བོད། ལྷ་ཀླུ་གཉན་གསུམ།
ཕར་སེམས་ཤིག་སྟོན་ནས་སྐད་ཆ་ཞིག།
རུམ་དྲོན་པོའི་ནང་གི་མཛའ་མོ་སྟེ།།
ལུས་རིགས་རུས་མི་གཅིག་ཕྱི་རྒྱལ་མི།།
བྲང་གློ་སྙིང་གཏོད་པ་ནོར་ནི་ཡིན།།
ཁ་དགད་ནས་རང་སྐད་བཤད་ས་ཡི།།
ཤ་མཆིན་པའི་སྟེང་འོག་སྒྱུར་འགྲོ་བའི།།
དམ་འགྱུར་མེད་བརྩེ་བ་ལྷད་མེད་ཅིག།
དེ་སྤྲོད་སའི་རིགས་གཅིག་བཙལ་ན་ཡག།
ཟས་ཁམ་བཀང་ཡོད་ན་ལྷན་ཟ་ཡོད།།
གོས་འདོམ་བཀང་ཡོད་ཀྱང་མཉམ་གོན་ཡིན།།
ལུས་སྐྱིད་སྡུག་གང་ཡོད་མཉམ་འཁུར་ཡིན།།
ཚེ་གཅིག་ལ་དགོས་པ་དེ་འདྲ་ཡིན།།
ཕྱི་བུད་མེད་འཇོན་ཐང་ཆེ་ན་ཡང་།།
ནང་སེམས་པ་རང་གཅེས་དོན་གཉེར་ཡིན།།
རང་གཙོ་བོར་འཛིན་པའི་གཤིས་ཀ་ཡིས།།
ནམ་ཞིག་ལ་དམྱལ་བར་འཕེན་ངེས་ཡིན།།
ནང་བོད་མོ་ཕྱུགས་བདག་མིན་ན་ཡང་།།
སེམས་བསམ་པ་གཞན་གཅེས་བསམ་ཤེས་ཅན།།
གཅིག་འགྲོགས་ཉིན་ཡོད་ཚད་སྟོང་འཕོད་ཆེ།།
སྐྱིད་འཇིག་རྟེན་ཟེར་བ་དེ་ལས་མེད།།
ཁྱེད་ཀྱི་རྩོམ་ཡིག་དེ་ཀློག་གིན་ཀློན་གིན་བྲོ་བ་ཇེ་ཆེ་རེད།
ཚེ་རིང་རྡོ་རྗེ་ལགས། བསྟོད་བསྔགས་བྱས་པ་བཀའ་དྲིན་ཆེ། རྗེས་སུ་མུ་མཐུད་དུ་བསམ་ཚུལ་གསུང་བར་ཕེབས་ཤོག
རིགས་དང་རུས་པ་གཞན་ལ་འཕོ་བ་ཡི།།
སྙིང་དང་སེམས་པ་བསྲེག་པའི་གསལ་ལེ་ང་།།
དུས་རབས་ཤིག་གི་མི་རིགས་ནག་ཅན་ཆགས།།
དེ་ཉིད་བསམ་དུས་ཡིད་ལ་བདེ་སྣང་སྟོང་།།
དངོས་གནས་གསལ་ལེ་ནས་སེམས་གཏམ་ངོ་མ་དེ་བརྗོད་འདུག་ཡ་་་་་བོད་རིགས་བུ་མོར་འཇོན་ཐང་མེད་རུང་།བོད་རིགས་བུ་མོར་བརྩེ་སེམས་ཆེ།བོད་རིགས་བུ་མོར་སྒོར་མོ་མེད་རུང་།བོད་རིགས་བུ་མོར་ངོ་ཚ་ཡོད།