed much our democracy.thanks all the candidates for their patriotic and sincere…..
བློ་སེངྒེ་ཁོང་ལ་ཁྲིམས་ལུགས་མཁས་པའི་ལག་ཁྱེར་ཐོབ་ཡོད་པར་ངེས་ཀྱང་། དེ་ལ་དོ་སྣང་དེ་ཙམ་བྱས་ན་ཕྱི་རྒྱལ་བ་ཚོའི་ངོར་ང་ཚ་བའི་རྒྱུ་ཙམ་རེད། མཁས་པའི་ལག་ཁྱེར་ཐོབ་ན་མཁས་པ་ཡིན་པའི་ངེས་པའང་མེད་ལ། མཁས་པའི་ལག་ཁྱེར་ཐོབ་པ་ཙམ་གྱིས་གཞན་དང་མི་འདྲ་བ་ཞིག་ཡིན་པའི་ངེས་པ་དེ་ལས་ཀྱང་མེད། ཕྱི་རྒྱལ་ཁག་ཏུ་མཁས་པ་དང་མཁས་དབང་གི་ལག་ཁྱེར་བླངས་ནས་ལས་མེད་དུ་ལྷག་པ་འབུམ་ཕྲག་མང་པོ་ཡོད་པའང་གསལ་པོ་རེད། དེ་ནི་མཁན་པོ་དང་དགེ་བཤེས་ཀྱི་གོ་གནས་ལྟར་སྤྲོད་སྟངས་མང་པོ་ཞིག་ཡོད། མདོར་ན་ང་ཚོར་དགོས་པ་དེ་བོད་མིར་ལྷག་བསམ་དང་། བོད་པའི་ཆོས་དང་རིགས་གཞུང་སྦྱངས་པ་ཆེན་པོ། རྒྱ་བོད་བར་གྱི་འབྲེལ་ལམ་རྒྱུ་མངའ་ཅན། བོད་མི་ཡོངས་ཀྱིས་ཡིད་ཆེས་དང་གདེངས་འཇོག་ཞུ་ས་ཞིག་དགོས་པ་རེད། གལ་སྲིད་བོད་མིའི་རིག་གཞུང་ལ་སྦྱངས་པ་དང་ཤེས་ཡོན་ཆེན་པོ་མེད་མཁན་ཞིག་བོད་མིའི་བློན་ཆེན་གྱི་གོ་སར་འགྲོ་བའི་གོ་སྐབས་སྤྲད་ན། བོད་མི་རྣམས་ཀྱི་སེམས་སུ་བོད་པའི་ལས་འགན་ཆེ་ཕྲ་གང་ཞིག་སྒྲུབ་རུང་བོད་ཡིག་དང་བོད་མའི་རིག་གཞུང་ལ་རིན་ཐང་མེད་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྤྲོད་ངེས་ཡིན། ཚོར་སྣང་དེ་ནི་སྔོན་ནས་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་སུ་བོད་མིའི་རིག་གཞུང་ལ་གྱོང་གུན་འབྱུང་བའི་གཞི་རྩ་ཡིན་ལ། ད་དུང་ང་ཚོས་སབ་མ་ཐུབ་པའི་ཞན་ཆ་དེ་ཡིན། མདོར་ན་ངའི་བསམ་ཚུལ་ནི། བླ་གྲྭའམ་ཡང་ན་བོད་མིའི་ཤེས་ཆེན་པོ་མེད་མཁན་ཞིག་བོད་ཀྱི་སྲིད་གནས་ཆེ་ཤོས་སུ་སོང་ན་ཆེས་མི་ལེགས་པར་འདོད་པ་དེ་ཡིན།
སྤྱིར་མཁས་དབང་ཞེས་པ་ནི། མཐོ་སློབ་ནས་ཐོན་པ་དང་སྤྱི་དང་། མཁན་པོ། སློབ་དཔོན། དགེ་བཤེས་སོགས་གང་ཡིན་ཀྱང་། རིག་པའི་གནས་གང་ཞིག་ལ་གཞན་དང་མི་མཚུངས་པའི་ཤེས་ཡོན་ཡོད་པ་དེར་མཁས་དབང་གི་མིང་སྤྲོད་བཞིན་པ་དེ་བོད་མིའི་སེམས་ཁམས་སུ་འཇགས་པའི་གོམས་གཤིས་དང་། བོད་མིའི་རིག་གཞུང་འབྲེལ་བའི་འགྲོ་སྟངས་ཤིག་ཡིན། དེ་ལ་འགྱུར་བ་བཏང་དགོས་པ་གང་ཡང་མ་མཐོང་ལ། མཁས་པ་དང་མཁས་དབང་གི་མཚན་གནས་བཞེས་མཁན་ཡིན་ན་བླ་མ་མཁན་སློབ་དགེ་བཤེས་སོགས་ཡིན་དགོས་པའི་ངེས་པ་སྔོན་ནས་མེད། མ་ཟད་ཨ་ཙརྱའི་སྟེ་སློབ་དཔོན་གྱི་ནང་དུ་མཁས་དབང་གི་མཚན་གནས་ཡོངས་གྲགས་སུ་གྱུར་པ་ཤིན་ཏུ་མང་། དེ་ལ་བལྟས་ན་ master’s degree སློབ་དཔོན་གྱི་ལག་ཁྱེར་ཐོབ་ལང་མཁས་དབང་གི་མཚན་གནས་འདོད་དགོས་པར་མངོན། དེས་ན་བོད་མའི་ཁྲོད་དུ་མཁས་དབང་གི་ལག་ཁྱེར་བཞེས་མཁན་ཤིན་ཏུ་མང་པོ་ཡོད་པས་བློ་བཟང་སེངྒེ་གཅིག་པུ་ཙམ་མིན་པར་སྙམ།
ད་དུང་ཞུ་རྒྱུར། མཁས་པ་དང་མཁས་དབང་གི་མཚན་གནས་འདི། མཐོ་སློབ་ནས་ཐོན་པ་སྤྱི་དང་། མཁན་པོ་སློབ་དཔོན་དགེ་བཤེས་སོགས་སུ་འདྲ་ཞིག་ཡིན་རུང་། རིག་གཞུང་གང་ཞིག་ལ་གཞན་དང་མི་མཚུངས་པའི་ཤེས་ཡོན་མཁན་ཞིག་ལ་སྤྲོད་བཞིན་པ་ལས། བླ་མ་དང་གྲྭ་པ་ཡིན་དགོས་པའི་ངེས་པ་སྔོན་ནས་མེད། དེས་ན་བོད་མིའི་སེམས་ཁམས་དང་འབྲེལ་ཞིང་རིག་གཞུང་མཐུན་པར་མཁས་དབང་གི་མཚན་གནས་སུ་འདྲ་ཞིག་ཐོབ་མིན་ལོ་རྒྱུས་སོགས་སུ་ཤིན་ཏུ་གསལ། མ་ཟད་ master’s degree སྟེ་སློབ་དཔོན་གྱི་ཕྱག་ཁྱེར་ཐོབ་མཁན་ལའང་མཁས་དབང་གི་མཚན་གནས་མེད་པར་བཤད་མི་ནུས་པས་མཁས་དབང་གི་ཕྱག་ཁྱེར་ཐོབ་མཁན་བོད་མིའི་ཁྲོད་དུ་ཤིན་ཏུ་མང་། ཆོས་དང་འབྲེལ་བའི་སྒོ་ནས་བཤད་ན་ལོ་རྒྱུས་གསལ་ཐག་ཅོད་ཅིག་ཡོད་མོད་དེ་ནི་སྐབས་འདིར་དགོས་པ་མེད་པར་ངེས། བོད་མིའི་ལག་ཁྱེར་སྤྲོད་ཕྱོགས་ཐད་གྲྭ་པའི་མཐོ་སློབ་ཁག་ཏུ་གསལ་ཐག་གཅོད་ཅིག་ཡོད་མོད། འོན་ཀྱང་བོད་མིའི་སློབ་གྲྭ་ཁག་ཏུ་སྤྱི་རྒྱལ་གྱི་རྗེས་སུ་བརྙེགས་པར་འདོད་ཀྱང་དེ་རྗེས་སུ་མ་ཟིན་ཅིང་རང་རྐྱ་ཐུབ་པ་ཞིག་མེད་པའི་ཚོར་སྣང་སྤྲོད་བཞིན་འདུག
དགའ་དགོས་པ་ཞིག་ལ་དེ་རིང་ནི་འོས་འཕེན་པར་འཚང་ཁ་ཆེ་ཙམ་འདུག
འབོད་བསྐུལ་ཅུང་པྱིས་དྲག་པ་ཱཱཱུུུཨ་ཙ་མ་།་ ཁ་སང་ཙམ་བོས་ཡོད་ན་།
དེ་རིང་ང་ཚོས་སྤྱི་འཐུས་དང་བཀའ་ཁྲི་འོས་འདེམས་བྱས་ཚར
བ་རེད། ད་བགྲོ་གླེང་གི་བརྗོད་གཞི་གལ་ཆེ་ཤོས་ཤིག་ནི་༧གོང་
ས་མཆོག་གིས་རྒན་ཡོལ་བྱས་བ་ན་བཀའ་ཁྲི་གསར་པར་དབང་
དང་ཐོབ་ཐང་ག་ཚོད་ཅིག་སྤྲོད་དགོས་སམ།སྲིད་འཛིན་ལམ་
ལུགས་དང་གྲོས་ཚོགས་ལམ་ལུགས་གཉིས་ནས་གང་ལེགས་སམ།
ད་ལྟའི་གྲོས་ཚོགས་འདི་གྲོས་ཚོགས་འོག་མ་དང་ཆོལ་ཁ་ཆོས་
ལུགས་དབྱེར་མེད་ཀྱི་གྲོས་ཚོགས་གོང་མ་ཞིག་དགོས་ཀྱི་མི་འདུག་
གམ། དེ་དོན་བགྲོ་གླེང་དང་བསམ་ཚུལ་ཞུ་རོགས་གནང་།
ཕྱི་རྒྱལ་དུ་་ལག་ཁྱེར་ཡོད་པའི་མིང་ས་ཡ་མང་པོ་ཡོད། མཁས་དབང་ཟེར་བ་ནི་ལག་ཁྱེར་གཅིག་པོས་མི་འགྲིག་པར་དོན་དམ་གྱི་ལག་ལེན་དངོས་ཀྱི་ཐོག་ནས་གྲུབ་འབྲས་ཤིག་དགོས། ཐོམ་པའི་སྒང་ལ་ཐོམ་ཞ་མ་གཡོག
ཕྱི་རྒྱལ་ལ་བོད་གཞུང་གིས་ལོ་རེ་་སློབ་ཕྲུག་གང་ཚམས་ཞིག་སློབ་སྤྱོང་ལ་བཏང་གིས་ཡོད་པ་རེད། འབུམ་རིམ་པའི་ལག་འཁྱེར་ཡང་རེག་ཡོད་མཁན་གང་ཚམས་ཡོད་རེད། གངས་སྐྱིད་གཞུང་་གི་ལས་ཁུང་སོ་སོས་ནང་འབུམ་རིམ་པའི་ལག་འཁྱེར་ཡོད་མཁན་ལས་བྱེད་ག་ཚོད་ཅིག་ཡོད་རེད། ཕྱིར་ཕྱི་རྒྱལ་ནས་རང་གཞུང་ལ་ཞབས་ཕྱི་སྒྲིབ་གི་ཡོང་མཁན་ག་ཚོད་ཅིག་ཡོད། དེ་ཚོ་ལ་འབུམ་རིམ་པའི་ལག་འཁྱེར་ཡོད་རུང་ལྷག་བསམ་མེད་་པའི་རྟགས་རང་རེད་གདའ། ་དེ་ལས་འཛིན་གྲ་བཅུ་གཉིས་གིས་ལག་འཁྱེར་ལས་མེད་མཁན་ཚོས་གཞུང་་དང་མི་མང་ལ་ཞབས་ཕྱི་ཡག་ཐེག་ཆོད་སྒྲུབ་མཁན་འདུག་གདའ།།
བློ་བཟང་སེང་གེ་འདི་མི་ཧམ་པ་ཚ་པོ་ཡ་མེད་ཅིག་རེད། དཔོན་པོར་འདུག་འདོད་པ་གནས་ལུགས་དང་མཐུན་ཡང་། ལག་འཁྱེར་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ནས་མཁས་དབང་ཡིན་ཞེས་རང་དང་ཨབ་ཕྲུག་ཚོས་ས་སྒྲོག་གནམ་སྒྲོག་བྱེད་ཀྱི་འདུག།
ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།།
ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ།།
དོན་དམ་གྱི་མཁས་པའི་དབང་པོ་རྗེ་ས་པན་གྱིས་གསུངས་པ་ཅིས་མ་བདེན།
བདེན་པ་རེད། འཛིན་གྲྭ་བརྒྱད་པ་ཡང་མ་ཐོན་མཁན་བཀའ་བློན་ལས་ཐོག་པ་ཡོད་སྲིད།
ད་ཡག་པོ་བྱུང་འཛམ་གླིང་དམག་ཆེན་གསུམ་པ་འགོ་བཙུགས་ཚར་སོང་།ད་དྲ་གྲོགས་ཕེབས་ཤོག
སྤངས་སྤོས་ལགས་ཞུ།
ཁྱེད་རང་བཤད་པ་ལྟར་ཕྱི་རྒྱལ་ལ་མིང་ས་ཡ་མང་པོ་ཡོད་རེད་ཟེར་བ་སྟེ་ཁྱེད་ཀྱི་ཡི་གེ་འབྲི་གཏང་གི་ཁྱད་པ་རེད་དམ་ཁ་ནས་བཤད་གཏང་གི་ཁྱད་པར་རེད་གོ་རྒྱུ་མི་འདུག་བསམ་པ་རེད་གལ་སྲིད་ཕྱི་རྒྱལ་ལ་མཁས་དབང་ས་ཡ་མང་པོ་ཡོད་རེད་ཟེར་བ་ཡིན་ན་བདེན་པ་རེད་ཡིན་ན་ཡང་ང་ཚོས་བོད་མི་རིགས་ནང་ལ་བློ་བཟང་སེང་གེ་མ་གཏོགས་མི་འདུག
ད་དུང་གཅིག་ལ་མཁས་དབང་ཟེར་བ་ནི་ལག་ཁྱེར་གཅིག་པོས་མི་འགྲིག་པར་དོན་དམ་གྱི་ལག་ལེན་དངོས་ཀྱི་ཐོག་ནས་གྲུབ་འབྲས་ཤིག་དགོས་ཟེར་བློ་བཟང་ལགས་ཀྱི་བོད་མི་རིགས་ཀྱི་དོན་ལ་ཕྱི་རྒྱལ་ཕྱོགས་ལ་བོད་མི་རིགས་ཀྱི་དོན་ལ་ཕྱག་ལས་མང་པོ་བྱས་ཚར་རེད།
དེ་ཡང་ང་ཚོས་བོད་མི་རིགས་ནང་ནས་དུས་རྒྱུན་མཁས་དབང་ཟེར་ནས་ངོ་འཛིན་བྱས་འདུག་ས་གཙོ་བོ་ནི་དགེ་འདུན་ཆོས་འཕེལ་དང་དཔལ་དོན་གྲུབ་རྒྱལ་ལ་སོགས་རེད་ཁོང་རྣམས་པའི་དོན་དམ་ཀྱི་ལག་ལེན་དངོས་ཀྱི་ཐོག་ནས་གྲུབ་འབྲས་ཐོན་པ་ག་རེ་ཡོད་ད་དུང་ཁོང་རྣམས་པ་ཚོས་ལ་མཁས་དབང་ལག་ཁྱེར་ཡོད་མེད་མི་ཤེས།