གསལ་བསྒྲགས། Posted on 2011-02-012011-02-01 By འབྲོང་བུ་ཟླ་བ་ཚེ་རིང་ 16 Comments on གསལ་བསྒྲགས། གསལ་བསྒྲགས།
རྒྱ་གར་རྨ་བྱ་དང་ཀརྡོ་རབ་འབྱམས་པ་མཆོག་ལ་ངས་རོགས་སྐྱོར་ཞིག་ཞུ་ཆོག ********************************************************* བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ། TIBETAN LANGUAGE INHERITANCE ASSOCIATION ___________________________________________________________ གསལ་བསྒྲགས། ========= ཕྱི་ཟླ་ ༢ ཚེས་ ༢༡ ཉིན་ནི་རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་གྱི་ཉིན་མོ་རེད། འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་འཛམ་གླིང་འདིའི་སྟེང་སྐད་རིགས་སྟོང་ཕྲག་དྲུག་ལྷག་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་རྩ་ཚོགས་པས་ད་ལྟ་བཀོལ་སྤྱོད་བྱེད་པའི་སྐད་རིགས་སུམ་སྟོང་ལས་མེད་པའི་ཉེན་བརྡ་བཏང་ཡོད། འདི་ལྟར་སྐད་རིགས་མང་པོ་ཞིག་རྒུད་པའི་གཡང་དུ་ལྷུང་བའི་ཉེན་ཚབས་རང་བཞིན་གྱིས་ཀུན་ནས་བསླངས་ཏེ། གོང་གི་ཚོགས་པ་དེས་སྐད་རིགས་ཡལ་བའི་མྱུར་ཚད་ལ་སྔོན་དཔགས་བྱས་པ་ལྟར་ན། ཆ་སྙོམ་ཟླ་རེར་སྐད་རིགས་གཉིས་རེ་ཉམས་ཆགས་ཏུ་འགྲོ་བཞིན་ཡོད་པ་བསྟན་ཡོད་པས་ཚོགས་པ་དེས་ ༢༠༠༢ ལོའི་ཕྱི་ཟླ་ ༢ ཚེས་ ༢༡ ཉིན། རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་གྱི་ཉིན་མོར་གཏན་འབེབས་བྱས་ཏེ། འཛམ་གླིང་གི་མི་རིགས་མང་པོར་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེར་བརྟེན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་ཀྱང་ཉིན་མོ་འདི་གལ་ཆེན་དོན་ཆེན་དུ་བཟུང་ནས། ལོ་ལྟར་བརྩི་སྲུང་བྱེད་ཀྱིན་ཡོད་པ་ལྟར། ད་ལོ་ཡང་ཉིན་མོ་འདིར་བོད་ཀྱི་སྐད་ཡིག་སྐོར་ནས་བགྲོ་གླེང་ཞིག་གོ་སྒྲིག་བྱ་འཆར་ཡོད་པས་མིང་མང་གང་མང་ཕེབས་རོགས་གནང་། ___________________________________________________________ ཧ་ཅང་ཉག་ཕྲ་བའི་བོད་ཀྱི་སྐད་དང་ཡི་གེ་བོད་མི་རེ་རེའི་ངོས་ནས་སྲུང་སྐྱོབ་བྱ་ཆེད། རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་གྱི་ཉིན་མོ་འདི་ནས་བཟུང་། བོད་མི་ཚོས་བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་དག་མ་འབྲི་རྒྱུའི་ཐད་འབད་བརྩོན་དང་ཡང་ན་དམ་བཅའ་རེ་འཇོག་ཐུབ་པ་ནི་ང་ཚོའི་རེ་བ་ཡིན་ལ། དུས་ཆེན་འདི་བརྩི་སྲུང་བྱས་པའི་ལས་འགུལ་ཡང་ཡིན། ___________________________________________________________ བརྗོད་གཞི། བོད་ཀྱི་སྐད་ཡིག་དང་བོད་མི་མང་སྤྱི་འཐུས། བགྲོ་གླེང་བ། (བགྲོ་བ་གླེང་བ་དག་གི་མཚན་ཉིན་འགའི་རྗེས་གསལ་བསྒྲགས་བྱ་རྒྱུ་ཡིན།) ས་ཆ། བོད་ཁྱིམ་ཉིན་སློབ་ཚོགས་ཁང་། ཚེས་གྲངས། ༢༠༡༡ ཟླ་ ༢ ཚེས་ ༢༡ དུས་ཚོད། ཕྱི་དྲོ། ༣:༠༠ ནས་ ༥:༠༠ བར། གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ། ༢༠༡༡ ཟླ་ ༢ ཚེས་ ༡ ཉིན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས། =====================================================
དྲ་གྲོགས་ཚོ། གང་ལྟར་ཆེ་ཆུང་ལ་མ་ལྟོས་པར་ལས་འགུལ་འདི་འདྲ་སྤེལ་བར་ང་ཚོས་རྗེས་སུ་ཡི་རངས་བྱས་ན་མི་ཆོག་གམ། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཁ་ཤས་ཀྱི་སྐད་ཆ་ལ་ཆ་འཇོག་མ་བྱེད་རོགས། ཁྱེད་ཚོའི་ལས་འགུལ་འདི་འཛམ་གླིང་གྲང་དམག་གི་འགོ་སྟོད་དུ་སྤེལ་བའི་ཉི་ཧོང་སྐད་ཡིག་སྲུང་སྐྱོབས་ཚོགས་པའི་ལས་གཞི་ལྟ་བུ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་འདུན་བཅས།
ས྄ྐད་ཡིག་ར྄ྒྱུན་འཛིན་ཚོགས་པའི་ཚོགས་གཙོ་སུ་ཡིན་ནམ། འབྲེལ་བ་བྱེད་ཡུལ་གྱི་ཁ་པར་ཨ་གྲངས་ཤིག་ཡོད་ན་གནང་རོགས་ཞུ།
དྲ་གྲོགས་ཀ་རྡོ་དང་རྨ་བྱ་ལགས། ཡིག་གཟུགས་ཆུང་ན་རང་གི་གློག་ཀླད་ཀྱི་སྤར་ཚད་zoom་ཆེ་རུ་ཐོངས། འདི་ཙམ་ཡང་མི་ཤེས་སམ། ཀུ་རེ་ལ་བཞེས་རོགས།
-_______________________________________________________________ སྐུ་ཉིད་ཀྱི་རྩིས་འཕྲུལ་ཐོག་དྲྭ་རྒྱའི་མདུན་ངོས་ཀྱི་ཡིག་གཟུགས་ཆེ་རུ་མངོན་ཐབས་ལ་རྩིས་འཕྲུལ་ཐེབས་གཞོང་སྟེང་ནས་ Ctrl དང་ + གཉིས་ལྷན་ཅིག་ཏུ་གནན་དགོས་པ་དང་། དེ་བཞིན་ཆུང་དུ་མཐོང་ཐབས་ལ་ Ctrl དང་ -_ གཉིས་མཉམ་དུ་གནན་དགོས་པ་དགོངས་མངའ་ཞུ། _______________________________________________________________
ངོ་མ། ཉིན་མོ་དེ་ནི་རང་རིགས་ལ་ཆ་མཚོན་ན་ནི་ཆེས་གལ་ཆེ་བ་ཞིག་ཡིན་པས་ཁྱེད་ཅག་གི་ལས་འགུལ་དེ་འདྲ་བ་ཞིག་གོ་སྒྲིག་བཞུ་འཆར་ལ་རང་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗེད་ཀྱི་མེ་ཏོག་འཐོར་མོད། ཡིན་ནའང་གལ་ཆེའི་ཉིན་མོ་དེར་གཟས་ནས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་ཞིག་མ་མཆིས་པ་ནི་ཅུང་ཟད་ཡིད་སྨྲེང་དགོས་པ་ཞིག་དང་སྐྱོ་གར་གྱི་གླུ་དབྱངས་ལེན་དགོས་པ་ཞིག་མིན་ནམ།། ཡིན་ནའང་སྐྱོན་མེད། ཤ་བྱུང་ན་གྲི་ཞེས་པ་ལྟར་ཤ་གྲི་གཉིས་ཅིག་ཆར་དུ་རག་དགོས་པ་མི་ཁྱབ། འོན་ཀྱང་དེ་ནི་ཁོ་བོའི་མངོན་འདོད་དམ་བསམ་ཚུལ་ཙམ་ཞིག་ཡིན། མཐའ་མ་དེར་ཉིན་མོ་དེའི་བགྲོ་གླེང་ལེགས་སྒྲུབ་ཡོང་བ་སྨོན།།
ཤར་ཕྱོགས་ཀྱི་འོད་ས྄ྣང་ལགས། ཁྱེད་ནས་བོད་ཀྱི་ས྄ྐད་ཡིག་ར྄ྒྱུན་འཛིན་ཚོགས་པའི་ཁ་པར་ཨང་གྲངས་མཁོ་འདོན་གནང་བ་ཐུགས་ར྄ྗེ་ཆེ་ཞུ་ར྄ྒྱུ་ཡིན། ཡིན་ནའང་ཨང་གྲངས་དེ་འགྲོ་གི་མིན་འདུག་ ར྄ྩ་བའི་ཁ་པར་མང་ཆེ་བར་ཨང་གྲངས་་བཅུ་འདུག ཨང་ཀི་གཅིག་ཆད་པ་མིན་ནམ། ཡར་བས྄ྐྱར་ཞིབ་ནན་ཞིག་གནང་ས྄ྟེ་ཨང་ཀི་ཞིག་གནང་བ་ཞུ། བཀྲིན་ཆེ།
xxxxxxxxxxxxxxxxxxxxx
སྐད་ཡིག་རྒྱུན་འཛིན་ཚོགས་པ་འདི་ཚོགས་པ་སྙིང་རྗེ་བོ་ལས་དོན་ལ་ཧུར་བོ་བྱེད་མཁན་ཞིག་རེད།
ཡིག་གཟུགས་ཆུང་དྲགས་ནས་མཐོང་གི་མི་འདུག
གསལ་པོར་བསྒྲགས་པ་རེད་མི་འདུག ཡེ་གེ་ཆུང་དྲགས་པ་རེད་འདུག
༄། །བརྗོད་དོན་ཤིན་ཏུ་ལེགས། །རྗེས་སུ་ཡི་རང་བཅས། །ཕན་འབྲས་ཆེ་བར་སྨོན། །ཨ་མདོ་རེབ་ཀོང་ནས།།
རྒྱ་གར་རྨ་བྱ་དང་ཀརྡོ་རབ་འབྱམས་པ་མཆོག་ལ་ངས་རོགས་སྐྱོར་ཞིག་ཞུ་ཆོག
*********************************************************
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
TIBETAN LANGUAGE INHERITANCE ASSOCIATION
___________________________________________________________
གསལ་བསྒྲགས།
=========
ཕྱི་ཟླ་ ༢ ཚེས་ ༢༡ ཉིན་ནི་རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་གྱི་ཉིན་མོ་རེད། འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་འཛམ་གླིང་འདིའི་སྟེང་སྐད་རིགས་སྟོང་ཕྲག་དྲུག་ལྷག་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་རྩ་ཚོགས་པས་ད་ལྟ་བཀོལ་སྤྱོད་བྱེད་པའི་སྐད་རིགས་སུམ་སྟོང་ལས་མེད་པའི་ཉེན་བརྡ་བཏང་ཡོད། འདི་ལྟར་སྐད་རིགས་མང་པོ་ཞིག་རྒུད་པའི་གཡང་དུ་ལྷུང་བའི་ཉེན་ཚབས་རང་བཞིན་གྱིས་ཀུན་ནས་བསླངས་ཏེ། གོང་གི་ཚོགས་པ་དེས་སྐད་རིགས་ཡལ་བའི་མྱུར་ཚད་ལ་སྔོན་དཔགས་བྱས་པ་ལྟར་ན། ཆ་སྙོམ་ཟླ་རེར་སྐད་རིགས་གཉིས་རེ་ཉམས་ཆགས་ཏུ་འགྲོ་བཞིན་ཡོད་པ་བསྟན་ཡོད་པས་ཚོགས་པ་དེས་ ༢༠༠༢ ལོའི་ཕྱི་ཟླ་ ༢ ཚེས་ ༢༡ ཉིན། རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་གྱི་ཉིན་མོར་གཏན་འབེབས་བྱས་ཏེ། འཛམ་གླིང་གི་མི་རིགས་མང་པོར་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེར་བརྟེན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་ཀྱང་ཉིན་མོ་འདི་གལ་ཆེན་དོན་ཆེན་དུ་བཟུང་ནས། ལོ་ལྟར་བརྩི་སྲུང་བྱེད་ཀྱིན་ཡོད་པ་ལྟར། ད་ལོ་ཡང་ཉིན་མོ་འདིར་བོད་ཀྱི་སྐད་ཡིག་སྐོར་ནས་བགྲོ་གླེང་ཞིག་གོ་སྒྲིག་བྱ་འཆར་ཡོད་པས་མིང་མང་གང་མང་ཕེབས་རོགས་གནང་།
___________________________________________________________
ཧ་ཅང་ཉག་ཕྲ་བའི་བོད་ཀྱི་སྐད་དང་ཡི་གེ་བོད་མི་རེ་རེའི་ངོས་ནས་སྲུང་སྐྱོབ་བྱ་ཆེད། རྒྱལ་སྤྱིའི་སྐད་ཡིག་དུས་ཆེན་གྱི་ཉིན་མོ་འདི་ནས་བཟུང་། བོད་མི་ཚོས་བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་དག་མ་འབྲི་རྒྱུའི་ཐད་འབད་བརྩོན་དང་ཡང་ན་དམ་བཅའ་རེ་འཇོག་ཐུབ་པ་ནི་ང་ཚོའི་རེ་བ་ཡིན་ལ། དུས་ཆེན་འདི་བརྩི་སྲུང་བྱས་པའི་ལས་འགུལ་ཡང་ཡིན།
___________________________________________________________
བརྗོད་གཞི། བོད་ཀྱི་སྐད་ཡིག་དང་བོད་མི་མང་སྤྱི་འཐུས།
བགྲོ་གླེང་བ། (བགྲོ་བ་གླེང་བ་དག་གི་མཚན་ཉིན་འགའི་རྗེས་གསལ་བསྒྲགས་བྱ་རྒྱུ་ཡིན།)
ས་ཆ། བོད་ཁྱིམ་ཉིན་སློབ་ཚོགས་ཁང་།
ཚེས་གྲངས། ༢༠༡༡ ཟླ་ ༢ ཚེས་ ༢༡
དུས་ཚོད། ཕྱི་དྲོ། ༣:༠༠ ནས་ ༥:༠༠ བར།
གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
༢༠༡༡ ཟླ་ ༢ ཚེས་ ༡ ཉིན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས།
=====================================================
དྲ་གྲོགས་ཚོ།
གང་ལྟར་ཆེ་ཆུང་ལ་མ་ལྟོས་པར་ལས་འགུལ་འདི་འདྲ་སྤེལ་བར་ང་ཚོས་རྗེས་སུ་ཡི་རངས་བྱས་ན་མི་ཆོག་གམ། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཁ་ཤས་ཀྱི་སྐད་ཆ་ལ་ཆ་འཇོག་མ་བྱེད་རོགས། ཁྱེད་ཚོའི་ལས་འགུལ་འདི་འཛམ་གླིང་གྲང་དམག་གི་འགོ་སྟོད་དུ་སྤེལ་བའི་ཉི་ཧོང་སྐད་ཡིག་སྲུང་སྐྱོབས་ཚོགས་པའི་ལས་གཞི་ལྟ་བུ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་འདུན་བཅས།
ས྄ྐད་ཡིག་ར྄ྒྱུན་འཛིན་ཚོགས་པའི་ཚོགས་གཙོ་སུ་ཡིན་ནམ། འབྲེལ་བ་བྱེད་ཡུལ་གྱི་ཁ་པར་ཨ་གྲངས་ཤིག་ཡོད་ན་གནང་རོགས་ཞུ།
ལགས་སོ།།
གཤམ་འཁོད་ཨང་གྲངས་ཐོག་འབྲེལ་བ་གནང་རོགས་འཚལ།
0987654321
དྲ་གྲོགས་ཀ་རྡོ་དང་རྨ་བྱ་ལགས།
ཡིག་གཟུགས་ཆུང་ན་རང་གི་གློག་ཀླད་ཀྱི་སྤར་ཚད་zoom་ཆེ་རུ་ཐོངས། འདི་ཙམ་ཡང་མི་ཤེས་སམ། ཀུ་རེ་ལ་བཞེས་རོགས།
-_______________________________________________________________
སྐུ་ཉིད་ཀྱི་རྩིས་འཕྲུལ་ཐོག་དྲྭ་རྒྱའི་མདུན་ངོས་ཀྱི་ཡིག་གཟུགས་ཆེ་རུ་མངོན་ཐབས་ལ་རྩིས་འཕྲུལ་ཐེབས་གཞོང་སྟེང་ནས་ Ctrl དང་ + གཉིས་ལྷན་ཅིག་ཏུ་གནན་དགོས་པ་དང་། དེ་བཞིན་ཆུང་དུ་མཐོང་ཐབས་ལ་ Ctrl དང་ -_ གཉིས་མཉམ་དུ་གནན་དགོས་པ་དགོངས་མངའ་ཞུ།
_______________________________________________________________
ངོ་མ། ཉིན་མོ་དེ་ནི་རང་རིགས་ལ་ཆ་མཚོན་ན་ནི་ཆེས་གལ་ཆེ་བ་ཞིག་ཡིན་པས་ཁྱེད་ཅག་གི་ལས་འགུལ་དེ་འདྲ་བ་ཞིག་གོ་སྒྲིག་བཞུ་འཆར་ལ་རང་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗེད་ཀྱི་མེ་ཏོག་འཐོར་མོད། ཡིན་ནའང་གལ་ཆེའི་ཉིན་མོ་དེར་གཟས་ནས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་ཞིག་མ་མཆིས་པ་ནི་ཅུང་ཟད་ཡིད་སྨྲེང་དགོས་པ་ཞིག་དང་སྐྱོ་གར་གྱི་གླུ་དབྱངས་ལེན་དགོས་པ་ཞིག་མིན་ནམ།། ཡིན་ནའང་སྐྱོན་མེད། ཤ་བྱུང་ན་གྲི་ཞེས་པ་ལྟར་ཤ་གྲི་གཉིས་ཅིག་ཆར་དུ་རག་དགོས་པ་མི་ཁྱབ། འོན་ཀྱང་དེ་ནི་ཁོ་བོའི་མངོན་འདོད་དམ་བསམ་ཚུལ་ཙམ་ཞིག་ཡིན། མཐའ་མ་དེར་ཉིན་མོ་དེའི་བགྲོ་གླེང་ལེགས་སྒྲུབ་ཡོང་བ་སྨོན།།
ཤར་ཕྱོགས་ཀྱི་འོད་ས྄ྣང་ལགས།
ཁྱེད་ནས་བོད་ཀྱི་ས྄ྐད་ཡིག་ར྄ྒྱུན་འཛིན་ཚོགས་པའི་ཁ་པར་ཨང་གྲངས་མཁོ་འདོན་གནང་བ་ཐུགས་ར྄ྗེ་ཆེ་ཞུ་ར྄ྒྱུ་ཡིན། ཡིན་ནའང་ཨང་གྲངས་དེ་འགྲོ་གི་མིན་འདུག་ ར྄ྩ་བའི་ཁ་པར་མང་ཆེ་བར་ཨང་གྲངས་་བཅུ་འདུག ཨང་ཀི་གཅིག་ཆད་པ་མིན་ནམ། ཡར་བས྄ྐྱར་ཞིབ་ནན་ཞིག་གནང་ས྄ྟེ་ཨང་ཀི་ཞིག་གནང་བ་ཞུ།
བཀྲིན་ཆེ།
་༩༨༨༢༡༠༥༡༥༦ དང་ཡང་ན་་་་༩༨༠༥༣༤༤༧༨༩
ཤར་ཕྱོགས་ཀྱི་འོད་སྣང་ལགས། ནུབ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ།
འབྲོག་ཆོས་ལགས།
ཞལ་པར་ཨང་གྲངས་གནང་བ་ཐུགས་ར྄ྗེ་ཆེ།