“གསུང་རབ་ཀྱི་ཐུག་པ་”ཟེར་བའི་སྒྱུ་རྩལ་འཁྲབ་སྟོན་འདི་ནི། བོད་ཀྱི་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་གྱིས་ཕྱི་ལོ་༢༠༠༨ལོའི་ཟླ་དགུ་བར་བཞེངས་པ་ཞིག་ཡིན་ཞིང་། སྒྱུ་རྩལ་འདིའི་རིགས་ལ་ནུབ་ཕྱོགས་སུ་”Performance Art”ཞེས་འབོད་ཀྱི་ཡོད་། སྒྱུ་རྩལ་འཁྲབ་སྟོན་འདིའི་བསྟན་དོན་གཙོ་བོ་ནི། བོད་ཀྱི་རིག་གཞུང་གི་སྲོག་ཤིང་ལྟ་བུར་གྱུར་བའི་ནང་བསྟན་ཤེས་རིག་འདིར། ནུབ་ཕྱོགས་པ་ཚོས་སོ་སོའི་དགོས་འདོད་ལྟར་བསྲེ་སྦྱོར་སྣ་ཚོགས་བྱེད་བཞིན་ཡོད་པ་མ་ཟད་། རིག་གཞུང་གང་དེའི་ནང་སྙིང་རྣམས་ཁྲག་བཞིན་འཇིབ་རྗེས་ལྷག་མ་རྣམས་འདོར་གྱི་ཡོད་ཅིང་། ལྷག་པར་དུ་། བོད་ཀྱི་ནང་བསྟན་ཤེས་རིག་འདི་ནུབ་ཕྱོགས་པ་ཚོའི་རྩེད་སྤྱད་ལྟ་བུ་ཞིག་ཆགས་བཞིན་པའི་གནས་སྟངས་འདིའི་རྒྱུ་རྐྱེན་གྱི་འགོ་ཁུངས་དེད་ན་རྒྱ་ནག་ལ་ཐུག་པ་སོགས་མཚོན་ཡོད་།
དེ་ཡང་། བསྟན་འཛིན་རིག་གྲོལ་གྱི་སྒྱུ་རྩལ་འཁྲབ་སྟོན་འདིའི་ཁོངས་སུ། གསུང་རབ་ཀྱི་ཤོག་བུ་དག་ཙོང་དང་ཀྲོ་མ་ཀྲི། ཚོད་མ་ཁ་ཚ་སོགས་དང་ལྷན་དུ་སྣུམ་ལ་བསྲེགས་པ་དང་། ཟ་མཁན་དེའི་ལྟོ་བ་འགྲངས་རྗེས་ལྷག་མ་རྣམས་གད་སྙིགས་བཞིན་གཡུགས་པ། གཡོ་སྐོལ་བྱེད་ས་རྒྱ་ནག་གི་ཟ་ཁང་ཞིག་ཡིན་པ་བཅས་རེད་།
བོད་ཀྱི་རིག་གཞུང་ལ་གུས་ཞབས་རྩ་བ་ནས་མེད་མཁན། བསམ་མེད་ཁྱོད། སྒོར་མོ་འགའ་ཤས་དོན་རང་གི་མི་རིགས་ཀྱི་རིག་གཞུང་ལ་མཐོང་ཆུང་འདི་ལྟར་བྱེད་པ་ངོ་མ་
བོད་དང་བོད་ཀྱི་གནད་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ཚོང་རྫས་ལྟ་བུ་གྱུར་ནས། དོན་ངོ་མའི་བོད་ཀྱི་བདེན་མཐའ་གསལ་བར་ཉི་ཚེ་བའི་རོགས་རམ་མ་གཏོགས། མཐར་ཐུག་གི་རྒྱབ་སྐྱོར་གཙང་མ་མེད་པ་མཚོན་བསྟན་འཛིན་རིག་གྲོལ་གྱིས་སོ་སོའི་ཕ་མའི་ལུས་ནས་ཤ་དུམ་བུ་གཞར་ནས་རྒྱ་ནག་གི་ཟ་ཁང་ཞིག་ནང་ཙོང་དང་ཀྲོ་མ་ཀྲུ། སྣུམ་དང་མཉམ་དུ་བརྔོས་ནས་མཐར་གཏུགས་ན་བོད་ཀྱི་གནད་དོན་འདི་རྒྱ་ནག་ལ་ཐུག་པའི་སྒྱུ་རྩལ་འཁྲབ་སྟོན་(Performing Art) གནང་ཐུབ་ན། ཇི་འདྲའི་ངོ་མཚར་ཞིག་མ་རེད་དམ། འཛམ་གླིང་ལ་སྐད་གྲགས་ཆགས་མི་སྲིད་པ་མིན།
ཧཧ། སྒྱུ་རྩལ་རང་ཡོང། སྒོར་མོའི་ཆེད་དུ་མི་དེ་ཚོས་ཁྱི་སྨྱོན་གྱིས་སོ་རྒྱབ་པ་བཞིན་གང་བྱུང་དུ་བྱས་། ད་དུང་མི་རིགས་དང་སྒྱུ་རྩལ་ཟེར་བའི་སྐད་ཆ་སྦོམ་སྦོམ་འདྲ་བཤད་པ་ནི་བློ་ཡུལ་ལ་གཤོང་མི་ཐུབ་པ་ཞིག་རེད། ད་དུང་དེ་ལ་རྒྱབ་སྐྱོར་གྱིས་མཚོན་དོན་འདྲ་བཤད་པ་ནི་ཐ་ཤལ་རང་རེད། མདོར་ན་རང་ཉིད་ཀྱི་སྒོར་མོ་ཁོ་ནའི་དོན་དུ་བོད་ཀྱི་རྩ་ཆེའི་རིག་གཞུང་ལ་མཐོང་གང་ཡང་མེད་པར་རྩེད་ཆས་སུ་བྱས།
རང་དོན་བསྒྲུབ་ན་རིག་གཞུང་གཏོར། །
སྒོར་མོ་འབྱུང་ན་སྨྱོན་པ་འཁྲབ། །
བསྟན་གཤིགས་ཀྱི་རྩ་བ།། སྒྱུ་རྩལ་བའི་མིང་བྱང་།། སྨྱོན་པ་ཡི་བྱ་སྤྱོད།། རྗེས་ཤུལ་ལ་ངོ་ཚ།།
དེང་སྐབས་བོད་པ་མང་པོས་འབད་བརྩོན་དེ་ཙམ་མི་དགོས་པ་སྐད་གྲགས་ཆེན་པོ་ཞིག་གཞག་དགོས་བསམ་ནས་སྟོང་བསམ་གཏོང་མཁན་ཧ་ཅང་མང་པོ་རེད། ལ་ནས་མི་རིགས་གཞན་གྱི་སྒྱུ་རྩལ་བ་མང་པོས་རྣམ་པ་འདྲ་མིན་གྱིས་ཐོག་ནས་སྒྱུ་རྩལ་བརྩམ་ཆོས་ཀྱིས་ལམ་ནས་སྐད་གྲགས་གཞག་བཞིན་ཡོད་དུས་ཁོང་གིས་ཀྱང་བོད་མི་སུས་ཀྱང་བྱེད་མ་ཕོད་པའི་རྣམ་པ་མི་འདྲ་བ་ཞིག་བྱེད་དགོས་བསམ་པ་རེད་སྙམ། ཡིན་ན་ཡང་ཁོང་གིས་སྐད་གྲགས་གཅིག་པུ་མ་གཏོགས་བོད་མི་རིགས་ཀྱི་ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དང་། གོམས་གཤིས་སོགས་ལ་རྒྱུས་མངའ་རྩ་བ་ནས་མེད་པ་འདྲ། ཐུགས་ཁག་ཀྱང་མེད་དེ། ཕྱི་ཕྱོགས་སུ་འཚལ་ལོངས་བྱུང་བའི་བོད་ཕྲུག་མང་དག་གཅིག་གི་རྒྱུད་ལ་བོད་མིའི་གོམས་གཤིས་དང་། ནང་པའི་ཆོས་ལུགས་ཀྱི་འདུ་ཤེས་འཛིན་ཚུལ་སོགས་ལ་ནི་ནག་ཁུང་ནང་གི་ལག་སྙོབ་ཙམ་ལས་ཅི་ཡང་ཤེས་ཀྱི་མེད། མཐའ་ན་བོད་སྐད་ཡག་པོ་ཞིག་ཀྱང་འཁྱོངས་ཀྱིན་མེད་ན་མི་རིགས་ཀྱི་གོམས་གཤིས་དང་ཆོས་ལུགས་ཀྱི་འདུ་ཤེས་ཀྱང་མི་ཤེས་པ་ནི་བཤད་མི་དགོས་པ་རེད། དེས་ན་འདི་ནི་སྨྱོན་པ་ཞིག་གིས་སྨྱོ་རྟགས་དངོས་སུ་སྟོན་པ་ཙམ་རེད། ད་དུང་སྨྱོན་པ་མང་པོས་སྨྱོ་རྟགས་དངོས་སུ་སྟོན་མཁན་རྣམས་པ་ལ་རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཀྱིས་མཚོན། དེང་གི་བཙན་བྱོལ་ནང་སྨྱོན་པ་ཇི་ཙམ་ཡོད་མེད་རོབ་ཙམ་མཁྱེན་ནུས་སོ། བླ་མ་མཁྱེན་་་་་་་་མ་ཤི་སྔོན་ལ་ད་དུང་སྨྱོན་པ་མང་པོ་ཞིག་མཐོང་ཡོང་ས་རེད་་་་་་་་་་་་ངོ་དེབ་ནས་ངོ་ཤུས་
འདི་ལྟ་བུ་མཐོང་དུས། རང་ཉིད་ཁ་ཆེ་ཞིག་ཡིན་ན་བསམས།
འདི་ལྟ་བུ་ནི་ཆེད་དུ་ཉམ་ཆུང་གི་བོད་མི་རིགས་ལ་མཐོང་ཆུང་བྱས་པ་རེད། ཞེད་སྣང་དང་འཚེར་སྣང་ཅི་ཡང་མེད་པར་ཆེད་དུ་བརྙས་བཅོས་བྱས་པ་རེད། ཆེད་དུ་ང་ཚོས་ཚེ་སྲོག་ལས་ཀྱང་རྩ་ཆེ་བར་བཟུང་བའི་དད་མོས་དང་རིན་ཆེན་ལ་ཆེད་དུ་བརྙས་བཅོས་བྱས་པ་རེད། ཉམ་ཆུང་གི་བོད་མི་རིགས་ནི་ཞི་བདེ་དང་རང་དབང་ལ་དགའ་བས། མི་འདི་རིགས་ནམ་ཡང་ཐར་པ་བཏང་ཡོད་པ་རེད། ཐར་པ་བཏང་རྒྱུ་མང་དྲགས་པས་རྒྱ་ནག་དམར་པོས་ཀྱང་བྱེད་མ་ཐུབ་པའི་བྱེད་ཐབས་འདི་ལག་ལེན་དུ་བྱེད་པ་རེད།
བསྟན་འཛིན་རིག་གྲོལ་ཞུ་བ་དེར་བློ་ཁོག་ཡོད་ན་ཁ་ཆེའི་ཀོ་རཱན་དྲས་ཏེ་ཐུག་པ་བཟོས་དང་། དེ་ནས་སློབ་སྦྱོང་དང་མི་ཚེ་ནང་ལ་བྱུང་མ་མྱོང་བའི་ཉམས་མྱོང་ཞིག་འབྱུང་ངེས།
རི་མོ་ཐབས་ཆག་འདྲ་བྲིས་ཏེ་ཁ་མ་སོས་པས། གསང་འདུས་ཀྱི་ཐུག་པ་ཟོ་དང་ཌོ་ལོ་སྤྲད་དགོ་ལབ་ཡིན་པ་འདྲ།
སྒྱུ་རྩལ་པ་ཟེར་བ་འདི་འདྲ་ཞིག་ཡིན་ན། སྒྱུ་རྩལ་བ་མིན་མཁན་སུ་ཡོད་རེད།
རིག་འབྱུང་ཟེར་བས་ཆེད་དུ་འདིར་བཀོད་འདུག་རྒྱུ་མཚན་ག་རེ་ཡོད། ཆུང་ས་ནས་གྲོགས་པོ་བཙོང་མཁན་དང་། ཆེ་ས་ལ་ཐུག་དུས་རང་མི་རིགས་ཀྱི་ཆོས་ལུགས་དང་རྒྱལ་ཁབ་ཀྱང་བཙོང་བ་བག་མི་ཚ་མཁན་དག་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་ཐལ་བའི་རྡུལ་དུ་བརླག་པར་མཛོད་ཅིག
མི་ངན་འདི་ཡི་དམིགས་ཡུལ་ངོ་མ་ནི་འཛམ་གླིང་འདིར་སྔར་བྱུང་མ་མྱོང་བ་ཞིག་མིང་གྲགས་ཤིག་བྱུང་ན་དྲན་པའི་བསམ་བློ་ལོག་པར་ཞིག་ཡོད་པ་རེད་མོད། དེ་ཙམ་གྱི་གྲགས་པ་རིན་གང་ཡང་མེད་ངེས་
དད་མེད། ཆོ་མེད། བྱབ་མེད། ཀླ་ཀློའི་སྒྱུ་རྩལ་རེད།
ལྟས་ངན་འདི་སྒྱུ་རྩལ་འཁྲབ་སྟོན་རེད་པས།
མཐོང་བ་ཐམས་ཅད་བདེན་པ་མིན། བདེན་པ་ཐམས་ཅད་མཐོང་མི་གྱུར། དེ་ཕྱིར་དད་པའི་མིང་འཁྱེར་ནས། སྒྱུ་རྩལ་རིགས་ལ་བལྟས་པས་ན། དོན་དངོས་རྟོག་པར་དཀའ་བ་ཡིན། གོང་གི་སྒྱུ་རྩལ་འཁྲབ་སྟོན་དེར། བསམ་རྒྱ་ཆེ་ཙམ་འཁྱེར་ནས་ནི། བལྟས་ན་དངོས་དོན་རྟོག་པ་དང་། ཡིད་ལ་བདེ་བ་སྦྱིན་པའོ། འོ་ཨ་རོ་ཚོ། སྒྱུ་རྩལ་ནི་ཁ་རེ་ཁ་ཐུག་གི་བྱ་བ་ཞིག་མིན། དེ་ལ་ཙོང་ལྟར་ལྤགས་པའམ་རིམ་པ་མང་པོ་གཅིག་ཏུ་བསྒྲིལ་ནས་ཡོད་སྟབས། ཕྱོགས་མང་པོ་དང་བསམ་བློ་མང་པོ་བཏང་ནས་བལྟ་དགོས་སོ།
ལྟས་ངན། ད་ཡིན་ན་མི་མཐོང་དགུ་མཐོང་ཚང་མ་མཐོང་སོང་།
སྙིང་ཁྲག་དྲོན་པོར་བཞུ་རྒྱུ་འདིའི། རི་མོ་དང་དེབ་སོགས་ཡོད་ཚད་ཉམ་དུ་མེ་སྲོག་ལ་བཏང་ནས་ངོ་རྒོལ་བྱེད་དགོས་བ་རེད། མི་འདིའི་བྱ་སྤྱོད་ལ་བལྟས་ན། ཉིན་ཞིག་བཀའ་བསྟན་གྱི་ཕྱག་དཔེ་ཞིག་གི་སྒང་ལ་སྐྱག་པ་ཞིག་བཏང་ནས་ཕྱག་འཚལ་ཁུལ་ཡང་བྱེད་སྲིད་པ་རེད།
ངོ་མ་ཡིན། སྔོན་མ་ཞིག་ལ་ཕྱི་མི་ཚོང་བ་དང་རྒྱུ་རྩལ་བ་ཞིག་ཡིན་པར་རློམ་པའི་སྒོར་རྔམས་པ་ཞིག་གིས་གསུང་རབ་དང་ལྷ་སྐུ་སོགས་ལྷམ་གྱི་སྒང་ལ་དཔེར་བ་རེད། ནང་བ་ཡོངས་ཀྱིས་ངོ་རྒོལ་བྱས་ནས། ཚོང་སྒྲོག་མི་བྱེད་རྒྱུ་ཁེས་ལངས་པ་རེད། མ་ཤེས་བ་ལ་བཟོད་གསོལ་ཕུལ་བ་རེད། རྒྱུ་མཚན་ནི་དཀོན་མཆོག་ལ་མ་ཀུས་བའི་རྣམ་པའི་སྒང་ལ་རྩེད་པ་རེད། ཁོང་ཚོས་ཡང་རྒྱུ་རྩལ་ཡིན་ལབ་པ་རེད།
ལག་པ་གཏུབ་ཐུབ་ན་ཡག་ཤོས་རེད། འདིའི་རིགས་ལ་སྙིང་རྗེ་ལྟ་མི་ཉན། རྒྱུ་མཚན་གང་ཡང་མེད་པར་ལག་པ་གཏུབ་དགོས། སུ་ཐུག་ན་ཡང་དེའི་འགན་ཡིན། ཕ་རོ་ཟ་རྒྱུ་འདི་ལ་བྱས་ཡ་མང་པོ་འདུག།
ངས་བརྙན་ཐུང་འདི་མཐོང་སྐབས་ཧ་ཅང་མ་བདེ་བ་ཞིག་བྱུང་། འོན་ཀྱང་སྒྱུ་རྩལ་ཡིན་པའི་འགྲེལ་བཤད་དེ་དག་སྣང་བ་འགྲོ་པོ་ཞིག་འདུག འདིའི་གྲས་ལ་ང་ཚོས་བཀའ་བཀྱོན་མ་བཏང་བའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཏན་ཏན་ཡོད་པ་འདྲ། གློ་བུར་དུ་ཞུ་འདོད་པ་གཅིག་ནི། གནད་དོན་འདི་སྒྱུ་རྩལ་གྱི་གནད་དོན་མིན་པ་འདྲ། འདི་སྒྱུ་རྩལ་ལ་ངོས་འཛིན་དང་སྒྱུ་རྩལ་གྱི་རིན་ཐང་ལ་འཇལ་ཚུལ་དེ་ཡིན་པ་འདྲ། བོད་ཀྱི་སེམས་ནང་འདི་འདྲ་ལ་སྒྱུ་རྩལ་ཞེས་ངོས་འཛིན་རྒྱུ་དཀའ་རྒྱུ་རེད། བོད་གཅིག་པུ་ཙམ་ཡིན་རྒྱུ་མ་རེད། ཨ་རི་ལ་མཚོན་ནའང་ཆོས་དཔེ་གཏུབས་ནས་གད་སྙིགས་ནང་གཡུགས་པའི་སྒྱུ་རྩལ་དེ་འདྲ་ཡོད་དམ། ཁ་ཆེའི་གསུང་རབ་མེར་སྲེག་གི་ལས་འགུལ་ཞིག་བསླངས་ནས་སྲིད་འཛིན་དང་བཅས་པས་དགག་པ་བརྒྱབ་པ་ཞིག་དྲན། ད་སླར་ཡང་ཞུ་འདོད་པ་ནི་ནུབ་ཕྱོགས་པས་གཏན་འཁེལ་བྱས་ཟིན་པའི་སྒྱུ་རྩལ་ཞེས་པའི་ཁ་བྱང་དེ་བོད་ཀྱི་སྒྱུ་རྩལ་ཐོག་འགྲོ་ཐུབ་མིན་སོགས་ལ་དགོངས་པ་བཞེས་རྒྱུ་འདུག་དྲན་ནོ།།
ཡག་པོ་མི་འདུག ཁྲབ་སྟོན་པ་ཡིན་བཟོ་འདུག བརྙན་རིས་ལྟས་ན་ཤེས་ངེས།
བསྟན་འཛིན་རིག་སྒྲོལ་གྱིས། ཡེ་ཤུའི་གསུང་རབ། ཁ་ཆེའི་ཀོ་རན། ནང་པའི་བཀའ་འགྱུར། ཧིན་རྡུའི་གསུང་རབ་བཅས་ཚང་མ་ཐུག་རྡོར་ལ་བརྒྱབ་ན། སྒྱུ་རྩལ་ལ་འགྲོ། དེ་མིན་མགོན་མེད་ཉམས་མེད་ཀྱི་བོད་པའི་ནང་པའི་གསུང་རབ་ཞིག་ཐུག་པར་རྒྱབ། བློ་གྲོས་དང་སྤྱི་སེམས་དམན་པའི་བོད་པ་ཚོས་དེ་ལ་ཡ་ལན་རྣལ་མ་ཞིག་སྤྲོད་ཀྱི་མེད་པ་ཤེས་བཞིན་དུ་འདི་སྒྱུ་རྩལ་ལ་ངོམས་པ་ནི་སྒྱུ་རྩལ་བ་བཅོས་མ་ཞིག་ལས་མ་འདས། ངའི་ཚོར་སྣང་ལ་བསྟན་སྒྲོལ་གྱིས་ངའི་ཁའི་ནང་ལ་སྐྱག་པ་ཞིག་བླུགས་ནས་འདི་ཁྱོད་ཀྱི་རིག་གཞུང་རེད་ཟེར་བ་ལྟ་བུའི་ཚོར་སྣང་ཐོབ་བྱུང་།
ཁ་ཆེའི་གསུང་རབ་ཞིག་ལ་འདི་ལྟར་བཀོལ་བའི་སྙིང་སྟོབས་ཨེ་ཡོད། ངས་རྒྱུན་དུ་ཤོད་པ་བཞིན། བོད་པའི་སྒྱུ་རྩལ་བ་མང་ཆེ་བ་སྒྱུ་རྩལ་བ་ངོ་མའི་སྙིང་སྟོབས་དེ་མེད། སྒྱུ་རྩལ་བ་ངོ་མ་ཡིན་ན། ཕྱི་གསལ་ནང་གསལ་དགོས།
ཁ་སང་བོད་ལ་མེར་བསྲེགས་ཀྱི་གནས་ཚུལ་བྱུང་སྐབས། རྒྱ་མི་ཞིག་གིས་མཆན་འདི་ལྟར་བྲིས་འདུག “བོད་པ་རྣམས་འདི་ལྟ་བུའི་རང་ལུས་བསྲེགས་པའི་སྙིང་སྟོབས་ཡོད་ན། དང་པོ་རང་གི་ཐད་ཀའི་མགོ་ལ་བཞོན་ནས་གཞན་གྱི་ཁེ་ཕན་དམིགས་མེད་གཏོང་མཁན་གྱི་རྫོང་དཔོན་དང་། རང་གི་ཕྲུ་གུར་བོད་སྐད་སློབ་མ་བཅུག་མཁན་གྱི་སློབ་གྲྭའི་འགན་འཛིན། དེ་བཞིན་བོད་ཀྱི་རིག་གནས་དངུལ་ལ་སྒྱུར་མཁན་གྱི་བླ་ཚོང་བ་འདི་ཚོར་ངོ་རྒོལ་བྱས་ཚེ་རང་བསྲེགས་འདི་ལ་ངོ་མ་ནུས་པ་ཐོན་འོང་ཟེར།” དགེ་རབ་ལགས་འདི་སུས་གསུང་གི་ཡོད་མེད་མཁྱེན་གྱི་ཨེ་ཡོད།
གལ་ཏེ་གསུང་རབ་འདི་ཁ་ཆེའི་ཡིན་ན། ངོ་མ་ཁོ་ཁ་ཞེ་གཉིས་མེད་ཀྱི་སྒྱུ་རྩལ་བ་རེད། དེ་མིན་ཚང་མ་ཆབ་སྲིད་པ་རེད། བསྟན་སྒྲོལ་འདི་ཆབ་སྲིད་པ་ཨ་ན་མ་ན་ཞིག་ལས་མ་འདས།
ངས་བལྟས་ན། ང་ཚོ་ཚང་མ་བློ་ཁོག་དང་བདེན་པ་སྨྲ་བའི་རྣམ་དཔྱོད་དང་བློ་སྟོབས་མིན་འདུག ཤོར་ཚར་བཞག གཞན་གྱིས་སྐྱག་པ་བསྟེར་ཀྱང་འདི་ལ་འགྲེལ་བཤད་སྙན་པོ་ཞིག གཞན་གྱིས་གསེར་བསྟེར་ཀྱང་འདི་ལ་སྣང་མེད་ཀྱི་ཚུལ། ངོ་མ་བཙན་བྱོལ་བ་ཨ་ན་མ་ན། ཆབ་སྲིད་པ་ཨ་ན་མ་ན། ངོ་མ་མི་ཞིག་གི་རིན་ཐང་ཚང་མ་བརླག་ཚར་བཞག
ང་རང་ལ་མཚོན་ན། བསྟན་སྒྲོལ་གྱི་གཅུང་མོ་དེ་ངོ་ཤེས་ཡིན། མོ་བརྒྱུད་ནས་ཁོ་ལ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡིན་ན། བསྟན་སྒྲོལ་གྱི་སྦྱིན་བདག་ཚོ་ངོ་ཤེས་ཡིན། ཡི་གེ་གསལ་པོ་ཞིག་དང་ངར་མ་ཞིག་འབྲི་རྒྱུ་ཡིན།
ངས་བརྙན་དཔར་འདི་ལ་བལྟ་དུས་ཚོར་སྣང་གཞན་ཡོང་གི་འདུག གཅིག་བྱས་ན་ཚོར་སྣང་དེ་ཉིད་སྒྱུ་རྩལ་པའི་དོན་གྱི་བསྟན་བྱ་དངོས་གནས་དེ་ཡང་ཡིན་་སྲིད།
གསུང་རབ་དང་ཐུག་པ་གཉིས་དཔེར་སྦྱར་བྱོས།
ཟས་ཁང་དང་ཆོས་ཚོགས་གཉིས་དཔེར་སྦྱར་བྱོས།
མ་བྱན་དང་ཆོས་ལུགས་པ་གཉིས་དཔེར་སྦྱར་བྱོས།
གསུང་རབ་དང་་སིན་པན་སྤྲད་པ་དེར་་་་་གསུང་རབ་དང་ཆབ་སྲིད་སྤྲད་པ་གཉིས་དཔེར་སྦྱར་བྱོས།
གསུང་རབ་དང་ཀྲི་མ་ཀྲོ་སྤྲད་པ་དེར་་་་་་་་གསུང་རབ་དང་ཆགས་སྲེད་སྤྲད་པ་གཉིས་དཔེར་སྦྱར་བྱོས།
གསུང་རབ་དང་ཙོང་སྤྲད་པ་དེར་་་་་་་་་་གསུང་དང་རྫུན་སྤྲད་པ་གཉིས་དཔེར་སྦྱར་བྱོས།
རྒྱ་མིའི་ཟས་ཁང་གིས་ཐུག་པ་བཙོང་བ་དང་བོད་པའི་ཆོས་ཚོགས་ཀྱིས་གསུང་རབ་བཙོང་བ་གཉིས་དཔེར་སྦྱར་བྱོས།
དཔེར་སྦྱར་དེ་འདྲ་བྱས་ན་སྒྱུ་རྩོལ་གྱི་གོ་དོན་ཏོག་ཙམ་མེད་འགྲོ་སྙམ་མོ།
འཇིག་རྟེན་ཆབ་སྲིད་སི་པན་འདྲ་བ་འདི།
དམ་པའི་གསུང་རབ་ནང་དུ་སྤྲད་མཁན་དེ།
ནག་པོ་རྒྱ་ཡི་ཡུལ་གྱི་མ་བྱན་བཞིན།
གངས་ཅན་ཁ་བ་རི་པའི་སྤྲུལ་སྐུ་རེད།།
དམ་པའི་གསུང་རབ་ཐུག་པ་བཙོང་བཙོང་དང་།
སྐྱབས་རྟེན་བསྔོ་རྟེན་ཐུག་རིན་ལེན་ལེན་གཉིས།
འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་དར་འདི།
ཤཀྱའི་བསྟན་པ་ནུབ་པའི་སྔར་ལྟས་རེད།།
དམ་པའི་གསུང་རབ་ཐུག་པ་ནང་བཞིན་རེད།
སུ་ཡིས་ཉོས་ན་སུ་ལ་བཙོང་ངེས་རེད།
ཁ་ཆེ་ཡེ་ཤུ་ཁྱད་པ་འབྱེད་མི་སྲིད།
ཕྱི་པ་དང་ནང་པའི་ཁྱད་པ་དེ་ལས་མེད།
སྒོར་མོ་སུ་ལ་ཡོད་ན་དེ་ལ་བཙོང་།
དམ་པའི་གསུང་རབ་རྒྱ་ཐུག་བསྐོལ་བསྐོལ་རེད།
ཆབ་སྲིད་བཤད་དུས་སྲིད་དང་སྤྲད་ནས་བཤད།
དཔལ་འབྱོར་བཙལ་དུས་ཚོང་དང་སྤྲད་ནས་བཤད།
འདོད་ཆགས་ལངས་དུས་རྒྱོབ་དང་སྤྲད་ནས་བཤད།
ཞེ་སྡང་ལངས་དུས་བདུད་དང་སྤྲད་ནས་བཤད།
མདོ་ན་གངས་ཅན་བོད་ཀྱི་ཆོས་པ་ཚོས།
ཤཀྱའི་གསུང་རབ་ག་པ་སྤྲད་སྤྲད་རེད།
རྒྱ་ཡི་ཐུག་པ་ག་པ་འཐེན་འཐེན་རེད།་་་་་་ཧཧཧཧཧ
རྒྱུད་གསང་བ་འདུས་པ་བཏུབ་ཏེ་རྒོག་ཙོང་དང་བརྔོས་ནས་ཟོས་ན་སྒྱུ་རྩལ་དང་བསམ་བློ་གསར་བ། དུས་རབས་ལ་འོས་ཤིང་འཚམས་པ་ཞིག་ཡིན་ན། རྒྱ་དམག་བོད་ལ་ཡོང་དུས་བཀའ་འགྱུར་བསྟན་འགྱུར་དུམ་བུར་བཅད་དེ་བོད་པའི་ཁར་བཅུག་པ་དང་། ལྷམ་བཟོས་པ། ཐང་གོས་ཀྱིས་ཉལ་ཆས་བཟོས་བ་སོགས་ཚད་ལས་བརྒལ་བའི་བྱ་ངན་སྤེལ་བ་ཡོད་ཚད་སྒྱུ་རྩལ་དུ་བརྩི་དགོས། བོད་པ་སུས་ཀྱང་བརྩི་མི་ཐུབ་པས་འདི་ཡང་ལོག་སྤྱོད་ཀྱི་རིགས་ལས་གཞན་མ་མཆིས།
དྲ་བདག་ལགས་སུ་ཞུ་རྒྱུ་ཞིག་ལ་བརྙན་ཐུང་དེ་རྒྱུ་མཚན་ཅིའི་ཕྱིར་བསུབས་པ་ཡིན་ནམ།
མི་འདི་ལྟས་ངན་རེད། གསུང་རབས་ཁ་ལག་བཟོས་ནས་བཟའ་མཁན་དེ་འདྲ་དཔེ་མི་སྲིད། རྒྱ་དམར་གུང་དྲན་གྱི་རིག་གནས་གསར་བརྗེ་སྐབས་སུ་གསུང་རབས་མེ་ལ་བསྲེགས་པ་དང་གཅིག་མཚུངས་རེད།
ངས་འདི་མཐོང་མ་ཐག་སྒྱུ་རྩལ་ཞིག་ཏུ་མཐོང་མ་སོང་བ་མ་ཟད། རིག་གནས་གསར་བརྗེ་སྐབས་།རང་དབང་མེད་
པར་མེ་མདའ་དང་འཐབ་རྩོད་སྐབས་སུ་འདི་འདྲ་ཞིག་ལོས་ཡིན་བསམ་སོང་། མ་གཞི་ནས་དེང་སང་གཞོན་སྐྱེས་མང་པོ་ཞིག་དམར་སྲུང་དམག་ལ་དགའ་བོ་ཡོད་ལ།དེ་ཚོས་བཤད་སྟངས་དང་ལས་སྟངས་མང་པོ་འདྲ་བོ་ཡོད།
སྒྱུར་རྩལ་སྟོན་རྒྱུ་མེད་ནས་སྨྱོ་ལས་བྱས་པ་རེད། མ་གཞི་ནི་མི་འདིའི་རིགས་ལ་བསམ་གཞིག་ཡག་པོ་གནང་དང་། མི་རིགས་དང་རིག་གཞུང་ཞེས་བཤད་ནས་སྒྱུར་རྩལ་ཡིན་བཟོ་སྒྲགས་ཀྱང་ཡིན་ངོ་མ་ཁོང་རང་ཉིད་ཀྱི་མི་རིགས་ཀྱི་སྐད་ཡིག་ཡུལ་སྲོལ་གོམས་གཤིས་སོགས་ལ་ལྟ་བཟོ་ཙམ་ནས་མེད་པའི་མི་ཞིག་ཡིན་བཟོ་འདུག། ཁ་རྒྱུན་དང་བཤད་རྒྱུན་དུ་བོད་ཆོས་སྡེ་ཞིང་ཁམས་ཀྱི་མི། ཞེས་རང་གཞན་རོག་གསུམ་ཡོད་ཚོད་ལ་ངོ་སོ་སྟོད་བཞིན་པ་རེད། ཁོ་པའི་བྱེད་བབ་འདིས་ནང་ཆོས་ཀྱི་དྲི་ཙམ་ཡང་མེད་པའི་རང་རྟགས་སྟོན་པ་རེད། སྐྱོབ་འགྲོའི་སློབ་བྱ་དང་འགལ་བའི་སྡིག་ལས་རེད། ནང་པ་སངས་རྒྱས་པའི་འཇུག་སྒོ་སྐྱོབ་འགྲོར་ཅུང་ཟད་ཙམ་ཡང་གོ་བ་མེད་རྟགས་རེད། དེ་སྔོན་བོད་ནས་ས་རྡོ་ཕོན་ཆེ་རྒྱ་གར་འདྲེན་ནས་མི་རིགས་ཀྱི་དཀའ་སྡུག་མཚོན་ཚུལ་གྱི་སྤྱོད་ཚུལ་དེས་ཁོང་རྨོངས་དད་ཅན་གྱི་མི་བུ་ཞིག་ཡིན་བཟོ་འདུག་བསམ་སོང་། ད་བྱས་དུས་ཁོའི་རྒྱུད་ལ་དད་པའི་ཆ་ཕྲ་མོ་ཙམ་ཡང་མེད་པའི་ལྟོ་འཚོ་བ་ཞིག་རེད་འདུག།
སྒྱུ་རྩལ་འཁྲབ་ཐུང་ནང་གི་བསྟན་དོན་དངོས་ལ་འཇུས་ནས་ལེགས་ཉེས་འབྱེད་ཀྱི་ཡོད་ན་ད་གཟོད་དད་དང་མ་དད་ཟེར་བ་དེ་ཟུར་དུ་འཇོག་དགོས་པ་འདྲ། དེ་མིན་དད་དང་མ་དད་ཀྱི་སྐད་ཅོར་བརྒྱབས་བསྡད་ན་དད་ཡོད་རིང་ལུགས་ཀྱིས་དད་མེད་རིང་ལུགས་ལ་གྲལ་རིམ་འཐབ་རྩོད་བྱེད་ཀྱི་ཡོད་འདྲ་ཞིག་ལས། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མི་རིགས་ཀྱི་འཐབ་རྩོད་ཇི་ལྟར་བྱེད་དགོས་མིན་ཡང་མི་ཤེས་པས་སྡིག་སྨོད་དང་ངན་སྨྲས་ཡོད་དགུ་འདོན་རྒྱུ་ལས་ལྷག་མེད་པ་དེ་རེད། དེས་ན་སྒྱུ་རྩལ་འཁྲབ་ཐུང་འདིའི་བསྟན་བྱ་ཇི་ཡིན་ནུབ་ཕྱོགས་པས་གསལ་པོ་དག་པོ་གོ་བ་ལེན་ཐུབ་ན་དགེ་མཚན་གཏན་གཏན་ཡོད་རྒྱུ་རེད།
མ་གཞི་བོད་མི་རིགས་ཚང་མ་ལྷ་སྐུ་གསོན་པོ་ཡིན་མདོག་གིས་འགྲེལ་བཤད་ཡ་མ་བརླ་ཞིག་རྒྱག་སྟངས་འདིས་བོད་མིས་ལྷ་ཆོས་རིང་ལུགས་ཀྱི་ལྟ་གྲུབ་ལས་བརྒལ་བའི་བྱ་བ་ཞིག་བྱས་སོང་ན། མིག་བགྲད་སྣ་གཉེར་ཁ་ནས་སྨོད་པ་ཡོད་ཚད་བོར་བར་བྱེད་ལ་ཧ་ལམ་དམྱལ་ཁམས་ལ་བརྫངས་རྒྱུ་ཞིག་ཡོད་མདོག་བྱེད་རྒྱུ་ནི་ཁོ་ཚོའི་གཤིས་སུ་གྲུབ་ཡོད་པ་རེད།
གོང་དུ་འགའ་ཤས་ཀྱིས་གསལ་བཤད་ཐོག་ནས་རྒྱབ་སྐྱོར་གནང་བཞིན་འདུག
དང་པོ། ཁོང་གི་སྒྱུ་རྩལ་དེ་རྒྱུད་ནས་མི་མང་ལ་སློབ་གསོ་ངེས་པར་སྤྲོད་ཐུབ་བམ། གོ་བ་དེ་ལྟར་ལོན་ཐུབ་བམ། མ་ཐ་གསལ་བཤད་གནང་ནའང་གོ་ཐུབ་མ་སོང་། དེ་ནི་ཕ་སད་བུ་ལ་ཅི་ཡང་བཤད་རྒྱུ་ཡོད་པའི་དཔེ་ལྟར་སོང་།
གཉིས་པ། ཡར་ཐོན་གྱི་རྒྱལ་ཁབ་ནང་ཁོ་ལས་རིམ་པ་མང་པོའི་རྩེར་སླེབས་ཤིང་། ཕུལ་དུ་ཕྱིན་པའི་སྒྱུ་རྩལ་བ་ཧ་ཅང་མང་། དེ་ཚོའི་ཆོས་ལུགས་ལ་དེ་ལྟར་དཀའ་ངལ་མེད་པ་ཡིན་ནམ། དེ་ཚོས་གསུང་རབ་ལ་ཁོ་ལྟ་བུས་འབད་བཅོས་མ་ཤེས་པ་ཡིན་ནམ། ཡང་ན་ཁོ་སྒྱུ་རྩལ་བ་ཡར་ཐོན་ཅན་དུ་ངོས་འཛིན་དགོས་སམ། བོད་ལ་ཆ་མཚོན་ན་དེ་ཚོ་རིགས་གནས་གསར་པ་ཞིག་མ་རེད་དམ།
གསུམ་པ། གུང་ཁྲན་ཏང་གི་གཏོར་ཤིག་ལ་ཁོང་ཁྲོ་དང་། བཟོ་གྲྭ་འགས་སྟོན་པ་སོགས་ཀྱི་དཔར་རིས་ལྷམ་ཐོག་སྦྱར་སྐབས་བསུན་སྣང་ཡོད་ན། ནང་པར་ཆ་མཚོན་ན་གསུང་རབ་རྣམས་སྐུ་བརྙན་སོགས་ལས་རྩ་བ་ཆེ་བ་མ་ཡིན་ནམ། ད་དུང་ཡང་བོད་མི་རིགས་ཀྱི་བསམ་བློ་ཁྱེར་གསོ་མི་ཤེས་པར། བོད་མི་རིགས་ལ་སློབ་གསོ་གང་སྤྲོད་ནུས།
བཞི་པ། གསུང་རབ་དྲས་པ་དང་བརྔོས་པ། བཟོས་པ་ལ་ཡ་ང་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་ལ་བལྟས་ན། བོད་མི་རིགས་ལ་གུས་ཞབས་མེད་པ་གསལ་པོ་རེད་ལ། ཧ་ལས་པའི་མཐོང་ཆུང་ཡང་རེད། ཐ་ན་རང་གི་འཕྲོད་བསྟེན་ཙམ་ལ་ཡང་བསམ་མི་ཐུབ་པའི་མི་ཞིག་རེད།
ལྔ་པ། རྒྱབ་སྐྱོར་དང་། གསལ་བཤད་པ་ཚོ་ནས་ངེས་པར་བོད་མིའི་ཁམས་དང་། མོས་པ་ཤེས་པའི་ཐོག་ནས་བོད་མིར་སློབ་གསོ་བ་ཚོར་རྒྱབ་སྐྱོར་གནང་ན་མ་གཏོགས། གླེན་རྟགས་ཅན་ལ་ངེས་པར་ཟབ་རོགས་གནང་།
xxདེའི་རྗེས་བསྙེགས་པའི་ཁྱི་རྒན་ཁག་ཅིག་གིས་རྒྱབ་སྐྱོར་གྱི་ཀུ་ཅོ་ཇི་ལྟར་སྒྲོགས་ཀྱང་ནང་བསྟན་ལ་དད་པའི་བོད་མི་རིགས་ཀྱི་རྣ་བ་གཙེས་རྒྱུ་ཡིན་པས། ཁྱི་གོག་ཞེས་པའི་ཁ་བརྡུང་བཟེད་རྒྱུ་ལས་གཞན་ཁྱོད་ཚོས་བཤད་པའི་སྐད་ཆ་སྦོམ་པོ་དེ་དག་རིན་ཐང་ཅི་ཡང་མེད་པའི་xxསྐམ་པོ་ཉག་ཅིག་ཡིན།
འདི་སྒྱུར་རྩལ་ཞིག་གི་ཟུར་ཙམ་མཐོང་རྒྱུ་མེད་ཀི
ཨ་ལས་བོད་རྒྱུད་ནང་བསྟན་ཆོས་ལུགས་འདི་ནང་སེམས་ལ་རག་མི་ལུས་པར་ཕྱིའི་རྣམ་འགྱུར་ལ་རག་ལུས་པ་ཡིན་པ་རེད།
བྱས་ཙང་སེམས་གཙོ་སྨྲ་བ་འདི་ནས་ཆགས་པ་རེད།
མཆན་ ༢༨ དང་ ༢༩ གཉིས་ནང་གལ་ལྟ་བུ་ཞིག་གོ་ཡི་འདུག བརྗོད་འདོད་པ་རྣམས་ཁ་གསལ་ན་ལེགས།
ཨ་ལས་ནང་འགལ་འདུག་ཨེ། མགོ་མཇུག་ལོག་ནས་གཟིགས་པ་ཡིན་རྒྱུ་རེད། མིན་ན་ནང་ཆོས་འདི་ནང་བསམ་བློའི་རྣམ་གཞག་གཙོར་འདོན་གནང་མཁན་ཞིག། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། འདུན་པའི་རྩ་ལ་རབ་ཏུ་གནས། གསུངས་པ་ལྟར་འདུན་པའི་རྩ་བར་འཐུག་ཡོད་པ་རེད་དྲན་ཡོད། འོན་ཀྱང་རྣམ་པ་ཚོས་བརྗོད་པ་ལྟར་ན་དོན་དུ་ནང་གི་འདུན་པ་ལ་རག་མ་ལུས་པར་ཕྱིའི་རྣམ་འགྱུར་ལ་རག་ལུས་པ་འདྲ་ཞིག་གསུངས་སོང་བས། སེམས་གཙོ་སྨྲ་བ་འདི་ནས་ཆགས་པ་རེད་ཞེས་བཤད་ཡོད།
ཕྱིའི་རྣམ་འགྱུར་ལ་ལྟོས་ཚབས་ཆེ་བའི་མི་ཞིག་ལ། ཁྱེད་རང་སེམས་གཙོ་སྨྲ་བ་རེད་ཟེར་ན་སྔ་ཕྱི་མཚུངས་སམ། སེམས་གཙོ་སྨྲ་བ་ཟེར་ན་ནང་སེམས་ལ་ལྟོས་ཚབས་ཆེ་བ་ཞིག་ལ་ཟེར་བ་མིན་ནམ།
ལར་ནས་མི་དགེ་བ་བཅུ་ལས་ལུས་ངག་གི་ལས་ཇི་ཙམ་འདུག དེ་དག་སེམས་གཙོ་ཡིན་ནམ། སེམས་ནས་གསོད་འདོད་རུང་ལུས་ཀྱི་རྣམ་འགྱུར་ལ་མི་མངོན་ན། སྲོག་གཅོད་ཀྱི་ལས་བསགས་སམ།
ཅོ་གཡག་གཉིས་ནི། ག་དུས་ཡིན་ན་ཡང་། ཁ་དམྱལ་བར་འཁོར་ནས་འདུག་ནི་གཉིས་རེད། བྱ་བརྒྱའི་ཁ་ལྷོ་ལ་འཁོར་ས་ནས། བྱ་ཁྭ་ཏའི་ཁ་ནུབ་ལ་འཁོར་ནས་འདུག་མཁན་རེད། ཆོས་བཤད་ན་འདྲ། སྲིད་བཤད་ན་འདྲ། རིགས་གཞུང་བཤད་ན་འདྲ། མཚན་རིག་བཤད་ན་འདྲ། སྒྱུ་རྩལ་བཤད་ན་འདྲ། སྨན་བཤད་ན་འདྲ། ཡིན་པ་ཞིག་ནས་མ་ཡིན་པ་ཞིག་བཤད་ནས་ནང་དཀྲུག་གི་ལས་བྱས་ནས་འདུག་མཁན་ཚོ་རེད། xxའདི་ཚོ་ལ་ངོ་ཚ་མེད་དང་ཤ་ཚ་མེད། ཁ་ལ་བཙུམ་དུས་མེད། སེམས་ངོ་ཟིན་དུས་མེད།
འགའ་ཤས་ཞིག་ལ་འདི་སྒྱུ་རྩལ་ཞིག་མིན་འགྲོ་བསམ་པའི་བློ་དོགས་ཡོད་པ་འདྲ། ཁྱེད་ཚོ་ལ་སྒྱུ་རྩལ་ཟེར་བ་དེ་ལ་ཆ་རྒྱུས་ཡ་རྒྱུས་མེད་པའི་རང་མཚངས་རང་རེད། འགྲེལ་བཤད་ཡོད་མདོག་ཚང་མ་ལ་གོ་ཤེས་བྱེད་དགོས་ན། བུས་ཕ་བསད་པ་ལ་ཡང་འགྲེལ་བཤད་ལོས་ཡོད། དེ་ཡང་ལ་འགྲེལ་བཤད་རྫུན་མ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཕ་སད་པ་འགྲིག་པར་ལྟ་འམ།
ཁ་ཆེ་དང་ཡི་ཤེའུ། རྗེའུ་སོགས་མི་རིགས་སུ་ལ་ཡང་ཁོའི་བྱེད་ལས་འདི་བསྟན་ན། Lunatic ཟེར་བ་དེ་ལས་གཞན་པའི་མིང་ཆོས་ཞིག་ཁོ་ལ་མི་ཐོབ། སྨྱོན་པ་མིན་པ་ཞིག་གིས་སྨྱོན་པ་ཡིན་མདོག་གི་ལམ་ནས་མི་རིགས་དང་དེའི་ཁྱད་ནོར་ལ་ཀུས་རྩི་མེད་ན། ང་ཚོས་ཁོ་བོད་རིགས་ཞིག་ཡིན་པའི་ཀུས་རྩི་བྱས་བ་ལ་ཡང་དགེ་མཚན་ཡོད་པ་མ་རེད། ཁོ་བསྡད་ས་ཨ་རི་ཡུན་རུང་། ང་ཚོས་ཁོ་རག་ཐུབ་པ་བྱེད་དགོས། ཁ་ལག་ཡན་མིག་ཞིག་གཅོད་དགོས།
བརྙན་འདི་ཉེ་སྔོན་སྐད་འཕྲིན་བརྒྱུད་ལམ་ཞིག་ནས། ངའི་གྲོགས་པོ་ཞིག་གིས་ཁོང་ཁྲོ་དང་སྡིག་དམོད་ཀྱི་རྣམ་པས་ང་ལ་བསྟན་སོང་། སྐབས་དེར་ངས་ཅི་ཡང་བཤད་མེད། དེ་རིང་བསྐྱར་དུ་དྲ་ཐོག་འདི་ནས་མཐོང་སོང་། འོག་གི་འགྲེལ་བཤད་དང་མཆན་དག་ཀྱང་བཀླགས་ཡིན། དགེ་རབ་ཀྱིས་བཤད་པར་སོ་སོ་རང་ངོས་ཀྱི་གནས་ལུགས་ཤིག་འདུག དེ་མ་གཏོགས། གཞན་ཕལ་ཆེ་བ་ནི་ཚོར་བ་ཙམ་པོ་བ་དང་། དད་པ་ཙམ་པོ་བའི་གཅུན་ནས་ནོར་རྫི་ལུག་རྫིའི་སྐད་ཆ་བཤད་མཁན་རྐྱང་རེད། མཆན་འདི་དག་ཀློག་སྐབས་ང་ལ་བྱུང་བའི་ཚོར་སྣང་རྣོ་ཤོས་ནི། ལྷ་སའི་ཇོ་ཁང་མདུན་ནས་མི་རབས་ནས་མི་རབས་ལ་དཔྲལ་བས་ཐང་ལ་བརྡབས་རྗེས། དད་ལྡན་རིགས་ཁྱུ་དེའི་དྲུག་ཆའི་གཅིག་ཁྲག་ལ་བརྫིས་ཤིང་། བྱིངས་ཀྱིས་དམྱལ་བ་མི་ཡུལ་ནས་མྱངས་པའི་ལས་ལན་དེ་དང་། རྩྭ་ཤོག་ངོས་ཀྱི་སྣག་ཡིག་རྣམས་མིག་བཙུམས་ཏེ་སྤྱི་བོར་བླངས་ཤིང་། སྒམ་དང་གཏེར་ལ་བཅུགས་ཏེ་དུས་རབས་མང་པོར་མི་རིགས་བྱིངས་ཡིག་རྨོངས་ལ་བསྡད་པའི་སྣང་ཚུལ་དེ་དག་རེད།
ངས་འདིར་འུ་ཚོའི་རིགས་ཁྱུ་འདི་ཆོས་ལ་དད་པ་ཡོད་པ་དེར་དགག་གིན་མེད། ཆོས་ལ་དད་པ་ཡོད་པ་དེ་ལེགས་པོ་རེད། མི་ཞིག་ལ་རྣམ་ཤེས་དང་ཚེ་སྲོག་ཡོད་པའི་རྟགས་མཚན་རེད། ཡིན་ནའང་། འུ་ཚོའི་དད་སྟངས་དེ་རྨོངས་དད་རེད། དཔེ་ཙམ་བཤད་ན། ཐུག་པར་གཏུབས་པའི་དེབ་དེ་གླེགས་བམ་སྣ་རིང་མིན་པ་དང་སྟེང་དུ་སྣག་བྲིས་འདྲ་སྐུ་མེད་པར། ཤོག་བུ་དཀར་གཙང་ཞིག་གི་སྟེང་དུ་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། ཅེས་བྲིས་ཡོད་པའི་དབང་དུ་བཏང་ན། གོང་མཆན་འདེབས་མཁན་འདི་ཚོར་དེ་ལྟའི་སེམས་ཀྱིས་བཟོད་མ་ནུས་པའི་ཚོར་བ་ཞིག་ཡོང་མི་སྲིད།
དེ་བས་ང་ཚོ་མང་ཚོགས་བྱིངས་ཀྱིས་དད་ཡུལ་དུ་འཛིན་བཞིན་པ་ནི། སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་བའི་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དེ་མ་ཡིན་པར། འབག་སྐུ་ཙམ་དང་། ཤོག་སྡེབ་ཙམ། འདྲ་རིས་ཙམ། མདོར་དེད་ན་རྣམ་པ་ཙམ་གྱི་ངོ་བོར་བསྡད་ཡོད་པ་དེ་རེད། བོད་ཡིག་གིས་ཚིག་སྦྱོར་གྲལ་དག་པོ་ཞིག་ཀྱང་འབྲི་མི་ཤེས་པའི་བོད་མི་ཀ་ངོ་ཆོད་ཙམ་པ་དང་། བོད་ཡིག་ཡིན་མིན་གཟུགས་ལ་བལྟས་ཏེ་ངོ་རྟགས་འཛིན་པའི་ཡིག་རྨོངས་པ་ཚོས་མདུན་ནས། ཁྱོད་ཀྱིས་བོད་ཡིག་གི་དེབ་ཅིག་གི་སྟེང་རྐུབ་བཙུགས་ཏེ་ཙོག་པ་ཡིན་ན། ཧ་ལས་ཧང་སིང་སྟེ་ཁྱོད་ཀྱིས་ཉེས་བ་གནང་ལ་མི་ཤོངས་པ་བསགས་སོང་། ཁྱོད་ཀྱིས་རྗེས་མ་ཡི་གེ་ཤེས་ནི་མ་རེད་ཅེས་བཤད་རྐྱང་བྱེད་ངེས། གལ་ཏེ། ཁྱོད་ཀྱིས་དབྱིན་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་གཞན་པའི་དེབ་ཅིག་གི་སྟེང་རྐུབ་བཙུགས་ཏེ་ཙོག་པ་ཡིན་ན། ཁོ་ཚོར་མ་བཟོད་པའི་ཚོར་བ་གང་ཡང་ཡོང་གི་མི་འདུག འདི་ཡིས་ཅི་ཞིག་མཚོན་གྱིན་ཡོད་དམ། ཁོ་ཚོའི་ཆོས་ལ་འཛིན་པའི་དད་པ་དེ་རྨོངས་དད་ཡིན་པ་དང་། ཁོ་ཚོའི་རིག་གནས་ལ་འཛིན་པའི་ལྟ་སྟངས་ཏེ་རྨོངས་འཐོམ་ཡིན་པ་གསལ་བོར་སྟོན་གྱིན་ཡོད་པ་རེད།
གནས་སྟངས་འདི་དག་གི་རྐྱེན་པས། གོང་གི་མཆན་འདེབས་པ་ཕལ་ཆེ་བས། བརྗོད་གཞི་དངོས་གང་ཡིན་པ་བོར་ནས་སོ་སོའི་ཚོར་སྣང་རྐྱང་རྐྱང་ལ་འཇུས་ཏེ་སྐད་ཆ་མདོ་མེད་རྐྱང་ཐལ་བ་རེད། དོན་དམ་པའི་གླེང་དགོས་རྒྱུ་ནི་ཁོའི་བྱ་སྤྱོད་དེ་སྒྱུ་རྩལ་ལ་ངོས་འཛིན་ཐུབ་མིན། ཁོའི་ཐོག་མའི་འཁྲབ་སྟོན་གྱི་དམིགས་ཡུལ་དང་འཁྲབ་བརྙན་གྱི་འབྲས་བུ་གཉིས་ག་འདྲ་ཆགས་ཡོད་མེད། ཁོའི་སྒྱུ་རྩལ་གྱི་བྱེད་ཐབས་དེས་སྤྱི་ཚོགས་ཁྲོད་དྲང་ཕྱོགས་དང་ལྡོག་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ག་འདྲ་འཐེབ་སྲིད་མིན། ཁོའི་འཁྲབ་སྟོན་གྱི་རྣམ་འགྱུར་ལས་སྒྱུ་རྩལ་གྱི་ཆ་མངོན་ཡོད་མེད། ཁོས་བདམས་པའི་ཁོར་ཡུག་དང་རྒྱུ་ཆ། གོ་རིམ་སོགས་ལ་དགེ་སྐྱོན་ག་རེ་ཡོད་མེད་བཅས་གླེང་དགོས་པ་ཞིག་ཡིན་མོད། འུ་ཚང་གི་མཆན་འདེབས་པ་ཕལ་ཆེ་བས་གླེང་གཞི་དངོས་གཡུགས་ཏེ། ཁ་རྡུང་དང་དམོད་མོ། དམའ་འབེབས། འཇིགས་སྐུལ་ཁོ་ན་བཤད་དེ། རང་ཉིད་ཧ་ལས་པའི་ཡང་དག་ཅིག་ཡིན་མདོག་བསྟན་འདུག དོན་ལ་སོ་སོ་ནི་རྨོངས་ཞེན་པ། ལོག་ལྟ་བ། གཏུམ་སྤྱོད་པ། རྗེས་ལུས་པ། བློ་མིག་ལྡོངས་བ་ཞིག་ཡིན་པ་རང་ངོས་ནས་ལྷང་ལ་ཕུད་ཡོད་པ་ཤེས་མི་འདུག ཁ་དོག་གཅིག་རྐྱང་མ་གཏོགས་མཐོང་མ་མྱོངས་པའི་མི་དེས། ཚོན་མདོག་སྣ་ཚོགས་མཐོང་ཚེ་མིག་བརྩེད་པ་ནི་ཆོས་ཉིད་རེད། རྒྱུ་མཚན་དང་གནས་ལུགས་ལ་མི་དཔྱད་པར། ཚོད་ཚོད་ལ་འུར་ལངས་དང་། ཞོགས་འདྲོགས། སྐད་ཅོར་རྒྱག་པ་ནི་གདོལ་བ་བའི་རང་གཤིས་རེད།
ཤོག་བུ་དཀར་གཙང་ཨ་ན་མ་ན་གཉིས་ཁྱོད་ལ་སྤྲད་པ་ཡིན་ན། ཁྱོད་ལ་ཤོག་བུ་དེ་གཉིས་ལ་བཟང་ངན་དབྱེ་བའི་བློ་ཞིག་སྐྱེས་ནི་མ་རེད། ཤོག་བུ་གཅིག་གི་སྟེང་༼གཉའ་མ༽དང་། ཤོག་བུ་གཅིག་གི་སྟེང་༼ཨ་མ་༽བྲིས་རྗེས་ཁྱོད་ལ་སྤྲད་པ་ཡིན་ན། ཁྱོད་ཀྱིས་ཨ་མ་བྲིས་པའི་ཤོག་བུ་དེ་ལེགས་པོ་དང་གཉའ་མ་བྲིས་པའི་ཤོག་བུ་དེ་ངན་པ་ཡིན་པའི་བློ་སྐྱེས་ཀྱིན་ཡོད་པ་རེད། དེ་ཁྱོད་རང་གི་འཁྲུལ་བའི་བློ་ཡི་འཛིན་སྟངས་རེད་མ་གཏོགས། ཤོག་བུ་དང་ཡི་གེ་ཡི་ཆོས་ཉིད་དེ་འདྲ་ཡིན་པས་མ་རེད་དོ།
ངས་སེམས་གཙོ་སྨྲ་བ་བཤད་པ་དེ་སེམས་གཙོ་རིག་པ་བཤད་ཀྱིན་མེད་ལ་ཁ་བཤད་ལག་ལེན་མི་འཁྱོལ་བའི་དངོས་ཐོག་བདེན་འཚོལ་དང་འགལ་བའི་རྨོངས་དད་ཅན་ལ་ཟེར། དཔེར་ན། མཆན་པ་གནམ་ལྟ་བུ། ཁོས་ཕྱོགས་གཅིག་ནས་ནང་པ་ཞེ་པོ་ཞིག་ཡིན་མདོག་བྱེད་ལ་ཕྱོགས་གཞན་ཞིག་ནས་གནས་ལུགས་ལས་གཡོལ་གང་ཐུབ་ཀྱིས། རང་དང་ལྟ་བ་མི་མཐུན་པར་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་རྩིས་ཡོད་པ་རེད། དེ་མིན་གོང་གི་མཆན་གཞུག་ལ་གཅིག་བལྟོས་དང་།
ཁབ་ཀྱིས་ཡག་པོ་གསུངས་སོང་། གནམ་ལགས་་་་་་ཉམ་ཆུང་སྟེང་དུ་དཔའ་མདོག་བྱེད་ཀྱི་ཞོག ཨ་ཧྥི་རྒ་ནི་སི་ཐན་ནང་དུ་ཤཀྱའི་ཐུབ་པའི་སྐུ་འདྲ་ལ་བྷམ་བརྒྱབས་ནས་གཏོར་དུས་ཁྱོད་ལ་དཔའ་དེ་འདྲ་མི་འདུག་ག ཉམ་ཆུང་ཚོའི་ཡན་ལག་གཅོད་དགོས་མདོག་མདོག་བཤད་ཀྱི་ཞོག
ཁྱོད་ཚོས་འཚེ་མེད་ཞི་བདེའི་མདོག་རྒྱབ་འདི་རེད་པེ། མ་ཐུབ་དགྲ་དང་ཐུག་དུས་རྐུབ་ལྡག་ཉམ་ཆུང་བོད་མིའི་དང་ཐུག་དུས་ཡན་ལག་གཅོད་ཀྱི་ཡིན་ཨེ་་་་་སྙིང་རྗེ་ཡ་་་་ཤཀྱའི་རྒྱལ་པོའི་བཀའ་དགོངས་རྡོག་རོལ་གཏོང་བཞིན་ཡོད་མཁན་ཁྱོད་ལྟ་བུ་ཚོ་རེད། བྱམས་དང་སྙིང་རྗེ་ཟེར་བའི་ས་བོན་ཙམ་མེད་མཁན་ཁྱོད་ལྟ་བུ་ཚོ་རེད་ད། ཁྱོད་ཚོའི་ང་རྒྱལ་དེ་ཨ་་་་་ཉམ་ཆུང་ཐོག་ཏུ་སྟག་གི་ང་རྒྱལ་ལས་ཀྱང་ཆེ་བ།
ད་རེས་བརྙན་འཕྲིན་འདི་བརྒྱུད་ནས་ག་རེ་ཤེས་སོང་ལབ་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་་ཆོས་ཤེས་མཁན་ཧ་ཅང་གི་ཉུང་ཉུང་ཞིག་ལས་མེད་པ་ཤེས་སོང་། དེ་མ་གཏོགས་བདག་མེད་བསླབ་ནས་བདག་འཛིན་ཆེ་རུ་འགྲོ་བཞིན་པ་དང་། འཚེ་མེད་སྨྲ་བཞིན་འཚེ་སེམས་མེ་ལྟར་འབར་བཞིན་པ་འདི་ཡོང་དོན་མི་འདུག་ག
ད་དུང་ཅོ་རི་དང་ཁབ་སོགས་ནི་སྐྱ་བོ་ཡིན་པ་འདྲ་བས། སྐྱ་བོ་དག་གི་ཤེས་ཚད་སེར་མོ་བ་ལས་ཡག་ག་ཡོད་པ་དང་། རང་རྒྱུད་གཅུན་ཤུགས་ཀྱང་ཡག་ག་འདུག
ཤཀྱའི་ཐུབ་པའི་ཐུགས་ཀྱིས་བཟོད་དཀའ་བ་ནི་ཉམ་ཆུང་སེམས་ཅན་གྱི་ཡན་ལག་བཅད་པ་དང་མིག་རིལ་བཏོན་པ། ཉམ་ཆུང་བརྙས་བཅོས་བྱས་པ་སོགས་རེད། ཤཀྱའི་རྒྱལ་པོས་ག་ཚོད་མི་དགོས་ག་ཚོད་གསུངས་ཡོད་ན་་སྡུག་བསྔལ་བའི་སེམས་ཅན་ཉམ་ཆུང་ཚོའི་ཆེད་དུ་རེད། མ་གཏོགས་ཉམ་ཆུང་དབང་སྒྱུར་བྱས་ནས་གཉའ་གནོན་དང་མནར་གཅོད་གཏོང་ཆེད་དུ་མ་རེད།
ལྷ་སྲས་དར་མ་ལ་དུག་མདའ་བརྒྱབས་ནས་བསད། རྩིས་དཔོན་ལུང་ཤར་གྱི་མིག་རིལ་བཏོན། དམ་པ་དགེ་ཆོས་བཙོན་དུ་བཅུག དམ་པའི་ལྷ་ཆོས། འཇིག་རྟེན་མི་ཆོས་གང་དང་མི་མཐུན་པའི་ལུགས་ངན་ཁྱོད་ཚོས་སྒྲུབ། བོད་མི་རིགས་སྡུག་ལ་སྦྱར། སྐྱུག་མེར་ལངས་ཡ་ཚོ།
བརྙན་ཐུང་འདིའི་རྒྱུད་ནས་ངས་ཅི་ཞིག་ཤེས་སོང་ཟེར་ན། ནམ་རྒྱུན་ཁ་བརྡའི་དྲ་ཐོག་གི་མཁས་ཉམས་ཅན་དང་། སེར་མོ་བ། སེར་ལོག རིགས་སྨྲ་བ་ཡིན་ཟེར་མཁན་དེ་ཚོར་ནང་ཆོས་ཀྱི་དྲི་མ་ཇི་ཙམ་བྲོ་ཡི་ཡོད་པ་དེ་རེད།
༡་་་་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་་་་གསུངས་པ་འདི་ཡང་ཉམ་ཆུང་མི་དམངས་ལ་དམ་ཚིག་སྲུང་ནས་མགོ་སྐོར་བསླུ་བྲིད་མི་བྱ་བའི་ཆེད་དུ་རེད།
༢་་་་བཟོད་པའི་ཕ་རོལ་དུ་ཕྱིན་པ་གསུངས་པ་འདི་ཡང་ཉམ་ཆུང་སེམས་ཅན་ལ་བཟོད་པ་བསྒོམས་ནས་བརྙས་བཅོས་མི་བྱ་བའི་ཆེད་དུ་རེད།
༣་་་་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གསུངས་པ་འདི་ཡང་ཉམ་ཐག་སེམས་ཅན་རྣམས་ཀྱི་ལྟོ་གོས་རེག་ཆེད་དུ་རེད།
༤་་་་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསུངས་པ་འདི་ཡང་གནད་ལུགས་ཤེས་པའི་ཐོག་ནས་ཉམ་ཆུང་སེམས་ཅན་གྱི་དོན་སྒྲུབ་ཐུབ་ཆེད་དུ་རེད།
༥་་་་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་གསུངས་པ་འདི་ཡང་རང་སེམས་བརྟན་པོ་བྱས་ནས་ཉམ་ཆུང་སེམས་ཅན་གྱི་དོན་དུ་ལེགས་ཉེས་འབྱེད་ཐུབ་ཆེད་དུ་རེད།
༦་་་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་གསུངས་པ་འདི་ཡང་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་བྱ་ཐུབ་ཆེད་དུ་རེད།
དཀོར་ཟན་ཕག་པ་འདྲ་བ་ཁྱོད་ཚོས་ཉམ་ཆུང་སེམས་ཅན་ལ་དབང་སྒྱུར་བྱེད། བརྙས་བཅོས་བྱེད། ཐོབ་ཐང་ཕྲོགས། གསོད་རྡུང་བྱེད། ཤཀྱའི་རྒྱལ་པོའི་གསུང་རབ་ཐུག་པ་བསྐོལ་བསྐོལ་བྱེད་མཁན་ཁྱོད་རང་ཚོ་རེད་། བསྟན་འཛིན་རང་གྲོལ་ལགས་ཀྱིས་ཁྱོད་ཚོས་དེ་འདྲ་བྱེད་བཞིན་འདུག་ཟེར་ནས་སྒྱུ་རྩོལ་སྟོན་པ་ཙམ་རེད།།
བུ་དེས་དེ་ལྟར་བྱེད་པ་ལ་གོ་བ་ལེན་དགོས་པ་ཞིག་ཏན་ཏན་ཡོད་འདུག རང་ཅག་རྣམས་ཀྱིས་སྔ་སྲོལ་བཟང་པོ་མ་ཉམས་པར་འདོད་ན། བུ་དེ་ལ་ཚིག་ངན་མེད་པར་རང་རང་སོ་སོས་གང་བྱེད་རྒྱུ་དེ་བསམས་ནས། ལག་ལེན་དུ་བསྟར་བ་གལ་ཆེའོ།
ང་ལ་བློ་ཕམ་པོ་བྱུང་སྟངས་ཅིག་ནི། འདི་བོད་པ་གཅིག་གིས་བྱས་པས། ད་ནས་བོད་པའི་ཆོས་དེ་བོད་པར་མ་བཤད་པར། མི་རིགས་གཞན་ལ་ཤོད། ཟེར་བ་མཚུངས་སོ།།
དེ་བཞིན་རེད། ཧང་སང་དགོས་དོན་ཁོང་བོད་པ་གཅིག་གི་བྱ་སྤྱོད་ཆ་ནས་རེད་ལ། མ་འོངས་བསམ་ཤེས་སླེབ་ཐུབ་པའི་རེ་བ་ཞིག་ཡོད་པས་མ་འགྲིགས་་མ་འཐུད་ཞེས་ལབ་སྡད་པ་རེད། ཕྱོགས་ཚང་མ་མཉམ་བསྲད་མི་རུང་། རྟགས་མཚུངས་རིགས་པ་ནི། ཁོས་ནང་པའི་གླེག་བམ་རྔོད་ཐུབ་ན། ཁ་ཆེའི་གླེགས་བམ་མ་རྔོད་པ་གང་ཡིན་ནམ་ཟེར་བ་དེ་རེད། གནས་དོན་གཞན་ཞིག་ནི་ཁོ་བོད་པ་ཉམ་ཆུང་ཞིག་ཡིན་ན་བོད་པའི་མགོ་ལ་རྡོག་བརྫི་བཏང་གི་མ་རེད།
རྨོངས་འཐོམ་དང་རྨོངས་དད་གང་ཡིན་རུང་། མིའི་སེམས་ཁམས་དང་བརྟུན་པའི་སྐད་ཆ་རེད། ༧གོང་ས་མཆོག་ནས་ལྟ་སྤྱོད་མི་མཐུན་པའི་ཆོས་ལུགས་རྣམས་རང་རང་གི་ས་ནས་འགྲོ་བ་མི་ཕོན་ཆེན་ཞིག་གི་རེ་བ་སྐོང་བཞིན་ཡོད་པས་ཅི་ཀྱང་གུས་ཞབས་དགོས་པ་གསུངས་པ་དེར་རྒྱུ་མཚན་ཡོད།
ངའི་སྣང་བར་མ་འགྲོ་བའི་རྒྱུ་མཚན་བྱས་ནས་གང་ཡང་ཆོག ཅི་ཡང་སྤྱོད་ཟེར་ན། དེ་ལ་རྨོངས་འཐོམ་ཟེར་བ་རེད། སྤྱི་ཚོགས་ཡར་རྒྱས་དགོས་ན་མི་རུང་བ་དེ་མི་རུང་་ཡིན་པའི་ངོས་འཛིན་དགོས་ལ། ལེགས་སྤེལ་ཉེས་འགོག་ཀྱང་གནང་དགོས་པ་རེད། ངས་རང་གི་འདོད་ཕྱོགས་མངོན་ཀྱི་མེད། འཛམ་གླིང་འདིའི་ནང་གི་སྤྱི་མོས་ཡོད་པའི་ཤེས་བྱ་ཞིག་ངོ་སྤྲོད་བཞིན་ཡོད།
ད་རིང་ནང་པའི་ཤིན་ཏུ་རྩ་ཆེ་གནང་རྒྱུའི་གླེགས་བམ་བརྔོད་ཟས་གནང་བར་རྒྱབ་སྐྱོར་གནང་མཁན་ཚོ། མ་འོངས་པར་རང་གི་ཕ་མའི་ལྕེ་གཏུབ་པར་དབུ་འོག་དཔུང་འདེགས་མི་བྱ་བའི་རེ་བ་ཡོད།
བོད་པ་རེད། བོད་མི་རེད་ཟེར་ནས་ཧ་སང་མདོག་མ་བྱེད། རིག་གནས་གསར་བརྗེ་སྐབས་སུ་བོད་མི་རྒྱ་དགའ་བ་ཚོས་ག་རེ་བྱས་ཡོད་མེད་ལོ་རྒྱུས་ལ་ཕྱིར་བལྟ་བྱོས། དེ་ནས་ཤེས་འོང་གི་རེད། བླ་མ་བརྡུངས། དགེ་རྒན་བརྡུངས། དགོན་པ་གཏོར། གསུང་རབ་པོ་ཏི་མང་མེ་སྲེག་བྱས།་་་་ཧཧཧཧ བོད་པས་བྱས་མ་མྱངས་བ་ཞིག་ག་རེ་ལྷག་ཡོད་དམ། འགྲོ་བ་མིའི་རིགས་ཀྱི་གད་རྙིགས་ངོ་མ་དེ་བོད་པ་རེད་དོ། ལ་རྒྱ་མེད་མཁན། ཉམ་ཆུང་སྡང་མཁན། དགྲ་དང་ཐུག་དུས་ཝ་མོ་ནང་བཞིན། ནང་ཁུལ་ཐུག་དུས་སྟག་མོ་ནང་བཞིན། ནང་གསོད་གཏོག་རེའི་བྱས་དགོས་ན་བོད་པ་ལས་ངར་བ་འཛམ་གླིང་ཐོག་ཏུ་མེད་ངེས་ཡིན།།། སྐྱུག་མེར་ལངས་ས་ཚོ། སྐྱེ་བ་ཕྱི་མ་བོད་པའི་སྐྱེ་བ་མ་ལེན་པཪ་ཤོག
མ་འོངས་པ་ཕ་མའི་ལྕེ་གཏུབ་ཀྱི་རེད་ཨེ་་་་ཧཧཧ རིག་གསར་གྱི་སྐབས་སུ་ཕ་མ་ལ་བརྡུངས་མཁན་བོད་མི་མང་པོ་ཡོང་མྱངས་བ་རེད་དོ། ཧཧཧ ཁྱོད་ཚོ་གཞོན་སྐྱེས་ཚོས་རྒད་པོ་རྒད་མོ་ཚོ་ལ་སྐད་ཆ་དྲིས། མའོ་ཀྲུང་ཞིའི་གསུང་རྩོམ་དམར་པོ་ལག་པ་གཡས་པའི་ནང་དུ་ཁུར་ནས་ཕ་མ་དང་དགེ་རྒན་ལ་བསླབ་གསོ་བརྒྱབས་ནས་བརྡུངས་མཁན་ག་ཚོད་ཚོད་རེད། སྤྲང་རྒན་མའོ་ལ་ཕ་མ་ལས་དྲིན་ཆེ་བ་ཡིན་ཟེར་མཁན་བོད་མི་མང་ཡོང་མྱོང་བ་ངས་མིག་གིས་མཐོང་མྱངས་ཡོད་ལ་རྣ་བས་གོ་མྱངས་ཡོད་དོ།།
གོ་ཐོས་ཡིན་ན། སྔར་ཨ་མདོ་དགེ་ཆོས་ཀྱིས་འབྲས་སྤུངས་དགོན་པའི་མདུན་ཐང་དུ་ཐང་ག་ཞིག་གདན་ལ་བཏིངས་ནས་ཐ་མག་བཞེས་ནས་བཞུགས་སྐབས། དགེ་བཤེས་ང་ཡིན་ཁོ་ཡིན་ཟེར་མཁན་གཅིག་ཀྱང་ཁོང་གི་སར་བཏུད་ཐུབ་ཀྱི་མི་འདུག་གསུངས་སོང་།
སྒྱུ་རྩལ་བར་རློམ་པའི་སྐྱེ་བོ་དེས་ལོ་ཤས་སྔོན་དུ་བོད་ནས་བླངས་པའི་ས་ཡིན་ཟེར་བའི་སྟེང་དུ་བཙན་བྱོལ་བའི་བོད་མི་དག་རློམ་དུ་བཅུག་སོང་། དེ་དུས་བཙན་བྱོལ་བོད་མི་སྤྱི་དང་སྒོས་སུ་བོད་ཡུལ་འགྲིམ་མྱོང་མེད་པའི་ན་གཞོན་དག་ལྷག་པར་མགོ་བོ་རབ་ཏུ་རྨོངས་ནས་བོད་ཀྱི་སར་གོམ་པ་སྤོས།
དེ་རིང་། གསུང་རབ་ཀྱི་ཐུག་པ་ཡིན་ཟེར་བའི་བརྙན་ཐུང་ཞིག་འཁྲབ་ནས་སྒྱུ་རྩལ་བར་རློམ་པའི་མི་བུ་དག་རྨོངས་པར་བྱས་སོང་ལ། དད་ཞེན་པར་རྫུས་པའི་སྐྱེ་བོ་དེ་དག་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་སོང་། དོན་དངོས་སུ། སྒྱུ་རྩལ་དང་། སྤྱི་ཚོགས། དད་ཞེན། བདག་འཛིན། ལ་སོགས་པའི་བྱ་དངོས་ཐམས་ཅད་ལ་རྒྱང་དཔྱོད་ཅིག་བྱེད་རན་རེད་ཨང་།
རིག་གནས་གསར་བརྗེ་སྐབས་བྱུང་བའི་གནས་དོན་དང་གཅིག་མཚུངས་ཡིན་ན། བསྟན་འཛིན་རིག་གྲོལ་ཁོས་དེ་ལྟར་བྱས་པ་གཞན་གྱི་དབང་ཡོད་ནང་ཚུད་དམ། སྲོག་དོར་བའི་འཇིགས་པ་ཡོད་དམ། ཐོབ་གོ་གནས་ལ་རེ་འམ། རྒྱུ་ནོར་ལ་འདོད་རྔམ་སྐྱེས་སམ། དེ་མིན་གྱི་གནས་ཚུལ་ཡིན་ན། རིག་གནས་གསར་བརྗེ་དང་མི་འདྲ། སྟོད་མི་ཤེས་པའི་སྟོད་ན་སྨད་རར་སོང་བ་བཞིན་འདུག
བོད་པ་ཇི་ཙམ་སྡུག་རུང་ད་བར་རང་གི་ངོ་སྤྲོད་ཁ་གསལ་པོ། དངོས་གཙང་ཐོག་ཉར་ཚགས་གནང་ཡོད། རིགས་གནས་གསར་བརྗེས་བོད་ཀྱི་སྐད་ཡིག་གཏོར་ཤིག་ཐུབ་མེད། བོད་ཀྱི་ནང་ཆོས་དེ་བས་ཀྱང་ཐུབ་མེད། ད་དུང་ཕྱི་མི་ནས་ནང་ཆོས་ལ་བརྩི་བཀུར་ཞུས་པ་དེ་དག་མཐོང་དགོས། བོད་པ་ཚང་མ་ལན་མ་བྱས་པ་ཡིན་ན། དེ་ནང་ཁྱེད་རང་གཏི་བོ་གཅིག་རེད་འདུག གཞན་ལ་བལྟ་བའི་མི་ག་ཡོད་ཀྱང་། །རང་ལ་བལྟ་བའི་མེ་ལོང་དགོས། ཥཀྱེན་པར་མཛོད།
ཁྱེད་རང་སྐྱབས་བཅོལ་ནང་མ་ཚུད་པ་སུས་ཀྱང་མ་ལན། བོད་མིའི་བསྒྲིགས་འཛུགས་མིན་ལ། བོད་མི་མང་མིན།
ཉན་མ་ཤེས་ན་ལན་འདེབས་ཀྱི་མིན། རིག་གནས་གསར་བརྗེ་དང་གཅིག་པ་རེད་སུ་ཡིས་ལབ་ཀྱི་འདུག་གམ།
རིགས་གནས་གསར་བརྗེ་དེ་ཁྱེད་རང་གི་དཔེ་ལ་བཀོད་པ་རེད། ང་ཚོའི་གླེང་གནས་བསྟན་འཛིན་རིག་གྲོལ་གྱི་བྱ་སྤྱོད་རེད། དེ་གཉིས་དཔེ་དོན་མིན་ན། ཁྱེད་རང་རྣམ་པར་འཁྱམས་པ་རེད།
xxx
དགྲ་བོའི་མེ་མདའི་སོ་ཁ་ནས་བྱས་བའི་ལས་ཀ་ནི་དེ་ག་རང་ཡིན་པས། ཁྱོད་འདྲ་མོ། རྟུལ་རྒན་ཚོས་ཧ་ཧ་ཧ་ཟེར་ས་ཞིག་ག་ལ་ཡིན།
དད་མེད་ཚོས་དད་ལྡན་གྱི་རྒྱལ་བའི་གསུང་རབ་ཚུད་ཆད་ཀྱིས་རྩེ་སྤྱད་དང་དགོད་སྤྱོད་བྱས་ནས་བརྙས་བཅོས་བྱེད་ཐུབ་ས་དེ་ཚོ་བཙན་པོ་དང་དཔོན་་པོ་ཡིན་པ་དང་ཁ་བཙུམ་དགོས་བ་ཞིག།
དད་ལྡན་པ་ཚོས་དད་མེད་xxཁྱེད་ཚོ་ལ་རྒྱལ་བའི་གསུང་རབ་དང་སྐུ་བརྙན་གྱིས་འདྲ་མིན་ཅོ་བརྒྱད་བྱས་མ་ཡོང་ཟེར་དུས། ཉམ་ཆུང་ལ་མཐོང་ཆུང་བྱས་མདོག་སོགས་གཡོ་སྒྱུ་བཤད་པས་ཅི་ལ་ཕན། མིས་རིག་ཚར་རེད། ལས་འདི་འདྲ་བྱས་ཚར་རེད། དགྲ་བསགས་ཚར་རེད། དགྲ་བོ་གར་ཡོད་མི་ཤེས། སོ་སོས་ཡན་ལག་གཏུབ་སྟངས་འགྲོ་སྟངས་མི་ལ་ལབ་ཚར་བ་རེད། ཁོ་དཔའ་བོ་ཡིན་ན་དགྱེ་ནས་སྡོད། སྡར་མ་ཡིན་ན་སྐྲག་ནས་སྡོད།
ནང་ཆོས་ནི་ཁྱེད་ཚོར་མི་དགོས། དཔོན་པོ་ནི་ཁྱེད་ཚོར་མི་དགོས། བླ་མ་ནི་ཁྱེད་ཚོར་མི་དགོས། དད་ལྡན་ནི་ཁྱེད་ཚོར་མི་དགོས། རྟེན་བྱིན་ནི་ཁྱེད་ཚོར་མི་དགོས།
ཁྱེད་ཚོར་དགོས་ཡ་དང་ཡོད་པ་དེ། རང་སྣང་ལ་འཕྲུལ་བའི་རང་རློམ་རང་བདེན་གྱི་xxxདེ་ཙམ་ལས་ཅི་ཞིག་ཡོད། རིག་གཏོ་ཁོས་སྟོན་སྐུའི་བྲིས་ཚོང་བརྒྱབས་པ་དེ་ཡང་ཆོས་ཟ་ཆོས་ཙོང་མ་ཡོན་ནམ། མི་ལ་བཤད་དུས་སྐེ་ཐུ་རིང་རིང་། རང་ཐོག་ཐོན་དུས་མ་གོ་མ་ཤེས། xxཁྱེད་ཚོ་ཡིན་ན་འདི་འདྲ།
ཡང་འགའ་རེ་ཡིས། ཐུགས་གཤེས་ཡང་མདོག་དང་མཁྱེན་རྒྱ་ཆེ་མདོག་བྱས་འདུག། ཁྱེད་བོས་རང་རྒྱུད་ཙམ་ལས། མ་སེམས་ཅན་གྱི་དོན་དུ་དང་སངས་རྒྱས་བསྟན་པའི་དར་རྒུད་ཞིག་བཤད་ཀི་མི་འདུག་པས། བསམ་བློ་ཐོངས་ཟེར་བ་ཡིན།
ཁྱོད་ཚོས་་་བསྟན་གྲོལ་ཆོས་ཅན། ལས་ཀ་འདི་འདྲ་བྱས་པ་ཧ་སང་དགོས་པ་ཞིག་ཡིན་སྟེ། བོད་པ་ཡིན་པའི་ཕྱིར།་་་ཞེས་བཤད་པ་རེད། དེ་ལ་་་ངས་བོད་ཡིན་ན་ལས་ཀ་འདི་འདྲ་བྱས་པ་ཧ་སང་དགོས་པའི་མ་ཁྱབ། རིག་གསར་གྱི་སྐབས་ཀྱིབོད་པ་་རྒྱ་དགའ་བ་ཚོ་ཆོས་ཅན་ཞེས་ལན་བརྒྱབས་པ་རེད། ཧཧཧ རིག་ལམ་ཡག་པོ་མེད་ན་སྐད་ཆ་ཉན་ཤེས་ཀིན་མ་རེད་་་་དོ
གནམ་་་་ཨ་ཧྥི་རྒ་ནི་སི་ཐན་ནང་གིས་ཤཀྱའི་རྒྱལ་པོའི་སྐུ་འདྲ་གཏོར་མཁན་དེ་ཚོའི་ཡན་ལག་ཁྱོད་ཀྱིས་གཅོད་ཚར་པེ། དེ་ཚོས་མདུན་དུ་ཁྱོད་ཀྱིས་རྟུལ་དྲི་ཚ་ཕོད་ཕོད་ཤིག་ཀྱང་གཏོང་མི་ནུས་པར། རིག་གྲོལ་བོད་མི་ཉམ་ཆུང་ཞིག་ཡིན་དུས་ཡན་ལག་གཅོད་དགོས་མདོག་མདོག་བཤད་ཀྱི་ཡོད་རེད།། ད་ཡིན་ན་་་ངས་ཁྱོད་ལ་ཡན་ལག་མ་གཅོད་རོགས་རྩ་བ་ནས་ལབ་མི་ཡོང་། གཅོད་རྐྱང་བྱོས། གལ་སྲིད་གཅོད་མ་ཐུབ་ན་་་་ཁྱོད་ཝ་མོ་གསོན་པོ་དེ་ཡིན་ད།
དེ་ལ་དངོས་ཤུགས་བརྒྱུད་གང་ལ་སྦྱར་ཡང་རྒྱུ་རྩལ་ཟེར་བའི་རྩལ་གང་ཡང་མ་མངོན་ཡང་དེ་ལ་སྨྱོ་རྩལ་ཚད་མཐོན་པོ་འདུག སྨྱོན་པ་སྤྱིར་བཏང་བ་ཞིག་གིས་སྨྱོ་རྩལ་དེ་འདྲ་སྟོན་མི་སྲིད།
ཨའུ། ཨའུ། ཨའུ།
འབའ། འབའ། འབའ།
མེའུ། མེའུ། མེའུ།
ཨོའོ། ཨོའོ། ཨོའོ
ཧེ། ཧེ། ཧེ། ཧེ།
རྨོངས་དད་པ་ཅོ་དོལ་ཕྲུག་ཉོན་ཨ། ཨ་ཕྷི་སྟོན་སྐུ་གཏོར་དུས་ངའི་བོད་པ་ཚང་གི་མིར་ཚོར་དམག་ཤུགས་ཀྱིས་མ་འདང་རེད་མ་གཏོགས། རང་བསྡད་ཀྱི་མ་རེད། དོལ་ཕྲུག་རང་གིས་ཅི་བཤད་ཀྱི་ཡོད་ལེ། བོད་པར་བཙོན་ཁང་མེད་ཙ་ཁོས་འདི་འདྲ་བྱེད་ནུས་ཀྱི་ཡོད། བོད་པར་བཙོན་ཁང་མེད་ཙ་དོལ་ཕྲུག་ཚོས་རིག་ལམ་སློབ་དགེ་བསད་ཐུབ་ཀྱིན་ཡོད།
ཁབ་ཀྱི་རྣམ་དཔྱོད་ལྡན་པའི་བསམ་ཚུལ་འདི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་།
བརྙན་འདི་ཉེ་སྔོན་སྐད་འཕྲིན་བརྒྱུད་ལམ་ཞིག་ནས། ངའི་གྲོགས་པོ་ཞིག་གིས་ཁོང་ཁྲོ་དང་སྡིག་དམོད་ཀྱི་རྣམ་པས་ང་ལ་བསྟན་སོང་། སྐབས་དེར་ངས་ཅི་ཡང་བཤད་མེད། དེ་རིང་བསྐྱར་དུ་དྲ་ཐོག་འདི་ནས་མཐོང་སོང་། འོག་གི་འགྲེལ་བཤད་དང་མཆན་དག་ཀྱང་བཀླགས་ཡིན། དགེ་རབ་ཀྱིས་བཤད་པར་སོ་སོ་རང་ངོས་ཀྱི་གནས་ལུགས་ཤིག་འདུག དེ་མ་གཏོགས། གཞན་ཕལ་ཆེ་བ་ནི་ཚོར་བ་ཙམ་པོ་བ་དང་། དད་པ་ཙམ་པོ་བའི་གཅུན་ནས་ནོར་རྫི་ལུག་རྫིའི་སྐད་ཆ་བཤད་མཁན་རྐྱང་རེད། མཆན་འདི་དག་ཀློག་སྐབས་ང་ལ་བྱུང་བའི་ཚོར་སྣང་རྣོ་ཤོས་ནི། ལྷ་སའི་ཇོ་ཁང་མདུན་ནས་མི་རབས་ནས་མི་རབས་ལ་དཔྲལ་བས་ཐང་ལ་བརྡབས་རྗེས། དད་ལྡན་རིགས་ཁྱུ་དེའི་དྲུག་ཆའི་གཅིག་ཁྲག་ལ་བརྫིས་ཤིང་། བྱིངས་ཀྱིས་དམྱལ་བ་མི་ཡུལ་ནས་མྱངས་པའི་ལས་ལན་དེ་དང་། རྩྭ་ཤོག་ངོས་ཀྱི་སྣག་ཡིག་རྣམས་མིག་བཙུམས་ཏེ་སྤྱི་བོར་བླངས་ཤིང་། སྒམ་དང་གཏེར་ལ་བཅུགས་ཏེ་དུས་རབས་མང་པོར་མི་རིགས་བྱིངས་ཡིག་རྨོངས་ལ་བསྡད་པའི་སྣང་ཚུལ་དེ་དག་རེད།
ངས་འདིར་འུ་ཚོའི་རིགས་ཁྱུ་འདི་ཆོས་ལ་དད་པ་ཡོད་པ་དེར་དགག་གིན་མེད། ཆོས་ལ་དད་པ་ཡོད་པ་དེ་ལེགས་པོ་རེད། མི་ཞིག་ལ་རྣམ་ཤེས་དང་ཚེ་སྲོག་ཡོད་པའི་རྟགས་མཚན་རེད། ཡིན་ནའང་། འུ་ཚོའི་དད་སྟངས་དེ་རྨོངས་དད་རེད། དཔེ་ཙམ་བཤད་ན། ཐུག་པར་གཏུབས་པའི་དེབ་དེ་གླེགས་བམ་སྣ་རིང་མིན་པ་དང་སྟེང་དུ་སྣག་བྲིས་འདྲ་སྐུ་མེད་པར། ཤོག་བུ་དཀར་གཙང་ཞིག་གི་སྟེང་དུ་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། ཅེས་བྲིས་ཡོད་པའི་དབང་དུ་བཏང་ན། གོང་མཆན་འདེབས་མཁན་འདི་ཚོར་དེ་ལྟའི་སེམས་ཀྱིས་བཟོད་མ་ནུས་པའི་ཚོར་བ་ཞིག་ཡོང་མི་སྲིད།
དེ་བས་ང་ཚོ་མང་ཚོགས་བྱིངས་ཀྱིས་དད་ཡུལ་དུ་འཛིན་བཞིན་པ་ནི། སྟོན་པ་ཐུགས་རྗེ་ཅན་གྱི་གསུངས་བའི་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དེ་མ་ཡིན་པར། འབག་སྐུ་ཙམ་དང་། ཤོག་སྡེབ་ཙམ། འདྲ་རིས་ཙམ། མདོར་དེད་ན་རྣམ་པ་ཙམ་གྱི་ངོ་བོར་བསྡད་ཡོད་པ་དེ་རེད། བོད་ཡིག་གིས་ཚིག་སྦྱོར་གྲལ་དག་པོ་ཞིག་ཀྱང་འབྲི་མི་ཤེས་པའི་བོད་མི་ཀ་ངོ་ཆོད་ཙམ་པ་དང་། བོད་ཡིག་ཡིན་མིན་གཟུགས་ལ་བལྟས་ཏེ་ངོ་རྟགས་འཛིན་པའི་ཡིག་རྨོངས་པ་ཚོས་མདུན་ནས། ཁྱོད་ཀྱིས་བོད་ཡིག་གི་དེབ་ཅིག་གི་སྟེང་རྐུབ་བཙུགས་ཏེ་ཙོག་པ་ཡིན་ན། ཧ་ལས་ཧང་སིང་སྟེ་ཁྱོད་ཀྱིས་ཉེས་བ་གནང་ལ་མི་ཤོངས་པ་བསགས་སོང་། ཁྱོད་ཀྱིས་རྗེས་མ་ཡི་གེ་ཤེས་ནི་མ་རེད་ཅེས་བཤད་རྐྱང་བྱེད་ངེས། གལ་ཏེ། ཁྱོད་ཀྱིས་དབྱིན་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་གཞན་པའི་དེབ་ཅིག་གི་སྟེང་རྐུབ་བཙུགས་ཏེ་ཙོག་པ་ཡིན་ན། ཁོ་ཚོར་མ་བཟོད་པའི་ཚོར་བ་གང་ཡང་ཡོང་གི་མི་འདུག འདི་ཡིས་ཅི་ཞིག་མཚོན་གྱིན་ཡོད་དམ། ཁོ་ཚོའི་ཆོས་ལ་འཛིན་པའི་དད་པ་དེ་རྨོངས་དད་ཡིན་པ་དང་། ཁོ་ཚོའི་རིག་གནས་ལ་འཛིན་པའི་ལྟ་སྟངས་ཏེ་རྨོངས་འཐོམ་ཡིན་པ་གསལ་བོར་སྟོན་གྱིན་ཡོད་པ་རེད།
གནས་སྟངས་འདི་དག་གི་རྐྱེན་པས། གོང་གི་མཆན་འདེབས་པ་ཕལ་ཆེ་བས། བརྗོད་གཞི་དངོས་གང་ཡིན་པ་བོར་ནས་སོ་སོའི་ཚོར་སྣང་རྐྱང་རྐྱང་ལ་འཇུས་ཏེ་སྐད་ཆ་མདོ་མེད་རྐྱང་ཐལ་བ་རེད། དོན་དམ་པའི་གླེང་དགོས་རྒྱུ་ནི་ཁོའི་བྱ་སྤྱོད་དེ་སྒྱུ་རྩལ་ལ་ངོས་འཛིན་ཐུབ་མིན། ཁོའི་ཐོག་མའི་འཁྲབ་སྟོན་གྱི་དམིགས་ཡུལ་དང་འཁྲབ་བརྙན་གྱི་འབྲས་བུ་གཉིས་ག་འདྲ་ཆགས་ཡོད་མེད། ཁོའི་སྒྱུ་རྩལ་གྱི་བྱེད་ཐབས་དེས་སྤྱི་ཚོགས་ཁྲོད་དྲང་ཕྱོགས་དང་ལྡོག་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ག་འདྲ་འཐེབ་སྲིད་མིན། ཁོའི་འཁྲབ་སྟོན་གྱི་རྣམ་འགྱུར་ལས་སྒྱུ་རྩལ་གྱི་ཆ་མངོན་ཡོད་མེད། ཁོས་བདམས་པའི་ཁོར་ཡུག་དང་རྒྱུ་ཆ། གོ་རིམ་སོགས་ལ་དགེ་སྐྱོན་ག་རེ་ཡོད་མེད་བཅས་གླེང་དགོས་པ་ཞིག་ཡིན་མོད། འུ་ཚང་གི་མཆན་འདེབས་པ་ཕལ་ཆེ་བས་གླེང་གཞི་དངོས་གཡུགས་ཏེ། ཁ་རྡུང་དང་དམོད་མོ། དམའ་འབེབས། འཇིགས་སྐུལ་ཁོ་ན་བཤད་དེ། རང་ཉིད་ཧ་ལས་པའི་ཡང་དག་ཅིག་ཡིན་མདོག་བསྟན་འདུག དོན་ལ་སོ་སོ་ནི་རྨོངས་ཞེན་པ། ལོག་ལྟ་བ། གཏུམ་སྤྱོད་པ། རྗེས་ལུས་པ། བློ་མིག་ལྡོངས་བ་ཞིག་ཡིན་པ་རང་ངོས་ནས་ལྷང་ལ་ཕུད་ཡོད་པ་ཤེས་མི་འདུག ཁ་དོག་གཅིག་རྐྱང་མ་གཏོགས་མཐོང་མ་མྱོངས་པའི་མི་དེས། ཚོན་མདོག་སྣ་ཚོགས་མཐོང་ཚེ་མིག་བརྩེད་པ་ནི་ཆོས་ཉིད་རེད། རྒྱུ་མཚན་དང་གནས་ལུགས་ལ་མི་དཔྱད་པར། ཚོད་ཚོད་ལ་འུར་ལངས་དང་། ཞོགས་འདྲོགས། སྐད་ཅོར་རྒྱག་པ་ནི་གདོལ་བ་བའི་རང་གཤིས་རེད།
ཤོག་བུ་དཀར་གཙང་ཨ་ན་མ་ན་གཉིས་ཁྱོད་ལ་སྤྲད་པ་ཡིན་ན། ཁྱོད་ལ་ཤོག་བུ་དེ་གཉིས་ལ་བཟང་ངན་དབྱེ་བའི་བློ་ཞིག་སྐྱེས་ནི་མ་རེད། ཤོག་བུ་གཅིག་གི་སྟེང་༼གཉའ་མ༽དང་། ཤོག་བུ་གཅིག་གི་སྟེང་༼ཨ་མ་༽བྲིས་རྗེས་ཁྱོད་ལ་སྤྲད་པ་ཡིན་ན། ཁྱོད་ཀྱིས་ཨ་མ་བྲིས་པའི་ཤོག་བུ་དེ་ལེགས་པོ་དང་གཉའ་མ་བྲིས་པའི་ཤོག་བུ་དེ་ངན་པ་ཡིན་པའི་བློ་སྐྱེས་ཀྱིན་ཡོད་པ་རེད། དེ་ཁྱོད་རང་གི་འཁྲུལ་བའི་བློ་ཡི་འཛིན་སྟངས་རེད་མ་གཏོགས། ཤོག་བུ་དང་ཡི་གེ་ཡི་ཆོས་ཉིད་དེ་འདྲ་ཡིན་པས་མ་རེད་དོ།
ཁོས་བྱེད་སྟངས་ངོ་གདོང་ཁོ་རང་སྡུག་བཅག་རེད། རྒྱབ་ལྗོངས་རྒྱུ་མཚན་བཤད་མ་བཤད་ཡོད་མ་རེད། དཔེར་ན་ཕ་བསད་པའི་བུ་ལ་རྒྱུ་མཚན་བཤད་རྒྱུ་ཡོད། ཡིན་ནའང་ཕ་བསད་པ་ཁོ་རང་ནོར་འཁྲུལ་དང་ཁྲིམས་འགལ་རེད།
ཁབ་ཟེར་བ་འདི་ལ་སྙིང་ནད་འདུག ཡང་ན་ལོག་བལྟ་མཁན་རེད་དོ། འགྲོ་བ་མི་རྣམས་ལེགས་ཉེས་འབྱེད་པའི་ཤེས་རབ་ཟེར་པ་གཅིག་ཡོད་རེད།
ཤོག་བུ་དཀར་གཙང་ཨ་ན་མ་ན་གཉིས་ཁྱོད་ལ་སྤྲད་པ་ཡིན་ན། ཁྱོད་ལ་ཤོག་བུ་དེ་གཉིས་ལ་བཟང་ངན་དབྱེ་བའི་བློ་ཞིག་སྐྱེས་ནི་མ་རེད། ཤོག་བུ་གཅིག་གི་སྟེང་༼གཉའ་མ༽དང་། ཤོག་བུ་གཅིག་གི་སྟེང་༼ཨ་མ་༽བྲིས་རྗེས་ཁྱོད་ལ་སྤྲད་པ་ཡིན་ན། ཁྱོད་ཀྱིས་ཨ་མ་བྲིས་པའི་ཤོག་བུ་དེ་ལེགས་པོ་དང་གཉའ་མ་བྲིས་པའི་ཤོག་བུ་དེ་ངན་པ་ཡིན་པའི་བློ་སྐྱེས་ཀྱིན་ཡོད་པ་རེད། དེ་ཁྱོད་རང་གི་འཁྲུལ་བའི་བློ་ཡི་འཛིན་སྟངས་རེད་མ་གཏོགས། ཤོག་བུ་དང་ཡི་གེ་ཡི་ཆོས་ཉིད་དེ་འདྲ་ཡིན་པས་མ་རེད་དོ།
འགྲོ་བ་མི་རྣམས་ལ་ལེགས་ཉེས་འབྱེད་པའི་ཤེས་རབ་ཟེར་པ་གཅིག་ཡོད་རེད་ཅེས་འདོན་རོགས།
ཁྱད་པར་མེད་པའི་ཤོག་བུ་དཀར་རྐྱང་གཉིས་ལ་ཁྱད་མེད་ཀྱང་། གཙང་ཤོག་ཉོས་སྟེ་སྟེང་དུ་སྐྱག་པ་དབྱི་བྱས་བེད་སྤྱོད་བྱས་པའི་རྗེས་སུ་སྟེ། གཙང་ཤོག་སྐྱག་པ་ཅན་དང་གཙང་ཤོག་སྐྱག་པ་མེད་པ་ཅན་ཁྱད་འབྱེད་པའི་ཤེས་རབ་མེད་ན་ཁ་བརྡར་འོངས་ནང་འཁྲུག་གི་དོན་དུ་རེད་པ། ཡང་ན་དངུལ་གྱིས་བསླུས་སམ།།།།།།།
ཅོ་རི་ལགས། ཁྱེད་ཀྱི་ཧང་སང་དགོས་པའི་མ་ཁྱབ་ཟེར་ལུགས་ལ་གཟིགས་དང་། རིགས་གསར་སྐབས་ཀྱི་བོད་པའི་འགའི་བྱ་སྤྱོད་ལ་ཧང་མི་སང་བ་ཁྱེད་རང་ཡིན་ན་མ་གཏོགས། ང་ཚོ་ནི་ད་དུང་ཡང་བློ་ཕམ་གྱི་རང་བཞིན་ལས་མ་འདས། ཁྱེད་རང་གི་གོང་གི་ཚིག་བརྗོད་ལ་གཟིགས་དང་། བླ་མ་བརྡུངས། དགེ་རྒན་བརྡུངས། དགོན་པ་གཏོར། གསུང་རབ་པོ་ཏི་མང་མེ་སྲེག་བྱས། ལབ་པ་བཞིན། སྙིང་ལ་རུས་པ་ཡོད་པའི་མི་ཞིག་དེ་འདྲ་རིགས་ལ་ཧང་མི་སང་བ་སུ་ཡོད། ཨ་ཁ་ཁ་ཁ་་་
ཧ་སང་ནའང་བྱ་ཐབས་ཟད་གསུངས་ན། ཁྱེད་བདེན་ནོ།
ཁབ་ལགས་ཀྱིས། ཁོ་རང་མ་གཏོགས་གཞན་ཚང་མ་བརྗོད་གཞི་ལས་འདས་པའི་མཆན་ཞིག་ལ་ངོས་འཛིན་གནང་འདུག ཁོ་རང་གི་ཤོག་བུ་དཀར་རྐྱང་གཉིས་ཀྱི་སྐད་ཆ་དེ་གང་འདྲ་ཞིག་འདུག
བུད་མེད་གཉིས་ལས་གཅིག་ལ་ཨ་མ་ཞེས་འབོད་ནས་གུས་བཀུར་ཞུས། གཅིག་ལ་གནའ་མ་ཞེས་འབོད་ནས་དགའ་མགུར་སྤྱོད་པ་དེ་ཡང་འཁྲུལ་བློའི་འཛིན་སྟངས་རེད་པས། ཡིན་ན་དོན་ལ་ཨ་མ་དང་མནའ་མ་ཁྱད་མེད་པ་ཡིན་ནམ། ཨ་ཁ་ཁ།
ང་ཚོ་ཡིན་ན་ཤོག་པོ་དཀར་པོའི་སྟེང་ཡི་གེ་ནག་པོ་ཞིག་འབྲི་ཕྱིན་གུས་ཞབས་བྱས་པའི་ཡ་རབས་བཟང་སྤྱོད་གཅིག་ཡོད། ད་དུང་དེ་ལ་དཔེ་ཆ་ཞེས་མིང་བཏགས་ན་ཅི་ཀྱང་བརྩི་བཀུར་ཞུས་འོས། དབྱངས་གསལ་ཡི་གེ་ལ་གུས་ཞབས་བྱས་པ་རང་གི་ངོ་བོ་རྩ་བ་ཆེ་བས་མ་རེད། དེས་ཤེས་རབ་རྒྱ་སྐྱེ་ནས་རང་ལ་ཕན་འདོགས་པའི་བཀྲིན་ཅན་ཞིག་ཡིན་པས་རེད། དེ་ལ་གུས་ཞབས་མེད་པ་དང་བཀྲིན་བསམ་ཤེས་མེད་པ་གཅིག་པ་རེད་དོ།།
རྒྱལ་ཁབ་གཞན་པ་ཚོའི་ཡིག་རིགས་དང་བྱ་སྤྱོད་ལ་དཔེ་སྦྱར་ནས་རང་གི་ཡང་རབས་བཟང་སྤྱོད་དེ་གཏོར་ཤིག་བཏང་རྒྱུ་ཡིན་ནམ། རྒྱལ་ཁབ་གཞན་པའི་ཕ་མར་བརྩིས་བཀུར་མི་བྱེད་དེ་ལ་དཔེ་ལྟོས་ཤིག ཇི་ཙམ་བཤད་པ་དེ་ཙམ་གྱི་ཨི་ཁུང་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག
སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ཏུ་འདི་ལྟར་གསུངས་ཏེ།
་
སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།
འཁྱལ་ཞིང་འཇིག་པར་བྱེད་པ་ལ་འང་།
བདག་གིས་ཞེ་སྡང་མི་རིགས་ཏེ།
སངས་རྒྱས་སོགས་ལ་གནོད་མི་མངའ།། ༦༤ །།
་
ཞེས་སོ།
སྦྱོན་ལེགས། བླ་དྭགས་བློ་བཟང་འཇམ་དཔལ་ལགས། ལེགས་བཤད་ལ་གུས་བཀུར་ཞུ་ངེས་ཡིན།
ལ་དྭགས་པ་ལགས། སྤྱོད་འཇུག་གི་ལུང་དེ་སྐབས་འདིར་འགྲེལ་མེད་རེད། སྐུ་གསུང་ཐུགས་བརྟེན་སྲེག་གཏུབ་སོགས་དེ་དག་ལ་མ་གུས་པའི་ལས་བྱས་ན་སངས་རྒྱས་བྱང་སེམས་ལ་གནོད་པའི་ཚུལ་གླེང་བ་མ་རེད། དེས་སེམས་ཅན་རང་རང་ལ་གནོད་ཀྱི་རེད༌ལ། གང་ཟག་གཞན་གྱི་དགེ་སེམས་འཇོམ་བྱེད་ཀྱིས་རྒྱུ་དང་རྐྱེན་སོགས་སྡིག་ལས་ཀྱི་སྤྱོད་ངན་རེད་ཞུ་བ་རེད།
ཁབ་སོགས་ཚུལ་མཐུན་ཡ་རབས་ཀྱི་མི་གཤིས་ལས་འདས་པའི་ངན་སྤྱོད་སྐྱག་དྲི་འཐུལ་ལེ་བ་འདིར་རྒྱབ་སྐྱོར་གྱི་ཡིག་སྙོགས་ལུང་པ་གང་ཁ་བརྡའི་དྲ་བར་སྤུངས་ནས་ཀུན་ཕན་གྱི་ཡིག་འབྲུ་ན་གཅིག་མེད་པར་རང་མི་རིགས་ཀྱི་བསམ་པའི་དཔལ་ཡོན་ལ་ངོ་ལོག་པའི་བྱ་སྤྱོད་ཐོལ་རྒལ་དེར་ལེགས་སོ་སྟེར་བ་ནི་ད་དུང་མ་མཐུད་ནས་ངན་དགུ་སྣ་ཚོགས་བྱེད་པར་གཞོགས་འདེགས་བྱེད་པའི་རྣམ་པ་བླ་མེད་དེ་བསྟན་འདུག ད་དུང་ཁྱེད་ཚོས་རྒྱབ་ཁམས་ན་ངན་པ་ཡོད་པ་རྒྱུ་མཚན་དུ་བྱས་ནས་རང་ཉིད་ཀྱིས་ཚུལ་མིན་ངན་སྤྱོད་བྱེད་པར་བག་མི་ཚ་བའི་རྒྱུ་མཚན་དུ་རིགས་གསར་སྐབས་བྱུང་བའི་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་བྱུང་རིམ་སྡུག་པོ་དེ་དཔེར་བཀོད་འདུག
ད་དུང་ཁ་སྤོབས་ཆེན་པོས་ཉམ་ཆུང་ལ་བདེན་རྒྱབ་བྱེད་པའི་དམ་པ་ཞིག་དང་། དྲང་བདེན་གཞི་རྩར་བཟུང་བའི་མི་གཤིས་འཛིན་པ།
ལ་རྒྱའི་དབུ་འཕང་མཐོ་བའི་ཕུལ་བྱུང་གི་དཔའ་བོར་བརྫུ་བ་སོགས་མདོར་ན་སྐྱག་དྲི་དྲི་བཟང་དུ་སྒོམ་བཞིག་འདུག ལར་རང་སེམས་དག་པོས་གསུངས་པའི་བཀའ་མོལ་ཡིན་ན་ནོར་བ་དང་། དང་དུ་བླངས་ནས་འཁྱོགས་པོར་བརྗོད་པ་ཡིན་ཚེ་མ་མཐར་ཡང་རང་གིས་རང་ལ་ཤ་ཚ་གནང་རོགས་ཞུ་རྒྱུ་ཡིན།
དབུ་མ་འཇུག་པ།
བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །
ས་སྐྱ་ལེགས་བཤད།
གཡོན་ཅན་ཚིག་ལ་དྲོན་འཇུག་པས།། དྲང་པོས་དེ་ལ་བརྟག་དཔྱད་དགོས།། བསླུས་རྗེས་ཁོ་བོ་དྲང་ངོ་ཞེས།། རང་ལ་བསྟོད་པས་ཅི་ཞིག་ཕན། །
ཡང་ན། རྒྱུ་མཚན་བརྟགས་ནས་ཁྲོ་བ་ནི། །ཅུང་ཟད་རིགས་ཤིང་སེལ་བའང་ཤེས།
བཤེས་སྤྲེང་ལས།
ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང༌། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི།
སྤྱོད་འཇུག
དགའ་བའི་རྒྱུ་ནི་མཐའ་ཡས་པའི། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་ཡིས་གཡེང་བ་དང༌། །རྒོད་སོགས་ལ་ཁྱོད་ཅི་ཕྱིར་དགའ།།
སྐྱེ་བོ་གསོ་ཐིག
དམ་པའི་ཆོས་ལ་མི་འཇུག་ཅིང༌། །འཇིག་རྟེན་ཁྲེལ་ཡོད་མི་སྲུང་བ། །ཤིན་ཏུ་སྨད་ཅིང་བཤུང་འགྱུར་ཏེ། །བི་ར་ལི་བའི་དཀའ་ཐུབ་བཞིན། །
བློ་བཟང་དང་དྲན་དཀར་དཔལ་ཡོན་གཉིས་ལ་བཤད་འདོད་པ་ཞིག་ལ། ཁྱོད་གཉིས་ལ་ལན་མེད། ཁྱེད་གཉིས་ཀྱིས་ཚིག་དོན་ལ་གོ་བརྡ་མི་འཕྲོད་པས་ཡིན། ཡིན་ནའང་། ཀུ་རེ་རྩེད་མོ་ཞིག་རྩེད་འདོད་བྱུང་། དྲན་དཀར་དཔལ་ཡོན་ལགས་སྐུ་ཉིད་ཀྱིས་གཙང་ཤོག་སྟེང་ལ་དབྱིས་པའི་སྐྱག་པ་དེ། ཤོག་ངོས་སུ་བྲིས་པའི་༼གཉའ་མ༽ དང་༼ཨ་མ་༽གཉིས་ཀྱི་གང་ལ་འདྲ་དཔེ་རུ་སྦྱར་བ་ཡིན། ཁྱོད་ཀྱིས་བཤད་ཕྱོགས་ལ་བལྟས་ན། ཕལ་ཆེར་༼གཉའ་མ༽ཡིན་པ་འདྲ། སང་ཉིན་ཁྱོད་གསང་སྤྱོད་དུ་འགྲོ་དུས། ༼གཉའ་མ༽ ཞེས་པའི་ཡིག་འབྲུ་འདི་ཁྱོད་ཀྱི་སྐྱག་པ་དབྱི་སའི་གཙང་ཤོག་ཐོག་བྲིས་ནས་སྣ་བསུམ་ནས་གསང་སྤྱོད་ནང་འདོར་རོགས། ཁྱོད་ལ་མཚོན་ན་སྐྱག་པ་འདྲ་བའི་ཡིག་འབྲུ་གཅིག་ཇེ་ཉུང་དུ་ཕྱིན་མ་ཡིན་ནམ། དེ་ལྟར་ཁྱོད་ལ་སྐྱག་པ་ལྟར་སྣང་བའི་ཡིག་འབྲུ་དག་རེ་རེ་བཞིན་གསང་སྤྱོད་དོར་ཏེ་རྩ་རྫོགས་བཟོ་རོགས།
བློ་བཟང་ལགས། ཤོག་ངོས་ཀྱི་ཡིག་བྲུ་༼གཉའ་མ༽དང་༼ཨ་མ༽གཉིས་ལ་འདྲ་དཔེ་སུ་རྩ་བ་ཉིད་ནས་སྦྱོར་ས་མི་འགྲོ་བའི་དཔེ་འདི་མོ་ཞིག་གང་ནས་བཙལ་ནས། ཁྱེད་རང་ར་བཟི་ཡོད་རྒྱུ་མ་རེད་པཱ། ཨ་མ་དང་མནའ་མ་གཉིས་ནི་གང་ཟག་བྱེ་བྲག་པ་ཞིག་གཞི་ལ་བཟུང་སྟེ། གང་ཟག་དེ་ཉིད་ཀྱི་ཨ་མ་དང་མནའ་མ་ཞེས་དབྱེ་ན་མ་གཏོགས། ཤོག་བུའི་སྟེང་དུ་བྲིས་པའི་༼གཉའ་མ༽དང་༼ཨ་མ་༽བཞིན་མི་སུས་མཐོང་དུའང་དེ་དེ་བཞིན་དུ་སྣང་ཐུབ་ནི་མ་རེད། ཁྱོད་ཀྱི་ཨ་མ་ཁྱོད་རང་ཉིད་ཀྱི་ཨ་མ་ཡིན་པ་ལས། ཁྱོད་ཀྱི་ཨ་ཕའི་མནའ་མ་ཡིན་ནི་རེད། ཁྱོད་སྐད་དོད་ལྟར་བྱས་ན་ཁྱོད་ཀྱི་ཨ་ཕས་དགའ་མགུ་སྤྱོད་ཡུལ་རེད། དེ་ལ་ཁྱོད་ཀྱི་ཨ་ཕའི་ངོས་ནས་ཨ་མ་ཞེས་འོ་མ་ནུ་མི་རུང་ནི་མ་རེད། ཁྱོད་ཀྱི་མནའ་མ་ཁྱོད་ཀྱི་དགའ་མགུ་སྤྱོད་ཡུལ་ཡིན་པ་ལས། ཁྱོད་ཀྱི་ཨ་ཕའི་མནའ་མ་ཡིན་པར་བརྟེན། ཁྱོད་ཀྱིས་ཨ་ཕས་མནའ་མ་རུ་བཟུང་ནས་དགའ་མགུ་སྤྱོད་རུང་གི་མ་རེད། ཁྱོད་ཀྱིས་དགའ་མགུ་སྤྱོད་ཀྱི་མནའ་མ་དེ་ཁྱོད་བུའི་ཨ་མ་ཡིན་པས། ཁྱོད་ཀྱི་བུས་མནའ་མ་ཞེས་དགའ་མགུ་སྤྱོད་མི་རུང་པར་ཨ་མ་ཞེས་འོ་མ་ནུ་དགོས་ནི་རེད། ཡང་ཁྱོད་ཀྱི་བུས་དགའ་མགུ་སྤྱོད་ཡུལ་གྱི་མནའ་མ་ཁྱོད་ཀྱི་ཨ་མ་དང་མནའ་མ་གང་ཡང་མ་ཡིན་པས། ཁྱོད་རང་ཧོན་ལོག་ནས་ཨ་མ་ཞེས་འོ་མ་ནུ་བ་དང་མནའ་མ་ཞེས་ནུ་མ་ཕུར་རུང་ནི་མ་རེད། ཡིན་ནའང་། ཤོག་ངོས་སུ་བྲིས་པའི་༼གཉའ་མ༽དང་ ༼ཨ་མ༽ ཡིག་འབྲུ་གཉིས་ནི། ཁྱོད་ཀྱི་ཨ་ཕ་དང་ཨ་མ། ཁྱོད་ཀྱི་མནའ་མ་དང་བུ། ཁྱོད་ཀྱི་བུའི་ཨ་མ་དང་མནའ་མ་གང་གིས་བལྟས་ཀྱང་། དེ་ག་རང་ཡིན་པ་ལས་ཁྱོད་ཀྱི་ཤ་རུས་ཉེ་ཚན་ལྟར་འགྱུར་འགྲོ་གི་མ་རེད། ཧཧཧཧ། ཀུ་རེ་རྩེད་མོ་ཡིན། ཁྲོ་མ་ལངས་ཨ། ངས་ཆོས་སྦྱོང་མྱོང་མེད་སྟབས། ང་ཁོང་ཁྲོ་དང་ཞེ་སྡང་། འཇིགས་སྐུལ། རྡུང་རྡེག སྲོག་གཅོད། བཅས་ཧ་ཅང་སྐྲག་གི།
ཨ་ཤུ། ད་དུང་། སྙེ་ལྷའི་ཐུགས་སྲས་ཟེར་ཞིག་ཀྱང་འབའ་ཡི་འདུག ད་ང་ཆད་གི། ཁྱོད་ལ་ཕྱིར་ལན། འབའ་་་་འབའ་་་་འབའ་་་་འབའ། དེ་མ་གཏོགས་མེད།
(སྒང་གི་དེའི་ནང་ནས་རྣམ་པ་གཉིས་ཀྱི་མིང་ལ་༼བློ་བཟང་༽གཅིག་པུ་བྲིས་འདུག དགོངས་དག འདིར་མིང་བསྐྱར་བཅོས་བྱས་ཡོད)
༼ཁྱོད་ཀྱི་ཨ་ཕའི་མནའ་མ་ཡིན་པར་བརྟེན།༽ཞེས་པའི་ཚིག་ཕྲེང་འདིའི་ནང་ནས་མ་ཞིག་ཆད་འདུག ཡིན་པ་ལ། ཁྱོད་ཀྱི་ཨ་ཕའི་མནའ་མ་མ་ཡིན་པར་བརྟེན། ཞེས་པ་ཡིན།
སྒྱུ་རྩལ་ཡིན་ན་ཕྱི་ལོ་ ༢༠༠༨ ནས་ད་བར་ག་རེ་བྱེད་ནས་མ་མངོན་པ་རེད།
བུ་རིག་འགྲོལ། ཁྱེད་འཛམ་གླིང་སྟེང་དུ་སྐད་གྲགས་ཞིག་བཞག་འདོད་ན། ཁྱེད་ཨ་མ་ལ་བཙན་གཡེམ་བགྱིས་དང་སྐད་གྲགས་ཆེ་ཤོས་དེ་ཆགས་ཀྱི་རེད།
བསྟན་འཛིན་རིག་གྲོལ་ལགས་ཀྱིས་སྒྱུ་རྩལ་སྟོན་ཆེད་དུ་དཔེ་ཆ་ཤོག་ལེབ་ཁ་ཤས་བཏུགས་ནས་ཐུག་པ་བཟོས་པ་ལ་ཁྱོད་ཚོ་ཁོང་ཁྲོ་ཚོད་མེད་ལངས་འདུག གསོད་ཀྱི་ཡིན་ཟེར་བ་དང་ཡན་ལག་གཅོད་ཀྱི་ཡིན་ཟེར་ནས་ཤོར་ཤོར་རེད། རྒྱ་དཔོན་མའོ་ཡིས་ཆོས་ལུགས་རྩ་མེད་བཟོ་ཆེད་དུ་བྱས་མ་མྱོང་བ་ཞིག་ཅང་ལྷག་མེད་ནའང་ཁྱོད་ཚོ་མའོ་ལ་ཁོང་ཁྲོ་མེད་པ་མ་ཟད་༧རྒྱལ་བ་རིན་པོོ་ཆེན་ནི་མའོ་དང་ཕ་བུ་ལྟ་བུའི་བརྩེ་སེམས་ཡོད་པ་རེད།
ཁྱོད་ཚོ་ཉམ་ཆུང་ཐོག་གི་སྟག་མོ་ཚོས་མའོ་ཡི་ཐོག་ཏུ་ཚིག་གཅིག་དགག་པ་རྒྱག་གི་ཡོད་པར་མཐོང་མྱངས་མེད། དེར་བརྟེན་་་ངས་ངོས་ནས་ཁྱོད་ཚོས་རིག་གྲོལ་ལ་སྡུག་ར་བསྐུལ་བ་ལ་ངོས་ལེན་ཡོང་ཐབས་མེད། ཁྱོད་ཚོ་སངས་རྒྱས་ཀྱི་ཆོས་ལ་དགའ་དགའ་ནས་མ་རེད། ཉམ་ཆུང་ལ་མནར་གཅོད་བཏང་ཀྱི་གོམ་གཞི་ཆགས་ཚར་བས་རེད། མ་གཏོགས་སྒྱུ་རྩལ་འདི་འདྲ་ཞིག་སྲིད་འཛིན་ཞིང་ཅིན་ཕིང་ལགས་ཀྱིས་བཏོན་པ་ཡིན་ན་ཁྱོད་ཚོས་འགྲེལ་བཤད་ཡག་ས་ནས་རྒྱག་གི་རེད།
བོད་ཀྱི་རིག་གཞུང་ལ་ཤ་ཚ་བས་རབས་དང་། རྒྱ་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཐུག་པ་ཟ་ཟ་བྱེད་བཞིན་ཡོད་པ་ལ་མི་འདོད་པའི་རྣམ་འགྱུར་སྟོན་པ་ཡིན་ལུགས་སོགས་འགྲེལ་བཤད་རྒྱག་ནས་བསྟོད་གླུ་ལེན་གི་རེད། བྱས་ཙང་་་་ཁྱོད་ཚོའི་སྐད་ཆ་ལ་ངོས་ལེན་མེད།
ཨོ་རེད་་་ཤེས་མེད་དྲན་དཀར་གྱིས་ཉོན། ཁྱོད་ཀྱིས་ཅོ་རི་ཟེར་བ་འདི་དམངས་ཁྲོད་ཁ་བརྡའི་ནང་གི་ལི་ཐང་རྒྱ་མཚོ་རེད་ཟེར་ནས་བྲིས་སོང་། ཁྱོད་རང་འཁྲུལ་བསྡད་རེད། ང་ཅོ་རི་ཕ་ཡུལ་ཏྲེ་ཧོར་ཁམས་པ་ཡིན། བསྡད་ས་སུད་སི་ཡིན། དེར་ཤེས་པར་བྱོས།
མིང་ལྷག་ཞིག་གི་འོག་ནས་དཔའ་གླུ་ལེན་གི་མ་སྡོད། བུ་ཡིན་ན་ངོ་གདོང་སྟོན་ནས་ཤོག
xxཉོན་ཨ། ཉམ་ཆུང་མདོག་མ་བྱས། མི་གསོད་པར་མི་དགའ་བ་བདེན་ན། གསུང་རབ་ཐུག་པ་བསྐོལ་བའི་སྲུང་སྐྱོབས་བྱ་འདོད་ན། བདེན་པ་ཡིན་མདོག་མདོག རིག་སློབ་བླ་རྒན་ཅིའི་ཕྱིར་དུ་བསད་པ་ཡིན་ནམ།
ཆིག་སྒྲིལ་ཟེར་བ་ལྟ་བུའི་ཅོ་རིལ་གྱི་སྟག་གཟིག་གི་མཇིང་པ་ལྟ་བུའི་སྐད་ཆ་སྦོམ་པོ་དེ་ཚོ། ད་ནི་ཙི་ཙིའི་རྔ་མ་ནང་བཞིན་ཕྲ་རུ་ཕྲ་རུ་ཆགས་འགྲོ་གི་འདུག
མི་ཁག་ཅིག་ནི་བོད་ཀྱི་ནང་ཆོས་ཀྱི་དཔེ་ཆ་དེ་ཚོ་ལ་བརྟེན་ནས་ “ཁ་ལག” རག་གི་ཡོད་ཙང་། དེ་ནི་ཁོང་ཚོའི་ “ཁ་ལག” རེད། “ཁ་ལག” རྫོགས་སོང་ན་མུག་ཤི་ཐེབས་མི་ཡོང་ངམ་བསམ་ནས་ཁོང་ཚོར་ “དྲི་བ་དང་རྩོད་པ་” མང་པོ་སླེབས་གི་ཡོད་རེད།
ཡང་མི་ཁག་ཅིག་ལ་ནི་ནང་ཆོས་ཀྱི་དཔེ་ཆ་དེ་ཚོ་ནི་ “དད་རྟེན” རེད། དེ་ནི་ “སེམས་ཀྱི་ཁ་ལག་” རེད། དཔེ་ཆ་གཅིག་གིས་མི་ཚེ་ཧྲིལ་བོར་འདང་པའང་ཡོད་ཙང་། ཁོང་ཚོའི་ དྲི་བ་དང་རྩོད་པ། སེམས་ཁྲལ་བཅས་ནི་སེམས་ཀྱི་ཁ་ལག་སྟེ། “གསུང་རབ་ཀྱི་ཐུག་པ་” མ་རེད། མར་དང་རྩམ་པ་རེད།
“གསུང་རབ་ཀྱི་ཐུག་པ” ནི་བསྟན་འཛིན་རིག་གྲོལ་ལགས་ཀྱི་ “ཁ་ལག” རེད།
ཁ་བརྡ་ནི་ ངའི་ “ཁ་ལག” རེད།
འདི་ནི་དེ་རིང་གི་ངའི་མཐོང་ཚུལ་ཙམ་མོ།
ཁབ་ལགས། ངས་མངོན་འདོད་པ་ཨ་མ་དང་མནའ་མ་རང་ཡིན། ཁྱེད་ནས་ཤོག་དཀར་ཞིག་གི་སྟེང་གཟུགས་མེད། ཚོར་མེད་སོགས་བྲིས་ཡོད་ན་བཟོད་མི་ནུས་པའི་ཚོར་བ་ཡོང་མི་སྲིད་ཞེས་དང་། ཤོག་དཀར་སྟེང་དེ་དག་བྲིས་པ་དེ་ལེགས་པོ་དང་། ཅིག་ཤོས་ངན་པ་ཆགས་པ་འཁྲུལ་འཛིན་རེད་ཞེས་པ་དེར་རྩོད་སྤོང་བྱས་པ་རེད། དེ་འདྲ་ཡིན་ན། ཨ་མར་གུས་ཞབས་དང་། མནའ་མར་དགའ་མགུར་སྤྱད་པ་ཡང་འཁྲུལ་པ་རེད་པས། ཨ་མའི་མིང་བཏགས་སར་གུས་ཞབས་འོས་པ་བཞིན། ཤོག་བུར་དཔེ་ཆ་ཞེས་མིང་བཏགས་པ་ལའང་གུས་ཞབས་འོས་པ་གཅིག་པ་རེད། མིང་ཙམ་མ་གཏོགས་བསམ་བློ་ནང་དེ་ཙམ་ཁྱད་མེད་ན། ཨ་མ་དང་མནའ་མ་ཅིའི་ཕྱིར་ཁྱད་མེད་དུ་མི་འགྱུར།
རྡོ་རྒྱམ་ལགས། སངས་རྒྱས་ཟིན་པ་ཞིག་ལ་ཁྱེད་ཀྱི་བྲིས་པའི་ཁ་ལག་དེ་ཚོ་གང་ཡང་དགོས་པ་མེད། ད་དུང་ཡང་དཔེ་ཆ་རྩ་བ་ཆེན་པོ་རེད་གསུངས་སྡད་པ་དེ་གང་ཡིན་ནམ། གཉིས་ནས་རང་རང་སོ་སོའི་ས་ནས་ཁ་ལག་རེད་ཟ་བ་དེས་འགྲིག་གམ། ཁ་ཤས་མི་གསོད་ཁྲག་སྦྱོར་ལ་ཧ་ཅང་དགའ་བ་ཡོད། དེ་དེའི་ཁ་ལག་རེད། དེ་ཡང་འགྲིག་གམ།
རྡོ་རྗེ་རྒྱལ་མཚན་འཁྲུལ་འདུག གསུང་རབ་བརྟེན་ནས་ཟ་མ་ཟོས་པ་ཡིན་ན། གསུང་རབ་ལ་སེམས་ཁྲལ་བྱེད་པ་བདེན་པ་རེད། ཞིང་ཁ་ལ་བརྟེན་ནས་ཟ་མ་ཟོས་པ་ཡིན་ན། ཞིང་ཁར་སེམས་ཁྲལ་འོངས་པ་ཡང་བདེན་པ་རེད། དེ་གཉིས་ཀར་ཁ་ལག་དང་ཟ་མའི་ཐ་སྙད་སྦྱོར་མིན་རང་གི་འདོད་མོས་བྱོས། གསུང་རབ་ཟོས་ནས་རྫོགས་འགྲོ་བའི་སེམས་ཁྲལ་འབྱུང་མི་སྲིད་པས་སོ།
གུང་ཏང་གིས་བོད་ཀྱི་དར་ཆ་ནི་བོད་ནང་དུ་བོད་མི་ཚོར་འཕྱར་གཞུག་གི་མེད། དར་ཆ་རྫོགས་འགྲོ་བའི་སེམས་ཁྲལ་མ་རེད། རིག་གནས་གྲོལ་བཅིངས་སྐབས་ཆོས་དཔེ་མེར་བསྲེགས་པ་དེར་ཆོས་དཔེ་རྫོགས་ཆེད་དུ་ཡིན་སྲིད།
གང་ལྟར་གསུང་རབ་ཀྱིས་ཐུག་པས་བསྟན་རིག་གྲོལ་གྱི་གྲོད་པ་མི་འགྲེངས་པ་ནི་ངས་གསལ་བོར་ཤེས་ཀྱི་ཡོད་མོད། ཁོས་སེམས་དང་ལུས་ཀྱི་ཟ་མ་ཅི་ཞིག་འཚོལ་ཀྱིན་ཡོད་པར་ང་རྨོངས་བསྡད་ཡོད།
ཁྱེད་ལ་ཁོམ་པ་ཡོད་ན་བསྟན་རིག་གྲོལ་གྱི་ཁ་ལག་ཏུ་གྱུར་ཚུལ་འགྲེལ་ཞིག་གནང་རོགས།
བསྟན་འཛིན་རིག་གྲོལ་གྱི་བཅར་འདྲི་ལ་ལྟ་སྐབས། གསུང་རབ་ཐུག་པའི་སྒྱུ་རྩལ་གྱི་རྒྱབ་ལྗོངས་ཀྱི་ནང་དོན་ངོ་མ་དེ་རྟོགས་སོང་། ཡིན་ན་ཡང་། སྒྱུ་རྩལ་གྱི་ཤེས་བྱ་འདི་ང་ཚོའི་བོད་པའི་སྤྱི་ཚོགས་ནང་དུ་ཁྱབ་ཧ་ཅང་ཆུང་ཆུང་ཡིན་ཙང་། གནད་དོན་ངོ་མ་དེ་རྟོགས་དཀའ་བའི་རྐྱེན་གྱིས་སྐྱོན་འཛུགས་རིགས་འདི་ཚོ་སླེབས་བཞིན་པའི་ཚོར་སྣང་བྱུང་སོང་། ཁོང་གིས་གསུང་དོན་གལ་ཆེ་ཤོས་ནི། གཞན་གྱི་སྐྱོན་བརྗོད་བྱེད་པ་ལ་དགའ་བསུ་ཡོད། འོན་ཀྱང་བགྲོ་གླེང་གི་ལམ་ནས་དྲི་བ་ཡོད་ན་དེ་བས་དགའ་བ་ཡོད། ཐོག་མ་ནས་ཐག་གཅོད་བྱས་ནས་མཆན་འདེབས་སྐབས་བགྲོ་གླེང་གི་གཞི་མེད་པར་གྱུར་པ་རེད་ཅེས་གསུངས་པ་དེ་དོན་སྙིང་ལྡན་པ་མཐོང་སོང་།
དེ་ལྟར་ཐག་བཅོད་ཆོག ཡར་ཐོན་ཅན་གྱི་སྒྱུ་རྩལ་བས་བལྟ་ནའང་མི་རུང་བ་རེད། མི་རིགས་གཞན་གྱིས་བལྟ་ནའང་མི་རུང་རེད། ཆོས་ལུགས་གཞན་གྱི་བལྟ་ནའང་མི་རུང་བ་རེད། འགྲོ་བ་མིའི་ཐོབ་ཐང་ཆ་ནས་མི་རུང་བ་རེད། རྒྱལ་ཁབ་ལ་ཤ་ཞེན་ཅན་གྱི་བལྟ་ནའང་མི་རུང་བ་རེད། འོན་ཀྱང་ཁོང་གི་སྒྱུ་རྩལ་ཡར་རྒྱས་གཏོང་དགོས་པ་མི་རུང་རེད་མི་ཟེར། བོད་རིགས་ནང་སྒྱུ་རྩལ་བའི་རིགས་གནས་མི་དགོས་མི་ཟེར། དབྱེ་བ་འབྱེད་དགོས།
གསུང་རབ་ཀྱི་ནང་དོན་ཁོང་དུ་ཆུད་དགོས་པ་ལས། གཙུག་ལག་ཁང་གི་མཛེས་ཆ་དང་། ཀུ་ཤུ་རྟགས་ཅན་གྱི་བླུགས་རྫས་སོགས་ཀྱི་ཆེད་དུ་མིན། ཞེས་པ་དེ་སྒྱུ་རྩལ་དེའི་བསྟན་དོན་ཡིན་པར་ཁུམས།
གསང་སྔགས་ཀྱི་རྒྱུད་སྡེ་དག་ཐུག་པ་བཞིན་སྐོལ་ནས་བཙོང་མཁན་རྣམས་བླ་ཆེན་ཚོ་རེད། སྔོན་ཆད་གསང་སྔགས་ཀྱི་དབང་བཞི་ལས་སླ་བོ་ཐོབ་ཐུབ་ཀྱི་ཡོད་པ་མ་རེད། དེང་དུས་སྒོར་མོ་ཡོད་ན་དབང་བཞི་ལས་སླ་བོ་ཐོབ་ཀྱི་རེད། སྔོན་ཆད་རྡོ་རྗེ་རྣལ་འབྱོར་མ་ཞེས་ནས་བཀའ་དོག་པོ་ཞིག་རྩིེ་བཞིན་ཡོད། དེང་དུས་རྡོ་རྗེ་རྣལ་འབྱོར་མའི་དབང་ནི་ནང་ཆོས་ཅི་ཡང་མི་ཤེས་མཁན་ཕྱི་རྒྱལ་པ་ཚོར་ཡང་ཐོབ་ཀྱི་འདུག སྒོར་མོ་ཡོད་ན་སྔགས་བླ་མེད་ཀྱི་རྒྱུད་སྡེ་གཉིས་མེད་རྒྱུད་དུ་གཏོགས་པ་དུས་འཁོར་དབང་ཆེན་ལྟ་བུའང་ལས་སླ་བོ་ཐོབ་ཀྱི་རེད། འདི་ནི་གསུང་རབ་ཀྱི་ཐུག་པ་ལས་ཐབས་རྡུགས་པ་རེད། ད་མང་བོ་མི་བཤད། བཤད་ན་མང་བོ་ཞིག་ལ་ཕོགས་ཡོང།།
སྤྱིར་སྒྱུ་རྩལ་གྱི་དོན་དུ་གང་ཡང་ཡོད་དགོས་རུང་། གསུང་རབ་ལ་ལག་པ་ཆང་བ་ནི་དོན་ངོ་མར་བོད་ཀྱི་ནང་དོན་རིག་པར་མཐོང་ཆུང་ཆེད་སྡུག་ཤོས་ཤིག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད། མི་འདིས་འདི་ལྟ་བུ་བྱེད་དགོས་དོན་ནི་བོད་མི་རིགས་ཀྱི་སེམས་ཁམས་གྱི་སྨ་ཁ་ལ་ན་ཚ་ཕར་མ་ཞིག་ཡོང་བའི་དོན་དུ་རེད། མ་འོངས་པར་འདི་འདྲ་བ་རྩ་བ་ནས་བྱ་མི་རུང་།
དྲན་དཀར་ལགས་ཀྱིས་ང་ལ་ཆེད་དུ་འགྲེལ་བཤད་ཅིག་གི་རེ་སྐུལ་གནང་འདུག
འགྲེལ་བཤད་མ་བརྒྱབ་གོང་ལ་གསལ་བཤད་ཅིག་ཞུ་རྒྱུར།
འདིའི་སྐོར་ལ་ཡག་སྡུག་གི་སྐད་ཆ་བཤད་མཁན་ནི་ཁ་བརྡའི་ཐོག་ཏུ་འཚང་ཁ་ཤིག་ཤིག་རེད། དེ་དག་གི་གྲས་སུ་འཚང་དགོས་དོན་ཅི་ཡང་མ་མཐོང་། མི་ཙམ་མིན་པར་རི་དྭགས་གཅན་གཟན་བྱ་བྱེའི་འབའ་འབུ་སུ་ཞིག་ཡིན་རུང་། གནས་གཅིག་ཏུ་སྐྱིད་ཉལ་བརྒྱབ་ནས་སྡོད་མི་ཆོག་པར་ཁ་ཟས་འཚོལ་དུ་ “འགྲོ” དགོས་ཀྱི་ཡོད་པ་ལྟར། འགྲོ་བ་མིའང་དེ་བཞིན་རེད། ཚང་མ་ལྟོ་གོས་འཚོལ་མཁན་རེད། དེའི་སྒང་ལ་ཁག་ཅིག་ནི་བསོད་སྙོམས་གཞན་ནས་ཞུས་ཏེ་ “ཐོས་པ” འཚོལ་མཁན་རེད། བསྟན་འཛིན་རིག་གྲོལ་གྱི་ངང་ཚུལ་ཀྱང་འདི་ལས་མ་འདས། སེམས་ཀྱི་ཁ་ཟས་དང་ཡང་ན་གྲོད་ཁོག་གི་ཁ་ཟས་གང་ཞིག་འཚོལ་བཞིན་ཡོད་མེད་ནི། གནས་ཚུལ་འདིའི་སྐོར་ལ་མཆན་འདེབས་མཁན་ཚོའི་རྩོད་གཞི་རེད། “སྒྱུ་རྩལ་” སྤངས་ནས་བསྟན་འཛིན་རིག་གྲོལ་སྡོད་ཚུགས་ཀྱི་མ་རེད་ལ། ཁ་ལག་མ་ཟོས་ནས་ཀྱང་སྡོད་ཐུབ་གི་མ་རེད། བྱས་ཙང་ངས་དེ་ཁོའི་ཁ་ལག་རེད་ཅེས་ལབ་པ་ཡིན། དེ་ནང་བཞིན་ང་རང་ཉིད་དྲ་ཐོག་ལ་འཁྱམ་འཁྱམ་བྱེད་པ་འདིའང་ངའི་སེམས་སུ་དྲ་འགོང་ཞིག་ཡོད་པ་དེའི་གྲོད་ཁོག་བརྒྱང་པའི་ཆེད་དུ་རེད། སྤངས་དགོས་བསམས་རུང་སེམས་ཀྱི་དྲ་འགོང་དེ་ལྟོགས་སྐོམ་གྱིས་མནར་ནས་ང་སྡོད་བཅུག་གི་མི་འདུག་གོ དེ་མ་གཏོགས་དམིགས་བསལ་འགྲེལ་བཤད་རྒྱག་འདོད་མེད་ལ། རྒྱག་ཀྱང་མི་ཤེས་པ་མ་ཟད། གཞན་གྱིས་འདིའི་སྐོར་ལ་འགྲེལ་བཤད་ག་རེ་རྒྱབ་ཀྱང་དེ་ལ་ཉན་འདོད་ཀྱང་མེད་པ་མ་ཟད། “སྒྱུ་རྩལ་” ལ་འགྲེལ་བཤད་བརྒྱག་པ་དེ་ “སྒྱུ་རྩལ” དམར་གསོད་གཏོང་གི་ཡོད་པ་ཞིག་ཏུ་མཐོང་མཁན་ཞིག་ཡིན།
རྡོ་རྗེ་རྒྱལ་མཚན་ཐུགས་ཆེ་གནང་། སྐད་ཆ་ཐད་ཀ་ཐད་ཀར་དྲང་བཤད་གནང་བ་ཡག་བྱུང་། ཁོས་གཅིག་བྱས་ན་བོད་མིར་ཕོག་ཐུག་གཏོང་འདོད་བྱིངས་མེད་པ་ཡིན་འགྲོ
https://www.facebook.com/photo.php?fbid=974191999272861&set=pcb.974192055939522&type=1&theater
https://www.facebook.com/photo.php?fbid=974191982606196&set=pcb.974192055939522&type=1&permPage=1
གསུང་རབ་ཀྱི་ཐུག་པ་འེ། རྣ་བས་གོ་མ་མྱོང་བའི་སྐད་ཆ། སྒྱུ་རྩལ་པ་ཡིན་ན་འདི་ཚོ་དགོད་བྲོ་བོ་རེད། སྒྱུ་རྩལ་གྱི་རྣམ་པ་ཅི་ཡང་མི་འདུག་ག
ཅོ་རི་ཉི་མ་ཡིན་ན་སྐྱག་གཟན་འདིས་གང་ས་གང་ལ་གཅིན་སྐྱག་བཏང་ནས་ཁ་བརྡ་དྲ་ཚིག་འདི་སྙིང་རྗེ།