(བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མར་ཕྱོགས་ངོས་གཞན་ཞིག་ནས་བལྟ་བ།)
གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
དང་པོ། ཁ་བརྡ་དྲ་རྒྱའི་སྐུ་དྲིན།
ཉེ་བའི་ཟླ་ཤས་རིང་བོད་ནང་གི་ཛ་དྲག་གི་གནས་བབ་དང་བཙན་བྱོལ་ནང་གི་རེ་བ་མེད་པའི་མཇུག་འབྲས་རྣམས་ཕྱིར་ཐོན་ཡོང་དུས། རྒད་པོ་ངའི་སྙིང་རླུང་སྟོད་ལ་འཚང་ནས་དབུགས་ཐག་སང་ཆད་གནངས་ཆད་དུ་གྱུར་བས། རང་གི་དྲན་ཕྱོགས་ཤིག་ཡིག་ཐོག་ཏུ་ཕབ་ནས་ཕལ་ཆེར་ཁ་ཆེམས་ཀྱི་ཚུལ་དུ་སྤེལ་དགོས་སྙམ་མོད། ང་ཚོའི་སྤྱི་ཚོགས་འདིར་མི་རྒན་འཆི་ཁར་ཁ་ནས་གསེར་ལྟ་བུའི་བསླབ་བྱ་ལེན་རྒྱུ་ཕར་བཞག་ནས་འཆི་ཁ་གཏམ་མ་མང་ཟེར་བའི་སྡིགས་སྲོལ་ཞིག་ཡོད་པ་དང༌། རང་གི་སྐད་ཆ་ཐ་ཐོར་དེར་བསྐྱར་ཞིབ་ཅིག་བྱས་དུས་དེ་ཡང་མི་གཞན་གྱི་ཁ་ནས་ད་བར་ཐོན་མྱོང་མི་འདུག་པས། བཀག་སྡོམ་དང་ཕྱོགས་གཅོད་ཀྱི་ཤེད་ཆེ་ཞིང་ངོ་སྲུང་དང་ཚུལ་འཆོས་ལ་གོམས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དུས་དེབ་དང་ཚགས་ཤོག དྲ་རྒྱ་དག་གིས་བརྒྱུད་འགོད་བྱས་འེ་ཡོང་སྙམ་ནས་སེམས་འཁྲལ་ཐོལ་མ་ཞིག་བྱས་ཏེ་སྡོད་པར། གྲོགས་པོ་ཞིག་གིས་ཁ་པར་སླེབས་ནས་གསར་དུ་སྒོ་ཕྱེས་པའི་ཁ་བརྡ་དྲ་རྒྱའི་དགེ་མཚན་མི་ཉུང་བ་ཞིག་བརྗོད་བྱུང་པ་ངའི་རྣ་ལམ་དུ་རྨ་བྱའི་རྣ་བར་འབྲུག་སྒྲ་ལྟར་གྱུར་ཞིང༌། གྲོགས་པོའི་ལམ་སྟོན་བཞིན་ཁ་བརྡ་བསྔོགས་ནས་དྲ་ངོས་འདིར་རང་དབང་དང་གུ་ཡངས། དཀྱེལ་ཆེ་ཞིང་སྒམ་ཚུགས་ཆེ་ལ། འགན་འཁྲིའི་སྙིང་སྟོབས་བཅས་ཀྱི་མདངས་ཤིག་ཤར་ཡོད་པ་མཐོང་བས། རང་གི་འཆི་ཁའི་གཏམ་མམ་གོམ་པ་མཐའ་མ་སྤོ་ས་ས་ཞིག་རྙེད་སོང་སྙམ་ནས་དགའ་སྤྲོ་ཚད་མེད་སྐྱེས་ལ། ད་ནི་ཁ་བརྡ་དྲ་རྒྱ་བརྒྱུད་ནས་རང་སེམས་གསོན་པོར་མྱི་ལག་ཏུ་བཞག་ཚར་བས། ཁ་བརྡའི་སྐུ་དྲིན་འཇལ་ཐུབ་ན་མ་གཏོགས་ཤི་ཡང་འགྱོད་པ་མེད།།
གཉིས་པ། རྒན་པོ་ཧོན་ལོག་དང་གསར་བུ་ཀླད་སྟོང༌། ད་དུང་གཞན་དག
ངས་དྲ་ངོས་ཀྱི་བསམ་ཚུལ་ཐད་མིན་གྱི་མཆན་བུ་ཉི་ཤུ་རྩ་གྲངས་ཤིག་ཞིབ་བཀླགས་བྱས་པར། བློ་མཐུན་མང་པོ་ཞིག་གིས་ལྷག་བསམ་རྣམ་དག་གིས་རང་གི་ལྟ་ཙུལ་བརྗོད་འདུག་པར་གུས་བརྩི་དང་སྤྲོ་དགའི་རབ་ཏུ་བརྟས་མོད། ཡིད་ཐང་ཆད་པའི་སྐད་ཆ་རེ་གཉིས་མཐོང་རྒྱུ་འདུག་པ་ནི་རྒད་པོ་ཧོན་ལོག་དང་གསར་བུ་ཀླད་སྟོང་སོགས་རེད། སྐད་ཆ་འདི་དག་མི་རིག་པ་ཅན་གྱིས་བཤད་རྒྱུའི་ཚིག་ཅིག་མ་རེད་དེ། སྔར་ནས་སྐད་ཆ་བཤད་སྟངས་འདིས་ང་ཚོའི་རིག་པའི་དཔའ་བོ་དག་གི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཁོར་ཡུག་ལ་གོད་ཆག་ཆེན་པོ་བཟོས་པ་རེད་ལ། དུས་དེང་སང་ཡང་ངན་རྟགས་འདིའི་རྔ་མ་གཅོད་མ་ཐུབ་པ་ནི་ང་ཚོའི་བཀག་རྒྱ་ཆེ་ཤོས་ཤིག་རེད། སྐད་ཆ་འདི་ལྟ་བུ་རེ་གཉིས་ཐོན་ཡང་ང་ཚོའི་དཔེ་དེབ་དང་དུས་དེབ། ཚགས་པར། དྲ་ངོས་ཡོད་ཚད་བཙོག་པ་འཁོར་རྒྱུགས་བྱེད་སར་བསྒྱུར་གྱིན་འདུག་པས། སྨྱུག་འཛིན་པ་ཞིག་བྱེད་རྒྱུ་ཡིན་ཚེ་གནས་ལུགས་བརྗོད་པ་ལས་མི་འཚང་བསྔོགས་མི་ཉན་པའི་རྒྱུན་ཤེས་འདི་གོ་བར་གྱིས་ཤིག་ཅེས་སྨྲའོ།།
གསུམ་པ། བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་྄མ།
རྩོམ་ཡིག་དྲ་ངོས་སུ་བཞག་པའི་གཞུག་ནས་ང་ལ་དྲན་རྒྱུ་ཞིག་ཡོད་པ་ནི་ རྩ་བ་གཡུགས་ནས་ཡལ་ག་རུ་འཇུས། ཞེས་པའི་གནའ་མི་བོད་མིའི་ཁ་དཔེ་འདི་རེད། དེ་ཡང་མང་པོ་ཞིག་གིས་བཤད་དགོས་རྒྱུ་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མའི་སྐོར་མི་བཤད་པར་ཉ་ཉོག་མཉམ་བསྲེས་བྱས་འདུག་པས་ཡིན། མི་འདི་ཚོར་གསལ་བོར་བཤད་རྒྱུ་ཞིག་ལ་ངས་ད་བར་ཏཱ་ལའི་བླ་མས་བོད་ཀྱི་རྩ་དོན་ཐད་ཅི་ཡང་གནང་མི་འདུག་ཟེར་བ་མིན་པར། སྔར་ལས་ལྷག་པ་ཞིག་གནང་དགོས་ཀྱི་འདུག་ཟེར་བ་ཡིན། ངས་འདིར་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་ཞེས་འབྲི་དགོས་པར་ཡང་རྒྱུ་མཚན་ཡོད་དེ། ངས་ཁོང་བོད་ཀྱི་དབུ་འཁྲིད་ཡིན་པས་དབུ་འཁྲིད་ཀྱི་ལས་འགན་ཨང་དང་པོར་འཇོག་པ་ལས་ཨང་གཉིས་པར་མ་གཡུག་རོགས་གནང་ཞེས་ཞུ་འདོད་པ་ཡིན། སྔར་བརྗོད་པ་བཞིན་ཁོང་ཞི་བདེ་དེད་དཔོནསོགས་སུ་གྱུར་དང་འགྱུར་བཞིན་པ་ནི་ང་ཚོའི་གདེང་སྤོབས་དང་གཟི་བྱིན་ཅེས་ཀྱང་རེད་མོད། ཉམ་ཐག་བོད་མི་ཚོར་མཚོན་ན་ཁོང་བོད་མིའི་དབུ་འཁྲིད་དུ་བཞུགས་ནས་རང་ཉིད་ལ་སྣེ་ཁྲིད་བྱེད་པ་ལས་རྩ་ཆེ་བ་གང་ཡང་མི་འདུག མ་ཟད། ད་ནི་ང་ཚོར་བོད་མིའི་དབུ་འཁྲིད་ཀྱི་འགན་ལྕི་མོ་འདི་ཁོང་གིས་མ་གཏོགས་གཞན་སུས་ཀྱང་ཐེག་མི་ནུས་པར་ངེས་ཤེས་འདྲོངས་དགོས་ཚོད་རེད་མོད། ད་ལྟ་ད་དུང་བོད་མི་སེམས་རྒྱ་ཅན་ཅན་མང་པོ་ཞིག་གིས་ཁོང་བོད་མིའི་དབུ་འཁྲིད་ཡིན་པའང་བརྗེད་སོང་པའི་རྣམ་འགྱུར་ཅི་རིགས་ཤིག་སྟོན་གྱིན་འདུག་པས། ངས་འདིར་བོད་ཀྱི་དབུ་འཁྲིད་ཅེས་སྐད་བརྒྱབས་པ་ཡིན་ལ། ང་ཚོས་འདིར་གླེང་དགོས་པའང་བོད་ཀྱི་དབུ་འཁྲིད་ཀྱི་ངོས་ཐད་ནས་ཏཱ་ལའི་བླ་མ་གླེང་དགོས་ཞེས་སྐད་དོ།།
བཞི་བ། བོད་མི་ཏཱ་ལའི་བླ་མ།
དྲ་ངོས་སུ་བསམ་ཚུལ་གླེང་སློང་བྱེད་མཁན་འགའ་ཤས་ཀྱིས་ཏཱ་ལའི་བླ་མས་བོད་མི་རིགས་འདི་ཕ་མས་བུ་ཕྲུག་གཉོར་གཉོར་བྱས་ནས་ཁོང་གིས་གནང་རྒྱུ་ཡོད་ཚད་གནང་ཚར་བ་རེད། ད་ནི་བོད་མི་རང་ཉིད་ལ་ཐུག་འདུག་ཅེས་བཀོད་འདུག་མོད། ཁོང་བོད་ཀྱི་དབུ་འཁྲིད་དུ་རློན་མཁན་ང་རང་གི་རྨོངས་འཆར་ལྟར་བྱས་ན་ད་དུང་ཁོང་གིས་མཛད་པའི་མཐའ་བསྐྱང་རྒྱུ་ལྷག་འདུག་ཚུལ་སྔར་བརྗོད་ཟིན་ལ། བོད་མི་ལ་ཐུག་འདུག་ཅེས་བོད་མི་དང་ཏཱ་ལའི་བླ་མ་གཉིས་ལོགས་སུ་བཀར་བར་ཡང་རྒྱུ་མཚན་ཡེ་ནས་མ་མཐོང༌། བོད་མིའི་ངོས་ཐད་ནས་བཤད་ན་ཁོང་ཡང་བོད་མི་ཏཱ་ལའི་བླ་མ་རེད། ཁོང་བོད་མིའི་ནང་ནས་བོད་མི་དམིགས་བསལ་བ་ཞིག་ཡིན་པས། བོད་མིའི་བདེ་སྡུག་སླད་དམིགས་བསལ་གྱི་འགན་ལོས་ཡོད།
སྤྱིར་ང་ཚོ་བོད་མི་རེ་རེར་རང་གི་ནུས་པ་དང་འཇོན་ཐང་ལ་ལྟོས་པའི་བོད་མི་རིགས་ཀྱི་རྩ་དོན་བསྒྲུབ་རྒྱུའི་འགན་རེ་ཡོད་པ་རེད་དེ། ང་ཚོའི་ནང་གི་མི་ནུས་པ་ཅན་དང་འཇོན་ཐང་ཅན་གྱིས་དམིགས་བསལ་གྱི་འགན་མང་དུ་བླངས་ནས་དོན་མང་པོ་བསྒྲུབ་དགོས་པ་ནི་ཆོས་ཉིད་ཀྱིས་ཐག་བཅད་པ་ཞིག་རེད། དེ་བས། ད་ལྟའི་ཆར་བོད་མི་ས་ཡ་དྲུག་གི་ནང་དུ་མི་ནུས་པ་ཅན་ཞིག་ཡོད་པ་ནི་ཏཱ་ལའི་བླ་མ་ཡིན་ལ། བོད་ཀྱི་རྩ་དོན་འགྲུབ་མིན་ཡང་ཁོང་ལ་ཐུག་ཡོད་པར་འདོད་དོ།།
ལྔ་བ། བོད་དོན = རྒད་པོ།
དུས་རྒྱུན་ངས་རང་ཉིད་དང་བོད་དོན་གཉིས་ལ་མཚུངས་རྟགས་འཐེན་གྱིན་ཡོད། གང་ལགས་ཤེ་ན་ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་མ་ཐག་རང་ཉིད་ཀྱང་ཕོ་གཞོན་དར་མ་ཡིན་པས་ག་རེ་ཡིན་ཡང་་འཇོན་གྱི་རེད་བསམ་ནས་རང་ལ་རེ་བ་དང་ཡིད་ཆེས་ཡོད་ལ། བོད་དོན་ཐད་ལའང་མི་ཚང་མས་སང་གནངས་སེལ་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱི་སྐད་ཆ་རྐྱང་བཤད་ནས་བྱ་ཉུང་དོན་ཉུང་གིས་ཕྱིར་ཕ་ཡུལ་དུ་ལོག་རྒྱུའི་གྲ་སྒྲིག་བྱས་ཏེ་བསྡད་པས། ང་ཚོས་རང་ཉིད་དང་བོད་དོན་གཉིས་ཀར་རེ་བ་བྱས་ཏེ་རེ་བའི་ཀློང་ནས་རྭ་བཟི་སོང་བ་རེད། ད་ལྟ་ཞིབ་རྩིས་ཤིག་བརྒྱབས་དུས་རང་གིས་ཅི་ཡང་འགྲུབ་མི་འདུག་ལ། བོད་དོན་ཡང་གང་ཡང་འཁྱོང་མི་འདུག མ་ཟད། ད་ནི་རང་ཉིད་ལོ་རྒན་དྲུག་ཅུ་ཟད་ནས་ཕལ་ཆེར་ཟླ་གཅིག་གཉིས་ཀྱི་སྐད་ཆ་མ་གཏོགས་འཆི་གྲབ་འདུག་པའི་ཉེན་ཁར་ཐུག་འདུག་ལ། བོད་དོན་གྱི་ཐད་ནས་བསམ་ནའང་ཟླ་གཅིག་གཉིས་རྗེས་ཀྱི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐད་ཆ་མ་གཏོགས་ཕལ་ཆེར་བཤད་རྒྱུ་ཞིག་ལྷག་ཡོད་ཚོད་མི་འདུག་པས། ངས་རང་ཉིད་འཆི་ཁར་བོད་དོན་ལའང་ཉེན་ཁ་ཞིག་མཐོང་ནས་ཁོག་དཔུང་གིས་ཏཱ་ལའི་བླ་མ་མི་མང་དང་ལྷན་དུ་ཕེབས་དགོས་པའི་སྡུག་སྐད་འདི་བརྒྱབས་པ་ཡིན།།
དྲུག་པ། ཆེས་མཐའ་མཇུག་གི་གདམ་ང༌།
རྒད་པོ་ངའི་མི་ཚེའི་མྱོང་གྲུབ་ཀྱི་སྐད་ཆ་ཞིག་བཤད་ན་ང་ཚོས་སྔར་བྱས་ལ་རྩོད་པ་བྱེད་པ་ལས། དེ་ལས་བསླབ་བྱ་བླངས་ཏེ་འབྱུང་འགྱུར་ལ་གྲ་སྒྲིག་བྱེད་རྒྱུ་གལ་ཆེ་ཟེར་བ་འདི་ཡིན་ཞིང༌། ང་ཚོའི་འདས་བར་ཕྱིར་མིག་ཅིག་བལྟས་ན་ད་ནི་ང་ཚོ་ཆེས་མཐའ་མཇུག་གི་གདམ་ང་ཞིག་ལ་ཐུག་འདུག་བསམ་ལ། ང་ཚོས་ཆེས་མཐའ་མཇུག་གི་གདམ་ང་འདི་མ་ནོར་བ་བྱེད་རྒྱུ་གལ་ཆེན་ཡིན་པ་སྙོན་མེད་རེད།
དེ་བས། རྒད་པོ་ངས་ཆེས་མཐའ་མར་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་ཡང་སེམས་དཔའ་ཆེན་པོ་གཱན་དྷི་དང་མར་ཁྲིན་ལོ་ཐིར་ཀིན། ནེལ་སོན་མན་དེ་ལ། ཨན་སང་སོ་སྐྱིད་སོགས་དང་འདྲ་བར་མི་མང་དང་ལྷན་དུ་ཕེབས་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་འདི་བདམས་པ་ཡིན། གཞན་ང་ཚོས་སྐད་འབོད་ཁྲོམ་སྐོར་དང་མར་མེ་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་གསོལ་བ་སྨོན་ལམ་འདེབས་པ་སོགས་ཅི་བྱས་ཀྱང་སྟོང་པ་ཆགས་འགྲོ་བ་ཚང་མས་མཁྱེན་གསལ་རེད། དཔེར་ན། ཉེ་ཆར་ཟླ་གསུམ་པའི་ཛ་དྲག་གི་དུས་བབ་དེར་ཡང་ཏཱ་ལའི་བླ་མ་རྡ་སར་དུས། དེར་གསར་འགོད་པས་འཚང་ཁ་འཐེབས་འདུག་མོད། ཁོང་དྷི་ལིར་ཕེབས་པ་དང་རྡ་སའི་མི་མང་བདག་མེད་དུ་ལུས་སོང་ཞེས་གོ་རྒྱུ་འདུག་པ་ལྟ་བུས་མཚོན་པས། བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མས་བོད་མིའི་ལས་འགུལ་ཁག་ལ་སྣེ་ཁྲིད་བྱེད་རྒྱུ་འདི་ནི་ང་ཚོའི་ཆེས་མཐའ་མཇུག་གི་གདམ་ང་ཡིན་པར་འདོད་དོ།།
༧ཏྰ་ལའི་བླ་མ་མཆོག་ཉམས་ཞུགས་དགོས་བོད་མའི་ལས་འགུལ་བྱེ་བྲག་པ་ཞིག་གི་མིང་འདིར་འགོད་རོགས།དེའང་ཉེ་བའི་འབྱུང་འགྱུར་ནང་སྤེལ་འཆར་གྱི་བོད་མིའི་ལས་འགུལ་བྱེ་བྲག་པ་གཅིག་འགོད་རོགས།
གསལ་འདེབས་དྲུག་སྐོར་ལ་ཟློག་ལན་དགུ་སྐོར།
གཡུ་ཚང་ལྷ་མོ་དོན་འགྲུབ་ཟེར་བ་འདི། དངོས་གནས་དྲ་གྲོགས་ཤིག་གིས་བརྗོད་པ་ལྟར་རྒན་པོ་ཧོན་ལོག་ཅིག་མིན་པར་གསར་བུ་ཀླད་སྟོང་ཞིག་ཡིན་ལ་ཁད། དེའི་ནང་ནས་ཀྱང་ཨ་མདོ་བ་ཨོང་དོང་མེད་པ། སྐེད་རགས་འོག་ན་རྒྱུ་མ་མེད་པ་ཞིག་ཡིན་ལས་ཆེ། ད་ཐེངས་ངས་ཁྱེད་ལ་འཆི་ཁ་གཏམ་མ་མང་ཟེར་གི་མིན། ད་ཐེངས་ངས་ཁྱེད་ལ་མ་ཎི་བགྲོངས་མ་ཎི་བགྲོངས་ཟེར་ན་འདོད།
ད་ལྟ་ཅི་བྱེད་ད་ལྟའི་མི་རབས་ཀྱིས་བྱེད་ཀྱི་རེད། མ་འོངས་པ་ན་ཅི་བྱེད་མི་རབས་རྗེས་མ་ཚོས་བྱེད་ཀྱི་རེད། ངས་རང་གི་བུ་ལ་དེ་གྱིས་འདི་གྱིས་ཟེར་ནས་རྩ་ནས་བཤད་འདོད་མེད། ཁོང་རང་ཚོའི་རྣམ་དཔྱོད་ཁོང་རང་ཚོས་བཏོན་ནས་ཅི་བྱེད་ཁོང་རང་ཚོས་ཐག་བཅད་ན་ཡག་ཤོས་རེད། རྒན་པ་ཚོས་འདི་བྱས་འདི་མ་བྱེད་ཟེར་བ་ལ་ཉན་བསྡད་ན་ཁོང་ཚོས་གསར་གཏོད་ཀྱི་ལམ་ཁ་ཅི་ལྟར་འཚོལ་དགོས་པ་རེད།
ང་དྲ་ཁང་འདིར་འཛུལ་བ་ནས་ཆེས་དགའ་བ་འཕེལ་བའི་གཏམ་འགའ་རེ་མཐོང་བ་ནི། བཀུར་འོས། མཁས་དབང་ཟེར་བ་དེ་ཚོ་མིན་པར། དེ་ལས་ལྡོག་སྟེ་ཁ་ཚུམས། ཧོན་ལོག ཀླད་ལོག ལྐུགས་པ་ཟེར་བའི་ཚིག་དེ་དག་རེད། ཚིག་འདི་དག་ནི་ང་ཚོ་བསམ་བློ་ཐ་དད་པ་ཞིག་རེག་རྒྱུ་ཡིན་པའི་སྔོན་བརྡ་རེད། ཚིག་འདི་དག་ཁོ་ནའི་རྒྱབ་ལོགས་ནས་ངས་ད་བར་གནས་ལུགས་མ་འདྲ་བ་མང་པོ་ཞིག་བཏུང་བཏུང་ནས་ད་ལྟ་ང་ཕལ་ཆེར་གནས་ལུགས་ཀྱིས་ཡོངས་སུ་བཟི་འདུག ཚིག་འདི་ཚོ་གནས་ལུགས་ཟབ་པོ་དེ་དག་གི་ཕྲ་རྒྱན་ལྟ་བུར་མཐོང་།
ང་དང་པོར་དྲ་ཁང་འདིར་འཛུལ་ནས་མང་པོ་མ་ཕྱིན་པར། མགོན་པོ་ཕྱག་གཉིས་པ་འདུལ་མཁན་ཟེར་བ་ཞིག་བྱུང་ནས་ལྐུགས་པ། གླེན་རྟགས་ཚ་བོ་ཟེར་ནས་ང་ལ་གཤེ་གཤེ་བཏང་བྱུང་བས་ང་ཡོངས་སུ་སྤྲོ་བས་མྱོས་པར་གྱུར། ངས་རང་ལྟ་མཆོག་འཛིན་གྱིས་རང་གི་གང་བཤད་ལ་བདེན་པ་ཡོད་བསམ་ནས་ཤོད་བཞིན་པ་དེ་དག་དེ་ལྟར་མིན་པའི་གནས་ལུགས་ཟབ་པོ་མང་པོ་རེག་གི་རེད་བསམས་སོང་།
ཡང་འགའ་རེ་ནས་ངའི་རྨོངས་འཆར་ལྟར་ན་ཟེར་བ་འདི་འདྲ་བྲིས་ཡོང་གི་འདུག གལ་སྲིད་ཁྱེད་རང་གི་དེ་རྨོངས་འཆར་ཞིག་ཡིན་ན་མ་བཤད་ན་ཡག་གི་མ་རེད་པས། འདི་ནི་རང་ཉིད་ལ་བརྩི་བཀུར་མ་བྱས་པ་ཞིག་ཡིན་པ་མ་ཟད་མི་གཞན་ལ་ཡང་བརྩི་བཀུར་མ་བྱས་པ་ཞིག་རེད། ཁྱེད་ཚོས་སྐྱག་པ་ཟོས། གནས་ལུགས་ཡོད་ན་ཁྱེར་ཤོག་དང་།
ཨ་རོགས། ངོ་མ་ངར་བ་རེད། སྔོན་མ་ཁྱོད་རྨ་ལྷོ་ཁུལ་ན་ཡོད་སྐབས་རིག་མ་མྱོང་། གོ་མྱོང་ང་། ཕྱིས་སུ་ཕྱི་ཕྱོགས་སུ་བྱ་བ་བགོས་ཡོད་པ་གོ་ཐུས་བྱུང་། མིང་དང་ལོ་གཞན་ཞིག་ཡིན་ཁུལ་བྱས་པ་འདི་འགྲིག་འདུག
གཟབ་གཟབ་བྱེད་དགོས། ཁྱེད་ནས་གོང་དུ་དྲངས་པའི་ང་ཚོའི་ཤ་ཁྲག་རུས་གསུམ་ལ་ཞེན་པའི་ཏང་གི་གསུང་བཤད་གལ་ཆེན་”མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་”ཟེར་བ་འདི་གོ་ནས་ང་འདར་སིག་འདྲ་བོ་ཞིག་རྒྱག་གིན་འདུག xxxxxxxxxxxxxx
—————————
ཀུན་གསལ་ལགས།
ཁྱེད་ཀྱི་མཆན་དུ་གང་ཟག་སྒེར་པའི་ཚེ་སྲོག་ལ་རྒོལ་བའི་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་སླེབས་འདུག དེ་འདྲ་ནི་ཁ་བརྡ་དྲ་དེབ་ཀྱིས་ཐལ་ཆེ་བར་ངོས་འཛིན་བྱེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་ཀྱི་མཆན་དེའི་འཕྲོས་རྣམས་གསུབ་པ་ཡིན། ཁ་བརྡ་དྲ་དེབ་ཀྱིས།
དེ་རིང་ཁ་བརྡ་ཚང་གིས་ཀུན་གསལ་གྱི་ཐོག་ནས་ཁྲིམས་ཡིག་དོན་ཚན་བཞི་བཟོས་འདུག ཁ་བརྡ་ཚང་དང་གཡུ་ཚང་ཚང་གཅིག་རེད། དོན་དུ་རེབ་ཀོང་ཚང་རེད། སྔོན་དུས་སུ་རེབ་ཀོང་ཚང་རིག་པ་འབྱུང་བའི་གྲོང་ཁྱེར་ཡིན་ནི་རེད། ད་སྐབས་རེབ་ཀོང་ཚང་བོད་ཕྱི་ནང་གཉིས་ན་ཆོས་དང་བླ་མ་ལ་རྒོལ་བའི་རུལ་ཁུ་འབྱུང་སའི་ཁོར་ཡུག་ཅིག་རེད། བཤད་ལྟངས་ཞིག་མ་གཏོགས་ཀུན་གསལ་གྱི་བཤད་པ་དང་གཡུ་ཚང་གི་བཤད་གཉིས་གཅིག་འདྲ་རེད། ངས་བསམ་ན་ཁ་བརྡ་ཚང་གིས་ཕྱོགས་ཞེན་བྱས་་ནས་གསུབ་འདུག གསུབ་པ་ནོར་འདུག བཟང་ན་ངན་ན་འདི་ཚང་མ་མི་མང་གིས་ཤེས་དགོས་པ་ཞིག་རེད།
བློ་བཟང་ལགས།
ཁ་བརྡ་ཚང་གིས་རེ་སྐུལ་དང་དྲན་སྐུལ་ཞེས་བྲིས་པ་ལས་ཁྲིམས་ཡིག་ཅེས་བྲིས་མི་འདུག ཁ་བརྡ་དང་གཡུ་ཚང་གཅིག་ཡིན་པའི་ཁུངས་ཅི་ཡོད། ཁུངས་མེད་ན་དེ་དཀྲོག་གཏམ་རེད། རེབ་གོང་ཡིན་དང་བླ་བྲང་ཡིན་དང་མགོ་ལོག་ཡིན་དང་དབུས་གཙང་ཡིན་དང་གང་ཡིན་ཡང་རུང་། བོད་པ་རེད། རྒྱ་མ་རེད། ལག་པའི་ཕྱི་ནང་གཉིས་ཀ་ཤ་ཡིན་ཟེར་བ་རེད། མ་རེད་དམ།
དེ་བསུབས་པ་ནོར་འཁྲུལ་རེད། ང་ཚོས་བཟང་ངན་ཡག་བཙོག་ཚང་མ་ལྟ་འདོད་ཡོད། ཀུན་གསལ་གྱི་ཐེངས་གཅིག་གི་སྐད་ཆ་ལ་ང་ཚོས་ལྡོག་ཕྱོགས་ནས་ངོས་འཛིན་བྱེད་དགོས་པ་ཅང་མི་འདུག གཙོ་བོ་ད་བར་དུ་ཁོས་ག་རེ་ག་རེ་བྲིས་འདུག་ང་ཚོས་ཁྱོན་ཡོངས་ནས་ལྟ་དགོས་པ་གལ་ཆེ། དེ་རིང་ཞོགས་པ་ངས་ཁོའི་སྐད་ཆ་ཆ་ཚང་ཀློག་པ་ཡིན། དེ་ནས་ངས་ཁོང་གིས་སྔོན་མ་སྔོན་མའི་མཆན་དེ་ཚོ་ག་རེ་འདྲ་ཞིག་བྲིས་ཡོད་ན་དེ་ལ་སྐྱར་ཞིབ་ཅིག་བྱེད་དགོས་བསམ་སོང་། ངས་བལྟས་ན་དེ་ལ་ཁ་བརྡ་ཚང་ནས་ཇུས་གཏོགས་མ་བྱེད། ཀློག་པ་པོ་ཚོར་ཇུས་གཏོགས་བྱེད་བཅུག་ན། མ་གཞི་ཁོས་ཅུང་མི་མཐུན་པ་ཞིག་བྲིས་འདུག འདིར་དགྲ་དགྲ་ནག་ཅིག་ཡོང་ན་ཡང་ཡོང་ཆུག འབྲི་ཆུག ང་ཚོས་རིམ་པས་ལྟ་ཆོག
ང་མགོན་པོ་ཕྱག་གཉིས་བསམ་ཚུལ་ལ་མོས་མཐུན་མེད། དེའི་རྒྱུ་མཚན་ནི་སྨྲ་བརྗོད་རང་དབང་གི་སྐོར་ཡིན། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚོའི་སྨྲ་བརྗོད་རང་དབང་ཆེ་ཤོས་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོ་ཡིན་སྲིད། དེར་ཡང་ང་སྲིད་འཛིན་ལ་མི་དགའ་ཞེས་བཤད་ཆོག་མོད་ ངས་སྲིད་འཛིན་ཆེ་གེ་མོ་གསོད་ཀྱི་ཡིན་ཞེས་བརྗོད་ན་ནག་ཉེས་ཀྱི་ཁོངས་སུ་འགྲོ་བར་བཤད། དེ་བཞིན་སྨྲ་བརྗོད་རང་དབང་ལ་འགྲེལ་བཤད་བྱེད་སྐབས་ཀྱང་། གནོད་བྱེད་ཀྱི་སེམས་ཀྱིས་ཀུན་ནས་བསླངས་པའི་སྨྲ་བརྗོད་ལ་རང་དབང་གི་ཚད་བཀག་ཡོད་པར་བརྗོད། ཁྲིམས་ནི་ཁྲིམས་རེད། དེ་མིན་བོད་ཡིག་འབྲི་མཁན་ཚོར་ཡ་རབས་ཟེར་བ་ཞིག་དགོས་པ་མ་རེད་དམ།
ཨ་རོགས། གཡང་རྒྱལ་ རྫུན་མ་བཤད། བྷན་ལ་ཊིན་གྱི་སྐད་ཆ་ཟིན་བྲིས་བརྒྱབས་པའི་དཔེ་ཆ་བྲག་ཁུང་ཟེར་བ་ཨ་རིའི་ནང་དཔར་བསྐྲུན་བྱས་འདུག་ག ཨོ་ཁྰ་ཌས་བཤད་པའི་སྐད་ཆ་ཡོད་ཚད་གསར་འགྱུར་རྒྱུ་ལམ་ཁག་ན་བསྒྲགས་འདུག་ག ཀུན་གསལ་གྱིས་བཤད་པའི་སྐད་ཆ་དེ་ལས་ལྷག་པ་ཞིག་ཨེ་ཡིན། སྨྲ་བརྗོད་རང་དབང་ལ་ཚད་ཡོད་ན་དེ་ལ་སྨྲ་བརྗོད་རང་དབང་ཞེས་བརྗོད་མི་ཐུབ། ཚད་བཀག་ཡོད་པར་བརྗོད་ཟེར་བ་དང་བཤད་ཟེར་བས་གང་ཡང་མི་ཡོང་། གང་ཞིག་བཀག་འདུག ཤོད་དང་། ངས་བསམ་ན་ཀུན་གསལ་ལ་ཁ་བརྡ་བྱེད་པའི་རང་དབང་སྤྲོད་དགོས།
ད་ངས་བལྟས་ན་ལུང་ཚན་གྱི་ཕྱོགས་ཞེན་དེ་འདྲ་ཁྱེར་མ་ཡོང་ན་བཟང་། བོད་སྤྱི་བར་ཕན་ཐོགས་ཀྱི་ཡོད་ན་དེས་འགྲིགས་པ་རེད། སྤྱིར་བཏང་ང་ཚོ་ཚང་མར་ལུང་ཚན་གྱི་ཕྱོགས་ཞེན་ཡོད་པ་རེད། མི་གསར་པ་ཞིག་ལ་ཐུག་ན་དང་པོར་ཁྱེད་རང་གི་ཕ་ཡུལ་གང་ནས་ཡིན་འདྲི་གི་རེད། བོད་གཞུང་གི་འགེངས་ཤོག་དེ་ཚོའི་ནང་ཡང་ཆོལ་ཁ་གང་ཡིན་ལ་དབྱེ་བ་གསལ་བོ་བྱས་ཡོད་པ་རེད།
བོད་ནས་གསར་འབྱོར་བ་དེ་ཚོ་དང་པོ་རྒྱ་གར་ལ་སླེབས་མ་ཐག་ཀྱང་ཕ་ཡུལ་གཅིག་པ་རྣམས་སྐོར་སྐོར་བྱས་ནས་འགྲོ་གི་ཡོད་པ་མ་ཡིན་ནམ། སྔོན་མ་རྣམས་ཀྱང་ཚོ་བ་ཤོག་ཁག་གིས་གྲུབ་པའི་ཚོགས་པ་ག་ཚོད་ཅིག་ཡོད་མེད་ང་ཚོས་ཤེས་ཤེས་པའི་དོན་དག་ཅིག་རེད། མ་གཞི་དེ་ཚོར་ཡང་ཁག་ཡོད་མ་རེད། སྔོན་མ་ཡིན་ན་ཕལ་ཆེར་ལུང་ཚན་ཆུང་ཆུང་རེ་རྒྱལ་ཁབ་ཆུང་ཆུང་རེ་ཡིན་པ་རེད།
ཁོར་ཡུག་དང་གོམས་སྲོལ་གྱིས་བསྐྲུན་པའི་འདུ་ཤེས་ཟབ་པ་འདི་དག་ལམ་སང་བསྒྱུར་ཐུབ་པ་ཁག་པོ་ཡིན་ན་ཡང་། ཕན་ཚུན་བར་མི་མཐུན་པ་བཟོ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག ཡང་འདིར་གསལ་བཤད་བྱ་དགོས་པ་ཞིག་ལ་ང་རེབ་ཀོང་བ་ཞིག་མིན།
ཨ་རོ་བློ་བཟང་ལགས། ངས་རྫུན་བཤད་དོན་ཅི་ཡོད། ངས་རྫུན་བཤད་གི་མེད། ངས་ཁུངས་སྐྱེལ་དུ་གཤམ་གྱི་དབྱིན་ཡིག་གི་འགྲེལ་བཤད་འདི་བཀོད་པ་ཡིན། དྲ་རྒྱའི་ཐོག་ན་འདི་འདྲ་ཁེངས་འདུག འདི་ངས་ཝི་ཀེ་པི་ཌཱི་ཡ་ནས་བཤུས་པ་ཡིན།
Freedom of speech is being able to speak freely without censorship. The right to freedom of speech is recognised as human right in under Article 19 of the Universal Declaration of Human Rights and recognised in international human rights law under Article 19 of the International Covenant on Civil and Political Rights (ICCPR). The ICCPR recognises the right to freedom of speech as “the right to hold opinions without interference. Everyone shall have the right to freedom of expression”.[1][2] Furthermore freedom of speech is recognised in Article 10 of the European Convention on Human Rights which establishes human rights law on a regional level.
The synonymous term freedom of expression is sometimes used to denote not only freedom of verbal speech but any act of seeking, receiving and imparting information or ideas, regardless of the medium used. Freedom of speech and freedom of expression is closely related to, yet distinct from, the concept of freedom of conscience and freedom of thought.
In practice, the right to freedom of speech is not absolute in any country and the right is commonly subject to “limitations”. This is because exercising freedom of speech always takes place within a context of competing values. Limitations to freedom of speech may follow the “harm principle”, for example in the case of pornography, or seek to limit “hate speech”.[3] Liberal democracies have varying approaches to balance the right of freedom of speech with other values and principles. For instance, the United States First Amendment theoretically grants absolute freedom, placing the burden upon the state to demonstrate when (if) a limitation of this freedom is necessary. Many liberal democracies recognized that restrictions should be the exception and free expression the rule.
ཁ་བརྡ་ནས་མཆན་གྱི་ནང་དོན་བཏང་འཛིན་གནང་བ་དེ་འགྲོ་ལྟངས་ཡོད་པ་ཞིག་རེད། དྲ་རྒྱའི་ནང་མི་སྒེར་གྱི་ཀུན་སྤྱོད་དང་གནས་ཚུལ་གསལ་བསྒྲགས་གནང་བ་དང་མི་སྒེར་གྱི་མིང་ཐོག་ནས་ཚིག་ངན་སྤེལ་བ་ནི་ཁྲིམས་འགལ་རེད།
རྩམ་ལ་མཆན་གཅིག་རྒྱབ་ན་དེས་འཐུས་པ་ལས། རྒྱ་དྲའི་ནང་འཛུལ་མཁན་ཁག་ཅིག་ནས་མཆན་དང་བཤད་རེ་དབར་གྱི་ཁྱད་པར་མ་ཤེས་པར་རྩམ་ལ་མཆན་གཅིག་རྒྱབ་པའི་རྗེས་སུ་མུ་མཐུད་ཁོང་རང་ཚོའི་དབར་ལ་བཤད་རེ་གནང་སྟེ་བཞུགས་པ་དང་། རྩམ་གྱི་བརྗོད་དོན་ལས་ཕྱི་རོལ་དུ་འགྲོ་བ་དེ་རྩམ་དེ་ལ་མཆན་གྱི་འགྲོ་ལྟངས་མེད་པ་ཞིག་རེད།་
ངའི་རེ་བར་རྒྱ་དྲ་འདིར་ཞུགས་མཁན་རྣམས་ཤེས་རྒྱ་མཐོང་རྒྱ་ཅན་དང་དངོས་གནས་སྤྱི་ཚོགས་ལ་ཕན་པའི་བསམ་པས་བཀའ་མོལ་གནང་གི་ཡོད་པར་ཡིད་འཆེས་བྱས་པ་ཡིན། འོན་ཀྱང་ད་ཆ་དུས་ཚོད་གང་འཚམས་དྲ་རྒྱ་འདིར་བལྟ་སྐབས་མི་དུས་ཚོད་མ་འཁྱོལ་མཁན་དང་སྐད་ཆ་ཆོ་མེད་བཤད་མཁན་དང་རང་ཉིད་གྲགས་འདོད་ཅན་ཙམ་ལས་དོན་དངོས་ཀྱི་དེང་དུས་ཀྱི་སྤྱི་ཚོགས་ཀྱི་གནས་ལྟངས་དང་འགྲོ་ལྟངས་གང་ཡང་མི་ཤེས་མཁན་གསར་སྐྱེས་ཕྱོགས་ཞེན་ཅན་ཁ་ཤས་ཞིག་ཡིན་པའི་བཟོ་འདུག ཁྱེད་ཚོའི་མཆན་འབྲི་ལྟངས་དང་སྐད་ཆ་དེ་འདྲ་ལས་བཤད་ཡེ་མེད་ན་དྲ་རྒྱའི་ནུས་པ་ཆུད་བཟོས་སུ་མ་བཏོང་ན་ལེགས། བློ་ཕམ། མ་འོངས་པར་དྲ་རྒྱ་འདིར་མི་ཤེས་ཡོན་ཅན་དང་དེང་རབས་ཅན་མང་ཙམ་མཉམ་ཞུགས་གནང་བའི་རེ་བ་ཡོད།
གཡུ་ཚང་ལྷ་མོ་དོན་གྲུབ་ཟེར་བ་དེའི་སྐད་ཆ་ནི་དད་པ་དང་མ་འབྲེལ་བའི་ཆབ་སྲིད་རྐྱང་པའི་ཐོག་ནས་དེང་སང་བོད་ཀྱི་དབུ་འཁྲིད་དེ་གང་འདྲ་ཞིག་དགོས་མིན་ལ་དཔྱད་པ་ལས། རྒྱལ་བ་རིན་པོ་ཆེ་སྒེར་ལ་ཚིག་ངན་བཏབ་པ་ཞིག་རེད་མི་འདུག བོད་ཀྱི་མཁས་དབང་ཨ་མདོ་དགེ་འདུན་ཆོས་འཕེལ་དང་། མཁས་དབང་ཟླ་བ་ནོར་བུ་དང་། ཀེ་དོན་གྲུབ་སོགས་མང་པོ་ཞིག་ནས་བོད་སྤྱི་ལ་ཕན་པའི་སྐད་ཆ་བཤད་པ་ལ་བོད་མི་མང་པོས་གོ་བ་ལོག་པ་བླངས་ཏེ་ཁོང་རྣམས་ནག་ཉེས་དང་སྐྱོན་འཛུགས་འོག་བསྡད་དགོས་པ་བཟོས་པ་ལྟར་གཡུ་ཚང་ལྷ་དོན་ལ་ཡང་དེ་མཚུངས་མ་བཟོ་རོགས་གནང་།
དྲ་གྲོགས་ཡོངས་ལ་གུས་འདུད་དང་བཅས་ཞུ་སྙིང་།
རྒད་པོ་ངས་རང་གི་འཆི་ཁའི་དྲན་ཕྱོགས་ཤིག་བོད་མི་རིགས་ཀྱི་རྩ་དོན་ལ་བསམ་ནས་འདིར་བགྲོ་གླེང་གི་ཚུལ་དུ་ཕུལ་བ་ཡིན་མོད། མང་པོ་ཞིག་གིས་འདིར་སུ་ཞིག་ཨ་མདོ་ཡིན་མིན་དང་ཨོང་དོང་ཡོད་མེད། སྐེད་རགས་འོག་ན་རྒྱུ་མ་ཡོད་མེད། སུ་ཞིག་རེབ་ཀོང་ཚང་ཡིན་མིན་དང་དེ་དག་གིས་སྔར་ཅི་ཞིག་བྱས་མིན། ད་ལྟ་ཅི་ཞིག་བྱེད་རྩིས་ཡོད་མེད་སོགས་ཀྱི་ཚིག་མཚོན་སྣ་ཚོགས་བསྒྲིགས་ཏེ་གཡུལ་བཤམས་རྩིས་འདུག་པས། ང་ངོ་མ་ཞེད་སྣང་སྐྱེས་སོང་། ད་ནི་ངས་ཁྱེད་ཅག་ལ་རྩ་བ་བོར་ནས་ཡལ་ག་མ་འཇུ་རོགས་ཞེས་སྙིང་ནས་རེ་སྐུལ་ཞུ་རྒྱུ་ཡིན།
གལ་སྲིད་ཁྱེད་རང་དོན་ངོ་མའི་རིག་པ་ཅན་གྱི་མི་ཞིག་ཡིན་ཕྱིན་འགན་འཁྲི་ཅན་གྱི་སྐད་ཆ་བཤད་པ་ལས་བསམ་གཟས་ནས་དྲ་ངོས་སུ་གད་སྙིགས་བཟོ་རུ་མ་ཕེབས་རོགས། སྐད་ཆ་འདིའི་རིགས་ནི་ང་ཚོའི་མདུན་ལམ་གྱི་བཀག་རྒྱ་ཞིག་ལས་རྒྱང་གཏོད་ཀྱི་སྟོབས་ཤུགས་མ་རེད་ལ། ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་ཐིགས་ཕྲེང་རེ་རེ་ལས་ཀྱང་ང་ཚོས་སྐད་ཆ་འདིའི་རིགས་ཀྱི་ལེགས་ཉེས་གསལ་བོར་རྟོགས་ཐུབ་པས། དགག་བཞག་སྤོང་གསུམ་གྱི་ལམ་ནས་བགྲོ་གླེང་བྱེད་པ་ལས་ཕན་ཚུན་ལ་སྡིགས་རེ་བྱས་ཏེ་སྐྱེ་བོ་ཕལ་བའི་ཀུན་སྤྱོད་མི་བསྟེན་པར་མཁྱེན།
མཐར་བདག་གི་རྩོམ་ངོས་སུ་མ་བསམ་ས་ནས་ཡིག་ནོར་འགའ་ཤོར་འདུག་པས་ཁ་བརྡ་དང་ཀློག་པ་པོ་ཡོང་ལ་སྙིང་ནས་དགོངས་དག་ཞུ།
གཡུ་ཚང་གི་བསམ་ཚུལ་གསར་བ་རེད། དགའ་བསུ་ཡོད། རྒྱབ་སྐྱོར་ཡོད། ཏྰ་ལའི་བླ་མར་བོད་མི་ཞིག་གི་ལྟ་ཚུལ་བཟུང་ནས་བཤད་ན་འགྲིག་འདུག བོད་ཀྱི་དབུ་ཁྲིད་ཅིག་གི་ངོས་ནས་བཤད་ན་དེ་ཙམ་སྣང་བར་འགྲོ་མ་སོང་། ལྷག་པར་དུ་ད་ལྟའི་གནས་སྐབས་འདིར་དེ་ཙམ་གྱི་འཚམ་པོ་མི་འདུག དཔེར་ན། ད་ལོའི་བོད་སྐྱོད་ལས་འགུལ་ནང་ཏྰ་ལའི་བླ་མ་དངོས་སུ་འཛུལ་ཞུགས་བྱས་ཡོད་ཚེ་འདིའི་མཇུག་འབྲས་གང་འདྲ་ཡིན་ནམ། ང་ཚོའི་བསམ་ཐོག་ཏུ་འགྲོ་ཐུབ་ཡོད་དམ། གན་ངྷི་སོགས་ཁྱེད་ཀྱིས་དཔེར་འདྲེན་གནང་བ་རྣམས་དང་ཏྰ་ལའི་བླ་མའི་གནས་སྟངས་མི་འདྲ། ཁོང་ཚོས་རང་གི་ས་ཐོག་ནས་ལས་འགུལ་སྤེལ་ཡོད་ལ་གནས་སྟངས་ཀྱི་ཐད་ནས་ཆ་རྐྱེན་འགྲིག་ཡོད། ཏྰ་ལའི་བླ་མ་མིའི་ལུང་པར་སྐྱབས་བཅོལ་ནས་བསྡད་ཡོད། འགུལ་རྒྱུ་གྲགས་རྒྱུ་མང་ན་ཚང་མ་བསྡུ་གསོག་རྒྱག་ཡའི་ཉེན་ཁ་ཡོད་པ་རེད། སོང་ཙང་གཞན་གྱིས་བྱེད་ཀིན་འདུག་ང་ཚོས་བྱེད་དགོས་པ་རེད་ཟེར་ཡ་དེར་མོས་མཐུན་བྱེད་ཁག་པོ་རེད།
གྲོགས་གཡུ་ཚང་ལགས། ཁ་སང་ཁ་བརྡ་ཚང་གིས་ངའི་ཁ་བརྡ་ནང་གསོད་ཟེར་བའི་ཚིག་ཡོད་པས་ང་འཇིགས་སྐུལ་རིང་ལུགས་པའི་ཚིག་རེད་་ཟེར་ནས་གསུབས་འདུག གསོད་ལ་མི་གསོད་པ་དང་མེ་གསོད་པ། ཤུགས་རྐྱེན་གསོད་པ་སོགས་ཡོད་ལ། འདི་ཕྱི་མར་གོ་དགོས་ནའང་ཁོ་བ་ལོན་ཐོབ་མི་འདུག དེ་ལས་ཡ་མཚར་ཞིང་དགོད་བྲོ་བ་ཞིག་ལ་ཁྱེད་ཀྱི་ཁ་བརྡ་ནང་གི་ང་ཚོའི་ཏང་གི་མིང་ཚིག་”བློ་མཐུན་”ཟེར་བ་དེ་ཡང་བླངས་འདུག དེ་ཡང་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་ལ་དངོས་འཛིན་བྱེད་ཀིན་ཡོད་ས་རེད།
དེ་མ་ཐག་ཏུ་ཁ་བརྡའི་རེ་སྐུལ་ཟེར་བའི་དོན་ཚན་བཞི་ཅན་གྱི་ཁྲིམས་ཤིག་ཀྱང་བྲིས་འདུག ཧ་ཧ་ ཧཧཧ།
ཁ་སང་གི་ཁ་བརྡ་ལ་བཟོ་བཅོས་ཏོག་ཙམ་བྱས་ནས་འདིར་འགོད་རྩིས་ཡོད། ཁྱེད་ལ་ཨ་རིའི་ནང་གཏན་སྡོད་ཡིག་ཆ་དང་བྱ་བ་རེག་ནས་གཞན་ལ་རེ་མི་དགོས་པར་གོ་ཐུས་བྱུང་། གང་ལ་ཡང་སྐྲག་མི་དགོས། གཙོ་བོ་ཆུང་དུས་ཀྱི་སློབ་གསོའི་རྩ་དོན་མ་བརྗེད་ན་དེ་རེད།
ང་དེ་རིང་མ་གཏོགས་དྲ་རྒྱ་འདིའི་ནང་འཛུལ་མྱོང་མེད་ངས་གོང་གི་མཆན་བུ་འདི་དག་མཐོང་དུས་མི་འདི་ཚོ་ཁོམ་ནས་བསྡད་ཡོད་པ་ཏག་ཏག་རེད་བསམ་བྱུང་ད་དུང་འདི་ཚོས་བཤད་པ་དང་ཕོ་རོག་ལ་སོ་ཡོད་མེད་ཀྱི་རྟོག་བརྗོད་གཉིས་ཕྱོགས་སུ་འགྲོ་བའི་རྗེས་མར་ཚིག་གི་གནད་ལྗི་མོ་དང་དོན་གྱི་གཏིང་ཟབ་མོ་བྲི་རྒྱུ་མཁྱེན་མཁྱེན།
འདི་ལ་བསམ་བློ་ཐོངས།
༄༅།།རྩོལ་ཐབས་བྲལ་བའི་དོན་དངོས་ལ་བརྟེན་ནས་ཏཱ་ལའི་གཞན་མགོ་བསྐོར་བའི་རྫུན་གཏམ་ཐེར་འདོན་བྱེད་པ། “འདི་ལོའི་ཟླ3ཚེས་10ཉིན་ནས་བཟུང་སྤེལ་བའི་རྒོལ་གཏམ་གཏོང་བའི་རྔམ་སྟོན་ཁྲོམ་སྐོར་ལ་ཀྲུང་གོའི་སྲིད་གཞུང་གིས་དེ་མ་ཉིད་དུ་དོན་རྐྱེན་དེ་ཚོ་ངས་འཁྲུག་རྐྱེན་བསླང་ནས་བཟོས་པ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱིན་འདུག”ཅེས་པ་དེ་རེད།
གནས་ཚུལ་ངོ་མ།
རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་ཕྱིའི་ཏྰ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་པ་དང་ལྷ་སའི།“3.14”གཏུམ་སྤྱོད་ཉེས་གསོག་གི་ཚབས་ཆེའི་དོན་རྐྱེན་སྒྲིག་འཛུགས་དང་། ངན་ཇུས། ལག་བསྟར་བཅས་བྱེད་མཁན་ཉེས་གསོག་དོགས་ཅན་ཁག་གཅིག་འཛིན་བཟུང་བྱས་པ་དང་ཏཱ་ལའི་རུ་ཚོགས་ཀྱི“བདེ་སྲུང་ལས་ཁུངས”ཀྱི་གལ་ཆེའི་དཔོན་རིགས་ཀྱིས་ས་ཁོངས་ནང་དུ་བྱ་སྤྱོད་སྤེལ་བ་ཡིན་པ་རྩད་གཅོད་རགས་ཙམ་ཐུབ་པ་རེད།
དོན་དངོས་ཀྱི་ཐོག་ནས་ཏཱ་ལའི་རུ་ཚོགས་དང་ལྷ་སའི“3.14”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་དང་ཐད་ཀའི་འབྲེལ་བ་ཡོད་པ་ར་སྤྲོད་བྱུང་བ་སྟེ།ལྷ་སའི་“3.14”དོན་རྐྱེན་ཐོན་རྗེས་“ཡུལ་གྱར་སྲིད་གཞུང་”གི་བཀའ་བློན་ཁྲི་པ་ཟམ་གདོང་གིས་དེ་མ་ཉིད་དུ་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཇི་ལྟར་བྱས་ནས་བོད་མིར་བཀོད་འདོམས་བྱས་ཏེ་ཐེངས་འདིའི“གསར་བརྗེའི་གྲུབ་འབྲས”སྔར་བས་རྒྱ་ཆེན་གཏོང་རྒྱུའི་སྐོར་ཞིབ་འཇུག་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཚོགས་འདུའི་ཐོག“ཡུལ་གྱར་སྲིད་གཞུང་”དང་“བདེ་སྲུང་ལས་ཁུངས་”“ནོར་སྲིད་ལས་ཁུངས་” སོགས་ཚན་ཁག་གི་ལས་དོན་བཀོད་སྒྲིག་བྱས་པ་རེད། “འོས་ལངས་ཆེན་པོའི་བྱ་སྤྱོད”ལ་བཀོད་འདོམས་དང་མཐུན་སྦྱོར་ཡོང་བ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད་ཟླ་བ་གསུམ་པའི་ཟླ་དཀྱིལ་དུ་ཏཱ་ལའི་རུ་ཚོགས་ཀྱིས་མི་བདུན་ལས་གྲུབ་པའི“བོད་མཐུན་སྒྲིལ་ཨུ་ཡོན་ལྷན་ཁང་”བཙུགས་པ་དང་“བོད་མི་དམངས་གྲོས་ཚོགས”ཀྱི་དབྱི་ཀྲང་ཀརྨ་ཆོས་འཕེལ་གྱིས་ཀྲུའུ་ཞིའི་འགན་འཁུར་ཞིང་ཨུ་ཡོན་ལྷན་ཁང་དེས“བོད་ཀྲུང་དབྱང་སྲིད་གཞུང་”དང་ཏཱ་ལའི་བླ་མའི་ཚབ་བྱས་ཏེ་ས་གནས་ཁག་གི་ཡུལ་གྱར་བོད་མི་དང་དེ་བཞིན་སྲིད་གཞུང་མིན་པའི་སྒྲིག་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་གྱུར་གྱི་བྱེད་སྒོ་སྤེལ་རྒྱུར་ཐད་ཀར་འགོ་ཁྲིད་བྱ་རྒྱུ་ཡིན་ཞེས་འདུ་སྒྲོག་བྱས་པ་རེད།
ཟླ་3ཚེས་22ཉིན་“བོད་ཀྱི་ཡུལ་གྱར་སྲིད་གཞུང་”གིས་“བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ་”ཐད་ས་ཁོངས་ཕྱི་ནང་གི་བོད་མི་ཡོངས་ལ་བཏང་བའི་གསལ་བསྒྲགས་སྤེལ་བའི་ནང་“ད་རེས་བོད་དུ་བྱུང་བའི་ཞི་བའི་འོས་ལངས་ནི་ཧ་ཅང་རླབས་ཆེན་དང་གཟི་བབརྗིད་ཡིན་ཁར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཐོག་ནས་བོད་མི་རིགས་ཀྱི་སྙིང་སྟོབས་དང་དཔའ་ངར་གང་ལེགས་མངོན་ཡོད་”ཅེས་དང་“ང་ཚོ་བོད་མིར་ཐོབ་འོས་པའི་བདེ་སྐྱེད་ཀྱི་ཆེད་དུ་ང་ཚོའི་རླབས་ཆེན་གྱི་ཆོས་སྲིད་ཀྱི་གཙོ་འཛིན་ཏཱ་ལའི་བླ་མས་གནང་བའི་བཀའ་ལ་གཞིགས་ཏེ་བྱ་བ་བསྒྲུབ་བདགོས”ཞེམ་མཐའ་གཅིག་ཏུ་བཤད་ཡོད་པ་རེད་འབྲེལ་ཡོད་ཚན་པས་མཁོ་འདོན་བྱས་པའི་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ན“བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ”སྒྲིག་འཛུགས་བྱེད་ཆེད་ཏཱ་ལའི་རུ་ཚོགས་ཀྱི “བདེ་སྲུང་ལས་ཁུངས་”ཀྱིས་ཆེད་གྲོན་བཏང་སྟེ་ས་ཁོངས་ནང་ཁུལ་གྱི་བོད་ཁུལ་དུ “བྱེད་སྒོ”སྤེལ་རྒྱུར་སྤྱད་པ་རེད།
ཟླ་3.ཚེས་11ཉིན་ཏྰ་ལའི་རུ་ཚོགས་ཀྱི“བདེ་སྲུང་ལས་ཁུངས་”ཀྱིས་ཁྱབ་ཁོངས་ཆུང་བའི་ནང་བྱས་རྗེས་གཟེངས་བསྟོད་ཀྱི་རྟེན་འབྲེལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ“3.14”དོན་རྐྱེན་གྱི་སྒྲིག་འཛུགས་དང་ངན་སྐུལ་བེད་མཁན་ལ་བྱ་དགའི་དངུལ་སྤྲད་པ་དང་“དཔོན་རིགས་”“ཞིགས་གིས་བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ”འགོ་དཙུགས་མ་ཐག་ཡིན་པས་རྗེས་སུ་བྱེད་སྒོ་སྣ་ཚོགས་མུ་མཐུད་དུ་སྤེལ་རྒྱུ་རེད།
ཟླ་3ཚེས་14ཉིན་“ཡུལ་གྱར་སྲིད་གཞུང་”གིས་ཚན་པ་ཁག་གི་ཚོགས་འདུ་སྐོང་ཚོགས་བྱས་ཏེ“བདེ་སྲུང་ལས་ཁུངས་”ལ་བོད་ཁུལ་དུ་མུ་མཐུད་དོན་རྐྱེན་བཟོ་དགོས་པའི་བཀའ་བཏང་པ་རེད་། ཟླ་3ཚེས་17ཉིན་ཏཱ་ལའི་རུ་ཚོགས་ཀྱིས“མྱུར་སྐྱོབ་བོད་ཀྱི་དམིགས་བསལ་མཐོ་རིམ་ཨུ་ཡོན་ལྷན་ཁང་”བཙུགས་པ་དང“བདེ་སྲུང་ལས་ཁྲུངས་”ཀྱི་བཀའ་བློན་གྱིས་འགན་འཁུར་ཞིང་ལས་འགན་གཙོ་བོ་ནི་བོད་ཀྱི་དོན་རྐྱེན་ནང་ཞུགས་མཁན་རྐང་འཛིན་པ་རྡ་རམ་ས་རལ་སྤོ་སྒྱུར་བྱེད་རྒྱུ་དང་མངོན་གསལ་དོད་པོས་ཟིང་ཆ་སློང་བའི་བྱེད་སྤྱོད་དེ་ལྐོག་གི“ཆོས་ལུགས” ཀྱི་བྱེད་སྤྱོད་དུ་བསྒྱུར་ནས་ཀྲུང་གུང་དང་མུ་མཐུད་འགྲན་རྒོལ་བྱ་རྒྱུ་དེ་རེད། “གོང་གསལ་དེ་དག་ཐམས་ཅད་ནི”“བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ”གྱིས་བཀོད་སྒྲིག་བྱས་པའི་“དྲག་པོའི་གྱེན་ལངས་ཉིན་མོ”ཟེར་བའི་འཆར་གཞི་རེད་ལ“བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ”གྱི་སྔོན་གཏན་འཁེལ་བྱས་པའི་འཆར་གཞིའི་བཀོད་སྒྲིག་དང་ཡོངས་སུ་མཐུན་པ་ཞིག་ཀྱང་རེད།སྤྱི་བདེ་པུའི་གསར་འགྱུར་མགྲིན་ཚབ་པས་རྩོད་ཐབས་བྲལ་བའི་དོན་དངོས་ཐོག་ནས་ཏཱ་ལས་“གཏུམ་སྤྱོད་ཀྱི་བྱེད་སྤྱོད་དང་ཁ་ཕྲལ་གྱི་བྱེད་སྤྱོད་ལ་མི་ཞུགས་པ་དང་རྒྱབ་སྐྱོར་མི་བྱེད་པ”ཟེར་བའི་གཏམ་བརྗོད་ནི་གཞན་མགོ་བསྐོར་བའི་རྫུན་གཏམ་ཞིག་ཡིན་པའི་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།
གྲོགས་པོ་གཡུ་ཚང་དང་ཀུན་གསལ།
བདེ་མོ། ཁྱེད་གཉིས་ཀྱིས་རང་སྲོག་ལ་མ་འཛེམས་པར་ངེད་སྤུན་ཟླ་ཚོའི་དོད་དུ་ལངས་ནས་དགྲ་བོ་དང་འཐབ་རྩོད་བྱེད་པ་འདིར་གུས་པ་ཡིད་གཏིང་ནས་སྤྲོ་བ་སྐྱེས། ཁ་བྲལ་རིང་ལུགས་པ་དེ་ཚོར་དགོས་ཡས་དེ་མགོ་ལ་རྡོ་དང་སྙིང་ལ་གྲི་རེད། སྤུན་ཁྱེད་གཉིས་ཚེ་རིང་།
༡ ཀུན་གསལ་གྱི་འབྲི་སྟངས་དེ་ཧ་ཅང་རྒྱུན་ལྡན་མ་ཡིན་པའི་ཉེན་ཁ་ཅན་ཞིག་ཡིན་པ་ངས་མཐོང་སོང། ད་དུང་དུས་བབ་ཀྱི་གླེང་སྟེགས་ནང་གནས་ཚང་ཟེར་བ་ཞིག་གིས་འབྲི་སྟངས་ཡང་ཧ་ཅང་དོགས་གཞི་འདུག་ཀྱང་། ངས་ཁོང་གཉིས་ལ་ལན་མ་བྲིས་པར་མི་མཐུད་ནས་མི་དེ་ཚོའི་བསམ་སྤྱོད་ལ་རྒྱས་ལོན་བྱེད་ཀྱི་ཡོད། དེ་ཚོ་ངེས་པར་ཤེས་དགོས་པའི་གྲས་རེད། དྲ་བདག་ལ་ཁོའི་ཚིག་རིས་གསུབ་རྒྱུའི་དབང་ཚད་དང་ནུས་པ་ཡོད་ཀྱང་། སེམས་གཏིང་གི་ནག་ཐིག་དེ་གསུབ་མི་ཐུབ་པ་མ་ཟད། དྲ་རྒྱའི་ནང་གི་ཁོའི་ཚིག་རིས་གསུབ་པ་ནི་ཁོང་གི་ཀུན་སྤྱོད་ངན་པ་ཞིག་འགེབ་སྲུང་བྱས་པ་དང་གཅིག་པ་རེད། དེ་ནི་སྨྲ་བརྗོད་རང་དབང་གི་གནད་དོན་གཅིག་པོ་མ་ཡིན་པར། ལྟ་ཀློག་རང་དབང་གི་ཐོབ་ཐང་འཕྲོག་པ་ཞིག་ཀྱང་རེད།
༢ ངས་གཡུ་ཚང་མིང་ཅན་ནས་༧་གོང་ས་མཆོག་མཉམ་ཞུགས་དགོས་པའི་ཉེ་བའི་འབྱུང་འགྱུར་ནང་སྤེལ་འཆར་གྱི་བོད་མའི་ལས་འགུལ་བྱེ་བྲག་པ་ཞིག་གི་མིང་འགོད་རོགས་བཤད་ཡོད།
ཁོང་གི་བསམ་ཚུལ་གྱི་ཟུར་ནས་༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཕེབས་མི་ཆོག་པར་རྡ་རམ་ས་ལ་
རང་ནས་འདུག་དགོས་པ་འདྲ་བོ་ཞིག་བཤད་འདུག དེ་ནི་རྒྱ་མིས་༧ཏྰ་ལའི་བླ་མ་རྒྱལ་ཁབ་གང་ལ་ཕེབས་ན་འགོག་ཐབས་བྱེད་ཀྱི་ཡོད་པ་དང་ཁྱད་པར་མི་འདུག ནུས་པ་ཐོན་མི་ཐུབ་ཀྱང་ཁོའི་ཕུགས་རེ་གསལ་བོ་རེད།
༧རྒྱལ་བ་རིན་པོ་དགོངས་ལོ་བགྲེས་པོ་དང་སྐུ་གཟུགས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་ཆགས་ཡོད་སྐབས་འདི། ༧ཏྰ་ལའེ་བླ་མ་དམངས་ཚོགས་དང་མཉམ་དུ་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་ནང་ཞུགས་དགོས་དང་། ཐ་ན་བཙོན་ཁང་ནང་ལ་འགྲོ་དགོས་ཞེས་པའི་དམིགས་ཡུལ་ཡག་པོ་མིན་པ་ཐག་ཆོད། གལ་སྲིད་རྒྱ་མའི་བཙོན་ཁང་ཚུད་པ་ཡིན་ན་མཇུག་འབྲས་གང་ཡོང་པཎ་ཆེན་རིན་པོའི་ལོ་རྒྱུས་ལས་རྟོགས་མ་ཐུབ་པ་གང་ཡང་མེད།
མདོར་བསྡུས་ན་གཡུ་ཚང་གིས་༧རྒྱལ་བ་རིན་པོ་ཆེ་ཡར་མར་ལ་ཕེབས་མི་ཆོག་པ་དང་། གལ་སྲིད་ཕེབས་པ་ཡིན་ན་དགོངས་ལོའི་བབས་དང་སྐུའི་འཕྲོད་བསྟེན་ལ་མི་འཕྲོད་པ་མ་ཟད། མི་ཕལ་བའི་ལས་འགུལ་གྲུབ་འབྲས་མེད་པ་དེ་འདྲ་སྤེལ་དགོས་པའི་གཡོ་བཤད་ཙམ་རེད་འདུག
དེ་མིན་ཕྱིར་བསྡོད་བོད་མི་ཚོས་སུམ་ཅུའི་དུས་དྲན་སོགས་དུས་དྲན་ཁག་ཅིག་སྲུང་བརྩི་བྱེད་སྲོལ་ཡོད་པ་ལས། ༧གོང་ས་མཆོག་མཉམ་ཞུགས་འོས་པའི་སྤྱི་ཕན་གྱི་ལས་འགུལ་རྒྱ་ཆེན་པོ་གང་ཡང་སྤེལ་གྱི་ཡོད་པ་མ་རེད། དེ་ཕྱིེར་ཕྱི་རྒྱལ་བ་ཚོས་བོད་ནི་མགོ་ཡོད་ཀྱང་ལུས་པོ་མེད་པའི་མི་རིགས་ཞིག་རེད་ཅེས་སྡོམ་ཚིག་བཀོད་ཡོད། རང་དབང་ལུང་པའི་ནང་གི་བོད་མིའི་ཚོགས་པ་དང་སྒེར་བ་ཚོ་ནི་གཞིས་ལུས་བོད་མི་ཚོའི་ཤ་ཁྲག་བཏང་བའི་བྱས་རྗེས་བཙོང་ནས་དཔལ་འབྱོར་སློང་མཁན་འདྲ་བོ་མཐོང་གི་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྗེས་མ་འདོད་པ་ཡོད་དུས་འབྲི་ཆོག
རང་དབང་ལུང་བ་ནས་སྐད་ཆ་ག་རེ་ཡིན་ནའང་བཤད་ཆོག་པའི་ཐོབ་ཐང་ཡོད་པས་མི་གཞན་ལ་འདི་ཤོད་དེ་མ་ཤོད་ཟེར་བ་འདི་ལུགས་དང་མཐུན་པ་ཞིག་ཨེ་ཡིན་འདོད་གི ཡིན་ནའང་རང་ཉིད་བོད་པ་ཞིག་དང་ལྷག་པར་དུ་ཡུལ་གྱར་བ་ཞིག་ཡིན་པའི་ཆ་ནས་སྐད་ཆ་ག་རེ་ཡིན་རུང་འགན་ཡོད་པ་དང་གནས་སྟངས་དང་མཐུན་པ། གཞིས་ལུས་བོད་མིའི་སེམས་ཤུགས་དང་དད་འདུན་ལ་གནོད་གཞིའི་རིགས་ཉུང་རུ་བཏང་ན་དྲན་གི དཔེར་ན། བོད་དོན་ལ་རེ་བ་ཡོད་མ་རེད་མདོག་མདོག་དང་༧གོང་ས་མཆོག་གི་བོད་དོན་སྣང་མེད་དུ་འཇོག་གི་འདུག་མདོག་མདོག རང་དབང་ལུང་བའི་བོད་མིས་གཞིས་ལུས་མི་མང་བཅོ༹ང་གི་འདུག་ལ་སོགས་པ་ནི་དངོས་ཡོད་དང་ཅུང་མཐུན་མ་སོང་བས་ང་དང་ང་འདྲ་བ་མང་པོས་བློ་ཕམ་དང་བཅས་དེའི་རིགས་ལ་རྒོལ་གཏམ་གཏོང་གི་ཡོད་། དྲང་མོར་བཤད་ན་ད་ལྟའི་དུས་འདིར་བོད་མི་མང་ཆེ་བས་རང་རང་ས་ན་བོད་དོན་ཆེད་གང་ཡོང་བྱེད་གིན་འདུག་པས་ངས་ནི་རང་གི་མི་རིགས་འདི་ལ་རེ་བ་དང་མ་འོངས་པ་ཞིག་འདུག་དྲན་གི།
ཨང་༥ གཡང་རྒྱལ་ལགས།
གཡུ་ཚང་གི་ཁ་བརྡའི་ནང་གི་བློ་མཐུན་ཞེས་པའི་ཚིག་དེ་གསུབ་མཁན་སུ་ཡིན་ནི་ན། ཕལ་ཆེར་ཁོ་རང་ཉིད་རེད། ཀུན་གསལ་གྱིས་ཚིག་དེ་གུང་ཁྲན་ཏང་གི་ཚིག་ཡིན་པར་བཤད་པས་ཁོ་མ་བདེ་ནས་གསུབས་པ་རེད་བསམ། གཞན་ཞིག་ཡིན་ན་གསལ་བཤད་བྱེད་ངེས་རེད། ཀུན་གསལ་གྱིས་ཁོ་བ་ཏང་དང་སྤྱར་ཏེ་བསྟོད་པ་བྱས་པས། གཡུ་ཚང་མ་དགའ་ནས་ཀུན་གསལ་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཏེ་ཀུན་གསལ་གྱི་ཁ་བརྡ་གསུབས་པ་རེད། དེ་ནས་ཁ་བརྡའི་རེ་སྐུལ་ཟེར་བ་སྤེལ་བ་རེད། འདི་ཚང་མ་དུས་ཚོད་གཅིག་གི་ནང་རེད། དེའི་ཕྱིར་ངས་གཡུ་ཚང་ཚང་དང་ཁ་བརྡ་ཚང་གཅིག་པ་རེད་ཅེས་བཤད་པ་ཡིན། ཁ་བརྡ་ཚང་རེབ་ཀོང་ཚང་གི་ཡིན་པ་ཚང་མས་ཤེས་གསལ་ལྟར་རེད།
བོད་དོན་ལ་རེ་བ་ཞིག་མཐོང་རྒྱུ་མེད་དུས་མཐོང་གི་མི་འདུག་ཅེས་བཤད་དགོས་ཀྱི་རེད་ལ། རེ་བ་ཞིག་མཐོང་བའི་དུས་སུ་ཡང་མཐོང་གི་འདུག་བརྗོད་རྒྱུ་གལ་ཆེན་པོ་རེད། རྩ་དོན་ལ་རེ་བ་མེད་དུས་གཞིས་ལུས་མི་མང་གི་ངོ་སྲུང་དགོས་དོན་མེད། གཞིས་ལུས་མི་མང་ལ་དགོས་རྒྱུ་དེ་ནི་རེ་བ་ཡོད་ན་ཡོད་དང་མེད་ན་མེད་པའི་གནས་ཚུལ་གསལ་བོ་དེ་རེད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཏཱ་ལའི་བླ་མ་ཡང་སེམས་དཔའ་ཆེན་པོ་གཱན་དྷི་དང་མར་ཁྲིན་ལོ་ཐིར་ཀིན། ནེལ་སོན་མན་དེ་ལ། ཨན་སང་སོ་སྐྱིད་སོགས་དང་འདྲ་བར་མི་མང་དང་ལྷན་དུ་ཕེབས་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་འདི་བདམས་པ་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་པ་ནི་བསམ་བློ་གསར་བ་གང་ཡང་མ་རེད། དེ་ནི་མི་རིགས་གཞན་གྱི་རྙིང་བ་ཞིག་ལ་ལད་ཟློས་གསར་བ་ཞིག་རེད། བསམ་བློ་རྙིང་བ་དེ་རྒྱ་ནག་དམར་ཕྱོགས་ཀྱི་ཐོག་ལ་ནུས་མེད་རེད།
བློ་བཟང་ཟེར་མི་དེས་གཡུ་ཚང་སུ་ཡིན་གཅིག་པོ་སྐོར་ལ་སྐྱག་བཤད་མང་པོ་མ་བརྒྱག་རོགས། སུ་ཡགཡུ་ཚང་གི་རྩོམ་ཡིག་གི་སྐོར་མཆན་ཡོད་ན་འབྲི་རོགས།
བློ་བཟང་ལགས། ཁ་བརྡ་ཚང་སུ་ཚང་ཡིན་མིན་དེ་གལ་ཆེན་པོ་མ་རེད། ཁྱོད་དང་ང་ལྟ་བུ་ལ་ཡང་ཁ་བརྡས་ཐོབ་ཐང་འདྲ་མཉམ་དུ་སྤྲོད་ཀྱིན་འདུག རེབ་ཀོང་མགོ་ལོག་རྒྱལ་ཐང་མངའ་རིས་སོགས་སུ་ཚང་དང་གང་ཚང་གི་ཡིན་ཡང་ཡིན།
དཀོན་མཆོག དངོས་གནས་ད་ལོའི་ངོ་རྒོལ་སྐབས་བོད་མི་ག་ཚོད་ཙམ་ཤི་བར་ཁྱོད་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། བཅུ། ཉི་ཤུ། སུམ་ཅུ། དེ་ལས་མང་བ། ཡུལ་གྱར་བོད་མིས་ཁྱབ་བསྒྲགས་ལ་གསལ་ཁ་དེ་ཙམ་མེད་སྟབས་ང་ལ་ཡིད་ཆེས་ཀྱང་ཆེར་མེར་པར་གྱུར་སོང་། འདིའི་སྐོར་གསལ་བཤད་གནང་རོགས་ཞེས་དྲྭ་གྲོགས་ཚོར་རེ་སྐུལ་བྱས་ཀྱང་ལན་གནང་མཁན་མ་བྱུང་།
ད་ཡང་སྐྱར་གཡུ་ཚང་གི་སྐད་ཆ་ལ་ལན་ཞིག་འབྲི་འདོད་སྐྱེས། ཉིན་ཤས་སྔོན་ནས་ལྕགས་རྒྱ་འགྲམ་ནག་གིས་ཀྱང་རྒྱལ་བ་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དེ་སྲིད་དོན་ལ་བེད་སྤྱོད་གཏོང་ཕྱོགས་ཡོད་མེད་ཀྱི་དྲི་བ་ཞིག་ང་ལ་བཀོད་པ་དེ་དང་འདི་གཉིས་དྲི་བ་དང་ལན་གྱི་ཚུལ་དུ་འདུག
གཡུ་ཚང་གི་འཆོལ་གཏམ་དེ་ཚོར་ཉན་རྒྱུ་གང་ཡང་མི་འདུག ཁོའི་སྐད་ཆའི་སྙིང་པོ་དེ་ ཏཱ་ལའི་བླ་མ་ཡང་སེམས་དཔའ་ཆེན་པོ་གཱན་དྷི་དང་མར་ཁྲིན་ལོ་ཐིར་ཀིན། ནེལ་སོན་མན་དེ་ལ། ཨན་སང་སོ་སྐྱིད་སོགས་དང་འདྲ་བར་མི་མང་དང་ལྷན་དུ་ཕེབས་ནས་བོད་དོན་འཐབ་རྩོད་བྱེད་དགོས་ཟེར་བ་དེ་རེད།
འདི་དོན་དག་ཡག་པོ་མགོ་མ་ཚོས་པའི་རྟགས་རེད། རྒྱལ་བ་རིན་པོ་ཆེས་ལོ་ལྔ་བཅུ་ལྷག་རིང་བོད་མི་དམངས་ཀྱི་དབུ་ཁྲིད་ནས་ད་བར་དུ་ཕྱག་ལས་གནང་དང་གནང་མུས་ཡིན་པ་རེད། ད་རུང་གོང་གསལ་གྱི་མི་དེ་ཚོ་དང་མ་འདྲ་བ་ཞིག་ནི་ཁོང་གིས་མིའི་ལུང་པ་ཞིག་ཏུ་གཞི་མེད་ས་ནས་གཞི་བཙུགས་ཏེ་དབུ་བཀྱགས་ཡོང་པ་རེད། ད་རུང་བོད་ཙམ་མིན་པར་འཛམ་བུ་གླིང་ཡོངས་ཀྱི་དོན་དུ་ཕྱག་ལས་རྒྱ་ཆེན་པོ་གནང་བཞིན་པ་རེད།
ཡང་མིན་ན། ཁྱེད་རང་གི་མི་དམངས་ཀྱི་མགོ་ཁྲིད་ཟེར་བ་དེ་ཁྲོམ་སྐོར་ལྟ་བུ་ལ་ཟེར་གི་ཡོད་པ་མིན་ནམ། རྒྱལ་བ་རིན་པོ་ཆེ་ངལ་གསོ་ཁོམ་ཙམ་ཡང་མེད་པར་ཉི་མ་ནས་ཉི་མ་མཐུད་དེ་གནམ་གྲུ་ལ་བསྡད་དེ་འཛམ་གླིང་གི་ས་ཕྱོགས་གང་སར་ཁྲོམ་སྐོར་ལ་ཕེབས་བཞིན་པ་དེར་ཁྱེད་ཀྱིས་མིག་བཙུམ་ནས་བལྟས་བསྡད་ཡོད་དམ། ང་ཚོ་ནང་བཞིན་སྲང་ལམ་གཅིག་གི་མགོ་སྟོད་དུ་ལག་པ་གཉིས་གནམ་ལ་བསྒྲེང་ནས་སྡོད་ཀྱི་ཡོད་མ་རེད།
གོང་གསལ་གྱི་མི་དེ་ཚོ་ཚང་མ་དང་པོ་ནས་དབུ་ཁྲིད་དེ་འདྲ་གང་ཡང་མིན་པ་རེད། རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་མང་པོ་ཞིག་བརྒྱུད་ནས་རིམ་པས་དབུ་ཁྲིད་ཆགས་པ་རེད།
རྒྱལ་བ་རིན་པོ་ཆེས་དེ་སྔོན་ཞིག་ལ། སྐབས་སུ་བབ་ན་ཁོང་རང་ཉིད་ཟས་བཅད་ངོ་རྒོལ་དེ་འདྲར་བཞུགས་ཀྱི་ཡིན་གསུངས་ཡོད་པ་རེད། གལ་སྲིད་དེ་འདྲ་ཞིག་གནང་བ་ཡིན་ན་གནས་སྐབས་རིང་རྒྱལ་སྤྱིའི་གསར་གནས་ཁག་འཁྲུགས་པོ་ཆགས་རྒྱུ་ཙམ་ཡིན་པ་རེད། བོད་སྤྱི་ཚོགས་ནང་ཟང་ཟིང་ཆགས་རྒྱུ་ཡིན་པ་རེད། མི་མང་གིས་རྒྱལ་བ་རིན་པོ་ཆེ་ལ་ཟས་བཅད་ངོ་རྒོལ་མཚམས་འཇོག་པའི་ཆེད་ཕྱག་འཚལ། མིག་ཆུ་བཏང་། དྲན་པ་འཐོར་དེ་འདྲ་བྱེད་རྒྱུ་ཡིན་པ་རེད། བོད་ནང་དུ་ཡང་སྐྱར་དྲག་གནོན་ཐེངས་གཅིག་ལ་ཁ་གཏད་གཅོག་དགོས་ཆགས་ཀྱི་རེད།
བོད་སྤྱི་ཚོགས་ལ་མཚོན་ན་རྒྱལ་བ་རིན་པོ་ཆེ་མི་མིན་པར་ལྷ་ཡིན་པའི་གནས་ཚུལ་འདི་ཡང་ཤེས་དགོས་པའི་གནད་འགག་ཅིག་རེད། ཁོང་ཁྲོམ་སྐོར་ལྟ་བུ་ཞིག་ལ་ཕེབས་པ་ཡིན་ན་རྒྱ་གར་གྱི་སྐུ་སྲུང་བ་བརྒྱ་ཕྲག་མང་པོ་ཡང་ཁོང་དང་མཉམ་དུ་བཅར་དགོས་བྱུང་གི་རེད།
རྩ་བའི་རྒྱ་ནག་གི་འགྱུར་བ་འདི་ལས་འགུལ་རེ་ཟུང་གིས་གཏོང་ཐུབ་པ་ཞིག་མིན་པར་འདོད། ཁོ་ཚོའི་བསམ་བློའི་འགྱུར་བ་དང་ཆབ་སྲིད་ཀྱི་གོ་རྟོགས་སད་རྒྱུར་འབྲེལ་བ་ཡོད་པ་ཞིག་ཡིན་པས་ང་ཚོར་གྲུབ་འབྲས་ལམ་སང་ཡོང་ཆོག་ཆོག་ཅིག་མེད་པར་འདོད། བོད་ནང་གི་ལས་འགུལ་དེ་ཚོས་ཀྱང་ཁོ་ཚོ་མདུན་ལ་འབུད་རྒྱག་ཅིག་རྒྱག་ཐུབ་ཡོད་སྙམ། ད་ལྟའི་གནས་ཚུལ་བརྒྱུད་ལམ་གསར་བ་འདི་དག་ལ་བརྟེན་རྒྱ་ནག་གི་འགྱུར་བ་དེའང་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། རྒྱ་ནག་གི་བསམ་བློ་མ་སྨིན་སྔོན་རྒྱལ་སྤྱིའི་ཐོག་གི་གནོན་ཤུགས་དེ་ཚོས་ཕན་ཆེན་པོ་ཐོགས་ཨེ་ཡོང་། ད་འདིར་མཚམས་འཇོག་གི་ཡིན། རྒད་པོ་ཧོན་ལོག་ཅིག་ལ་ལན་རིང་པོ་བྲིས་བསྡད་ན་ཆུ་ཚོད་འཕྲོ་བརླག་རེད། དེ་བས་རྩོམ་གཞན་པ་ཚོ་ཀློག་ནས་མི་སྣང་བ་མཐོན་པོ་ཅན་རེ་ཡོད་ན་དེ་ཚོར་ཐུར་གཙགས་རེ་བྱས་ན་སྣང་བ་སྐྱིད་པའི་ཁྱད་འདུག
ཨེ་ཀེ། མགོན་པོ་ཕྱག་གཉིས་པ། རྒྱ་ནག་གི་བསམ་བློ་སྨིན་རྒྱུར་ད་དུང་བསྐལ་ཆེན་གྲངས་མེད་དུ་མ་ཞིག་དགོས་ངེས་པས་རྒྱ་ནག་བསམ་བློ་སྨིན་དུས་བོད་འགྲེམ་སྟོན་ཁང་དུ་བསྐྱལ་ཟིན་རྒྱུ་ཡིན་པ་འདྲ།
ཁ་རྩང་ཁ་བརྡ་ཚང་གིས་བཙོན་ལ་བཅུགས་པའི་ངའི་ཁ་བརྡ།
<<>>
དེ་རིང་ཡང་གཡུ་ཚང་ཁྱེད་ལ་རྒྱབ་སྐྱོར་གྱི་ཁ་བརྡའི་ཁ་སྣོན་འདི་་བྲིས་ན་འདོད་སོང་། ཁྱེད་ཀྱིས་ཏྰ་ལའི་དམིགས་འབེན་ལ་བཟུང་བ་ནོར་མི་འདུག གཙོ་བོ་བོད་མིས་ཏྰ་ལའི་ལྷ་རུ་འཛིན་པའི་འདུ་ཤེས་དེ་རེད། འདུ་ཤེས་དེའི་དབང་གིས་བོད་ཀྱི་ཁ་བྲལ་ཀྱི་ལས་འགུལ་འདི་ལ་ནུས་པ་ཐོན་པ་རེད། ད་ལོ་གཅིག་བུའི་ནང་བོད་ཀྱི་ས་ཁུལ་མི་འདྲ་བ་བརྒྱ་ལྷག་གི་ནང་ཛ་དག་གི་ལས་འགུལ་བྱུང་་ཡོད་པ་དེའི་བརྒྱ་ཆའི་གོ་ལྔ་ཡན་ཏྰ་ལའི་ལྷ་རུ་འཛིན་པའི་ཆོས་ལུགས་ཀྱི་འདུ་ཤེས་ཡོད་མཁན་ཚོས་བསླངས་པ་རེད། འདུ་ཤེས་འདི་མུ་མཐུད་ནས་གནས་ཚེ་ཨ་རིས་ཨ་སྒོར་དུང་ཕྱུར་སྟོང་གཅིག་ལྷག་བཏང་སྟེ་མགོ་གནོན་མ་ཐུབ་པའི་ཨེ་རེག་ནང་གི་ཆོས་ལུགས་ཀྱི་འདུ་ཤེས་ལས་བྱུང་བའི་ཁ་ཆེ་བ་ཚོས་རང་སྲོག་བློས་གཏོང་གི་ལས་འགུལ་དེ་འདྲ་བ་བོད་ནང་འབྱུང་ཉེན་ཆེ། དེ་འདྲའི་དམག་འཁྲུག་བྱུང་ཚེ་ང་ཚོའི་མི་དམངས་དུང་ཕྱུར་༡༣་ལ་རེ་གཅིག་ལོའི་མུ་གེ་དེ་འདྲ་ཡང་བསྐྱར་འབྱུང་རྒྱུ་མ་ཟད། ཀྲུང་གོ་རྒྱལ་ཁབ་རྩད་མེད་དུ་ཡང་འགྲོ་སྲིད། ང་ཚོ་བོད་མི་ཞིག་ཡིན་ཡང་ཏང་གི་སློབ་གསོ་མྱང་མཁན་ཞིག་ཡིན་པའི་ཆ་ནས་ཉེན་ཁ་འདི་དག་འགོག་ཆེད་བོད་མི་ཚོས་ཏྰ་ལའི་ལྷ་རུ་འཛིན་པའི་འདུ་ཤེས་རྩད་མེད་བཟོ་བ་ལ་ཐོག་མར་ཁྱེད་ནས་་”བོད་མི་དང་ཏཱ་ལའི་བླ་མ་གཉིས་ལོགས་སུ་བཀར་བར་ཡང་རྒྱུ་མཚན་ཡེ་ནས་མ་མཐོང༌།བོད་མིའི་ངོས་ཐད་ནས་བཤད་ན་ཁོང་ཡང་བོད་མི་ཏཱ་ལའི་བླ་མ་རེད། གསུངས་བ་ལྟར་ཏྰ་ལའི་ལྷ་ཡིན་པའི་འདུ་ཤེས་ལས་མི་ཡིན་པའི་འདུ་ཤེས་ལ་རྒྱུར་ནས་སྐྱོན་བརྗོད་པ་ཡག་པོ་འདུག ཡིན་ནའང་ལོ་བརྒྱ་ཕྲག་མང་པོའི་རིང་གི་བག་ཆགས་ཤ་ཞག་་རུས་ཞག་ལ་སོང་ཡོད་པས་ཁོ་ལོགས་སུ་བཀར་ནས་བོད་མི་དཀྱུས་མ་ཞིག་བཟོ་བ་ལས་སླ་བོ་ཞིག་ག་ལ་ཡིན། གང་བྱས་ཀྱང་ང་ཚོས་ཐབས་ལམ་སྣ་ཚོགས་སྤྱོད་དགོས། མཚམས་མཚམས་བོད་དོན་ལ་ཤ་ཞེན་དང་སེམས་ཁུར་ཡོད་མདོག་མདོག་དང་།སྐབས་སྐབས་ཏྰ་ལའི་ལ་དགའ་ཁུལ་དང་མང་པོ་ཞིག་ཤེས་ཁུལ་བྱས་ནས་ཏྰ་ལའི་ལྷ་ནས་མིར་བསྒྱུར་ཐུབ་ཚེ་བོད་ནང་གི་ཁ་བྲལ་ལས་འགུལ་རང་ཆད་འགྲོ་ལ་།རྒྱལ་སྤྱིའི་ཐོག་གི་ཏྰ་ལའི་ཁོའི་སྟོབས་ཤུགས་ཡང་ཉམ་རྒུད་ལ་འགྲོ་ཐུབ། སྐབས་དེ་དུས་ཁྱེད་ནས་གསུངས་པ་ལྟར’’དེ་ནས་བཟུང་ཏཱ་ལའི་བླ་མའང་བོད་དོན་གྱི་ཆེད་དུ་མཁའ་ལམ་བརྒྱུད་ནས་འཕུར་བ་’’མཚམས་འཇོག་ཐུབ་ལ་།ཏྰ་ལའི་”ས་ལ་བབས་ནས་མི་མང་དང་མཉམ་དུ་་་་་གོམ་བགྲོད་ལ་ཕེབས”ཐུབ། ’’དེ་ནས་བཟུང་ཏཱ་ལའི་བླ་མས་ཀྱང་བོད་དོན་གྱི་ཆེད་དུ་ཁྲི་ཐོགས་ནས་སྨོན་ལམ་རྒྱག་པ་ལས།ཐང་ལ་བབས་ནས་མི་མང་དང་མཉམ་དུ་་་་་་་་་བཞུགས་”ཐུབ་ལ།”ད་ནས་བཟུང་ཏཱ་ལའི་བླ་མའང་ཕོ་བྲང་ནང་་་་སྐུ་མཚམས་ལ་བཞུགས་པ་ལས། ཕྱི་ལ་ཕེབས་ནས་མི་མང་དང་མཉམ་དུ་’’འགྲོ་ཐུབ།
ལྷག་པར་ཏུ་ཁྱེད་ཀྱིས ཏྰ་ལའི་”བོད་དོན་གྱི་ཆེད་དུ་བཙོན་ལ་བཞུགས་དགོས།”ཟེར་བ་ལ་།
ཏྰ་ལའི་བཙོན་དུ་ཁྲིད་རྒྱུ་ནི་ཀུན་སློང་ཡག་པོ་ཞིག་ཡིན་ནའང་འགྲུབ་དཀའ་བ་ཞིག་རེད། ང་ཚོས་ཏྰ་ལའི་ཁོ་གྰན་དྷི་ནང་བཞིན་རང་ཡུལ་ནས་གོམ་་བགྲོད་བྱེད་དུ་འཇུག་ཐུབ་ཚེ་མར་ཁྲིན་ལོ་ཐིར་ཀིན་ལྟར་སྲོག་ལ་ཉེན་ཁ་བཟོ་མཁན་ཡང་ཡོད་སྲིད་ལ། ནེལ་སོན་མན་དེ་ལ་དང་ཨན་སང་སོ་སྐྱེད་ནང་བཞིན་མུན་བཙོན་དང་བཟང་བཙོན་གང་ལ་འཇུག་དགོས་ཀྱང་ལས་སླ་བོ་རེད། དེ་དུས་ཁོས་ཨན་སང་སོ་སྐྱེད་ནང་བཞིན་བཙོན་འོག་ནས་སྡུག་སྐད་རྒྱབ་ནས་སྡོད་རྒྱུ་ལས་ནུས་པ་མི་ཐོན་པ་ནི་སོ་སྐྱེད་ལས་ཤེས་ཐུབ།
བོད་པ་འདི་ཚོ་སྙིང་རྗེ་ཏྰ་ལའི་ལ་དུང་ཞེན་ཆེ་བས་ཏྰ་ལའི་སྐྱོན་བརྗོད་ན་རུབ་ཡོང་ནས་ཏྰ་ལའི་ལ་སྟོད་པ་འབྲི་བཞིན་འདི་རིག་ན་ཁྱོ་ད་སེམས་ལེ་དགའ་ང་ཡང་ནི་སྤྲོ་ནི་ཞིག་རེད།
སྙིང་ཉེ་ཡུགས་ཚང་ལགས། ་ཁྱེད་ཀྱིས་མུ་མཐུད་ནས་བྲིས་དང་ང་ལ་ཁྱོད་ཀྱི་དག་ཆ་དང་སྙན་ཆ་དེ་འདྲ་མེད་ནའང་ངས་མ་ཤི་བར་ཏུ་ཁྱེད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།
རྒྱ་ནག་གི་བསམ་བློ་སྨིན་དུས་བོད་ཅེས་པའི་མིང་ཚིག་འདི་ཡང་སའི་གོ་ལའི་སྟེང་ཤེས་མཁན་སུ་ཡང་མེད། ཡིན་ན་ཡང་དེ་དུས་ཀྱི་མཁས་དབང་ཞིག་གིས་རྩོམ་སྒྲིག་བྱས་པའི་”ལོ་ངོ་འབུམ་གཅིག་སྔོན་གྱི་ས་མིང་མི་མིང་”ཞེས་པའི་ཚིག་མཛོད་ཅིག་ཏུ་བོད་ཅེས་པའི་མིང་ཙམ་ཞིག་རྙེད་ཐུབ།
ཁ་རྩང་ཁ་བརྡ་ཚང་གིས་བཙོན་ལ་བཅུགས་པའི་ངའི་ཁ་བརྡ།
XXXXXX