གསལ་ལེ་རྒྱལ།
ངས་ཁ་སང་༼གྲྭ་བའི་སྤྱི་ཚོགས་ལ་རྒྱང་ལྟ་བྱས་བ༽་ཞེས་བ་ཞིག་བྲིས་ཡོད། དེ་ནི་གཞན་སྐྱོན་བཤད་འདོད་པས་མིན། དོ་དག་ཅིག་ཤེས་འདོད་པས་ཡིན། གང་ཞིག་རུང་བ་དང་ཅི་ཞིག་མི་རུང་བའི་གནས་ལུགས་དེ་ཤེས་འདོད་པས་ཡིན། ཡིན་ནའང་མི་ལ་ལས་ཁྱོད་ལ་ནང་མཚང་ཕྱི་ལ་བསྒྲགས་པའི་ཉེས་བ་ཆེ་རབས་ཟེར། བདེན་པ་བཤད་ན་ཉེས་བ་ཡོད་སྟངས་དེ་ངས་མི་ཤེས། གང་ལྟར་བཤད་རྒྱུ་རང་གིས་ལས་ན། བཤད་ནོ་སྡེ་བ་ཡིན་ཞེས་བ་བཞིན་ཁྱོད་ཚོས་སྐྱོན་ལས་ན་སྐྱོན་སྔོག་མཁན་སྨྱུག་ཐོག་པ་ཚོ་རེད། བཙན་གཡེམ་བྱེད་པ་དེ་འཇིག་རྟེན་པས་ཀྱང་མི་རུང་བས་ན་གྲྭ་བའམ་དགེ་འདུན་པ་ཞིག་གིས་དེ་བས་ཀྱང་ག་ལ་རུང་། དེ་ལ་བཤད་རྒྱུ་རྩོད་རྒྱུ་གཅིག་ཀྱང་མི་འདུག
གཞན་བག་ལེབ་སྲེག་པའམ་གཉིས་མཐུན་ཆགས་སྤྱོད་དེ་ནི་མི་རུང་བའི་རྒྱུ་མཚན་ངས་མཐོང་མ་སོང་བས་དེ་ཤེས་འདོད་པས་ཡིན། འདོད་ཆགས་ནི་ཚང་མར་ཡོད་ཡོད་པ་རེད། དེའི་མགོ་གནོན་ཐབས་ཤིག་ཡོད་ན་ཅི་ལ་མི་ཆོག མི་སྡུག་པ་སྒོམ་པ་ཙམ་གྱིས་ག་ལ་ཡོང་། ང་རང་ལ་མཚོན་ནའང་བུ་མོ་མཛེས་མ་ཚོར་སེམས་ཤོར་ནས་དེའི་སྡུག་བསྔལ་འགོག་ཐབས་ལ་མི་སྡུག་པ་སྒོམ་ནས་ཚོད་ལྟ་བྱས་མྱོང་། མི་ཚེ་གང་བོར་མི་སྡུག་པ་སྒོམ་ནས་འདུག་ན་མ་གཏོགས་སེམས་ཕྱི་ལ་ལྷོད་ན་ཡང་དེའི་ཕྱོགས་སུ་ཤོར་འགྲི་གི་འདུག ཚང་མ་གཅིག་པ་ཡིན་རྒྱུ་རེད། གྲྭ་བས་བརླ་འཛེག་བྱས་ནས་ཕྲུ་གུ་སྐྱེས་རྒྱུ་མེད། ཕྲུ་གུ་གཉོར་ནས་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་ལ་གཏོང་མི་དགོས། དེས་སུ་ལ་གནོད། དེས་གང་ལ་གནོད། དུས་མ་ཡིན་པ། གནས་མ་ཡིན་པ། ཡུལ་མ་ཡིན་པ་སོགས་གཞུང་ཚིག་དེ་དག་གིས་འཇིག་རྟེན་པ་ཚོའི་རྒྱོ་རྒྱག་པའི་དུས་ཚོད་ལའང་གཏིང་འཛིན་འདྲ་ཞིག་བྱེད་ཀྱིན་འདུག་པས་དེ་ནི་ངོ་མ་ཇུས་རྟོག་མེད་སར་ཇུས་རྟོག་མ་རེད་དམ། ངས་སུ་གང་གིས་མི་མཐོང་ས་ཞིག་ནས་ཉིན་གུང་རྒྱོ་བརྒྱབས་ན་དེའི་སྐྱོན་གང་ན་འདུག འཐད་པ་ཡོད་ན་བརླ་བར་ལ་འཛེག་ནའང་དེ་བཞིན་རེད་འདོད། དེས་སུ་ལའང་གནོད་ཀྱིན་མི་འདུག
སྐྱོན་ཞིག་ཡོད་པ་ནི་གྲྭ་བ་ཚོས་རང་རང་གིས་གང་བྱས་བ་དེ་ཕྱི་ལ་བཤད་མ་ཐུབ་པར་རང་གིས་ཀྱང་དེ་ནི་སྐྱོན་གྱི་གྲས་སུ་བཅུགས་ཏེ་ངོས་ལེན་འདྲ་ཞིག་བྱས་པས་རེད་འདོད། རང་གིས་གང་བྱས་བ་དེ་རང་གིས་ཉེས་བའི་གྲས་སུ་བརྩིས་ན་གཞན་གྱིས་ཡིན་ཡིན་པ་རེད། གྲྭ་བ་ཞིག་གིས་བརླ་འཛེག་བྱེད་བཞིན་པ་གྲྭ་བ་གཞན་ཞིག་གིས་མཐོང་ན་རྒྱུན་ལྡན་རེད། ཡིན་ནའང་མི་སྐྱ་ཞིག་གིས་མཐོང་ན་རྒྱུན་ལྡན་མ་རེད། དེ་ག་རེ་རེད། གནས་ལུགས་ནི་ནམ་ཡང་གནས་ལུགས་ཡིན་པས་སྤྱི་ཚོགས་ལ་ལྟོས་ནས་འགྱུར་འགྲོ་བའི་གནས་ལུགས་ཤིག་གང་ན་ཡོད། ས་ཆ་འདི་ནས་མགོ་སེར་ཞིག་ལ་ངས་སྟུ་ལྡེག་མ་མྱོང་ཞེས་ཤོད་དང་། ཁོ་ཚོ་གད་མོ་བགད་ནས་རིལ་འགྲོ་གི་རེད། ཁྱོད་ལོ་དུ་ཡིན་ཟེར་གི་རེད། ལོ་བཅུ་བདུན་རེད་པྭ་ཞེས་འཕྱ་སྨོད་བྱེད་ཀི་རེད། བོད་པ་ཞིིག་ལ་ངས་སྟུ་ལྡེག་མྱོང་ཡོད་ཅེས་ཤོད་དང་། ཡང་གད་མོ་བགད་ནས་རིལ་འགྲོ་གི་རེད། ཁྱོད་ཁྱི་རེད་པྭ་ཟེར་གི་རེད། དེའི་གནས་ལུགས་ངོ་མ་དེ་གང་ན་འདུག ཡང་གྲྭ་བ་ཞིག་གིས་གྲྭ་བ་ཞིག་ལ་ངས་བརླ་འཛེག་བྱེད་མ་མྱོང་ཞེས་བཤད་ན་ཕ་རོལ་བ་དེ་གད་མོ་དགོད་གི་རེད་ཟེར། ད་དུང་མཐོང་ཆུང་བྱེད་གི་རེད་ཟེར། དེ་ན་རང་གིས་མཐོང་ཆེན་བྱེད་བཞིན་པའི་བྱ་བ་དེ་དགོན་པའི་ཕྱི་ལ་ག་རེ་བྱས་ནས་བཤད་མ་ཐུབ་པ་རེད། དེ་ནི་རང་རང་གི་ལམ་ཁ་རང་རང་གིས་བཀག་པ་མ་རེད་དམ། ད་དུང་འདུལ་བ་རུང་མཐུན་ཞེས་གནས་ལུགས་ཀྱི་རལ་གྲི་རྣོན་པོ་ཞིག་ཀྱང་ཡོད་རབས་ཟེར། དེ་ན་ཅི་ལ་སྐྲག་པ་ཡིན། ང་ནི་མོ་དད་ཅན་ཞིག་ཡིན། བརླ་འཛེག་བྱེད་མ་མྱོང་མོད་བུ་ག་ཡོད་ཚད་ལ་ཁྱད་མེད་མཁན་ཞིག་ཡིན། ཕན་ཚུན་གཉིས་འཐད་བྱུང་ན་རུང་དང་མི་རུང་གི་ས་མཚམས་གང་ན་འདུག ཁ་རྒྱགས་པ་བཤད་ནི་མིན། མ་ཤེས་བར་བཤད་པ་ཡིན། ཤེས་འདོད་ནས་བཤད་པ་ཡིན། ང་ལའང་མ་ཤེས་བ་ཞིག་ཤེས་རྒྱུའི་ཐོབ་ཐང་ཡོད་རྒྱུ་རེད།
ཡ་ཡ། ད་མང་བོ་མི་བཤད། ཡང་རྒྱོ་རྒྱག་ཏུ་འགྲོ་དགོས། ཁོམས་དུས་ཤིག་ལ་འགྲོའི་རྔ་མ་འབྲི་གིཡིན།
མི་ཤེས་ན་རང་དབང་ལུང་བ་ན་ཡོད་པས་རང་གི་རྒན་མོ་ལ་ཚོད་ལྟ་བྱོས་ར་གཅིག་ཐེངས་ན་ལེགས་འགྲུབ་བྱུང་སྲིད། ཀུ་རེ། ད་དུང་ཁྱོས་ཤེས་སོང་ན་ང་ལ་ཡང་འཁྲིད་རོགས་ཞུ།
ཡ་ཡ། གྲོགས་པོ། གསལ་ལེ་རྒྱལ་ལགས། ཁྱོད་དཔའ་བོ་རེད་ཤག ཁྱོད་ལ་སྙིང་སྟོབས་འདུག མུ་མཐུད་དེ་འབྲི་རོགས། ཉེར་སྔོན་བོད་ནང་གི་གྲྭ་བཙུན་ཚོས་མི་རིགས་དང་རིག་གཞུང་ཆེད་ཕྱི་དགྲ་བོས་ཁ་གཏད་དུ་རང་ལུས་མེ་ལ་སྦྱིན་དུས། ཁ་བརྡ་དྲ་རྒྱ་མཚོན་པའི་གསར་ལམ་ཁག་ཏུ་ཁྱོད་ཀྱི་ཟིན་བྲིས་མཐོང་རྒྱུ་མི་འདུག་ལ། གསལ་ལེ་རྒྱལ་དེ་བས་ཀྱང་གོ་རྒྱུ་མི་འདུག དེ་རིང་འུ་ཚང་གི་དཔའ་བོ་དཔའ་མོ་དག་ཤི་བའི་བདུན་བདུན་ཞེ་དགུ་མ་ལོངས་ཤིང་། བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཚོའི་གདོང་གི་མིག་ཆུ་སྐམ་གོང་སླར་ཡང་མིག་ཆུ་ཐོལ་པ་ཞིག་སྣོན་ཐུབ་པ་དེ་ཁྱོད་ཀྱི་མི་ཚེའི་ནང་གི་གཟི་བརྗིད་ཆེ་ཤོས་ཤིག་རེད་ལ་འུ་ཅག་གིས་ཀྱང་ཁྱོད་ལ་ཡི་རང་ཞུ། བུ་ཕ་བཟང་བུ། མི་མཐུད་དེ་ཤུགས་རྒྱབ་རོགས། ལོ་ངོ་སྟོང་ཕྲག་གི་རིང་བོད་ཀྱི་གྲྭ་བཙུན་ཚོས་དཀའ་ལས་རྒྱབ་ཏེ་ཆེར་གཅེས་པའི་འཛམ་བུ་གླིང་གི་རིག་གཞུང་ཡང་དག་ཅིག་བདག་པོ་རྒྱབ་ཐུབ་ཡོད་ཅེས་༧གོང་ས་མཆོག་གིས་འཛམ་གླིང་མི་དམངས་ལ་སྒྲོགས་ཤིང་། གཟུར་བོ་གནས་ཤིང་དངོས་ཡོད་ལ་དགའ་བའི་ནུབ་ཕྱོགས་ཀྱི་ཚན་རིག་མཁས་དབང་ཚོའི་དབུས་པའི་འཛམ་གླིང་མི་དམངས་ས་ཡ་ནས་ས་ཡ་བོད་ཀྱི་དགོན་སྡེ་ཁག་ལ་ཡིད་ཆེས་འཕེལ་ཏེ་བོད་ཀྱི་རིག་གཞུང་འདི་གོ་ལའི་ཁྱོན་ངེས་པར་གནས་དགོས་ཤིང་དེ་འཛིན་གྱི་བོད་ཀྱི་གྲྭ་བཙུན་ཚོར་ཆོས་དད་ཀྱི་རང་དབང་དགོས་སྤྲོད་ཟེར་ནས་རྒྱ་ནག་གི་ཁ་གཏད་ལོང་བཞིནཔ་འདི་རྩ་མེད་དུ་བཏང་ཨེ་ཐུབ་བལྟ་རོགས། ད་གཟོད་ཁྱོད་ཉིད་གཟི་བརྗིད་ཆེ་རུ་དང་བོད་མི་རིགས་ཀྱི་རིན་ཐང་གོ་ལའི་ཁྱོན་འདིར་ཆེ་རུ་འགྲོ་ངེས་ཡིན། ཤུགས་རྒྱབ་རོགས་ཕ་བཟང་བུ། ངོ་མ་ཁྱོད་ལ་སྙིང་སྟོབས་ལྡན་ཁུ། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ལས་ཁྱོད་ལ་རྣམ་དཔྱོད་ཀྱི་རྩལ་ལྡན་ཁུ། ལྷག་པར་ཁྱོད་རང་གི་དངོས་མིང་ངོ་མ་བཏོན་ཐུབ་ན་ཁྱོད་ལས་སྙིང་སྟོབས་ཆེ་བ་ཞིག་དང་ཁྱོད་ལས་གཟུར་གནས་བློ་ལྡན་ཞིག་མེད་པ་ཐག་གིས་ཆོད། ཡ་ཡ། གྲོགས་པོ་བདེ་མོ།
སྒྱ་རྩལ་བླ་ཡི་བྱ་བ།།
ཁུ་ནུ་ཨ་ཁའི་དཔེ་རེད།།
ལ་ལ་སྒོར་མོ་དགོ་ན།།
མོ་ངན་ཞིག་གི་སྡུག་རེད།། ཅེས་གྲྭ་ཕྲུག་བཙན་གཡེམ་བྱས་ཤིང་རིན་བབ་དགོ་མཁན་དག་ལ་འཕྱ་དམོད་ཀྱི་ཆེད་དུ་དེ་ལྟར་བཤད་སྲོད་ཡོད།
ས་ལེ་རྒྱལ་ལ་སྐྱབ་སྐྱོར་ཡོད། ཉིད་ཀྱིས་དེ་ལྟར་བྲིས་བ་ཐུགས་རྗེ་ཆེ།
ནོར་བཅོས།
སྒྱུ་རྩལ་བླ་ཡི་བྱ་བ།།
ཁུ་ནུ་ཨ་ཁའི་དཔེ་རེད།།
ལ་ལ་སྒོར་མོ་དགོ་ན།།
མོ་ངན་ཞིག་གི་སྡུག་རེད།། ཅེས་གྲྭ་ཕྲུག་བཙན་གཡེམ་བྱས་ཤིང་རིན་བབ་དགོ་མཁན་དག་ལ་འཕྱ་དམོད་ཀྱི་ཆེད་དུ་དེ་ལྟར་བཤད་སྲོད་ཡོད།
ས་ལེ་རྒྱལ་ལ་སྐྱབ་སྐྱོར་ཡོད། ཉིད་ཀྱིས་དེ་ལྟར་བྲིས་བ་ཐུགས་རྗེ་ཆེ
དཀོན་ཅོག་གིས་མཁྱེན། སྐྱབས་གནས་དགེ་འདུན་གྱི་སྡེ་ལ་ཕྱག་འཚལ་ལོ། དེ་འདྲ་ཞིག་ཡིན་དོགས་མེད།
སྐད་གཉིས་སྨྲ་བའི་དྲྭ་གྲོགས་རྣམས་ཁར་ཙང་ཀར་ལུ་རིན་པོ་ཆེས་ཡུས་ཀྲུབ་སྟེང་བཤད་པ་དེ་བོད་སྐད་ལ་བསྒྱུར་ནས་ཁ་བརྡའི་དྲྭ་ཐོགས་བཞག་ན་དོན་ངོ་མ་ཀ་ལུས་ག་རེ་བཤད་ཡོད་པ་ཚང་མ་ཤེས་གི་རེད། ཐུགས་རྗེ་ཆེ།
བག་ལེབ་སྲེག་པ། ཐབས་མཁས་སྨོན་ལམ། སོགས་གསལ་ལེ་རྒྱལ་གྱི་རྩོམ་ཡིག་ན་ཤེས་བྱ་མང་གི་ཡ། ད་བཟང་ཟེར་གྱི་ཡིན་ནམ་ངན་ཟེར་གྱི་ཡིན་མི་ཤེས་ཀི འདུལ་བ་རུང་མཐུན་ཞེས་པ་ཞེས་པ་ཞིག་ཡོད་དུ་ཆུག་ཀྱང་།སྔགས་ཀྱི་བྱང་སེམས་ཉམས་པའི་རྩ་ལྟུང་ལ་ཇི་ལྟར་འགྲེལ་བ་རྒྱག་རྒྱུ།
གདན་ས་ཁག་ཏུ་བཀའ་པོད་ལྔའི་སློབ་སྦྱོང་གི་རིམ་པ་ལས་འདུལ་བ་མཇུག་མཐར་འཇོག་པ་དེར་ནོར་འཁྲུལ་ཚབ་ཆེན་བྱུང་ཡོད་པར་སྣང་སྟེ། འདུལ་གཞུང་ལས་སྡོམ་པ་སྦྱིན་ནས་བསླབ་བྱ་གོ་བརྡ་མ་སྤྲད་ན་བཤན་པའི་ལག་ཏུ་མཚོན་ཆ་བཞག་པ་ལྟ་བུར་གསུངས། ཚད་མངོན་དབུ་ཕར་སྦྱོང་བ་ལ་བགྲང་བྱ་བཅུ་ཕྲག་ལྷག་དགོས་ན་དེ་ནས་འདུལ་བ་ལ་སྦྱོང་ཚེ་ད་གཟོད་རང་ཉིད་རབ་བྱུང་ཚད་ལྡན་ཞིག་མིན་པར་འཆོལ་ཉོག་ཏུ་སོང་ཡོད་པ་ཤེས་ཚེ་ཡིད་ཕམ་པ་ཞིག་མ་ཡིན་ནམ། འདི་ལ་བསམ་བློ་རེ་གཏོང་དགོས་པར་སྙམ་མོ།
དགེ་འདུན་ལ་སྐྱབས་སུ་འཆི། ལྟོགས་ན་མི་ཟ་དགུ་ཟ། རྒྱག་ན་མི་བཤད་དགུ་བཤད། རང་ཉིད་ལ་འཁྲི་བའི་ལས་དོན་ལ་རེམ་ལ། སྐྱབས་ཡུལ་དགེ་འདུན་པར་སྐུར་མ་འདེབས་རོགས། དགེ་འདུན་པ་མེད་ན་བོད་པར་གང་ཡང་མེད།
སྐྱབས་ཡུལ་དམ་པ་དགེ་འདུན་པ་ནི་བོད་མི་རིགས་ལ་མཚོན་ན་ལེགས་ཚོགས་ཐམས་ཅན་གྱི་རྩ་བ་རེད། ཆོས་སྲིད་རིག་གཞུང་གི་བདག་པོ་རེད། ལ་རྒྱ་དང་སྤོབས་པའི་འབྱུང་ཁུངས་དག་མ་རེད།
གསལ་ལེ་རྒྱལ་ལ་མཁོ་མེད་ཞིག་ཤེས་འདོད་ཡོད་པ་བདེན་པ་ཡིན་རྒྱུ་རེད་་་བློ་སྤོབས་ཆེན་པོའི་བཤད་འདོད་ཡོད་པ་རང་འགུལ་ཡིན་རྒྱུ་རེད་་་་དོན་མེད་རྩད་ཞིབ་བྱས་ནས་སྤྱི་ཚོགས་ལ་ཕན་གྱིན་ཡོད་རྒྱུ་རེད།ཡིན་ནའང་ཁྱེད་རང་གི་ལས་གཞི་མཐའ་དག་ལ་རྒྱུས་ལོན་བྱས་པའི་ལེགས་བྱང་འདིའི་རམ་འདེགས་ཀྱི་ཕན་པ་ཡོད་ན་ཡི་རངས་ཡོད།
གསལ་ལེ་རྒྱལ་གྱིས་སྐད་ཆ་དངོས་བྱུང་ཞིག་བཤད་པ་རེད་རྒྱབ་སྐྱོར་ཡོད ཤར་ཁུག་ལྟ་བུ་མཐའ་གཅིག་ཏུ་གཞན་ལ་དམའ་འབེབས་པའི་ཕྱིར་རྩོམ་ཉོག་འགའ་ཡང་ནས་བསྐྱར་དུ་དྲ་ཐོག་ལ་བཞག་པ་ཡིན་ན་ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ལོས་བྱེད། གསལ་ལེ་རྒྱལ་ལ་བདེན་པ་འདུག་དངོས་བྱུང་གི་ལོ་རྒྱུས་ བོད་ཀྱི་གྲྭ་བ་ཞེས་པའི་སྤྱི་ཚོགས་དེའི་ནང་དུ་བཟང་ངན་གཉིས་ཀའི་ཆ་ཡོད་པ་རེད སྡུག་ཕྱོགས་ནས་བཤད་ན་འདི་འདྲ་ཞིག་རེད་གསང་བ་བྱས་ཀྱང་རུང་མ་བྱས་རུང་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད་ང་རང་གི་བསམ་ཚུལ་ལྟར་ན་བཇང་བོ་ལ་ངོ་བསྟོད་དང་ངན་པ་ཐེར་འདོན་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད ཡིན་པ་ལ་མིན་པའི་ཟོལ་དང་མིན་པ་ལ་ཡིན་པའི་ཟོལ་གྱིས་དགོན་སྡེ་ཆེན་པོ་ཞིག་འདི་ལྟར་གནས་དགོས་ནའང་བློ་བདེ་བོ་ཞིག་ཡོང་གི་མི་འདུག མགོན་སྐྱབས་ཨ་ཁུ་ཨ་ཞང་མེད་པའི་གྲྭ་ཕྲུག་ཚོ་གང་ཐད་ནས་དཀའ་ལས་མྱོང་གི་ཡོད་ཀྱི་རེད་བསམ་གྱི་འདུག་སྐད་ཆ་དེ་འདྲ་གྲྭ་ཟུར་ཚོའི་རྒྱུད་ནས་གོ་ཐོས་ཀྱང་བྱུང་། གང་ལྟར་གྲྭ་བ་ཡང་དག་པ་མིན་རུང་ཡིན་མདོག་ཅིག་གིས་མི་ཚེ་བསྐྱེལ་དགོས་ནའང་ཕན་པ་ཅུང་ཨེ་ཡོད་ན་བསམ་གྱི་འདུག
དྲ་གྲོགས་བསམ་ཚུལ་འདི་རིགས་གླེང་མཁན་དག་ལ་སྙིང་དག་ནས་ཐུགས་རྗེ་ཞུ་བཞིན་ཡོད།
ང་ལ་མཚོན་ན་ཡང་། ཆུང་དུས་ནས་ཕ་མ་གཉིས་ཀྱི་རེ་བ་ལྟར་དགོན་པ་ག་གེ་མོ་ཞིག་ཏུ་གྲྭ་བ་བྱས་འདུག་ལ། རང་ངོ་ཟིན་ཙམ་ཞིག་ནས་དགོན་པའི་ཆོས་གྲར་ཞུགས་ཏེ། དེ་གར་བསླབ་པ་སློབ་གཉེར་གྱི་འགོ་བརྩམས་མོད། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ། ནམ་ཞིག་ངའི་དགེ་རྒན་དམ་པ་མི་འདོད་པའི་ནད་ཀྱིས་མནར་ཏེ་སྐུ་གཤེགས་པ་ན། ང་གཅིག་པོ་དགོན་པའི་གྲྭ་ཤག་ཏུ་འདུག་དགོས་བྱུང་། སྐབས་དེར་ངའི་རང་ལོ་བཅུ་བཞི་རེད་ལ། གཞིོ་རྩའི་ཆ་ནས་ང་ཆུང་དུས་ནས་དགོན་པར་འཛུལ་ཞུགས་བྱས་ཡོད་སྟབས། ངས་གྲྭ་བའི་སྤྱི་ཚོགས་ནང་མཚན་མཐུན་ཆགས་སྤྱོད་ཀྱི་རིགས་ཡོད་པ་ཤེས་མོད་ཀྱང་། རང་སྟེང་ལ་དཀའ་ངལ་དེ་འཕྲད་མ་མྱོང་། འོན་ཀྱང་། དགེ་རྒན་དམ་པ་སྐུ་གཤེགས་རྗེས་ནས། ང་གཅིག་པོ་ཡིན་པ་གང་ཞིག་ལ། དམིགས་བསལ་ཕུ་ནུ་གཉེན་ཉེ་ཟེར་ནས་བདག་པོ་རྒྱག་མཁན་ཞིག་མེད་སྟབས། ཕྱོགས་གང་ཐད་ནས་དཀའ་ངལ་མི་དམན་པ་ཞིག་འཕྲད་སོང་ཡང་། དཀའ་ངལ་དེ་དག་ལས། ཆེས་བརྗེད་ཐབས་མེད་པའི་སེམས་ཀྱི་ན་ཚ་དེ་ནི། ཉིན་ཞིག་ང་དགོན་པར་ཡོད་སྐབས། གྲྭ་རྒན་ལོ་ལོན་ཕལ་ཆེར་ལོ་ན་དྲུག་ཅུ་ཡས་མས་ཅན་ཞིག་ངའི་སར་བསླེབས་ནས། ང་ལ་མཚན་མཐུན་ཆགས་སྤྱོད་ཆོག་མིན་གྱི་རེ་བ་རྒྱག་གི་འདུག སྤྱིར་ང་ཚོའི་དགོན་པར་མཚོན་ན། གྲྭ་རྒན་དེ་ཕྱོགས་གང་ཐད་ནས་བཀུར་འོས་པའི་དགེ་འདུན་པ་ཞིག་ཏུ་བརྩི་སྲོལ་ཡོད་ལ། དེ་བས་ཀྱང་། བདག་གི་ཕ་མ་གཉིས་ཀྱིས་ཀྱང་། གྲྭ་རྒན་དེ་བླ་མ་བཞིན་བཀུར་བཞིན་འདུག དེར་བརྟེན་ངས་ཁོང་གི་བཀའ་གཅོག་མ་ཐུབ་པར། ཁོང་གི་རེ་བ་ལྟར་བསྒྲུབས་བཅུག་པ་ཡིན། འོན་ཀྱང་། སྐབས་དེ་ནས་བཟུང་། དགེ་རྒན་དེ་ངའི་སར་ཉིན་ལྟར་ཡོང་གི་འདུག་ལ། མཚམས་ཞིག་ནས་ཡོང་བ་ཙམ་མ་ཟད། མཚན་གང་བོར་ངའི་སར་ཉལ་གྱིན་འདུག ལོ་གཅིག་ལྷག་མ་འགོར་བར་དགོན་པའི་འགྲིག་གཞི་ལྟར་གྲྭ་རྒན་དེ། དགོན་པ་གཞན་ཞིག་ཏུ་མཁན་པོར་བཏང་སོང་བས། ང་ཡང་གཅིག་པོར་ལྷག་སོང་། དེ་དུས་ངའི་ལོ་བཅོ་ལྔ་ཙམ་རེད། དེ་ནས་བཟུང་། དགོན་པའི་ནང་གྲྭ་རྒན་ཁྱོན་ལྔ་བཅུ་ལྷག་ཅིག་གིས་ང་ལ་ངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་མང་པོ་ཞིག་སྤྲད་སོང་ལ། དེ་བས་ཀྱང་། གྲྭ་གཞོན་མང་པོ་ཞིག་གིས་ང་ལ་བཙན་གཡེམ་ཐེངས་མང་བྱས་པར་བརྟེན། ངས་ཕ་མ་གཉིས་ལ། ང་གྲྭ་ཚང་དུ་འདུག་འདོད་མེད་ཚུལ་ཞུས་པ་ཡིན། འོན་ཀྱང་། ཕ་མ་གཉིས་བཤད་ན། གལ་ཏེ་ང་གྲྭ་ཚང་དུ་མ་བསྡད་པར་གྲྭ་ལོག་བྱས་པ་ཡིན་ན། དེ་ནི་ཁྱིམ་ཚང་དེའི་ཞབས་འདྲེན་དང་། རང་ཉིད་ལ་ཡང་སྡིག་པ་ཆེ་ཚུལ། ད་རུང་ང་གྲྭ་ཚང་དུ་བསྡོད་པ་ནི་ཁོང་པ་མ་གཉིས་ཀྱི་རེ་བ་ཉག་གཅིག་ཡིན་ཚུལ་བཤད་དེ། ང་གྲྭ་ཚང་ནས་ཕྱིར་ཡོང་གི་བཅུག་མ་སོང་། དེ་རྗེས་ཡང་བསྐྱར་ང་སྲང་ལམ་དུ་གྲོགས་པོ་ཞིག་དང་མཉམ་དུ་འགྲོ་བཞིན་པའི་སྐབས། གྲྭ་གཞོན་འཕྲུལ་རྟ་ཅན་གཉིས་སླེབས་ཏེ། ང་བཙན་ཁྲིད་བྱས་ཏེ་ཉིན་ཞག་གསུམ་ལ་ཁོང་གཉིས་ཀྱི་གྲྭ་ཤག་ཏུ་བཙན་གྱིས་བསྡོད་དུ་བཅུག ཉིན་ཞག་དེ་དག་གི་རིང་ལ། གྲྭ་གཞོན་དེ་གཉིས་ཀྱི་གྲོགས་པོ་བཅུ་གྲངས་ཤིག་བསླེབས་ནས་ང་ལ་བཙན་གཡེམ་བྱས་སོང་། སྐབས་དེ་ནས་བཟུང་། ང་དགོན་པར་མི་འདུག་རྒྱུའི་དམ་བཅའ་བཞག་སྟེ། ཕྱིར་ཉིན་ནས་གྲྭ་ཆས་ཕུད་དེ་ཕྱིར་རང་ཡུལ་དུ་ཕྱིན་མོད་ཀྱང་། སླར་ཡང་ཕ་མ་གཉིས་ཀྱིས་བཙན་གྱིས་གྲྭ་བ་བྱེད་དུ་བཅུག བདག་ལ་མཚོན་ན་ཡང་། གྲྭ་བ་བྱེད་ནས་དགོན་པར་འདུག་འདོད་ཡོད་མོད་ཀྱང་། གྲྭ་རྒན་གཞོན་མང་པོ་ཞིག་གིས་བཙན་གཡེམ་ཐེངས་མང་བྱས་པར་བརྟེན། རང་བཞིན་གྱིས་བསྡོད་བཟོ་མེད་པ་ཞིག་ཆགས་སོང་། ཉིན་ཞིག་ངས་གསང་བ་དེ་ངའི་སྲིང་མོ་ཞིག་མག་པར་བཤད་པར། མག་པ་དེས་ངའི་སྲིང་མོར་བཤད་པ་དང་། སྲིང་མོས་ངའི་ཨ་མར་བཤད། ཨ་མས་ང་ལ་སྐད་ཆ་དེ་བདེན་མིན་དྲིས་སོང་། ངས་སྐད་ཆ་དེ་བདེན་པ་ཡིན་ཚུལ་བཤད་ཀྱང་། ཨ་མས་བཤད་ན། གནས་སྐབས་རིང་ཕ་ཡུལ་དུ་བསྡད་ནས་ལོ་རྗེས་མར་སྐྱར་དུ་དགོན་པར་འགྲོ་དགོས་རབས་བཤད། ལོ་དེར་ང་དགོན་པར་མ་སོང་བར་གྲོང་དུ་ཕ་མ་གཉིས་དང་མཉམ་དུ་བསྡད་པ་ན། དགོན་པའི་དགེ་སྐུལ་གྱིས་ང་ལ་སྐད་བཏང་སྟེ། གལ་ཏེ་ང་དགོན་པའི་འགྲིག་གཞིར་མ་ཞུགས་པ་ཡིན་ན། དངུལ་གྱིས་ཆད་པ་གཅོད་རྒྱུ་ཡིན་རབས་དང་། དེ་བས་ཀྱང་རྟ་ལྕག་གིས་བྲབ་རྒྱུ་ཡིན་ཚུལ་བཤད་དེ། ང་ཕྱིར་དགོན་པར་མི་འགྲོ་ག་མེད་བྱུང་། ང་ཕྱིར་དགོན་པར་སོང་བ་ན། གྲྭ་རྒན་གཞོན་ཚང་མས། ང་ལ་བསྟན་པའི་ཞབས་འདྲེན་དང་། ཡང་ན་རྒན་མོ་ཁ་ཞེས་འབོད་ཀྱིན་འདུག ལྷག་པར་དུ་གྲྭ་གཞོ་ཞིག་གིས་བསམ་བཞིན་དུ་ང་ལ་འགྲམ་ལྕག་ཅིག་ཀྱང་གཞུས་སོང་། རྒྱུ་མཚན་ནི། ངས་རང་གི་ཕ་མ་གཉིས་ལ་དགོན་པར་སོང་ན་གྲྭ་བ་ཚོས་བཙན་གཡེམ་བྱེད་རབས་བཤད་པ་དེས་རེད། ཉིན་དེའི་དགོན་པའི་ཆོས་རྭ་གྲོལ་རྗེས་ང་ཕྱིར་རང་ཤག་ཏུ་ཕྱིན་པ་ན། སླར་ཡང་གྲྭ་གསུམ་གྱིས་ངའི་རྗེས་དེད་ནས་སླེབས་བྱུང་། ངས་དེ་དག་མཐོང་འཕྲལ་འབྲོས་ཐབས་ཤིག་བྱས་ཀྱང་། ཁོང་ཚོར་མི་གསུམ་ཡོད་སྟབས། འབྲོས་མ་ཐུབ་པར་ཁོང་ཚོའི་ལག་ཏུ་ཤོར་ཏེ་ང་ལ་ཕལ་ཆེར་མཚན་གང་བོར་བཙན་གཡེམ་བྱས་སོང་། སྐབས་དེ་དག་ལ་ང་ངུས་པའི་གྲངས་ག་སུ་ཞིག་གིས་བརྩི་ནུས། གང་ལྟར་འདི་ནི་སྐད་ཆ་འདི་ནི་དངོས་ཡོད་གནས་ཚུལ་ཞིག་ལས། འདི་ལ་རྫུན་གཏམ་གྱི་ཆ་གཅིག་ཀྱང་མེད། སྤྱི་ལོ་༢༠༠༤་ ལོ་ནས་ང་རྒྱ་གར་དུ་བྲོས་བྲོལ་དུ་བསླེབས་ནས་ལྷོ་ཕྱོགས་སུ་གྲྭ་སར་ཞུགས་པ་ཡིན། དཀའ་ངལ་འཕྲད་སྟངས་དེ་གཅིག་པ་གཅིག་རྐྱང་རེད། དེ་ནས་དགོན་པ་ནས་ཕྱིར་བུད་དེ། དེང་སང་རྡ་རམ་ས་ལར་རོགས་པ་ཞིག་དང་མཉམ་དུ་བསྡད་ཡོད། ཤུ་་་
ཧཧཧ ད་བཤད་ཡོད་ཀི་ཡ། འགའ་རེས་བཤད་ན་བརླ་གཅིག་པོ་མིན་པར་སྐྱག་ཁུང་ནང་ལ་རྒྱག་གི་འདུག་ཟེར། ལོ་འགའི་སྔོན་རྒྱ་གར་ནུབ་བྱང་གི་དགོན་པ་ཞིག་ནང་ཉེ་འཁྲིས་གཞིས་ཆགས་ཀྱི་བུ་གུ་ཞིག་གྲ་བ་བྱས། རྗེས་ནས་ཡང་ཡང་ནང་དུ་བྲོས་ཡོང་ནས་ང་གྲ་བ་བཟོ་གི་མིན་ཞེས་ངུས་ཀྱང་ཕ་མས་བཙན་གྱིས་བསྐྱལ། ཉིན་ཞིག་ཨུ་ཐུག་ནས་ཨ་མར་དེ་ལུགས་བཤད་པས་ཨ་མ་ཧང་སང་སྟེ་རྩད་གཅོད་བྱས་རབས་འདུག དེ་ནས་བཟུང་གཞིས་ཆགས་ནང་བུ་གུ་གྲ་བར་འཛུལ་མཁན་མེད་སྐད།
གཅིག་བྱས་ན་ཚང་མ་གཅིག་པ་མིན་སྲིད།
གསལ་ལེ་རྒྱལ་གྱི་རྩོམ་ཡིག་སྔ་ཕྱི་གཉིས་ཀ་བཀླགས་པ་ཡིན། སྤྱིར་བོད་མི་སུ་དང་སུ་ཡིན་ན་བཙན་བྱོལ་དུ་འབྱོར་བ་ནས་བཟུང་སྨྲ་བརྗོད་ཀྱི་རང་དབང་གི་སྒོ་མོ་ཕྱེས་པ་རེད། ད་རེབས་ཀྱི་གྲྭ་བའི་སྤྱི་ཚོགས་ལ་གཟས་པའི་རྩོམ་ཡིག་འདི་དག་གིས་བདེན་པ་ཞིག་གསལ་འདོན་བྱས་ཡོད་ས་རེད། ཡིན་ནའང་། དེ་འདྲའི་ཐབས་སྡུག་གི་གནས་ཚུལ་དེས་གྲྭ་བ་སྤྱི་ལ་མཚན་ཤས་མི་བཟོ་རྒྱུ་དང་། བདེན་རྫུན་གྱི་དབྱེ་བ། ཡང་ན་གནས་ལུགས་ཀྱི་རྒྱུ་མཚན་གྱི་ཐད་ནས་དཔྱད་གླེང་བྱེད་དགོས། གང་ལྟར་བདེན་པ་ནི་བདེན་པ་ཡིན་པས་ནམ་ཡང་རྫུན་པར་འགྲོ་མི་སྲིད་པས། དུས་ནམ་ཡང་ཞིག་ལ་རྒྱལ་ཁ་དང་ཁོར་ཡུག་ཅིག་ཡོད་སྲིད། གཞན་དུ་ན་གྲྭ་བའི་སྤྱི་ཚོགས་སུའང་ཕྱིའི་སྤྱོད་པ་དང་ནང་བསམ་བློ་གང་ཅིའི་ཐད་ནས་ངན་པ་ལངས་ཤོར་དུ་སོང་བ་ཡོད་པས་དེ་དེ་བཞིན་དུ་ཤེས་པར་གྱིས། སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲངས་པ་ཞིག་ཡིན་ན་བཤད་རྒྱུ་གཏམ་རྒྱུ་མེད་པ་ཞིག་ཡིན་དགོས་པས་དེ་ལ་སྐྱབས་སུ་མཆིའོ། ད་མང་པོ་མི་བཤད།
འོ་རེད་ད་གྲྭ་བའི་སྤྱི་ཚོགས་ལ་ཁ་གཏོང་ཀྱང་བྱོས་ཨ། དགེ་འདུན་གྱི་སྡེ་མེད་ཚེ་ཁྱེད་རང་ཚོ་ཚང་མ་མུག་ཤི་རྒྱག་རྒྱུ་རེད།
འདི་ནང་མཆན་འདེབས་མཁན་མང་ཆེ་བ་གྲྭ་བ་ཡིན་པ་གསལ་པོ་འདུག
ཁོ་ཚོས་རང་སྐྱོན་དག་འབེག་ཅི་ཐུབ་བྱེད་ཀྱིན་འདུག་ཀྱང་ཁག་པོ་རེད།
ང་ལའང་དེ་རིགས་ཀྱི་གནས་ཚུལ་མང་པོ་ཡོད་ཀྱང་འདིར་མི་སྤྲོ།
གྲྭ་རྒན་དག་རླུང་གིས་ཤི་འགྲོ་བྱེད་ཀྱི་འདུག
གྲྭ པའི་སྤྱི་ཚོགས་ནང་མཚན་འཐུན་ཆགས་སྤྱོད་ཡོད་ན་ཡང་ཧང་སང་དགོས་དོན་མེད། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་འཛིན་མཁན་ནི་གྲྭ་བཙུན་ཚོ་ཡིན་པ་མ་ཟད། འགག་ལ་ཐུག་དུས་ཉེན་ལ་མཆོང་ཕོད་མཁན་ཡང་གྲྭ་བཙུན་ཚོ་རེད། དེས་ན་བཟང་ངན་གཉིས་ཡང་ལྕི་ཀྱག་ཤེས་དགོས་པ་ལས་སྐྱོན་ཆ་རྐྱང་སྔོག་ཐབས་བྱས་ན་དྲང་པོ་ཞེས་པའི་གྲང་སུ་འགྲོ་ཁག་པོ་རེད།
གནས་ཚུལ་འདི་བཤད་པས་མི་ཚད་བརྙན་ཕབས་བྱེད་དགོས་པ་ཞིག་རེད། དེས་གྲྭ་བའི་སྤུས་ཀ་ཇེ་མཐོར་གཏོང་ཐུབ་ལ་ཉ་དང་ཉུང་མ་མི་འདྲེ་བའི་དགེ་ཕན་ཡང་འདུག གྲྭ་བ་མང་བ་ལས་སྤུས་ཀ་བཟང་ན་ལེགས།
གསལ་ལེ་རྒྱལ་གྱི་རྩོམ་ཡིག་སྔ་ཕྱིར་བཀླགས་ཟིན། ཁོང་གི་དགོས་དམིགས་ནི་ཤེས་བྱ་ཞིག་གི་ཆེད་དུ་ཟེར།
དངོས་གནས་ཤེས་བྱ་འདི་ཁོང་ལ་དགོས་སམ། ཁོང་གིས་འདིའི་སྟེང་ནས་འདོད་དོན་ཅི་ཞིག་བསྒྲུབ་འདོད་དམ།
ཅིག་བྱེད་ན་འཇིག་རྟེན་རྒན་མོ་བཞིན་དགོས་དམིགས་ཅི་ཡང་མེད་པར་འཇོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས་ལ་ཐོས་བསམ་བྱེད་པ་ཞིག་ཡིན་ནམ། དེས་ན་ཁོང་ལ་ཁ་ཁོག་པ་ལ་ཅི་ཡོད་གསལ་བྱུང་།
ཤེས་བྱ་འདི་གྲྭ་བའི་སྡེ་གཅིག་པའི་ལག་ལེན་ཞིག་མིན་པ་སྔོན་མ་ནས་ཡོངས་གྲགས་སུ་གྱུར་ཡོད།
དེ་ཙམ་གྱིས་ཧ་ལས་པ་དང་ཧང་སངས་པ་ཅི་དགོས།
ངོ་མ་བཤད་ན་ལས་ཀ་འདིར་སྐྱོན་བརྗོད་བྱེད་པས་གྲྭ་པར་སྐྱོན་བརྗོད་དུ་ངོས་འཛིན་བྱེད་པ་ནི་ངོ་མ་ཡིད་རྨོངས་པ་ཞིག་རེད། འོ་ན་འདི་འགྲོ་བ་མི་ལ་སྐྱོན་བརྗོད་བྱེད་པ་ཞིག་རེད་དམ། དེ་ཡིན་ན་གྲྭ་པར་སྐྱོན་བརྗོད་ཅིག་རེད། བྱ་ངན་འདི་དག་རྩོམ་མཁན་དག་མི་དང་ཕྱི་ནང་གི་གྲྭ་པ་དམག་མི་སློབ་གྲྭ་བ་སོགས་ཐམས་ཅད་ལ་སྲིད་པའི་ཕྱིར་རོ། །
ལས་ཀ་འདི་གྲྭ་པའི་ནང་ནས་ཀྱང་ཆེས་ཐ་ཤལ་བ་ཚོས་བྱ་སྤྱོད་ཅིག་ལས་ཐམས་ཅད་ཀྱི་རེད་མི་འདུག་ལ། ལས་ཀ་འདི་ལ་སྤྱོད་པའི་རྒན་གཞཽན་སུ་འདྲ་ཞིག་ཡིན་ཀྱང་། དགེ་འདུན་པ་ཚོས་ཁོང་ལ་མཐོང་ཆུང་དང་ཁྱད་གསོད་བྱ་ཡུལ་ཞིག་ཏུ་ངོས་འཛིན་བྱེད།
བློ་བཟང་མདོ་སྔགས་ཀྱི་བཤད་པ་ལྟར་རྩ་བ་ནས་རེད་མི་འདུག
མི་ཚོས་གུས་བཀུར་བྱ་ཡུལ་ཞིག་གིས་དེ་འདྲ་རྩ་བ་ནས་མི་སྲིད་ལ། ཁོང་གི་ཚེ་འདིར་དགོས་པའི་མིང་དང་སྙན་གྲགས་ཐམས་ཅད་རྒྱོ་འདི་ཙམ་གྱིས་ཡོངས་སུ་ཉམས་སུ་འཇུག་ངེས་ཡིན།
དེས་ན་སྐྱོན་ཡོད་པ་དང་དཀའ་ངལ་སྤྲོད་པ་བདེན་ངེས་ཀྱང་། སྐྱོན་ཡོད་མཁན་དེ་དག་ངོས་ཟིན་པར་བྱེད་དགོས་སྙམ།
གྲྭ་པས་ཆོས་དག་རིག་གཞུང་འཛིན་པས་རྒྱུ་མཚན་གྱིས་སྐྱོན་བརྗོད་མི་ཆོག་ཟེར་པ་འདི་དོན་མཐུན་ཞིག་མ་རེད། སྐྱོན་བརྗོད་པ་ཚོས་ཀྱང་གྲྭ་པ་ཟེར་པ་དེ་རྩ་བ་ཆེ་བ་དང་། གལ་ཆེ་ཞིག་ཏུ་རྩིས་ནས་ཁོང་ཚོས་མཚན་སྙན་དང་གྲགས་པ་སོགས་པ་སྐྱོན་བྱུང་ན་ངེད་བོད་པ་ཚང་གི་རྩ་བ་སྟོར་ཟིན་པས་འགྲིག་གི་མི་འདུག་ཟེར། དེས་ན་ཉེས་པ་དེ་གྲས་ལ་སྤྱི་ཚོགས་སུ་སྐྱོན་བརྗོད་བྱེད་པ་ཙམ་མིན་པ་ལག་ལེན་གྱི་ཐོག་ནས་བླང་དོར་ལམ་སྟོན་གང་དགའ་གནང་དགོས་པ་ལས། སྐྱོན་ངན་སྦས་སྐུང་དང་། མི་སྐྱོན་རླུང་བསྐུར་བྱེད་ན་གྱོང་གུན་བོད་མི་སྤྱི་ལ་ཕོག་པ་དེ་ཤེས་དགོས་སྙམ།
གནད་དོན་ཤོད་ས་ནས་གནས་ལུགས་མི་ཤོད་པར་ཁོང་ཁྲོ་ལངས་པ་ནི་རང་མཚང་ཕྱིར་མངོན་པའི་རྟགས་ཡིན། མ་གཞི་རྒྱོ་རྒྱག་རྒྱུ་དེ་དེ་ཙམ་གྱིས་གནས་ཚུལ་ཚབས་ཆེན་རེད་དྲན་གི་མི་འདུག རྒྱོ་རྒྱག་པ་དེ་རང་ཉིད་འདོད་པའི་ཁམས་སུ་ཨ་མའི་ཁོག་ནས་སྐྱེས་ཕྱིན་ཆད་དུ་ཡོད་དགོས་པ་ཞིག་རེད།
མིའི་ཕུང་ཁམས་ལ་གྲུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡོད་ན་མེད་དེའང་རེད། འོ་ན་མ་འགྲིག་པ་གང་རེད་ཟེར་ན། རྒྱོ་རྒྱག་ནའང་རྒྱག་སྟངས་ཞིག་དགོས་པ་རེད། ཇག་པ་ཁྲམ་པ་ཚོའི་བྱེད་སྟངས་ནང་བཞིན། མི་མང་པོས་མི་གཅིག་ལ་ར་ལུག་ནང་བཞིན་བཙན་ཁྲིད་བྱས་ནས་བཙན་དབང་བཏང་བ་དེ་འདྲ་བ་ནི། མི་མང་གི་ཕྱག་འཚལ་སའི་སྐྱབས་གནས་ཞིག་ཏུ་བཀུར་ན་བཀུར་མཁན་གི་རེ་བ་ནི་ཀླད་ཀོར་མིན་ནམ།
དེ་འདྲ་བའི་བཀུར་ཡུལ་དང་བཀུར་མཁན་ག་ཚོད་ག་ཚོད་ཡོད་པ་རེད། གནད་འདི་གཞིར་དམིགས་ནས་དོན་དག་འདི་ཤོད་ཡོད་ན་ཤོད་མཁན་གི་ཉེས་པ་མ་རེད། བསམ་མཁན་གིས་གོ་བ་མ་ལོན་པ་རེད།
དེང་སང་དུས་འདིར་ལྐོག་ལྐོག་སུབ་སུབ་གི་གད་རྙིགས་ཚང་མ་གཙང་སྦྲ་བཟོས་ན་ཡག་གི་རེད། ཁོར་ཡུག་ལ་ཕན་གི་རེད། ཁོར་ཡུལ་ཡང་རིགས་མང་པོ་རེད།
བློ་བཟང་མདོ་སྔགས་མིང་ཅན་གྱི་ཉམས་ཐག་འུ་ཐུག་ཐབས་ཟད་ལགས།།
ང་ནི་ཆུང་དུས་ནས་བོད་ཀྱི་གདན་ས་ག་གེ་མོར་གྲཱ་པ་བྱས་ནས་གདན་ས་གསུམ་དང་
གཞིས་དགོན་ཁག་གང་སར་གནས་ཚང་གཡར་ཏེ་གསུང་ཆོས་དང་། དཔེ་འཁྲིད་ཞུས་ཏེ་ཉིན་ཤས་དང་ཟླ་ཤས་ང་རང་ལོ་ན་ཆུང་ཡང་མང་ཆེ་བ་གཅིག་པུར་དཔེ་འཛིན་སྐྱོར་སྦྱངས་བྱས་ནས་བསྡད་པ་ཡིན་ཀྱང་ཁྱེད་ལྟ་བུ་འུ་ཐུག་ཐབས་ཟད་བླུན་པོའི་རང་གཤིས་དེ་འདྲ་སུ་གཅིག་མཐོང་ཐོས་མ་བྱུང་ལ། ང་རང་དབང་པོ་སྐྱོན་ཅན་དང་མཐོང་མི་འདོད་པ་དེ་འདྲ་གང་ཡང་མེད་ཅིང་གཟུགས་ཕུང་
དག་ཀྱང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཅུང་ཡིད་དབང་འཕྲོག་ནུས་པ་ཞིག་ཡིན་པ་
པས་ཀུན་གྱིས་བསྔགས་བརྗོད་ཀྱང་ཡང་ཡང་ཐོབ་མྱོང་མོད། འོན་ཀྱང་ཁྱེད་ཀྱི་དཀའ་ངལ་དེ་འདྲའི་རིགས་རྩ་བ་ནས་ཕྲད་མྱོང་མེད་པ་འདི་གང་ཡིན་ནམ། ཁྱེད་མཛེས་སུག་ཡིད་དབང་འཕྲོག་པས་ཡིན་ནམ།། ཡང་ན་འཚོ་གོས་ལ་དཀའ་ངལ་ཆེ་དྲག་པའམ། ཡང་ན་སྨད་ཚོང་མ་ལྟར་གཡོ་སྒྱུ་འམ་འཕྲུལ་ཚ་དྲགས་པས་ཡིན་ནམ་གསལ་པོ་
གསུངས་རོགས་གནང།། ངེས་པར་དུ་གསུངས་རོགས་གནང་།།
མིང་ཙམ་ཐོག་པའི་བླ་སྤྲུལ་ཁ་ཤས་ནས་སྤྱོད་ངན་ངོམ་སོ་བྱེད་པ་དང་སྡོམ་ལྡན་པ་འཕགས་པའི་དགེ་འདུན་པར་སྨ་འབེབས་བྱེད་པ། ཁ་ཞོར་ལག་ཞོར་དུ་བོད་མི་རིགས་ཀྱི་གསོལ་རྒྱུན་རིགས་གནས་དང་གོམས་གཤིས་སོགས་ལ་ལྡོག་རོལ་གཏོང་བ།
ཕྱི་རྒྱལ་ཆོས་ཞུ་བར་འཛེམས་བག་སྤུ་ཙམ་ཡང་མེ་པར་ཆོས་ལོགས་སྤེལ་བ། དངུལ་ལོར་ཀྱི་ཆེད་དུ་མ་ཤེས་ཤེས་མདོག་གིས་གདམས་དང་དབང་སོགས་མགོ་མེད་མཇུག་མེད་དུ་སྟེར་བ། བུ་མེད་དང་དཔལ་འབྱོར་གྱི་དོན་དུ་ལས་འརྒྱུ་འབྲས་ཆུ་ལ་སྐྱུར་བ་སོགས་མདོར་ན་བོད་པ་ཚོས་བསམ་ཕོོད་ཚད་ཀྱི་བྱ་བ་དེ་ཚོ་ནི་དིང་སྐབས་བླ་སྤྲུལ་རྗུན་མ་ཚོའི་ཆག་ཆེན་གྱི་སྤྱོད་པ་ཡིན།
ཀ་ལུ་རིན་པོ་ཆེར་ངས་མིང་དོན་མཚུང་པའི་མིང་གསར་པ་ཞིག་གསོལ་འདོད། ཀ་ལུ་མ་རེད་བཀར་བླུག་རེད་ལ་རིན་པོ་ཆེ་མ་རེད་རིང་པོ་ཆེ་ཡིན། གང་ཡིན་ཞེས་ན་ཁོ་ནི་བུ་མེད་ཆེ་ཆུང་སུ་ཡིན་ཡང་ལོགས་སུ་བཀར་ཏེ་ཚུལ་མིན་བྱེད་བཞིན་ཡོད་པས་བཀར་བླུག་དང་། དེ་བཞིན་ཁོའི་ཕོ་མཚན་ནི་ཤིན་ཏུ་རིང་ལ་ཆེ་བ་ཞིག་ཡོད་པས་རིང་པོ་ཆེ་ཞེས་ཟེར་རོ། ཁོ་འདྲ་བའི་སྙོ་སྤྲུལ་མང་པོ་ད་ཆ་ཕྱི་རྒྱལ་གང་སར་ཡོད། བཀར་བླུག་རིང་པོ་ཆེ་དགོན་པར་བསྡོན་སྐབས་བཙན་གཡེམ་བྱས་ནས་བསྡད་ཐུབ་མ་སོང་ཟེར་བའི་སྐད་དེར་བསོམས་དང་། དགོན་པའི་ནང་བཙན་གཡེམ་གྱི་གནས་དོན་ཡོད་དུ་དབང་དུ་བཏང་རུང་། སྤྲུལ་སྐུ་ཞིག་ལ་སུས་མ་རུང་བ་བྱེད་ཕོད་སམ སྤྲུལ་སྐུ་ནི་དགོན་པའི་ཕྱི་ཡི་ལྕགས་རི་དང་ནང་གི་ནོར་བུ་ཡིན་དུས་ཟ་མ་ཡག་ཤོས་དང་དགེ་རྒན་ཡག་ཤོས། གཟིམ་ཆུང་ཡག་ཤོས། གོ་སྐབས་ཡག་ཤོས། མདོར་ན་དིངས་རབས་ཀྱི་ཁ་ཆས་ཡག་ཤོས་སོགས་ཚང་མ་སྤྲུལ་སྐུར་འབུལ་གི་ཡོད།