ཀླུ་སྨྱོན།
ཉེ་སྔོན་འཆི་མེད་མིང་ཅན་ཞིག་གིས་དགུ་རོང་སྤུན་གྲོལ་ལ་བསྐུར་པའི་ཐལ་ལྕག་ཚ་བོ་ཞེས་པ་ཞིག་རྡ་ས་ནས་བསྐུར་པ་ཡིན་ལུགས་ཀྱིས་ཁ་བརྡ་དྲ་བར་བཀོད་འདུག་པ་ཁོ་བོའི་ཟིན་བྲིས་སུ་འདྲེན་བཀོད་བགྱིས་པར། མང་མང་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ཟིན་བདག་ཀླུ་སྨྱོན་བདག་གིས་བྲིས་པ་ཡིན་ལུགས་ཀྱི་བསྙོན་འཛུག་བྱེད་བཞིན་ཡོད་ཀྱང་། ཐེངས་འདིའི་སྒོ་ཤེར་ལགས་ཀྱིས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་མ་བཞེས་པའི་ཕྱོགས་སུ་བདག་གིས་ཚིག་གཅིག་ཀྱང་བྲིས་མེད། དེ་ལ་རྒྱུ་མཚན་མང་ཡང་འདིར་གསལ་བཤད་བྱེད་འདོད་མ་སྐྱེས། དགུ་སྤུན་ལ་བྲིས་པའི་རྩོམ་ཡིག་དེའི་འབྱུང་ཁུངས་དངོས་སུ་ཤེས་འདོད་ན་བོད་ཕྱི་ལོགས་སུ་ཡོད་པའི་ཁ་བརྡ་དྲ་བར་འབྲེལ་གཏུགས་ཀྱིས་རྩད་གཅོད་བྱས་ན་ལེགས། བདག་གིས་ལོ་མང་སྔོན་ནས་བཟུང་བོད་ཕྱི་ནང་གི་དྲ་ཚིགས་གང་ཞིག་ཏུ་མི་མཐོ་དམན་སུ་འདྲ་ཞིག་ལ་ཆོས་ལུགས་ཆབ་སྲིད་རིག་གཞུང་སོགས་ཀྱི་ཕྱོགས་གང་ཞིག་ནས་རང་གི་བསམ་ཚུལ་བརྗོད་པའི་རྩོམ་ཡིག་ཅི་ཙམ་བྲིས་ཀྱང་ཀླུ་སྨྱོན་ནམ་ཀླུ་སྨྱོན་ཧེ་རུ་ཀ ཡང་ན་ཀླུ་སྨྱོན་ཁྲག་འཐུང་གླིང་པ་ཞེས་པའི་སྨྱུག་མིང་འདི་གསུམ་པོ་ལས་གཞན་པའི་མིང་ཞིག་བེད་སྤྱོད་བྱེད་ཀིན་མེད་པས། དེ་ལུགས་དྲ་འབུ་ཡོངས་ཀྱིས་ཡིད་འཇགས་ཡོང་བར་གྱིས།
དྲྭ་འབུ་འདི་ཚོས་གང་བྱུང་མ་བྱུང་ལབ་བཞིན་འདུག་པས་འདི་ཚོ་ཆ་འཇོག་བྱེད་པ་ལས་ཁ་ཁར་བསྡད་ན་དགའ་ས་རེད།
འགྲེལ་བཤད་ནི་ཁོང་ཚོས་མི་སྙན། ཧཧཧ ཕྱེད་ཀུ་རེ་ཡིན།
འཆི་མེད་མིང་ཅན་གྱིས་བྲིས་རྩོམ་སྤེལ་ཏེ་དགུ་རོང་སྤུན་གྲོལ་གྱིས་རྩད་ཞིབ་རྩོམ་ཡིག་བྲིས་ནས་ཕལ་ཆེར་བདུན་ཕྲག་གཉིས་གསུམ་འགྲོ་གྲབས་སྐབས་ལ་གཞི་ནས་ཀླུ་རིན་པོ་ཆེ། གཉིད་སད་ཞག ཧ་ཧ་ཧ་་་
“ཀླུ་སྨྱོན་གྱིས་དྲ་འབུ་ཚོར་བཀའ་བསྩལ་པ།” ཞེས་པ་ལྟ་བུ་བོད་ཀྱི་རིག་གཞུང་སྐད་དང་མི་མཐུན་པར་འབྲི་བ་ལས། སྔར་སྲོལ་ཆགས་པའི་སྐད་ཀྱི་དག་ཆ་དང་མཐུན་པར་བྱས་ཏེ། འབྲི་བ་དེ། མ་དག་པ་བྲིས་ཤོར་པ་བདག་ལྟ་བུ་ལ་བྱ་དགའ་སྟེར་བ་ལས་ཕན་ཡོན་མི་ཆེའམ།
གསལ་བཤད་འདིས་ཨ་ཁུ་དཀར་རོར་ཆགས་ཚར་ཡིན། ཧ་ཧ་ཧ།
དཔའ་བོ་བྱ་ས་ན་སྲོག་ལ་འཛེམ་རྒྱུ་མེད།
ཤིན་ཏུ་རྨད་དོ།
དགུ་རོང་སོགས་ལ་ལན་གསལ་ཤོས་འདི་རེད།
སྒོ་ཤེར་གྱི་བྱ་དགའ་མ་ལེན་པ་འདིས་ཕན་གནོད་ད་ལྟ་ཤོད་དཀའ། སྔོན་མ་ནོ་ཝེལ་བྱ་དགའ་མ་ལེན་མཁན་ཚོས། རྗེས་མ་ནོ་སྦེལ་བྱ་དགའ་སྐད་གྲགས་ཇེ་ཆེར་འགྲོ་སྐབས་ཁོང་ཚོར་གྱོང་རག་པ་ལས་ཁེ་ཕན་ཐོབ་མེད།
ཨ་རིའི་ནང་ལ་གློག་བརྙན་བྱ་དགའ་ཨོ་སི་ཁ་དེ་ཡང་ཐོག་མ་དང་བར་ལ་མ་ལེན་མཁན་འགའ་ཤས་བྱུང་། རྗེས་མ་འགྱོད་པ་སྐྱེས་ནས། ཡང་བསྐྱར་བྱ་དགའ་གནོངས་རོགས་ཅེས་ཞུས་པ་མང་པོ་བྱུང་འདུག་ལ། ད་ལྟ་ཨོ་སི་ཁའི་བྱ་དགའ་མ་རག་བསམ་པ་ལས་མ་ལེན་བསམ་པའི་གནས་ཚུལ་ཧ་ལམ་མེད་པ་ལྟ་བུར་འགྱུར།
གལ་ཏེ་ཀླུ་སྨྱོན་གྱི་བྱ་དགའ་དེ་ད་དུང་བསམ་པ་རྒྱ་ཆེ་དང་གུ་ཡངས་ཆེ་ཙམ་བྱས་ནས་དམངས་ཕན་པ་རྩེ་ཕུད་ཚོར་སྤྲོད་ཐུབ་ན། རིམ་བཞིན་དེའི་གྲགས་པ་ཇེ་ཆེར་འགྲོ་རྒྱུ་ཉག་གཅིག རྩོམ་ཡིག་འགྲེལ་པའི་རྙོག་ཁྲ་དེའི་རྩ་བ་གཅོད་སྟངས་མན་ངག་འདི་ལ་ཡོད།
ཀླུ་སྨྱོན་རྩོམ་ཡིག་བྱ་དགའ།
ཀླུ་སྨྱོན་དམངས་ཕན་བྱ་དགའ།
ཀླུ་སྨྱོན་ཞིབ་འཇུག་བྱ་དགའ།
ཀླུ་སྨྱོན་སྒྱུ་རྩལ་བྱ་དགའ།
ཀླུ་སྨྱོན་མཁས་དབང་བྱ་དགའ།