༼བོད་ཀྱི་དུས་བབ༽་དྲ་ངོིས་ནས་འདྲེན་བཀོད་ཞུས།
ཝ་ཞིན་ཊོན་དུ་དུས་དབང་གོ་སྒྲིག་ཚོགས་ཆུང་དང་གཞོན་ནུ་ལྷན་ཚོགས་བར་གླེང་རྙོག་ཅིག་བྱུང་བའི་ཐད། ཁ་སང་དུས་དབང་གྲ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཐོང་ཆུང་བྱས་པ་ཞིག་མིན་པར། གསུང་ཆོས་མཐའ་འཁོར་དུ་ཆབ་སྲིད་ཀྱི་རྣམ་པ་མི་མངོན་པ་བྱ་རྒྱུ་དེ་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་གྲོས་ཆོད་དགོངས་དོན་ཡིན་ཟེར།
ཝ་ཞིན་ཊོན་གྱི་དུས་འཁོར་དབང་ཆེན་སྟེང་། བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་༼ བཙན་བྱོལ་བོད་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པར། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཀྱིས། དེ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་དེ་ཕྱིར་བསྡུ་བྱེད་དུ་བཅུག་ཡོད།
ཁ་སང་ཉིན་རྒྱབ་དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷན་དར་ལགས་ཀྱིས་ངྷ་རམ་ས་ལ་ནས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། སྐལ་ལྡན་བློ་གྲོས་ཀྱི་བྱེད་སྟངས་དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཐུང་ཆུང་བྱས་ཚུལ་སོགས་བློ་ཕམ་གྱི་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ ནང་ཚུད་དུ་སྐལ་ལྡན་བློ་གྲོས་ཀྱིས་ཡིག་ངག་གཉིས་ཐོག་ནས་དགོངས་སེལ་ཞུ་དགོས་པའི་དགོས་འདུན་ཡང་བཏོན་ཡོད།
ཁ་སང་ཕྱི་ཚེས་ ༡༤ ཉིན་ཝ་ཞིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་དུས་དབང་གྲ་སྒྲིག་ཚོགས་ཆུང་ཐུན་མོང་གིས་གསལ་བཤད་ཅིག་གནང་སྟེ། ཐེངས་འདིའི་དུས་དབང་ཐོག སྤྱི་སྒེར་མང་པོས་ཚོང་གཉེར་གྱི་སྙན་ཞུ་འབྱོར་རིགས་ལ་གླ་ཡོད་ཐོག་ས་ཆ་བགོས་ཡོད་ཀྱང་། བོད་ཀྱི་གཞོན་ནུར་དམིགས་བསལ་རིན་མེད་ཐོག་ཚང་ཁང་གོ་སྒྲིག་ཞུས་ཡོད་པ་མ་ཟད། གོ་སྒྲིག་ཚོགས་ཆུང་གིས་གྲོས་ཆོད་ལྟར་ན། གསུང་ཆོས་ཚོགས་ཁང་ནང་གི་བར་ཁྱམས་སུ་གྲ་སྒྲིག་ཚོགས་ཆུང་རང་གི་ཆོས་ཕྱོགས་དང་འབྲེལ་བའི་ཅ་དངོས་རིགས་མ་གཏོགས་མི་གཞན་ལ་ས་ཆ་སྤྲད་མེད་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱི་རེ་སྐུལ་ལ་དམིགས་བསལ་བདག་སྤྲོད་བྱས་ཏེ་ས་ཆ་ཕུལ་ཡོད་སྐོར་སོགས་བཀོད་འདུག
གསལ་བཤད་ནང་བསྟན་དོན། “ཆོས་ཕྱོགས་ཀྱི་ཚོགས་འཛོམས་འདི་ལྟ་བུར་ཕྱི་ཕྱོགས་ནས་གནས་ཚུལ་ཆུང་ཙག་རིགས་ལ་བསྙད་དེ་སྐྱོན་འདོགས་འདྲ་མིན་བཟོ་རྒྱུ་འགོག་ཆེད། ཚོགས་ཁང་བར་འཁྱམས་སུ་ཆབ་སྲིད་ཀྱི་རྣམ་པ་མངོན་རིགས་མི་འབྱུང་བའི་གྲོས་ཆོད་བྱུང་བའི་དགོངས་དོན་བཞིན། གྲ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་གསལ་བཤད་དང་རེ་བསྐུལ་ཞུས་པར་ནུས་པ་མ་ཐོན་པར་བརྟེན། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་གསལ་བཤད་ཆེད་ཕེབས་དགོས་སྐོར་ལན་གསལ་འབྱོར་བ་བཞིན་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཆེད་དུ་ཕེབས་ཏེ་གནད་དོན་ཡོངས་སུ་གསལ་བཤད་ཞུས་ཡོད། འོན་ཀྱང་གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་གསལ་བཤད་ལ་མཐུན་འགྱུར་ངོས་བཞེས་མ་གནང་བ་དང་། ཚོང་གཉེར་ཁོ་ནར་དམིགས་ནས་ཚོང་ཁང་གི་ས་དམིགས་ཕུལ་པའི་ཆ་རྐྱེན་ཁག་ལ་བརྩི་འཇོག་མ་གནང་བར་བརྟེན། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གསུང་ཆོས་གནང་ཡུལ་ཚོགས་ཁང་གི་བར་འཁྱམས་སུ་ཕུལ་པའི་ཚོང་ཁང་དེ་ཕྱིར་བསྡུ་མི་ཞུ་ཀ་མེད་ཆགས་ཀྱང་། ཚོགས་ཁང་ཉེ་འཁོར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཕུལ་པའི་ཚོང་ཁ་དེ་སྔ་སོར་གནས་ཡོད” ཞེས་བཀོད་འདུག
གསལ་བཤད་དེའི་མཇུག་ཏུ། “ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བློ་ཕམ་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གུས་སྐུར་མ་ཞུས་པ་དང་། མཐོང་ཆུང་བྱས་རིགས་གཏན་ནས་མེད་པ་མ་ཟད། མཐུན་འགྱུར་ཞུ་འོས་གང་ཡོད་ཞུས་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བར་ཆད་ཚད་མའི་རིགས་གཏན་ནས་མི་ཡོང་བ་བྱ་རྒྱུ་ནི་ཆོས་ཞུ་བ་ཡོངས་དང་། ལྷག་པར་བོད་མི་ཚོར་དམིགས་བསལ་འགན་འཁྲི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན” ཞེས་བསྟན་འདུག
ཆོས་དང་ཆབ་སྲིད་སོ་སོ་བྱེད་པ་གལ་ཆེའང་། བོད་གཞུང་ཟེར་བ་དེ་བོད་ས་གནས་སྲིད་གཞུང་དང་འགྲེལ་བཤད་བྱས་ཀྱང་མི་རུང་པ་མེད་མོད། ཨ་རི་རང་དབང་ལུང་པ་ནས་ཚོད་འཛིན་བྱས་པ་གནས་དུས་གང་ལའང་མི་འགྲིགས་པར་སྣང་། འགོག་དགོས་ན། སྟོད་གོས་ཞིག་འགོག་པ་ལས་ཆབ་སྲིད་པ་ཚོ་ཆོས་ར་ལ་ཡོང་མི་ཆོག་པ་བཟོས་ན། རྒྱ་ནག་དགའ་ནས་ཐལ་མོ་རྡེབ་པ་དང་། ཆོས་པ་རྣམ་དག་ཏུ་རློམ་པ་ཚོས་སྐྱབས་སུ་མཆི་ཞེས་ཐལ་མོ་སྙིང་གར་སྦྱོར་བར་ངེས།། དོན་མེད་པའི་དགག་བྱ་མང་དྲག་ན་མཐར་༧གོང་ས་མཆོག་གི་ལས་ཁུངས་ཀྱང་སུས་ཀྱང་ཡིད་མི་ཆེས་ས་ཞིག་ཏུ་མི་འགྱུར་རམ། དཔེར་ན་ད་ལྟ་༧གོང་ས་མཆོག་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ལ་སྤྱི་ཚོགས་སུ་རྩིས་མཐོང་ཆུང་རུ་སོང་བ་དངོས་ཡོད་གནས་ཚུལ་གྱུར་བ་ལ་གཟིགས་ཤིག
དེ་ལས་ཀྱང་ད་ལྟ་༧པཎ་ཆེན་བཅུ་བའི་གསུང་ཡིན་ཟེར་བའི་དོལ་རྒྱལ་གྱི་ཆོ་ག བསྟོད་གསོལ། གསེར་སྐྱེམ་སོགས་མི་ཉུང་པ་ཞིག་བོད་ནང་ཁུལ་དུ་སླེབ་བཞིན་པ་ལ་གསུང་ངོ་མ་ཡིན་མིན་ཀྱི་འགྲེལ་བཤད་གསལ་བོ་རེ་དགོས་པར་སྣང་།
༼ བཙན་བྱོལ་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་དེ་ཕྱིར་བསྡུ་བྱེད་དུ་བཅུག་ཡོད་པ་ལ་བློ་ཕམ་གྱི་སྐྱོན་བརྗོད་ཆེན་པོ་ཡོད།
དངོས་ཡོད་གནས་སྟངས་འདི་ལ་ཇི་ལྟར་བསམས་ཡང་འདི་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཞིག་རེད།།
མི་དང་ཚོགས་པ་འདིའི་རིགས་ཀྱིས་ག་དུས་ཡིན་ཡང་བྱ་བ་གང་རུང་ཞིག་ལ་ཁ་གཡར་ནས་བོད་ཀྱི་ལས་འགུལ་བ་བར་ཆད་བྱེད་ཀྱིན་འདུག། བོད་མི་ཞིག་ལ་མཚོན་ན་ཆབ་སྲིད་དང་ཁ་འབྲལ་ཐབས་གཏན་ནས་མེད། གང་སོང་ཡང་གང་ལས་ཡང་དེ་ན་བོད་དོན་ཁྱབ་བསྒྲགས་དང་ལས་འགུལ་ཡོད།
ཁྱོད་ཚོས་རྒྱ་མིས་གང་བཤད་ཀྱི་ཁ་ལ་ཉན་ནས་བྱ་བ་ཞིག་གང་ནས་ཡང་བསྒྲུབས་ཐབས་མེད། ཉིན་མ་ཞིག་ལ་ཁོང་ཚོས་ཁྱོད་ཀྱིས་ཁྱོད་ཀྱི་མཆོད་ཁང་ནས་ཆོས་བྱེད་མི་ཆོད་ཟེར།
ཁྱོད་ཚོ་ཨ་རི་ལ་བསྡད་ནས་ཡིན་འདོད་མ་བྱེད།
ད་རེའི་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་༧གོང་ས་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་བཀའ་དབང་གནང་ཐུབ་པ་དེ་ནི་ཕྱི་སྡོད་བོད་མིའི་ལོ་རྒྱུས་ཐོག་ཆེས་རླབས་ཆེན་ཟིན་ཐོ་ཞིག་རེད། བཀའ་དབང་འདིའི་སྟེང་གཞོན་ལྷན་གྱི་སྟོད་གོས་ཤིག་བཙོང་མ་ཐུབ་པ་དེས་གཞོན་ནུ་ལ་གྱོང་རྒན་ཆེན་པོ་རང་མེད་ལ་རྒྱ་གཞུང་ཡང་དགའ་སྲིད་པ་མ་རེད། གལ་སྲིད་དུས་དབང་ཐོག་སྟོད་གོས་དེ་ཚོང་བའི་དབང་དུ་བཏང་ཡང་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལ་རྒྱ་གཞུང་གིས་ངོ་རྒོད་བྱེད་སྲིད་པ་མིན། གང་ཡིན་ཟེར་ན་བོད་མི་ཞིག་གིས་རྒྱ་ནག་ལ་དགའ་སྡུག་གང་རུང་གི་ལས་ཀ་གང་བྱས་ནའང་རྒྱ་གཞུང་ནས་བོད་མི་སྤྱི་ཡོངས་ལ་འཛིན་པའི་རྣམ་འགྱུར་ནི་ཐེ་ཚོམ་དང་དོགས་ཟ་ལས་གཞན་མེད།
དྲྭ་གྲོགས་འགའ་རེས་གོ་བ་ཡག་པོ་ཞིག་ལོན་མི་འདུག དུས་དབང་བཀོད་སྒྲིག་པས་ཆོས་རའི་ཁོར་ཡུག་ཏུ་ཆབ་སྲིད་ཀྱི་རྣམ་པ་མི་མངོན་ཆེད་ཡིན་ཟེར་བ་ལས་༼བོད་གཞུང་༽ཞེས་པའི་མིང་དེ་གང་དུའང་བཀོལ་མི་ཆོག་ཅེས་བཤད་མི་འདུག དེ་ལྟར་བཤད་རྒྱུའི་དབང་ཆའང་མེད་པ་རེད། འོན་ཀྱང་ངེད་ཚོས་གནས་དུས་གང་ལའང་བསམ་བློ་ཞིག་གཏོང་དགོས། ༸གོང་ས་མཆོག་གིས་༼བོད་གཞུང་༽ཞེས་པའི་མིང་འདི་ཕྱིར་བསྡུ་བྱས་ཚར་ཙམ་ནས་ཁོང་གི་མདུན་དུ་མིང་དེ་འཁོད་པའི་སྟོད་ཐུང་མང་པོ་ཞིག་གོན་ནས་ཡོང་ན་སྣང་ཚུལ་ཁྱད་མཚར་ཞིག་ཀྱང་རེད།
ད་རེས་གོ་སྐབས་ཤོར་བ་དེས་དཔེ་ཟགས་སོང་། གཞོན་ལྷན་ནས་སྲིད་དང་ཚོང་གཉིས་མཉམ་དུ་སྤེལ་དགོས་པ་ཡིན།
ཚོགས་པ་གཉིས་ཀས་གོ་སྐབས་འདི་གཡར་ནས་ཡག་པོ་ཞིག་དང་བཟོས་མ་སོང་ཡང་། བྱ་བ་འགྲོ་ཚར་ཀྱང་། རྩེད་མོས་རྔ་མ་དེ་མ་འཁྱོག་ན་ཡག་པོ་རེད། ཞུ་བ་དངོས་དེ་༧གོང་ས་ཡིད་བཞིན་ནོར་བུ་རང་ལག་ཏུ་ཡོད། དམ་པའི་ཆོས་གཉིས་མེད་རྒྱུད་རྒྱལ་གལ་ཆེན་ཞིག་ཡིན་པ་ཚང་མས་ཤེས་ན་དམ་ཚིག་རྣམས་དེ་བས་གལ་ཆེའོ། ནག་ཉེས་ཞིག་བྱུང་ཚེ་སྐུ་སྒེར་སྟེང་ལ་གཡུགས་རྐྱང་མ་བྱས་ན་བཟང་། དགྲ་དགའ་གཉེན་སྡུག་གི་ལས་ཀ། ཤེས་ཡོན་ཅན་དང་ཆོས་པ་ཡང་དག བདེན་དྲང་གི་ལྷག་བསམ་ཅན་རྣམ་དམའ་ས་རུ་བཞག་པ། ཆོས་རྒྱུད་ཆོལ་ཁ་ལ་ཕྱོགས་རིས་བྱེད་པ། རབ་བྱུང་དང་སྔགས་པ་ལ་མཐོ་དམན་ལྟ་བ། ཕོ་མོ་ལ་དབྱེ་བསལ་འདི་ཚོ་རང་དབང་ལུང་བ་ཨ་རི་འདྲ་མ་ཟད་ས་ཆ་གང་ཞིག་ནས་སྒྲིག་ཁྲིམས་གསར་བ་བྱུང་ཡང་མི་འོས་པ་ཞིག་མཐོང་གི་འདུག ཡིད་བཞིན་ནོར་བུ་ལོག་པར་བེད་སྤྱོད་གནང་ན་ཚེ་འདི་ཕྱི་གཉིས་ཕུང་རེད། གནས་སྐབས་དཔལ་འབྱོར་དང་གོ་ས་སྙན་གྲགས་ཞིག་ལ་སྙིང་པོ་ཅི་ཡང་ཡོད་མ་རེད། ༧གོང་ས་མཆོག་གི་གསུངས་རྣམས་མདོར་བསྡུས་ན་འདི་འདྲ་ཞིག་རེད་བསམ་ཡོད།
http://www.tibetcy.com/showart.asp?art_id=975
http://www.tibetcy.com/showart.asp?art_id=975
༸གོང་ས་སྐྱབས་མགོན་ཆེན་ པོས་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་འདི་ཉིད་སྤྱོད་ཕྱོགས་ཐད་རྒྱལ་ཡོངས་ ཚོགས་ཆེན་མཇུག་སྒྲིལ་གྱི་མཇལ་ཁའི་སྟེང་ཇི་ཙམ་གྱིས་ནན་ཏན་དང་ཐུགས་གཟབ་ཀྱིས་ དགོངས་ཚུལ་གསུངས་པ་ད་ལྟ་སོས་པ་སོས་རྐྱང་སྟེ་དྲོད་ཙམ་ཡང་ཡལ་མེད།
ཁོང་གི་བཀའ་སློབ་དྲོད་ཙམ་ཡང་ཡལ་མེད་པའི་ཤུལ་ནས་ཁོང་གིས་ནན་ཏན་དང་གཟབ་ནན་ གྱིས་བེད་སྤྱོད་རུང་མིན་འགྲེལ་བཤད་གནང་ཚར་ཙམ་གྱི་ཐ་སྙད་ཅིག་ཁོང་ཡོད་སའི་ འགྲམ་ནས་མངོན་གསལ་དོད་པོས་འཕྱར་ཡོང་སྟངས་དེ་དོན་དམ་དུ་ཚོང་ཙམ་གྱི་ཆེད་དུ་ ཡིན་དང་ཡང་ན་ངོ་རྒོལ་ཅིག་ཡིན། དེ་མིན་གང་ཞིག་ལ་འཁང་ར་བྱེད་ཀྱིན་ཡོད་ཞིབ་ཚགས་ཀྱིས་དཔྱད་པ་བྱ་དགོས་པ་རེད། སྣང་ཚུལ་འདི་འདྲ་ཞིག་ངའི་མཐོང་སྣང་ལ་བྱུང་ན་དངོས་གནས་ཡག་པོ་ཞིག་ཡིན་པ་ངོས་ འཛིན་བྱ་ཐུབ་ས་མ་རེད།
མ་གཞི་གཞི་རིམ་རྒྱ་ཆེའི་བོད་མི་མང་ཕལ་ཆེར་གྱིས་༸གོང་ས་སྐྱབས་མགོན་ཆེན་པོའི་དུས་གསུམ་གསལ་གཟིགས་ཀྱི་ནན་ལྗིད་ཆེ་བའི་བཀའ་སློབ་དང་གསུང་འཕྲིན་དེ་དག་གསན་པའི་རྗེས་གང་ཞིག་ལ་བླང་དོར་བྱ་དགོས་པའི་ཐད་ངེས་ཤེས་བརྟན་པོ་ཏན་ཏན་རྙེད་ཡོད། ཐ་སྙད་འདིའི་ཐད་༸གོང་ས་མཆོག་དང་འཛིན་སྐྱོང་གི་དགོངས་ཚུལ་གཅིག་གཅིག་གཉིས་གཉིས་ཀྱིས་འགྲེལ་བཤད་གནང་ཟིན་ཙམ་གྱི་གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་སྦྱར་བའི་གྱོན་གོས་ཤིག་གྱོན་གི་བསྡད་ན་གནས་དུས་དང་འཚམ་མིན་ཤེས་ཀྱི་རེད། ༸གོང་ས་མཆོག་དང་འཛིན་སྐྱོང་གི་ཐག་གཅོད་ལ་ངོས་ལེན་མེད་པའི་རྣམ་པ་ཞིག་མ་གཏོགས་དེས་གཞན་གང་ཡང་མཚོན་ཐུབ་ཀྱི་མ་རེད།
དེར་བརྟེན་གཞི་རིམ་མི་མང་ཕལ་ཆེ་བས་ཐ་སྙད་འདི་འདྲ་བྲིས་ཡོད་པའི་སྟོད་གོས་ཤིག་ཏན་ཏན་ཉོ་གི་མ་རེད་ལ། དམིགས་བསལ་ད་ལྟའི་དུས་ཚོད་འདི་འདྲར་༸གོང་ས་མཆོག་གི་ཉེ་འགྲམ་ནས་ཉོ་བ་དང་གྱོན་པ་སོགས་ཏན་ཏན་བྱེད་མི་སྲིད་པའི་ཚོད་དུ་ཡོད། གཞོན་ལྷན་ནས་ཀྱང་ཚུལ་འདི་ཏན་ཏན་མཁྱེན་གྱི་ཡོད་ཤག་རེད། འདི་ལྟར་ཚོང་རྫས་ལ་འགྲོ་རྒྱུགས་དེ་ཙམ་ཡོང་མདོག་མེད་པ་ཤེས་ཀྱིན་ཤེས་ཀྱིན་ཚོང་རྫས་འདི་འདྲ་ཞིག་འགྲེམས་བཀྲམས་བྱ་རྒྱུ་དེ་གང་འདྲ་ཡིན་ན།
ཐེངས་འདིར་གཞོན་ལྷན་གྱི་བྱེད་སྟངས་དེར་ངས་མཐའ་གཅིག་ཏུ་ནོར་འཁྲུལ་ཞིག་ཏུ་བརྩི་བཞིན་ཡོད། ལོ་རྒྱུས་ཐོག་གཟི་བརྗིད་ཤིན་ཏུ་ཆེ་བའི་དུས་དབང་འདིའི་སྐབས་ཕྱི་དགྲ་ལངས་པའི་འཚུབ་ལོང་གང་ཡང་བྱུང་མེད། འོན་ཀྱང་ནང་ལོགས་ནས་ལས་དོན་གྱི་ཞབས་འདྲེན་མཁན་འདི་འདྲ་ཞིག་བྱུང་བ་རེད། ཧ་ཅང་བློ་ཕམ་ཡོད།
༡། སྟོད་གོས་ཀྱི་ཚོང་རྫས་དེར་བྲིན་ཁ་མེད་པ་མངོན་གསལ་དོད་པོ་ཡིན་བཞིན་དུ་འཚོང་འགྲེམས་བྱས་པ་དང་གཅིག
༢། དུས་ཚོད་འདི་འདྲར་ཚོང་རྫས་འདི་འདྲ་ཞིག་༸རྒྱལ་བའི་ཉེ་ས་ནས་འགྲེམས་བཀྲམས་བྱེད་པ་འོས་འཚམ་མིན་པ་ཤེས་བཞིན་དུ་འགྲེམས་བཀྲམས་བྱས་པ་དང་གཉིས།
༣ བོད་དང་བོད་རང་བཙན་ཟེར་བ་ལྟ་བུའི་ཐ་སྙད་ཀྱི་རིགས་དག་མིའི་སེམས་འདུན་དང་མོས་པ། འཚོལ་སྙེགས་སོགས་མཚོན་བྱེད་དུ་བཀོལ་སྲོལ་ཡོད་ཀྱང་། བཙན་བྱོལ་བོད་གཞུང་ཟེར་བ་ལྟ་བུ་གཞུང་གི་བརྗོད་ཚིག་དང་འབྲེལ་ནས་མིའི་འདུན་མོས་སོགས་མཚོན་བྱེད་དུ་བཀོལ་སྲོལ་མེད་ཅིང་། ད་ཐེངས་དུས་ཚོད་འདི་འདྲར་འདི་ལྟར་བཀོད་པ་དེར་གང་ཞིག་ལ་ངོ་རྒོལ་ལམ་གང་ཞིག་ལ་འཁང་ར་བྱེད་པ་ལྟ་བུ་ལས་གཞན་གང་ཡང་མཚོན་མི་ཐུབ་པ་ཆེས་མངོན་གསལ་ཡིན་པ་དང་གསུམ།
༤། ༸གོང་ས་མཆོག་གི་སྐུ་མདུན་ནས་གསང་སྔགས་ཀྱི་ཆོས་ཞུ་མཁན་ཕལ་ཆེར་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཡིན་དགོས་པ་སྔགས་ཀྱི་ཆོས་སྐོར་ལ་རྒྱུས་ཡོད་ཀྱིས་མཁྱེན་གསལ་ཡིན་སྟབས། དུས་ཚོད་འདི་འདྲར་ཐ་སྙད་འདི་འདྲ་བྲིས་ནས་སྟོད་གོས་ཤིག་གསུང་ཆོས་རྭ་བའི་ནང་འཚོང་འགྲེམས་བྱས་པ་ཡིན་ན་ཆོས་ཞུ་བ་ཕལ་ཆེར་ལ་མཐོང་ཚུལ་མི་ལེགས་པ་ཡོང་རྒྱུ་ཤེས་བཞིན་དུ་འདི་ལྟར་འཚོང་འགྲེམས་བྱས་པ་དང་བཞི།
༥། བརྒྱུད་རིམ་དེ་དག་གི་ཁྲོད་ནས་རང་ལ་ཁེ་ཕན་མེད་པ་ཙམ་དུ་མ་ཟད་རང་གཞན་གཉིས་ཀར་དོན་མེད་ཀྱི་རྙོག་གླེང་ཡོང་རྒྱུ་དང་རྙོག་གླེང་དེས་སྤྱི་ཚོགས་ཁྲོད་དོན་མེད་ཀྱི་དཀའ་ངལ་ཐོལ་པ་བཟོ་རྒྱུ་སོགས་སྔོན་དཔག་ཕལ་ཆེར་ཐུབ་ཚོད་ལ་ཤེས་བཞིན་སྣང་མེད་བཏང་བ་དང་ལྔ་སྟེ། རྒྱུ་མཚན་ལྔ་པོ་འདིར་བརྟེན་ནས་ངས་གཞོན་ལྷན་གྱིས་ད་ཐེངས་དགྲ་དགའ་གཉེན་སྡུག་གི་ནོར་འཁྲུལ་བྱས་ཡོད་པར་ངོས་འཛིན་མི་ཞུ་དཀའ་མེད་བྱུང་།
ལྷོ་ཕྲུག་གི་མཆན་བུ་༡༠པར་རྒྱབ་སྐྱོར་ཆ་ཚང་ཡོད། མདོར་བ་ན་༸རྒྱལ་བ་རིན་པོ་ཆེས་ཆོས་དང་སྲིད་ཁ་ཁག་སོ་སོར་བཟོ་གནང་དུས་བོད་མི་འགའ་ཤས་ཀྱིས་འུ་ཐུག་ནས་ཆོས་དང་སྲིད་མཉམ་བསྲེས་བྱས་པ་འདིས་ནོར་འཁྲུལ་ཆེན་པོ་མིན་ནམ། སོམས་ཤིག
གནས་ཚུལ་འདི་ཆེ་ཆུང་ག་རེ་བཟོས་ཀྱང་། བཟོ་རྒྱུ་ཡོད་པ་ཞིག་ཡིན་པ་འདྲ། གལ་ཏེ་ཆུང་ཆུང་བཟོས་ན་ཆུང་ཆུང་རེད། བོད་པ་ནང་ཁུལ་གྱི་གནས་ཚུལ་རེད། དེ་ཡང་དུས་དབང་ཞིག་གི་རིང་གི་གནས་ཚུལ་རེད། གལ་ཏེ་ཆེན་པོ་བཟོས་ན་ཆེན་པོ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཤད་རྒྱུ་དང་ལས་རྒྱུ་ཚང་མ་བོད་མི་རིགས་ཀྱི་རྩ་དོན་རེད། དཔེ་ན། ཟམ་གདོང་རིན་པོ་ཆེས་ལོ་བཅུའི་བཀའ་ཁྲིའི་དུས་ཡུལ་རིང་། བོད་མིའི་རང་དབང་གཅེས་འཛིན་གྱི་ལག་དེབ་རྣམ། དཔྱ་ཁྲལ་ལག་དེབ་ཏུ་མིང་རྒྱུར་བྱས་པ་དང་། བོད་གཞུང་གི་ས་ཁང་སྒེར་བདག་ཏུ་རྒྱུར་བ། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་དགོས་པ་ལས། རྒྱ་དམར་ཞེས་བཤད་མི་ཆོག ཀྱུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་འཛིན་གནང་བའི་༧པན་ཆེན་རིན་པོ་ཆེ་ཟེར་དགོས་པ་ལས། རྒྱ་དམར་གྱིས་༧པན་ཆེན་རྫུན་མ་ཟེར་མི་ཆོག་པའི་གཞུང་འབྲེལ་གྱི་བཀའ་རྒྱ་བཏང་བ་དང་། མ་ཟད་འདི་ལོ་བཀའ་ཁྲིའི་དུས་ཡུལ་རྫོགས་ལ་ཉེ་བའི་སྐབས་ཚ་ཚ་འུར་འུར་གྱིས་དུས་ཡུལ་ཐུང་ངུའི་ནང་། བཙན་བྱོལ་བོད་གཞུང་བསྡུ་གསོག་བརྒྱབ་སྐབས། གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་གི་མིང་བྱང་འདི་རྒྱུན་ནས་ཐུབ་པའི་འབད་པ་ཞུ་རྒྱུའི་དམ་བཅའ་བཞག་པ་ཞིན། ད་རེས་ཀྱི་དུས་དབང་འདི་དང་སྟུན། བོད་གཞུང་གི་མིང་བྱང་བེད་སྤྱོད་བྱས་པ་ཞིག་རེད་འདུག སྐལ་ལྡན་བློ་གྲོས་ཀྱིས་རྩ་དོན་ནི་༧གོང་ས་མཆོག་གིས་མཚན་སྙན་གྱི་ཆེད་དུ་རེད་འདུག་པས། དེར་རྟེན། བོད་མི་རིགས་གདམ་དང་། ཡང་ན་༧གོང་ས་མཆོག་གདམ་ཞེས་པའི་དྲི་བ་འདི་འདྲ་ཞིག་ཡོང་མ་སྲིད་བ་རེད་མི་འདུག།།
ངས་བལྟས་ན་སྟོད་ཐུང་ཞིག་བཙོང་བ་ལ་དེ་འདྲའི་གུ་དོག་བྱེད་དགོས་དོན་ཨེ་ཡོད།གཞོན་ནུ་ཚོགས་པ་ལ་རྒྱབ་སྐྱོར་གྱིས་ཚུལ་དུ་ས་ཆ་རིན་མེད་དུ་ཕུལ་ནས་གཞོན་ནུ་ཚོགས་པའི་ལངས་ཕྱོགས་ལ་བཀག་འགོག་བྱེད་པ་ནི་ཡ་མཚན་རེད། གཞོན་ནུ་ཚོགས་པ་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ཡིན་པས་ཚོང་རྒྱག་ས་དང་མི་ཚོགས་ས་གང་དུ་ཡིན་ནའང་ཁོང་ཚོའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་མཚམས་འཇོག་གནང་མི་སྲིད་པ་ང་ཚོ་ཚང་མས་ཤེས་ངེས་པས། གལ་ཏེ་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་དེ་འདྲའི་སྒྲིག་གཞི་ཞིག་ཡོད་ན་སྔ་ས་ནས་གསལ་བཤད་གནང་དགོས་མོད། དེ་ལྟར་མ་བྱུང་བར་དོན་དག་ཅིག་བྱུང་ཚར་བའི་རྗེས་ལ་གསལ་བཤད་ཡང་བཤད་གནང་བ་ནི་འཐུས་ཤོར་ཞིག་རེད། མ་གཞི་སྟོད་ཐུང་ཞིག་བཙོང་བ་ལ་དེ་འདྲའི་དོགས་འདྲོག་ལངས་དོན་མི་འདུག གཅིག་བྱས་ན་སྟོད་ཐུང་དེ་བཙོང་བ་ལ་བརྟེན་ནས་རྒྱ་གཞུང་ལ་ཏོག་ཙམ་ཕོག་འགྲོ་གི་རེད། རྒྱ་གཞུང་ཕོག་ཐག་མི་གཏོང་བའི་བོད་ཀྱི་དོན་དག་ཅིག་གང་དུའང་མེད། དེ་ལས་ཀྱང་སྟོད་ཐུང་བཙོང་མཁན་གཞོན་ཚོགས་ཡིན་པ་ལས་བོད་གཞུང་མིན་པས་དེས་བོད་གཞུང་གི་ལངས་ཕྱོགས་མི་མཚོན། དེས་ན་བཀག་འགོག་འདིས་ང་ཚོའི་ནང་བསམ་བློའི་ཤོངས་སྟོབས་ཤིག་མཚོན་འདུག་པས། ངས་བལྟས་ན་ང་ཚོར་ཤོངས་སྟོབས་ཆེ་བའི་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་ཆད་འདུག་སྙམ།།
སྤྱིར་གཞོན་ནུའི་སྒྲིག་འཛུགས་སམ་ཚོགས་པ་འདིས་བཙན་བྱོལ་སྤྱི་ཚོགས་ལ་ཕན་པའི་ལས་བྱས་ཡོད་པ་ལས་གནོད་པའི་ལས་བྱས་ཡོད་པ་མ་རེད་དེ། ཆབ་སྲིད་ཀྱི་བྱ་བ་ཟེར་དུས་ཕུགས་བརྟན་པོ་ཞིག་ཡོང་དགོས་ན་འཚབ་འཚུབ་བྱེད་མི་ཉན་པ་འདི་གནད་འགག་གཅིག་ཏུ་མཐོང་། ལས་འགུལ་སྤེལ་ན་ཡང་རྣམ་པ་དང་ངོ་བོ་མ་ནོར་བ་དང་ལྷག་པར་དུས་དབང་སྐབས་ལྟ་བུར་ལས་འགུལ་སྤེལ་ན་མི་ཆོག་པ་ཅི་ཡོད་མོད། ཕན་དང་གནོད་རྒྱ་ཆེ་ས་ནས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་སྙམ། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་སྐལ་ལྡན་བློ་གྲོས་ལ་མཚོན་ན་ཡང་རྣམ་དཔྱོད་ཡོད་པའི་མི་གཅིག་རེད། ཁོས་ནམ་རྒྱུན་གསར་འགྱུར་ཤོད་སྐབས་བོད་ཀྱི་རྩ་དོན་ལ་ཕན་པ་དང་དྲི་བ་དྲིས་ལན་སོགས་ཧ་ལས་བའི་ཡག་པོ་རེད། ཁོང་གི་བྱེད་སྟངས་འདི་ལ་གཞོན་ནུས་ལྟ་སྟངས་ཅུང་ཟད་བློར་མ་བབས་པ་དང་མ་མཐུན་པ་ལས་ད་རེས་ཉོག་འཛིངས་འདི་བྱུང་བ་གསལ་བོ་རེད། གང་ལྟར་རྣམ་པ་ཚང་མས་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་ཀ་བྱས་སོང་ལ་གང་མྱུར་འགྲིག་འཇགས་ཡོང་བར་འབོད་སྐུལ་ཞུ།།
དུས་དབང་སྐབས་ཆབ་སྲིད་ཀྱི་རྣམ་པ་མངོན་ན་མི་ལེགས་ཞེས་བའི་གོ་སྒྲིག་ཆོགས་ཆུང་གི་ཁྲིམས་ལུགས་འདི་དོན་གྱིས་གཞོན་ནུ་ལ་ཁ་གཏད་གཅག་པ་ལས་སྐུ་མདུན་གྱིས་དུས་སྐབས་དེ་དག་ཏུ་ཨ་རིའི་ཆབ་སྲིད་ཀྱི་གནད་ཡོད་དག་ལ་མཇལ་འཕྲད་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད། མ་འོངས་བའི་ཡང་སྲིད་ངོས་འཛིན་ཐད་ཀྱི་གསུངས་བཤད་འདི་དག་ཆབ་སྲིད་མིན་པའི་འགྲེལ་བཤད་གནང་དཀའ།
བོད་གཞུང་ཞེས་བའི་ཚིག་འདི་ནི་ད་ལྟ་སྐུ་མདུན་གྱི་མདུན་དུ་ཁྲིམས་འགལ་དང་དུས་དབང་གོ་སྒྲིག་པའི་མདུན་དུ་ཉེས་ཅན་ཡིན་པ་བློ་ཕམ་རེད། གནད་དོན་དེ་དག་གཙོ་འཛིན་གྱི་དག་གི་མདུན་དུ་ཁྲིམས་འགལ་ཡིན་ན་རྒྱ་དང་རྩོད་པ་བྱེད་རྒྱུ་དེ་གནད་དོན་དེ་ཙམ་ལྷག་པ་གསལ་བ་རེད།
གྲྭ་གྲོགས་ཚོ་།་་་མ་གཞི་ནས་ཆོས་ཟེར་ན་གང་འདྲ་ཞིག་གོ་དགོས་རེད་།་་་་་སྲིད་ཟེར་ན་ཅི་འདྲ་ཞིག་ཟེར་གི་ཡོད་རེད།་་་་་་་་ང་ཚོའི་བསྡུག་སྐད་བརྒྱག་ཡག་དེ་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ཞིག་་་་རེད་དང་མ་རེད་་་་ང་ཚོ་ལ་སྡུག་བསྔལ་ཆེན་པོ་ཞིག་་་་་ཡོད་རེད་དང་མ་རེད་་་་བདེ་སྡུག་དངོས་ཀྱི་ཐོབ་ཐང་བརྩད་པ་དེ་ཆོས་དང་འགལ་བ་ཞིག་ཨེ་ཡིན་ན་་་ངོ་མ་བཤད་ན་སྲིད་དོན་འཁྲབས་ཁན་སུ་རེད།་་་གོ་སྒྲིགས་ཚོགས་ཆུང་་རེད་དམ་་་་གཞོན་ནུ་རེད་།་་་རྒྱ་མི་རིགས་ཀྱི་་ངོ་བསྲུངས་སམ་ཡང་ན་རང་གིའི་མིང་གྲགས་ཀྱི་ཆེད་དུ་་བོད་མི་རིགས་ཀྱི་་སྡུག་བསྔལ་་ཡར་བར་དོར་ན་དེ་ཆོས་རེད་དམ་སྲིད་རེད་་་་་ཁྱེད་རང་དངོས་གནས་་་་་བཙན་བྱོལ་བོད་གཞུངས་་་་ཞེས་པའི་མིང་དེ་་མཐོང་འདོད་མི་འདུག་གམ་་གལ་སྲིད་ཁྱེད་ལ་མི་དགོས་ན་་་ང་ལ་ངེས་པར་དགོས་དོད་ཅི་ཞིག་ཡོད།།་་་་་ཡིན་ནའང་མིང་འདི་ཡི་ཆེད་དུ་བོད་རྒྱལ་ཁབ་ཟེར་བ་འདི་ཡི་ཆེད་དུ་རང་རེས་སྤུན་གྲོགས་འབུམ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་ལ་་ད་དུང་ཡང་འགྲོ་བཞིན་པ་དང་མ་འོང་པ་ནའང་བཏོན་བར་ངེས་པ་རེད་།་་་་དེས་ན་ཁྱེད་ཀྱིའི་རྣམ་ཤེས་དེ་ཚོར་སྙིང་རྗེ་མེད་ན་ནའང་མཐོང་ཆུང་བྱས་ན་ཨེ་འགྲིགས་སམ་།།།་་་་།་་་་
རྒྱ་མིས་བོད་ས་ཡོངས་རྫོགས་གྱུར་མིག་ཏུ་བཏང་ཡང་ད་ལྟ་བར་དུ་འཛམ་གླིང་གི་མི་མང་གི་ཀླད་པའི་ནང་དུ་བོད་ཅེས་པ་འདི་རྒྱ་ནག་གི་འོག་མིན་པར་ཐ་དད་ཡིན་པར་གསལ་པོར་ཤེས་པ་འདི་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་རེད། ༧གོང་ས་མཆོག་ནས་བོད་ཀྱི་ནང་ཆོས་ཀྱི་ཐུན་མིན་རིག་གཞུང་འདི་ཉིད་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་ཁྱབ་སྤེལ་གནང་བའི་བཀའ་དྲིན་རེད། ༧གོང་ས་མཆོག་གི་གསུང་ཆོས་གནང་སར་བོད་རྒྱལ་ཁབ་ཆེན་པོའི་མིང་བྱང་འཁོད་པའི་སྟོད་གོས་སོགས་གང་བེད་སྤྱོད་བྱས་ཀྱང་དེ་ནི་ཁྲིམས་འགལ་ཞིག་མིན། དུས་དབང་གོ་སྒྲིག་ཚོགས་ཆུང་གི་གསལ་བཤད་བྱས་པ་དེ་དག་རྒྱུ་མཚན་ལྡན་པ་མཐོང་མ་སོང་། སྲིད་དོན་བཤད་ཆོག་གི་མེད་ན་དུས་དབང་བཀའ་དབང་སྩལ་སྐབས་བོད་གཞུང་གི་བཀའ་ཁྲི་གསར་རྙིང་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་པའི་གཞུང་ཞབས་ཀུན་དང་། སྐལ་ལྡན་བློ་གྲོས་ཀྱིས་གཙོས་པའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་མི་ཡོངས་རྫོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་པ་སོགས་ཕེབས་ཆོག་གི་མེད་གང་ལགས་ཞེས་ན་ཁོང་ཚོ་ཚང་མ་རྒྱ་དམར་ལ་གནོད་པའི་སྲིད་དོན་པ་རྐྱང་རེད།
གཞོན་ལྷན་ནི་མི་རིགས་ཀྱི་ལ་རྒྱ་སྲུང་མཁན་གྱི་བོད་པའི་ཚོགས་པ་གཅིག་པོ་འདི་ཡིན། ཁོང་ཚོས་དཔལ་འབྱོར་བསྡུ་བཀོད་ཇི་ལྟར་བྱས་ཀྱང་དངུལ་རྣམས་ལག་ལེན་དངོས་ཀྱི་ཐོག་ནས་བོད་རང་བཙན་ལེན་ཐབས་ཀྱི་ལས་འགུལ་རྣམ་མང་ཐོག་གཏོང་གི་ཡོད། སྐལ་ལྡན་བློ་གྲོས་ཀྱི་བྱ་སྤྱོད་དེར་བློ་ཕམ་ཡོད་ལ་མ་འོང་པར་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་དེ་ཉན་རྒྱུར་ཞེན་པ་ལོག་སོང་། བོད་རྒྱལ་གྱུར་ཅིག རྒྱལ་གཅེས་དཔའ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱལ་གྱུར་ཅིག
ངས་བསམས་ན། དེ་རིང་གི་གནད་དོན་འདི་གལ་ཆེ་ཆུང་ཇི་ལྟར་ཡིན་དབྱེ་ཞིབ་བྱེད་སྐབས། ཆོས་སྲིད་གཉིས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་ན་མཐར་གལ་ཆེ་ཆུང་གི་གྲུབ་འབྲས་ཤིག་རྙེད་ངེས་རེད། ཆོས་ཕྱོགས་ནས་བལྟས་ན། ་གོང་དུ་རེ་འགས་གསུངས་པ་བཞིན་རེད། གལ་ཆེར་མི་སྙམ་པ་ཡང་བདེན།་ ་སྲིད་ཕྱོགས་བལྟས་ན། གོང་དུ་མང་ཆེ་བས་གསུངས་པ་བཞིན། དེ་རིང་གི་གནད་དོན་འདི་དོན་ཆུང་བརྩིས་ཏེ་ཟུར་དུ་འཇོག་པའི་གནད་དོན་ཞིག་རྩ་བ་ནས་མ་རེད། ལོ་རྒྱུས་དང་རྒྱབ་ལྗོངས་ཀྱི་ཆབ་སྲིད་ཀྱི་གནད་དོན་ཕར་བཞག ང་ཚོ་བོད་མི་རིགས་ཀྱི་ཆབ་སྲིད་འཐབ་རྩོད་པ་ཞིག་ཡིན་པའི་ཁུལ་རེད། ང་རང་ཚོས་དེ་འདྲ་གནང་བསྡད་པ་ཡིན་ན། འཛམ་གླིང་མི་དམངས་ཀྱི་མདུན་དུ་ང་ཚ་གི་མི་འདུག་གམ། ང་ནི་ངོ་ཚ་གིན་འདུག་་་ང་ཚོའི་ངོས་ནས་ཅི་ཡང་མི་ཐུབ་ཀྱང་། གཞིས་ལུས་བོད་མིས་རེ་བ་གནང་ས་དང་འཛམ་གླིང་མི་མང་གིས་ཆེས་མཐོང་ཡོད་པ། ་རྒྱ་ནག་གཞུང་གི་མིག་ནང་དུ་མི་འགྲོ་བའི་གཞོན་ནུའི་ལས་དོན་ལ་འགོག་རྐྱེན་མ་སྤྲོད་རོགས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་༼ བཙན་བྱོལ་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པ་དེ་ལ་གོང་ཚད་ག་ཚོད་ཡིན་ནམ།
གལ་ཏེ་ཚོགས་པ་གང་རུང་ཞིག་གིས་༼བོད་ཀྱི་ཞོན་ནུ་ལྷན་ཚོགས་༽ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱས་ན་ཞོན་ནུ་ལྷན་ཚོགས་ནས་རང་གར་འཇོག་སྲིད་དམ།
༡༤ ཉིན་ཝ་ཞིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་དུས་དབང་གྲ་སྒྲིག་ཚོགས་ཆུང་ ཐུན་མོང་གིས་གསལ་བཤད་ཅིག་གནང་སྟེ། ཐེངས་འདིའི་དུས་དབང་ཐོག སྤྱི་སྒེར་མང་པོས་ཚོང་གཉེར་གྱི་སྙན་ཞུ་འབྱོར་རིགས་ལ་གླ་ཡོད་ཐོག་ས་ཆ་བགོས་ ཡོད་ཀྱང་། བོད་ཀྱི་གཞོན་ནུར་དམིགས་བསལ་རིན་མེད་ཐོག་ཚོང་ཁང་གོ་སྒྲིག་ཞུས་འདུག།
གནས་ཚུལ་དེས་གང་ཞིག་མཚོན་གི་རེད་ཞེས་ན་དེས་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་གཞོན་ནུ་ལྷན་ཚོགས་ལ་ཆེད་ཐོང་དང་གུས་སྐུར་ཞུས་པ་ཞིག་མཚོན་གི་འདུག།
དེར་བརྟེན་གཞོན་ནུའི་ཚོགས་གཙོ་དབུས་པའི་མི་དམངས་རྣམས་ཀྱི་གནས་ཚུལ་དེ་རང་གར་བཞག་ན་བཟང་བར་སྙམ།
ང་ཚོ་བོད་པ་ལ་གཏམ་དཔེ་ཞིག་ཡོད་པ་རེད་། རྡོ་ཡར་བཀྱགས་ནས་རང་གིས་རྐང་པར་གཞུས་་ཞེས་པའི་དཔེ་ལྟར་མ་བྱེད།།
རྡོ་ཡར་བཀྱགས་ནས་རང་གིས་རྐང་པར་གཞུས་ཞེས་པའི་དཔེ་ལྟར་མ་བྱེད། ་་་་་ཚེ་བསམ་ལགས་སྐུ་ཚེ་རིང་ཡ། གཏམ་དཔེ་འདི། བོད་པའི་གཏམ་དཔེ་མ་རེད་ལགས། རྒྱ་མིའི་གཏམ་དཔེ་རང་རེད་ལགས།།
གནས་ཚུལ་འདིའི་ཐོག་དུས་དབང་གོ་སྒྲིག་པའི་བྱེད་སྟངས་དེ་འགྲིགས་པ་ཞིག་རེད།སྔར་གཞོན་ཚོགས་ཟེར་དུས་རྒྱ་མིའི་ཐོག་ཏུ་མཆོངས་མཁན་ཞིག་ཡིན་ཡང་ཚོགས་གཙོ་རིག་འཛིན་དང་དྲུང་ཆེ་ལྷ་དར་ཟེར་བ་འདི་གཉིས་ཚོགས་པ་འདིའི་ནང་སླེབས་པ་ནས་བཟུང་རྒྱ་མི་ཕར་བཞག་ནས་ཚུར་༸རྒྱལ་བ་རིན་པོ་ཆེའི་ཐོག་ཏུ་ཟུག་མཁན་ཞིག་ཏུ་གྱུར་སོང་།་་་་་་་་་་་་་་་་་་་་་་ད་གང་ཡིན་མི་ཤེས་ཡ།
སྐྱིད་ཆུ་ཚང་ལགས་གཏམ་དཔེ་ཞེས་པ་དེར་རྒྱ་གཏམ་དང་བོད་གཏམ་ཞེས་དབྱེ་བ་འབྱེད་རྒྱུ་ཨེ་ཡོད་།
ངའི་བསམ་པར་གཏམ་དཔེ་ཞེས་པ་དེ་ནི་གང་ཟག་གང་ཡང་རུང་བ་ཞིག་གིས་ཐད་ཀར་གཏམ་བཤད་བྱེད་སྐབ་བརྩམས་ཆོག་པ་ཞིག་རེད་དྲན་གི་འདུག་།
མ་ཟད་ངས་བེད་སྤྱོད་བྱས་པའི་གཏམ་དཔེ་དེ་ནི་བོད་ས་སྟོད་སྨད་བར་གསུམ་ལ་ཡོངས་གྲགས་རེད།ཡིད་མ་ཆེད་ན་ཁྱེད་རང་མི་གཞན་དྲིས་ཤིགས་
ཆབ་སྲིད་གི་མདའ་དེ་ག་དུས་ཡང་ཕྱི་ལ་བསྐོར་བ་མ་གཏོགས། མདའ་མགོ་ཚུར་བསྐོར་ན་མ་འགྲིག་པ་རེད།
བོད་གཞུང་མང་གིས་གཏན་དུ་ཕབས་པ་དེ་ལ་དེ་ལས་ལྡོག་ན་ཚུར་རྒོལ་མིན་ས་འགྲོ་གི་མ་རེད།
དུས་དབང་གོ་སྒྲིག་པས་ཐག་གཅོད་དེར་མ་འགྲིག་པ་གང་མི་འདུག
གང་ལྟར་དུས་དབང་གོ་སྒྲིག་ཚོགས་ཆུང་ནི་ཨ་རིའི་རྒྱལ་སའི་ནང་གནས་འཁོད་བོད་མི་་༡༥༠་ལྷག་ཙམ་གྱི་ཚོགས་པ་ཞིག་རེད་དེ་ཡང་ཤེས་འབྱོན་གྱི་ཐོག་ནས་མིན་པར་གསང་བའི་དར་ཐག་ལ་བརྟེན་ནས་ལྷ་ཡུལ་དུ་སླེབས་པའི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་པ་རེད། ལོ་ངོ་དུ་མའི་རིང་ལ་གསར་འགོད་པའི་ལས་ཀ་བྱས་ཀྱང་ད་དུང་ནོར་བ་དང་། བརྗོད་བྱ་མ་དག་པ་ཚིག་ལྷད་མང་བ་བོད་ཀྱི་བརྡ་དག་མི་ཤེས་མཁན་ཤ་དག་གི་ཚོགས་པ་ཞིག་རེད། བོད་ནང་གི་གསར་འགྱུར་ཤོད་མཁན་རྣམས་ལ་རང་དབང་མེད་ཀྱང་གང་བཤད་ཆོག་པ་དེ་ནོར་བ་མེད་པར་བོད་ཀྱི་བརྡ་དག་དང་མཐུན་པར་ཤོད་ཀྱི་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་མི་རིགས་ཀྱི་སྙིང་སྟོབས་ཡིན་ལ་གཟི་བརྗིད་ཀྱང་ཡིན། བསྟན་དགྲ་རྒྱ་དམར་གྱི་སེམས་གཏིང་གི་དགྲ་ཡང་ཡིན། བོད་ནང་དུ་རྒྱ་དམར་གྱི་མེ་མདར་དཔའ་མ་ཞུམ་པར་རང་སྲོག་བློས་བཏང་གིས་རང་རིགས་དཔའ་བོ་ཕོ་མོ་རྣམས་ཀྱི་མཛད་པར་རྒྱབ་སྐྱོར་ཆེད་ལས་འགུལ་བརྩམ་རྒྱུ་མེད་པར་ད་དུང་བོད་གཞུང་གི་མིང་ཨ་རིའི་རྒྱལ་སར་དུས་དབང་སྐབས་བཀོལ་སྤྱོད་མི་ཆོག་ཅེས་པ་ནི་མང་གཙོའི་ཁྲིམས་དང་། བོད་མི་ས་ཡ་དྲུག་གི་སེམས་ཀྱི་ཚོར་དང་འགལ་བ་ཞིག་ཡིན། མ་ཟད་ཨ་ཞང་རྒྱ་མིའི་འདོད་པ་སྐོང་བ་ཞིག་མ་ཡིན་ནམ། བློ་ཕམ་ཡོད་ལ་ཀུན་སློང་ལ་དོགས་པ་ཡོད།
རྒྱ་ནག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་འཇིགས་བསྐུལ་དྲག་གཅོད་པ་རེད་ཅེས་པའི་ཚིག་
དེ་དང།
དུས་དབང་སྒོ་བསྒྲིགས་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས། བཙན་བྱོལ་བོད་གཞུང་་་་་ཞེས་པའི་སྟོད་གོས་ཚོང་བ་འདི་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་གྱིས་བཙན་བཀག་ལས་སོགས་ཉེན་རྟོག་སྐད་གཏོང་གི་ཡིན་ཚུལ་གྱིས་སྡིག་ར་བསྐུལ་བའི་ཚིག་འདི་གཉིས་ཀྱི་་་་་་ཤོད་སྟངས་འདི་གཉིས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལྟ་སྟངས་དང་དམིགས་ཡུལ་བཟུང་ཕྱོགས་ལ་མི་འདྲ་ས་དེ་འདྲ་འདུག་གམ།
དུས་དབང་གོ་སྒྲིག་ཚོགས་ཆུང་གི་བྱེད་སྟངས་འགྲིགས་པ་རེད། མུ་མཐུད་དགོས། གཞོན་ལྷན་གྱི་བྱེད་སྟངས་ཀྱང་འགྲིགས་འདུག མུ་མཐུད་དགོས།
ཚང་མ་སེམས་ཞུགས་མ་ཆགས་རོགས། ང་ཚོས་གང་གླེང་བ་དང་གང་བྱས་པ་ཚང་མ་བོད་དོན་གྱི་ཆེད་དུ་རེད། ཕལ་ཆེར་ལྟ་བ་འདྲ་མིན་གྱིས་སྐྱོན་འདྲ་ཆགས་སྲིད་པ་རེད། མཆན་འབྲི་བ་ཚང་མས་ཐུགས་དོགས་མེད་པ་དང་བོད་མིའི་ནང་གི་ལྷག་བསམ་ཅན་དང་ཤེས་ཡོན་ཅན་ཚོར་དྲ་རྒྱ་འདི་ནས་ཁ་རྡུང་མ་བཏང་རོགས་
ཐུགས་རྗེ་ཆེ།
ཁོ་བོས་བལྟས་ན་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་བྱེད་སྟངས་དེ་འགྲིག་འདུག ཚོགས་ཆུང་དེ་ལ་སྒྲིག་འཛུགས་ཤིག་བཟོས་ཡོད་པ་ཏན་ཏན་རེད། བཟོས་ཡོད་ན་ལག་ལེན་ཀྱང་དེ་བཞིན་དུ་བསྟར་དགོས་པ་གནད་འགག་ཅིག་ཡིན། ལར་ནས་གཞོན་ནུ་ཚོགས་གཙོ་མི་ཆེན་པོ་ཞིག་ཡིན་པས་སྐབས་འདིར་དེ་འདྲས་བསམ་ཤེས་མེད་པ་བྱེད་སྟངས་དེ་འདྲ་གང་འདྲ་ཡིན་ན། ཚོགས་ཆུང་གི་ངོས་ནས་ཕར་གཞོན་ནུ་ཚོགས་པ་ལ་བསམ་ཤེས་གུ་ཡངས་དེ་འདྲ་གནང་སྐབས་ཚུར་ལ་ཡང་དེ་དང་མཚུངས་པ་ཞིག་གནང་དགོས་དེས་རེད། འདི་ནི་འཇིག་རྟེན་མི་ཆོས་ཀྱི་འགྲོ་སྟངས་རེད། སྤྱིར་བཏང་གཞོན་ནུ་ཚོགས་པའི་ལས་འགུལ་སྤེལ་སྟངས་འགྲིག་ཡོད་ཀྱང་སྐབས་འདིར་འགྲིག་མ་སོང་ཟེར་ནས་གསལ་བཤད་ཞུ་རྒྱུ་ཡིན།
སྐབས་འདིར་གཞོན་ནུ་ཚོགས་པའི་བྱེད་སྟངས་འགྲིག་མ་སོང་སྙམ། དུས་དབང་ཚོགས་ཆུང་ལ་ཐུགས་ཁག་མེད་པ་རེད། སྒྲིག་འཛུགས་གཅིག་བཟོས་ཡོད་ཚེ་དའི་སྒང་ནས་འགྲོ་དགོས་པ་ལས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་པའི་སྤྱི་ཚོགས་ནང་ལས་དོན་གལ་ཆེ་བྱེད་ཡོད་པའི་ངོ་ལ་བལྟས་ནས་སྒྲིག་འཛུགས་རྡོག་རོལ་བཏང་ན་ཨེ་འགྲིག་ན།སྤྱིར་བཏང་དུས་དབང་ཚོགས་ཆུང་གིས་ངོས་ནས་གཞོན་ནུ་ལྷན་ཚོགས་ལ་གང་དྲག་བྱེད་འདུག་པ་ལ་གཞོན་ནུ་ཚོགས་གཙོས་ངོས་ནས་ཕར་ལ་ཡང་བསམ་ཤེས་གཅིག་བྱེད་དགོས་ངེས་རེད། འདི་ནི་འཇིག་རྟེན་མི་ཆོས་ཀྱིས་འགྲོ་སྟངས་ཤིག་མ་རེད་དམ། སྐབས་འདིར་གཞོན་ནུ་ཚོགས་གཙོས་བྱེད་སྟངས་འགྲིག་མ་སོང་སྙམ།
ད་རེས་ཨ་རིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་བཀོད་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་མཆོག་ལ་རྒྱབ་སྐྱོར་དང་། ཁོང་གིས་ད་རེས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་སྟོབས་ཆེན་རྒྱལ་ཁབ་ནང་འདི་འདྲའི་བཀོད་བསྒྲིགས་ཚགས་ཚུད་གནང་བ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྱེད་ཉིད་ནམ་ཡང་གནས་ཚུལ་ཆུང་ཚགས་ཤིག་གི་ཐོག་བློ་ཕམ་བྱེད་དགོས་དོན་ཁྱོན་ནས་མེད། ང་ཚོས་ནམ་ཡང་ཁྱེད་ཉིད་ཀྱི་ལྷག་བསམ་དང་སྤོབས་པ་་སྙིང་སྟོབས་བཅས་ལ་གུས་བརྩི་བྱེད་ཀྱི་ཡོད།
ང་རང་ལྟ་བུར་མཚོན་ན་སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རེ་བ་ཆེན་པོ་ཡོད་མཁན་གྱི་གང་ཟག་ཕལ་བ་ཞིག་ཡིན། དེའི་ཕྱིར་ད་རེས་གཞོན་ནུ་ལྷན་ཚོགས་ཀྱི་བྱེད་སྟངས་འདི་ལ་ཅུང་བློ་ཕམ་ཡོད། དོན་དག་ཆུང་ཚགས་གཅིག་དང་མི་གཅིག་གཉིས་ཀྱི་ཁ་གཏད་དུ་ལངས་ཏེ་ངར་ངར་བྱས་པ་དང་། ཐ་ན་གསར་འགོད་གསལ་བསྒྲགས་བྱས་པ་ཡན་ཆད་ཀྱིས་ནམ་རྒྱུན་གཞོན་ནུ་ལྷན་ཚོགས་ལ་རེ་བ་ཡོད་མཁན་མང་དག་གཅིག་གིས་བློ་ཕམ་ཞེ་དྲག་བྱེད་ཀྱི་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་གི་ཚོགས་པ་ཆེ་གྲས་ཡིན་སྟབས་མི་རེ་ཟུང་དང་། ཚོགས་པ་ཆུང་ཚགས་ཀྱི་ཁ་གཏད་དུ་ལངས་པ་དེས་ཚོགས་པ་དེས་ནུས་པ་ར་སྤྲོད་བྱུང་བ་ལྟ་བུ་མ་ཡིན་ནམ། ང་ཚོས་སྟོབས་ཆེན་རྒྱལ་ཁབ་ཞིག་གི་ཁ་གཏད་བཅོག་དགོས་ཡོད་པས་ཚོགས་པ་རང་ཉིད་ཀྱི་ནུས་པ་དེ་མི་ངན་རེ་ཟུང་གི་གང་དྲན་དྲན་བྱེད་ས་ཞིག་ཏུ་མི་བསྒྱུར་བར་ཅུང་སྒྲིག་འཛུགས་ཡོད་པ་ཞིག་དང་། ཕྱི་ནང་གཉིས་ལས་ཕྱི་ལ་ཚོགས་པའི་ནུས་པ་ཅུང་འདོན་ཐུབ་ན་ད་གཟོད་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་དག་གིས་རང་ནུས་ཅི་ལྕོགས་བྱེད་ངེས་ཡིན། ང་ཚོས་ནམ་ཡང་ཁ་གཏད་བཅོག་ས་དེ་ནང་མིན་པར་ཕྱི་ཡིན་པ་དེ་ཀུན་གྱིས་མཁྱེན་གསལ་རེད། ལས་ཀ་ཕྲན་ཚགས་ཤིག་གི་ཆེད་དུ་གཞུང་ལ་སྐྱོན་བརྗོད་བྱེད་པ་དང་། གཞུང་གི་ལས་སྣེ་རྣམས་ཀྱི་ཁ་གཏད་དུ་ལངས་རྒྱུ་དེ་མི་རང་ཉིད་ཀྱི་འཇོན་ཐང་ལྟ་བུར་རྩི་མཁན་དག་ལ་མེ་ལོང་གི་ཚུལ་དུ་བྲིས་པ་ཡིན་པས་ལྡོག་རྩ་གཅིག་སྒྲིལ་ཅེས་པའི་ཚིག་དེ་རང་ཉིད་དང་བར་ཐག་ཇེ་རིང་དུ་མི་གཏོང་བའི་རེ་བ་ཡོད།