ཆོལ་གསུམ་བོད་མིའི་བདེ་ཐང་ལ་དགོངས་ནས་ཁམས་རྫོགས་ཆེན་གྱི་མཁན་ཆེན་ཆོས་དགའ་ཚང་གིས་དམངས་སྒོར་འབུམ་གཅིག་ཙམ་བཏང་སྟེ་ཅེས་ཨ་ཙིའི་ནད་ངན་སྔོན་འགོག་གི་འདུ་ཤེས་བསྐྱེད་བསྲིང་བྱེད་པའི་ གལ་ཆེའི་རང་བཞིན་དང་སྔོན་འགོག་གི་ཐབས་ལམ་བརྗོད་པའི་དེབ་ཆུང་ཡིག་རིས་ཉིས་སྦྱོར་མ་ཞིག་རིན་མེད་གཟིགས་འབུལ་དུ་སྩོལ་གྱིན་འདུག་པས། ལྷག་བསམ་གངས་ཅན་བོད་ལ་དཀར་ཅིང་། འདང་བརྩེ་ཕུ་ནུའི་དུང་བར་ཟབ་པའི་གྲོགས་པོ་ཚོས་འདིར་རྒྱ་ཡིག་གི་ལམ་ནས་རང་གི་རུས་མིང་དང་སྡོད་གནས། སྦྲག་གྲངས། ཞལ་པར་ཨང་གྲངས། ཁྱེད་ལ་མཁོ་བའི་དེབ་གྲངས་བཅས་འགོད་རོགས་དང་། ཁོ་བོས་དེབ་ཆུང་དེའི་རྩོམ་སྒྲིག་ཚོགས་ཆུང་བརྒྱུད་དེ་ཁྱེད་ཀྱི་ཕྱག་ཏུ་འཕྲོད་ངེས་བྱའོ། གཞན་རང་ཉིད་ཀྱི་གསང་བ་སྲུང་འཛིན་བྱེད་པར་དྲྭ་ངོས་འདིར་སྡོད་གནས་སོགས་བསྐུར་འདོད་མེད་མཁན་དག་གིས་qiusang@gmail.comཡིག་ཟམ་འདི་བརྒྱུད་དེ་ཁོ་བོ་དང་འབྲེལ་གཏུག་བྱ་ཆོག་ལ། ༡༣༥༥༨༥༡༥༡༩༧ ཁ་པར་ཨང་གྲངས་འདི་བརྒྱུད་དེ་འཕྲིན་ཐུང་གཏོང་ཡང་ཆོག
ཆོས་དཔལ་བཟང་བོས་གུས་ཕུལ།
༢༠༡༠ ལོའི་ཟླ་༡༡པའི་༢༤ཉིན།
ཡོང་ཁུངས།[སེང་ རྡོར་དྲ་བ།]
ཨོ་ལགས་སོ།། ཁོང་ངོ་མ་རླབས་ཆེན་རེད་འདུག འདི་ཁ་སྔོན་མཚོ་སྔོན་པོ་དྲ་བ་ནས་མཇལ་བྱུང་། དེར་མཆན་བུ་ཞིག་ཀྱང་བཏབ་ཡོད་ལགས། དངོས་གནས་རྗེས་སུ་ཡི་རང་བྱེད།
རྗེས་སུ་ཡི་རང་བའི་གནས་སོ། །
ཁམས་རྫོགས་ཆེན་ཚང་གི་མཁན་པོ་སྐྱབས་སུ་མཆི་ཡ། འོ་ད་ཡིན་ན་ཨེ་ཙི་ན་ཚ་འགོག་གི་འདུག་ག ཧ་ཧ་ཧ།
༈ མཁན་ཆོས་དགས་གྲོགས་རམ་ལ་དགའ་སྤྲོ་བརྟས། ཡིན་ནའང་རེག་དུག་གི་ནད་འདི་འགོག་པ་ལ། སྨན་ལས་ཀྱང་རང་ཉིད་གཙོ་ཆེ་བ་ཡིན་པའི་ལོ་རྒྱུས་སྨན་པ་ཁག་གིས་ངག་ལམ་ནས་ཐོས་པས་བློར་ངེས་གྱིས།
།མཁན་པོ་ཆོས་དགས་རླབས་ཆེན་ཞལ་འདེབས་འདིས། །རེག་དུག་ནད་རིགས་ཐམས་ཅད་ཞི་གྱུར་ནས། །ཕོ་མོ་འདི་ཀུན་དྭོགས་མེད་སྤྱོད་བྱེད་ཅིང་། །ཀུན་ཀྱང་འདོད་བདེའི་ལས་ལ་ཞུགས་པར་མཛོད།
མཁན་པོ་ཁོང་ལ་རེག་དུག་མེད་པར་ཤོག ཁོང་ཉིད་ཐིག་ལེ་ཡར་འདྲེན་མཛད་པས། ཤར་ནུབ་ཀྱི་བུ་མོ་མང་པོ་གནས་སྐབས་འཁྲིག་བདེ་དང་མཐར་ཐུགས་རྫོགས་པ་ཆེན་པོའི་ཀློང་དུ་འགོད་བཞིན་བཞུགས་ཡོད་པ་བོད་གཞིས་བྱེས་གཉིས་ཀྱི་ཤེས་ངེས་ཡིན། འོན་ཀྱང་འཕྲུལ་འཁོར་དངོས་ཀྱི་སྐབས་སུ་ཤ་དང་ཤ་ཐུག་ཁྲག་དང་ཁྲག་འདྲེས་འགྲོ་བས་ནད་དུག་འདི་མི་ཕོག་པར་ཤོག
ཡ་དྲ་གྲོགས་དར་ཀན་ཐཱ་ཇིའི་ལགས།
མཁན་པོ་ཆོས་དགའ་ལ་བསྐུར་འདེབས་མ་བྱེད་ཁོང་དངོས་གནས་དགེ་སློང་སྡོམ་གཙང་ཡིན་རྒྱུ་རེད་།
གང་ལྟར་ད་ཐེངས་ཁོང་ནས་ཞལ་འདེབས་གནང་བར་ཡི་རང་ཡོད།
སྐུ་ཚེ་བརྟན་ཅིང་འགྲོ་དོན་རྒྱས་པའི་སྨོན་ཞུ་བཅས།