ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
༄༅། །འདི་ག་ལས་ཁུངས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་འབྲེལ་དང་དུས་ཀྱི་དགོས་མཁོར་གཟིགས་ཏེ་ཕྱི་ལོ་ ༢༠༠༥ ཙམ་དུ་གདན་ས་བཤད་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་འཛིན་གྲྭ་འཛུགས་དགོས་པའི་ལམ་སྟོན་སོང་བའི་ཐོག དགེ་རྒན་རྣམས་ལ་གསོལ་ཕོགས་ཀྱི་མཐུན་རྐྱེན་སྦྱར་དང་སྦྱོར་མུས་ཡིན་ཅིང་། ད་ལམ་ཆོས་སྡེ་རེ་ཟུང་ནས་རྒྱ་ཡིག་དགེ་རྒན་བསྐོ་གཏོང་ཡོང་བའི་རེ་འདུན་བྱུང་བར་བརྟེན་། རྒྱ་ཡིག་ཆུ་ཚད་ལེགས་པར་ལྡན་ཞིང་ཆོས་སྡེ་ཁག་ཏུ་དགེ་རྒན་ཕེབས་འདུན་ཡོད་ཚེ། རྒྱ་ཡིག་སྦྱོང་བརྡར་བྱས་པའི་ལག་ཁྱེར་དང། རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར། འབུལ་འབབ་གཙང་བའི་དཔྱ་ཁྲལ་ལག་དེབ་བཅས་ཀྱི་ངོ་བཤུས་དང་། རྒྱ་ཡིག་ཐོག་སོ་སོའི་ལོ་རྒྱུས་སྙིང་བསྡུས་རེ་བཅས་འདི་ག་ལས་ཁུངས་སུ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༧ ནང་ཚུད་ཞུ་ཡིག་འབུལ་དགོས་རྒྱུ་དང་འབྲེལ། དགེ་རྒན་དག་ལ་འདི་ག་ལས་ཁུངས་ནས་ཟླ་རེེར་ཧིན་སྒོར་ ༦༥༠༠ གསོལ་ཕོགས་དང་། འབྲེལ་ཡོད་ཆོས་སྡེ་ནས་བཞུགས་གནས་དང་བཞེས་ལག་སོགས་ཀྱི་མཐུན་རྐྱེན་རིན་མེད་སྦྱོར་རྒྱུ། རྒྱ་སྐད་སྦྱོང་བརྡར་བྱས་པའི་ལག་འཁྱེར་མེད་ཀྱང་སློབ་འཕེར་ཡོད་རིགས་ཀྱང་འཚང་སྙན་འབུལ་ཆོག འོན་ཀྱང་མཐའ་མར་རྒྱ་ཡིག་ཤེས་ཚད་རྒྱུགས་ལེན་ཐོག་ནས་བསྐོ་གཞག་བྱ་རྒྱུ་ཡིན་པ་བཅས། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༥ ལ།།
དགའ་ཕོས་ལས་ཀ་དེ་མ་གཏོགས་ཅི་བྱེད། བོད་སྐད་ཡིག་ལ་ཤུགས་མི་རྒྱག་པར་དགྱ་ནག་གི་སྐད་ཡིག་ལ་་་་་ཧཧཧ མར་ནི་ལོག་ས་རག་ནི་མ་རེད་་་
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བོད་སྐད་ཡིག་ཐོག་མཐུན་རྐྱེན་སྦྱར་བས་མ་ཚད་ད་དུང་རྒྱ་ཨིན་སོགས་སྐད་ཡིག་གཞན་སྦྱོང་མཁན་ལའང་མཐུན་རྐྱེན་སྦྱར་ཡོད་རེད། ད་བྱས་ན་དཔལ་འབྱོར་ལས་ཁུངས་ཀྱི་པད་ཤག་དེ་ཚོ་དཔལ་འབྱོར་བཀའ་བློན་གྱི་ཚ་མོ་ཡུལ་སྐོར་ལ་གཏོང་ཡག་ཆེད་དུ་རེད་དམ། དེང་སང་སྲིད་སྐྱོང་གི་ཟུར་མ་དཔལ་འབྱོར་བཀའ་བློན་གྱི་ཚ་མོ་ཨ་རིར་གཞུང་འབྲེལ་ཡུལ་སྐོར་སྤྲོ་སྐྱིད་གང་འདྲ་གཏོང་གི་མི་འདུག་གམ། ད་དུང་མོ་ལ་རྒྱབ་བཤད་རྒྱག་མཁན་ཡོད་ན་གནས་སྤོས་གཏོང་གི་ཡིན་ཟེར་གྱི་འདུག་ཟེར་བ་ལས་བྱེད་ནང་ཡོངས་གྲགས་རེད། དེང་སང་གངས་སྐྱིད་ཀྱི་དམངས་གཞས་ཉོན་དང་།
ཨ་ཞང་བཀའ་བློན་པེབས་སོང་།།
ང་རང་ཡུལ་སྐོར་འགྲོ་ཆོག།།
རྒྱབ་བཤད་རྒྱག་མཁན་ཡོད་ན།།
གནས་སྤོས་བཏང་རྐྱང་ཡིན་ནོ།།
ཏི་ཛུ་མེའོ་ཟེར་བ།།
ལས་མ་དག་པའི་གཞིས་ཆགས།།
ལས་བྱེད་རྒྱབ་རྟགས་མེད་མཁན།།
རྒྱང་ཕུད་གཏོང་སའི་ས་རེད།།
ཤེས་འཇོན་ལྷག་བསམ་ཡོད་མཁན།།
ས་གནས་ཁག་ལ་གཏོང་གིས།།
ངོ་དགའ་སྤྲེལ་ལད་འཁྲབ་མཁན།།
གངས་ཅན་སྐྱིད་གཤོངས་ཡོད་རེད།།
ཧ་ཧ་ཧ་་་་་་་ད་ཡིན་ན་ཡང་འགོ་ཚུགས་པ་འདྲ།
དགྱ་ཡིག་གི་བཀའ་འགྱུར་དང་བསྟན་འགྱུར་ལ་ལྟ་འདོད་ཡོད་པས་ཡིན་འདྲོ། དེ་འདྲ་མིན་ན་ནི། དམྱལ་བ་རང་ལ་གཏོང་སྤྱད་ལས་ཅི་གང་ལོ་ལི་མ་རེད། ཁ་དྲོ། ད་གཡུག་བཞག་ན་མ་རེད་པེ།
བོད་ལ་ཡོད་པའི་དེ་དག་རྩ་ཆེ་ལི་རེད། དོན་ཟབ་ནི་རེད། གོ་ཨེ་བྱུང་།
མ་གཞི་དྲྭ་འབུ་དག་ལ་ངོ་ཚ་མེད་པ་ནི་ཤེས་གསལ་རེད། ནམ་རྒྱུན་པར་ངས་ཁྱེད་ཅག་ནི་མི་གྲལ་ནས་དབྱུངས་ནས་ཁྱི་གྲལ་དུ་འཇོག་གིན་ཡོད། རྒྱུ་མཚན་ནི་གོང་གསལ་མཆན་ནག་དེ་དག་ལ་གཟིགས་དང་། ད་དུང་བོད་ཡིག་ཡར་རྒྱས་གླེང་ཁུལ། མི་ལ་ངོ་ཚ་མེད་ན་འདྲེ།། ཁྱི་ལ་རྔ་མ་མེད་ན་ཐན།།
སྐད་ཡིག་མང་པོ་ག་ཚོད་ཤེས་ན། དེ་ཙམ་གྱིས་གཞན་གྱི་སྐད་དུ་ཡོད་པའི་ཡོན་ཏན་ཤེས་ཐུབ་པར་ཕན། ཧིན་སྐད་དང་། བལ་སྐད། རྒྱ་ནག་གི་སྐད་དང་། ཨིན་ཇི་མ་སྦྱངས་པར། བོད་རིགས་དེ་དག ཡར་ཐོན་ཅན་དུ་འགྱུར་དཀའ་བས་་་་་
ངས་ཀྱང་རྒྱ་ནག་གི་སྐད་ཡིག་སྦྱོ་འགོ་བཙུགས་ཟིནད་པ་ཙམ་ཡིན།
བོད་པའི་གསར་འགོད་པ་ཡིན་ཟེར་མཁན་ཚོས་བོད་མི་ནང་ཁུལ་ལ་བྱུང་བའི་སྐྱིད་སྡུག་གི་གནས་ཚུལ་ཁ་སངས་ངོ་སངས་འདི་ལྟར་གླེང་ཕོད་དམ།
https://www.youtube.com/watch?v=8KDkflFDH3A&index=3&list=PLFP2anW8sIRMt2dJKUb8Oj26zICbgfbF8
༅༅། ཤེས་དགོས་ཤེས་དགོས་རྒྱ་སྐད་ཤེས་དགོས།
བཤད་དགོས་བཤད་དགོས་དྲང་བདེན་བཤད་དགོས།
སྦྱང་དགོས་སྦྱང་དགོས་སྐད་ཡིག་སྣ་ཚོགས།
བཤད་དགོས་བཤད་དགོས་ནང་ཆོས་གཏིང་ཟབ།