སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་གྱིས་“གསུང་རབ་ཀྱི་ཐུག་པ་”(Scripture Noodle)ཟེར་བའི་སྒྱུ་རྩལ་འཁྲབ་སྟོན་(Performance Art)ཞིག་ཕྱི་ལོ་༢༠༠༨ལོར་བཞེངས་ཡོད་ཅིང་། ཉེ་ཆར་དེ་ལ་བོད་མི་མང་པོས་ངོ་དེབ་དང་དྲ་རྒྱ་སོགས་སུ་གླེང་སློང་་ཤུགས་ཆེ་བྱེད་ཀྱི་འདུག་པ་མ་ཟད་། དེ་ལ་དགག་པ་དང་སྐྱོན་བརྗོད་། དོགས་དཔྱོད་བྱེད་མཁན་སོགས་་མང་པོ་བྱུང་འདུག དེར་བརྟེན། ངེད་ཀྱིས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལ་དངོས་སུ་”གསུང་རབ་ཀྱི་ཐུག་པ་”ཟེར་བའི་སྒྱུ་རྩལ་འཁྲབ་སྟོན་དེའི་སྐོར་ལ་བཅར་འདྲི་བྱས་བ་ཞིག་འདི་རུ་བཀོད་ཡོད་། དགྱེས་གཟིགས་གནང་རོགས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།
བསྟན་རིག་གྲོལ་ལགས་སྐྱག་པ་བརྔོས་ནས་བཟོས་ན་ performance Art ཨེ་རེད།
བཅར་འདྲི་འདིས་ཁོང་གི་སྒྱུ་རྩལ་ཁ་ཇེ་གསལ་དང་གཏིང་ཇེ་ཟབ་ཏུ་བཏང་འདུག་པ་མ་ཟད་ཁོང་ཉིད་རྨོངས་དད་ཀྱི་ང་རོ་སྒྲོག་མཁན་དག་གི་མདུན་ན་འདུག སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དངོས་མ་སྟེ་གཞན་ལ་ཕན་འདོགས་པ་དང་རོགས་རམ་བྱེད་པ་སོགས་ཀྱི་ལས་དོན་མི་སྒྲུབ་པར་འདྲ་སྐུ་རེ་དང་ཤོག་བུ་རེ་མཐོང་ན་ངར་ངར་བྱེད་མཁན་དག་ནི་དོན་དངོས་སུ་ནང་པ་བཅོས་མ་དང་སྡར་མ་དག་གི་བྱེད་ལས་རེད་འདོད་དོ་།།། སྒྱུ་རྩལ་རྒྱལ་ལོ།
དྲི་བ་ཡང་གནད་ལ་ཁེལ་བ་དྲིས་མི་འདུག་ལ། ལན་ཡང་འཁྱར་འཁྱོར་གཅིག་ལས་མི་འདུག དགེ་ཆོས་ལུང་འདྲེན་བྱས་པ་ནི་ཁུངས་ལུང་མ་ཤེས་པ་དང་། ཁོ་ལ་བོད་ཀྱི་རིགས་གནས་ཆུ་ཚད་མཐོ་དམན་ཅི་ཡོད་རང་རྗེན་སྟོན་པའི་སྐད་ཆ་རེད། ལར་ནས་བོད་པས་དཔེ་ཆ་བཟའ་བའི་ལུགས་སྲོལ་ཡོད་ན། ད་བར་འཛམ་གླིང་ནང་གསུང་རབས་མང་ཤོས་ཀྱི་ཡུལ་གྲུའི་ཟིན་ཐོར་ཅི་འདྲས་ཚུད་པ་རེད། ངོ་ཐོག་ཁོ་པས་བོད་ཀྱི་སྐད་ཡིག་ལ་སེམས་ཚབ་ཡོད་ན། དང་ཐོག་ཁོ་རང་གིས་བོད་སྐད་བསྲེ་ལྷད་མེད་པ་ཞིག་ནས་འགོ་འཛུག་དགོས། བཙན་བྱོལ་ནང་བོད་ཡིག་ནས་དབྱིན་ཡིག་ནང་བསྒྱུར་བ་མ་གཏོགས། དབྱིན་ཡིག་ནས་བོད་ཡིག་ནང་བསྒྱུར་གྱི་མི་འདུག་ཟེར་བ་དངོས་བདེན་ཡིན་པ་དང་། དེ་ལ་སེམས་ཚབ་ཡོད་ན། དེ་ལ་རྣམ་གྲངས་གཞན་ཞིག་གི་ཐོག་ནས་གདོང་ལེན་དང་། ལས་འགུལ་མི་སྤེལ་བ་ག་རེ་ཡིན་ནམ། ཡིན་ཅིག་པུ་ཏི་ཞིག་ལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད། མདོར་ན་མི་དེས་བོད་མི་རིགས་དང་། རིགས་གནས་ཀྱི་རིན་ཐང་རྩ་བ་ནས་རྟོགས་ཐུབ་མི་འདུག མ་ཟད་འཛམ་གླིང་ནང་པ་གཞན་གྱིས་མཐོང་ན་ཧ་ལས་དགོས་པ་ཞིག་བཟོས་འདུག
ཁོ་རང་འགྲེལ་བཤད་ནང་དོན་སྙིང་གོ་དོན་ལྟར་ན། དང་པོ་ནུབ་ཕྱོགས་པས་ནང་ཆོས་འབད་བཅོས་བྱས་པ་ཙམ་ལས། ནང་ཆོས་ལ་ཤ་ཞེན་མེད་པ་འདྲ་ཞིག་གསུངས་བྱུང་། ནུབ་ཕྱོགས་པས་འབད་བཅོས་བྱེད་ཀྱི་ཡོད་མ་རེད་ཟེར་མི་ཐུབ། འོན་ཀྱང་ནང་ཆོས་ལ་མངོན་པར་དགའ་བ། ཤ་ཞེན་ཅན་གྱི་ནུབ་ཕྱོགས་པ་ཧ་ཅང་མང་། ཁོང་ཚོས་ནང་ཆོས་འཇིག་རྟེན་འདིར་ཡུན་རིང་གནས་པ་ལ་ཕྱོགས་གང་ས་ནས་རོག་རམ་གནང་བཞིན་ཡོད། དཔེར་ན་སྐུ་ཞབས་རི་ཅཌི་གྷེར་ལྟ་བུ་ནང་ཆོས་འབད་བཅོས་རྐྱང་པ་གཏོང་མཁན་ཞིག་ཡིན་པར་ངོས་ལན་མེད། དེ་བཞིན་རོ་པཌི་ཐོར་མན། དེ་མིན་ཕྱུག་བདག་མང་པོ་ཡོད། ཐ་ན་ཆོས་ཚོགས་སོ་སོའི་ནང་་ཞལ་འདོན་དབྱིན་ཡིག་དང་བོད་ཡིག་ནང་ཀློག་དགོས་མིན་རྩོད་པ་ཡོད་སྐབས། བོད་ཡིག་ནང་ཀློག་དགོས་པ་རེད་ཟེར་བ་མང་། དེའི་རྒྱབ་ལྗོངས་རྩ་བ་ཆེན་པོ་བརྩི་བ་དང་། བོད་ཡིག་བསྲུང་སྐྱོབས་བྱེད་ཀུན་སློང་མི་འདྲ་བ་གཉིས་ཡོད། གང་ལྟར་ཡང་ང་ཚོའི་རིག་གཞུང་འབད་བཅོས་རྐྱང་པ་གཏོང་མཁན་ཡིན་པར་ང་ངོས་ལན་མེད། སེམས་ཕྲལ་བྱེད་དགོས་པའི་གནས་དོན་གཞན་མང་པོ་ཡོད་དེ་ཚོར་བསམ་བློ་གཏོང་།
གཉིས་པ། དགེ་ཆོས་ལགས་ཀྱིས་དཔེ་ཆ་འབོར་རླགས་སོང་བའི་གནས་དོན་དེ་ཚོ་ཡག་པོ་ཡིན་པར་ངོས་འཛིན་གནང་མེད། མ་གཞི་ཁྱེད་རང་སེམས་ཕྲལ་དེ་འདྲ་ཡོད་ན། ཁྱེད་རང་ངོས་ནས་ནང་ཆོས་སྦྱོང་ནས་སྲུང་སྐྱོབ་གནང་གིས་ཡོད་དམ། དེ་མིན་ཁྱེད་རང་གི་ལས་འགུལ་གོམས་པ་དང་པོ་དང་། གཞི་རྩ་མེད་སོང་བ་རེད། དེ་ལས་ཕྱི་རྒྱལ་བ་ནང་ཆོས་ལ་སློབ་སྦྱོང་གནང་མཁན་ཞིག་བཟང་། རང་རང་གི་བསྲུང་རབ་གཏོར་ཤིག་གཏོང་མཁན་ལ་ཆོས་ལུགས་གང་འདྲ་ཡིན་རུང་། མི་རིགས་ཅི་འདྲ་ཞིག་ཡིན་རུང་དེར་དགག་མ་མེད་པ་མི་སྲིད་པ་རེད། བྱས་གཙང་མི་རིགས་ཀྱི་རེ་འདུན་ལ་གུས་ཞབས་ཡོད་པས་ཐོག་ནས། སྤྱི་མོས་ཀྱི་ཁྲིམས་ལས་མ་གལ་བའི་ཐོག་ནས་སྒྱུ་རྩལ་གྱི་སྐད་ཡིག་འབད་བཅོས་གནང་དགོས་པ་རེད། མི་མང་ལ་བདེ་སྐྱིད་སྤྲོད་མི་ཐུབ་པའི་སྒྱུ་རྩལ་མེད་ན་བཟང་།
གསུམ་པ། ཁོ་རང་ལ་དྲི་བ་འདྲི་མཁན་གཉིས་མ་གཏོགས་མ་བྱུང་གསུངས། སྒྱུ་རྩལ་བས་རྫུན་བཤད་པ་མི་མང་ལ་སློབ་སྦྱོང་དང་། གོ་རྟོགས་གང་ནས་རགས། གང་ལྟར་སྒྱུ་རྩལ་བས་ཨ་མ་བསད་མི་རུང་བ་བཞིན། དཔེ་ཆ་བསད་མི་རུང་། གལ་ཏེ་རུང་ན་དེ་འདྲའི་སྒྱུ་རྩལ་བ་འཛམ་གླེང་ཞི་བདེའི་དགྲ་ཡིན་པས་ནམ་ཡང་མི་དགོས། ངོ་རྒོལ་ཡོད། ད་རིང་གི་ངོ་རྒོལ་ཚང་མ་བསྟན་གྲོལ་ལ་མིན།
ཁོའི་ད་ལན་གྱི་བྱ་སྤྱོད་དེར་ཡིན།
གནམ་བུ་ལགས། དམག་འཁྲུགས་ཚད་མེད་པ་རྒྱབ་ནས་གཞན་ལ་ཕན་འདོགས་པ་ཡོད། དེ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་མ་རེད། མ་གཞི་ཁྱེད་རང་བྱུང་རབས་ནང་གཟིགས་དང་།
རྒྱ་གར་ནང་སངས་རྒྱས་བསྟན་པར་དགྲ་ལན་གསུམ། བོད་ནང་སངས་རྒྱས་བསྟན་པར་དགྲ་ལན་གསུམ་བྱུང་ལུགས་དང་། དེ་དག་བསྟན་དགྲ་ཡིན་ལུགས་ཀྱི་ངོས་འཛིན་ཇི་ལྟར་གནང་མིན་སོགས་བསམ། ད་ལྟ་གསར་པ་ཞིག་ལ་སྐྱོན་བརྗོད་བྱེད་པ་མ་རེད། སྔ་མོ་ནས་ཡོད་ལ། དེ་ལྟའི་བྱ་སྤྱོད་དུས་ནམ་བྱུང་རིམ་ལ་ཡོད། བོད་ནང་རྡོར་བཅོས་ཟ་བ་དང་། ཚོན་སྲུང་བྱེད་པ་ལ་སྐྱོན་བརྗོད་མེད་པ་མ་རེད། དེ་དག་མཁྱེན་བཞིན་དུ་བསྟན་གྲོལ་གྱི་བྱ་སྤྱོད་དེ་སྤེལ་བ་རེད། དེས་ཕན་འདུག་དང་། གནོད་འདུག་སོམ་ཞིག
དྲི་བ་འདྲི་མཁན་དང་ལན་རྒྱག་མཁན་གཉིས་ཀས་དོ་གདན་དང་ལྡན་པར་བཤད་འདུག ཡག་པོ་འདུག ཁ་གསང་ན་གོ་བདེ། ནམ་ལང་ན་འགྲོ་བདེ་ཟེར་བ་ལྟར། དོགས་པ་ཡོད་མཁན་ཚོས་དྲི་བ་འདྲི། གསལ་བཤད་བྱེད་མཁན་གྱིས་གསལ་བཤད་གནང་བ་ཡིན་དུས་ད་གསལ་པོ་ཆགས་སོང་།
ནང་ཆོས་དང་། བོད་ཀྱི་རིག་གནས་ལ་གོ་རྟོགས་མེད་པའི་མི་ཁོ་འདྲ་བ་ཞིག་གིས་དཔེ་ཆ་གཏུབ་སྟེ་རིག་གཞུང་སྲུབ་སྐྱོབ་ཡིན་ཁུལ་བྱེད་པ་ནི་གད་མོ་གནས་ལས་མ་འདས། དེང་སང་བོད་རིགས་ཙམ་མ་ཟད་ཕྱི་རྒྱལ་ཁག་གི་མི་རིགས་རྣམས་ཀྱིས་བོད་ཡིག་དང་། བོད་སྐད་སྦྱང་མཁན་ཇི་མང་དུ་འགྲོ་བཞིན་ཡོད། ཁྱོད་རང་གི་མིག་མཐོང་རྒྱ་མུན་པས་སྒྲིབ་སྟེ་མ་མཐོང་བ་ཡིན་སྲིད། དཔེ་ཆ་གཏུབ་སྟེ་རང་གི་རིག་གཞུང་སྲུང་སྐྱོབ་ལ་ཕན་ན། ཁྱོད་རང་གིས་ཕ་མ་བསད་དེ་མི་རིགས་དང་། རང་རྒྱལ་སྲུང་སྐྱོབ་བྱེད་དང་། རིགས་པ་མཚུངས་པའི་ཕྱིར། ཕྱིན་ཆད་མདོ་མེད་ཀྱི་ལས་ཀ་འདི་འདྲ་རིགས་མི་གནང་བར་ཞུ།
ད་ག་རེ་ལབ་ན་བཟང་བསྟན་འཛིན་ཟེར་བའི་མིང་དང་པོ་དེ་ཡང་ཁོ་པར་འདོག་ཁག་པོ་འདུག་ལ་རིག་གྲོལ་ལབ་ན་དེ་བས་ཁོ་པ་རིག་པས་གྲོལ་བ་མིན་པ་ནག་ཐོམ་ཅན་ཞིག་ཏུ་མངོན་ན་ཁོ་ལ་མིང་འདི་འདྲ་ཞིག་བཏགས་ན་༼བསྟན་དགྲ་རིག་རྨོང༽ ཟེར་བཏགས་ན་སྙམ་ལར་ནས་དེ་ཡང་འོ་མིན་ཐེ་ཚོམ་རེད། རིག་གསར་སྐབས་གུང་ཏང་ནས་གསུང་རབས་མེ་རུ་བསྲེག་པ་དང་ཆུ་ལ་དབྱུགས་པ་སོགས་ཇི་སྙེད་ཅིག་བྱུང་ཡོང་པའི་ལོ་རྒྱུས་ཡོད་ཀྱང་ང་དང་ང་ལྟ་བུའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་མིག་ལམ་ན་མེད། ཡིནའང་ཁོ་པའི་རྒྱུ་རྩལ་ཡིན་ཟེར་བ་དེ་མིག་ལམ་མངོན་དུས་བསྟན་དགྲ་རྒྱ་དམར་གྱིས་བྱས་མྱོང་མེད་པ་ཞིག་ཏུ་མཐོང་། ངས་བལྟས་ན་ཁྱེད་རང་གི་རྒྱུ་རྩལ་དང་བྱེད་བབས་ཡོད་དོ་ཅོག་ཕྱི་སྟང་ལོག་འདུག་གང་ལ་ཟེར་ན་བོད་པའི་ས་རྒྱ་གར་ལ་དབོར་ནས་བོད་བླུན་རྨོངས་མང་པོ་ཞིག་གོམ་བརྒྱབ་ཅུག་ནས་ཁྱོད་ཀྱི་རྒྱུ་རྩལ་གྱི་དྲི་ངན་དང་པོ་དེ་རེད། ང་ལ་རེ་དོག་ཡོད་རྒྱ་དམར་གྱི་རྒྱུ་རྩལ་མིན་ནམ་སྙམ་གང་ལ་ཟེར་ང་ཚོ་བོད་པ་ཚང་ནས་སྒེར་ལང་ཁྲོམ་སྐོར་སོགས་ཀྱི་སྐབས་བོད་ས་བོད་དག་བོད་ཀྱི་ས་བདག་བོད་མི་ཡིན་ཟེར་བ་དེ་ལ་ལན་འདེབ་ཡིན་པ་ཚོར། ཡིནང་སྐབས་དེ་དུས་གླེང་ཕྱོགས་ཅང་བྱུང་མེད། ད་ཐེངས་ཁྱོད་རང་གི་བྱ་བབས་འདི་ང་ལྟ་བུ་ཞིག་ཡིག་ཡིན་གླེང་ནུས་ཀྱི་མི་འདུག་མིག་ཆུ་ཤོར་དབུག་འགག་ཧ་ལམ་ཤི་ལ་མ་ཤི་བའི་ཚད་ལ་བསྐྱེལ་གྱི་འདུག ང་ལ་མཚོན་ན་རྨོང་དད་དང་དེང་སང་ལྷ་འདྲེ་ཟེར་བ་དེ་ཚོར་ཡིད་ཆེས་མེད་ཀྱང་ན་ལེན་ཌའི་མཁས་དབང་དེ་ཚོ་ལ་རྒྱུ་མཚན་ལ་བརྟེན་ནས་དད་གུས་ཡོད་སྟབས་ངས་ཁྱོད་འདི་ལྟར་ཐལ།
xxའདིས། དང་པོ་དགེ་ཆོས་སྐེ་ལ་གོན་ནས་ཅིག་བཤད་སོང་། དགེ་ཆོས་ཀྱིས་དཔེ་ཆ་མང་པོ་མིས་མ་ཟ་རོགས་ཞེས་ཞུ་འབུལ་བརྒྱབས་ཡོད་པ་རེད་ཟེར། རྒྱུ་མཚན་ནི་དཔེ་ཆ་ཁ་མི་ཚང་བ་མང་པོ་བྱུང་ན་ཡག་པོ་མེད་པས་རེད་ཟེར། དེ་ན་ཁྱོས་དགེ་ཆོས་ལ་དགག་པ་བརྒྱབས་པ་ཡིན་ནམ། དཔེ་ཆ་གྲིས་གཏུབ་ནས་མེད་པ་བཟས་བ་གཅིག་པ་ཡིན་པས་སོ།xxངོ་བོ། ཁྱོད་ལ་དགེ་ཆེ་གླེང་བའི་ཡོན་ཏན་ཞིག་མི་འདུག་ལོ།
ང་ཚོའི་བོད་པ་ལ་ང་འདྲ་བའི་སྒྱུ་རྩམ་བ་xxདེ་འདྲ་བྱེད་ནི་མི་འདུག་ཟེར། ཁྱེད་རང་གི་རེ་བར་ཁྱེད་འདྲ་བོ་xx་མང་པོ་བྱུང་ན་བསམ་པ་ཡིན་ཟེར། ཁྱེད་རང་འདྲ་མང་པོ་བྱུང་ན། ཁྱོད་ནང་བཞིན་གཏུབ་ས་ནས་གཏུབ། རྔོ་ས་ནས་བརྔོས་ནས་བཀའ་འགྱུར་དང་བསྟན་འགྱུར་ཡོད་ཚད་ཕར་དབྱིན་བསྒྱུར་མ་བྱས་གོང་མེད་པར་བཟས་བཞག་ན་ཨེ་འདོད་ཀི། རྟུལ་རྒན།
བཀའ་འགྱུར་ཕར་ལ་བསྒྱུར་ན་བློ་ཚབ་ཡོད་མདོག་དང་། ཕྱི་མིའི་ཡོན་ཏན་དང་རིག་གནས་ནང་འདྲེན་མེད་པའི་བློ་ཚབ་ལ་བརྟེན་ནས། Dadaism འདྲ་ཞིག་བཤད་ཁུལ་བྱས་བས་མ་ཚད། ཕྱི་མིའི་བྱེད་ལུགས་ཞིག་ནང་འདྲེན་བྱས་པའི་ཁུལ་དུ། ཆོས་དཔེ་གཏུབ་སྟངས་དང་རྔོ་སྟངས་ཟ་སྟངས་འདྲ་ཞིག་བྱས་སོང་། ཅི་འདྲ་འདྲའི་ཡོན་ཏན་ཡག་པོ་ཞིག་ཁྱོད་ལ་ཕྱི་ལོག་ནས་རག་པ་ལ། སྙིང་རྗེ། ཁྱོད་འདྲ་མོ། བོད་ཁྱིམ་སློབ་གྲྭ་མི་འཁྱོང་ནི་ཞིག་གིས་dada and surealism ཟེར་བའི་འགུལ་སྐྱོད་ཀྱི་ལན་སྣ་འཛིན་འདོད་་ནི་ཕ་རིའི་སྤང་རྒྱན་རེད་ལོ། ཁྱོད་ལ་སྐུ་ཐང་གི་ཐུག་རྩ་ལས་ཕར་བརྒལ་ཐུབ་པའི་སྒྱུ་རྩལ་ཞིག་མེད་མཐོང་ཆོས་ཡིན་པ་ཨ། ངོ་ཚ་མེད་པེ།
Dada སྒྱུ་རྩལ་གྱིས་མི་དེ་འདྲ་ཕྱུག་པོར་ཆགས་པ་རེད་ཟེར། ལམ་ཁ་འདི་འདྲ་ཞིག་ལ་རེ་ནས་ཧམ་པ་དང་ངོ་ཚ་མེད་པ་བྱས་ན། ཁྱོད་འདྲ་མོར་རྒྱུ་དང་ཡོན་ཏན་གང་གི་ཆ་ནས་མི་འདང་བའི་ཚེ་གང་གི་སྤྲང་ཕྲུག་ཞིག་ལས་གཞན་མེད་པ་ཤེས་མི་འདུག་པས། ངས་ཁྱོད་ལ་རྟུལ་རྒན་ལབ་པ་ཡིན།
ངའི་སྒྱུ་རྩལ་ནི་མི་མང་ལ་བོད་ཡིག་གི་ཉམ་ཆག་ལ་གོ་རྟོག་སྤྲོད་བྱེད་ཡིན་ཟེར། རྫུན་རྐྱལ་མི་གསོན་པོ་ཟ་མཁན་ཟེར་ན་ཁྱོད་འདྲ་ཡིན་དགོས་བ་རེད། ཅི་ཕྱིར་ཟེར་ན། ངའི་སྒྱུ་རྩལ་དང་dada་ལ་སྦྱང་བྱང་མ་ཆུབ་ན་གོ་བ་དང་གོ་རྟོག་མི་སྟེར་ཟེར། ཁ་གཅིག་ནང་ནས་ལྕེ་གཉིས་བུད་ན་འདི་འདྲ་རེད། རང་མཚང་ལ་ངོ་ཚ་མེད་པའི་རྟུལ་རྒན།
ཁྱོས་ང་ཚོའི་མཆན་དང་སྐྱོན་བརྗོད་ལ་ཡ་ལན་སྤྲོད་ཀྱི་མེད་ཟེར་ནས་མཐོང་ཆུང་དཔའ་མདོག་བསྟན་སོང་། ཡིན་ན་ཡང་། ང་ཚོས་ཁྱོད་ཀྱི་དོ་སྣང་རག་ཐབ་ལ། ང་ཚོས་ཉིན་མོའི་ལྷ་བྱེད་དགོས་ན་འདྲ། མཚན་མོའི་འདྲེ་བྱེད་དགོས་ན་འདྲ། དད་ལྡན་མི་མང་གི་གསུང་རབ་རྟེན་དཔེ་ལ་གྲིས་གཏུབ་སྣུམ་བསྔོས་བྱས་བ་ལ། སྔར་བྱས་ལ་བཟོད་གསོལ་དང་ཕྱིན་ཆད་ལ་དམ་ཚིག་ཞིག་གོ་རྒྱུ་མེད་ན། ཁྱོད་སྔར་བཞིན་དུ་འགྲོ་འདུག་ལ་རང་དབང་ཞིག་ཡོད་མེད་གཞི་ནས་ཤེས་ཡོང་། དད་ལྡན་པ་ཟེར་བ་འདི་མེད་ས་མེད་པའི་ས་ཕྱོགས་མེད།
ང་ཚོ་་དང་ཁྱེད་ཀྱི་བོད་ཡིག་སྲུང་སྟངས་གཅིག་པ་ཡིན་ཟེར། ཧམ་པ་བཤད་ན་བཤད་ལུགས་ཡོད་པ་རེད། མིག་དཔེ་སྟོན་ན་སྟོན་ལུགས་ཡོད་པ་རེད། ཁྱོ་འདྲ་མོ་མགོ་གཉིས་མའི་སྐད་ཆ་ཞིག་ལ་ཐུག་ཡང་བྱས་ནས། མཆོད་རྟེན་ཤིག་འདྲ། ལྷ་སྐུ་བཅོག་ན་འདྲ། གསུང་རབ་གཏུབ་ན་འདྲ། བོད་རྒྱ་ཆེ་མི་མང་གི་དོན་དུ་ཡིན་ན་འགྲིག་རབ་བཤད་ནས་སྡད་འདུག་གི་མ་འདུག། ཁྱོད་དང་ཁྱོད་ཀྱི་ཨབ་ཕྲུག་ཚོས་ཤེས་རྒྱུ་ཞིག་རེད།
ཡ། ང་ཡང་དི་རིང་ནས་ཁ་བརྡའི་ནང་ལ་སྒྱུ་རྩལ་གྱི་ལམ་ལ་བཞུགས་རྒྱུ་ཡིན། གོ་བ་ཇི་ལེན་ཁྱོ་ཚོའི་འགན་འཁུར་རེད།
རྒྱ་ནག་གིས་བོད་ས་བཙན་འཕྲོག་བྱེད་པ་འདི་ཁྲབ་སྟོན་པའི་སྒྱུ་རྩལ་རེད། རྒྱ་མི་རིགས་ཀྱིས་བོད་པས་བོད་ཀྱི་རིག་གཞུང་བདག་པོ་མ་བརྒྱབ་ཙང་། ཁོང་ཚོར་དྲན་སྐུལ་ཙམ་བྱས་པ་རེད། ལོ་སྟོང་ཕྲག་འགའ་ཤས་རྗེས་ལ་བོད་ཕྱིར་སྤྲོད་བྱེད་སྲིད། འདི་སྒྱུ་རྩལ་རེད་པཱ། རིགས་འབྱུང་ལགས་འདི་ལ་འགྲེལ་བཤད་ཅིག་གནང་རོགས།
དྲི་བ་ཡང་གནད་ལ་ཁེལ་བ་དྲིས་མི་འདུག་ལ། ལན་ཡང་འཁྱར་འཁྱོར་གཅིག་ལས་མི་འདུག དགེ་ཆོས་ལུང་འདྲེན་བྱས་པ་ནི་ཁུངས་ལུང་མ་ཤེས་པ་དང་། ཁོ་ལ་བོད་ཀྱི་རིགས་གནས་ཆུ་ཚད་མཐོ་དམན་ཅི་ཡོད་རང་རྗེན་སྟོན་པའི་སྐད་ཆ་རེད། ལར་ནས་བོད་པས་དཔེ་ཆ་བཟའ་བའི་ལུགས་སྲོལ་ཡོད་ན། ད་བར་འཛམ་གླིང་ནང་གསུང་རབས་མང་ཤོས་ཀྱི་ཡུལ་གྲུའི་ཟིན་ཐོར་ཅི་འདྲས་ཚུད་པ་རེད། ངོ་ཐོག་ཁོ་པས་བོད་ཀྱི་སྐད་ཡིག་ལ་སེམས་ཚབ་ཡོད་ན། དང་ཐོག་ཁོ་རང་གིས་བོད་སྐད་བསྲེ་ལྷད་མེད་པ་ཞིག་ནས་འགོ་འཛུག་དགོས། བཙན་བྱོལ་ནང་བོད་ཡིག་ནས་དབྱིན་ཡིག་ནང་བསྒྱུར་བ་མ་གཏོགས། དབྱིན་ཡིག་ནས་བོད་ཡིག་ནང་བསྒྱུར་གྱི་མི་འདུག་ཟེར་བ་དངོས་བདེན་ཡིན་པ་དང་། དེ་ལ་སེམས་ཚབ་ཡོད་ན། དེ་ལ་རྣམ་གྲངས་གཞན་ཞིག་གི་ཐོག་ནས་གདོང་ལེན་དང་། ལས་འགུལ་མི་སྤེལ་བ་ག་རེ་ཡིན་ནམ། ཡིན་ཅིག་པུ་ཏི་ཞིག་ལ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད། མདོར་ན་མི་དེས་བོད་མི་རིགས་དང་། རིགས་གནས་ཀྱི་རིན་ཐང་རྩ་བ་ནས་རྟོགས་ཐུབ་མི་འདུག མ་ཟད་འཛམ་གླིང་ནང་པ་གཞན་གྱིས་མཐོང་ན་ཧ་ལས་དགོས་པ་ཞིག་བཟོས་འདུག
ཁོ་རང་ཁོ་རང་འཐོམས་ནས་བསྡད་འདུག དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ནང་དུ་ཅིག་འདུག་ཟེར་བ་དེ་ཏག་ཏག་ཅིག་མི་འདུག དེ་ལ་བསྐྱར་དུ་དྲི་བ་ཞིག་འདྲི་རོགས། དེར་མ་ཟད། པཱ་ལི་ནང་དུ་ཅིག་ཡོད་རེད་ཟེར་ནས་ཁུངས་འཁྱོལ་ལ་མ་འཁྱོལ་ཅིག་བཤད་ཀྱི་འདུག གང་ན་ཡོད། གང་དུ་ཡོད། ཅི་ཞིག་ཡིན། བཤད་ཡ་མེད་པ་རྡབ་རྡིབ་ཅིག་རེད་འདུག་གཱ དེ་ནས་རིག་འབྱུང་ཟེར་བ་འདིས་ཁ་སྔོན་འགྲེལ་བཤད་རྫུན་མ་ཞིག་བརྒྱབ་སོང་།(ཡང་ཀློག་པ་པོ་འགྲེལ་བཤད་ག་རེ་རྒྱག་རྒྱག་དང་གོ་བ་ག་རེ་ལེན་ལེན་རེད་ཟེར་ཁུལ་གྱིས་སྐད་ཆ་རྙིང་པ་མ་འཇུན་རོགས) ཕྱི་རྒྱལ་ནས་ནང་པའི་ཆོས་དེ་རང་འདོད་ལྟར་དཀྲུགས་དཀྲུགས་རྒྱག་གིན་ཡོད་པ་དང་། དེའང་མགོ་འཛུགས་ས་རྒྱ་ནག་ཡིན་པ་མཚོན་གྱི་ཡོད་རེད་ཟེར། རིག་རྟུལ་ཁོས་དེ་འདྲ་ཞིག་བཤད་ཀྱི་མི་འདུག་གཱ རྦད་དེ་ཁག་ཁག་ཅིག་བཤད་ཀྱི་འདུག གཅིག་དེ་ཡིན། དེ་ནས་མང་པོ་ཞིག་གིས་དད་པའི་མིག་ཤེལ་གྱིས་སྒྱུ་རྩལ་ལ་ཚོད་འཛིན་བྱེད་ན་ཡོང་གི་མ་རེད་ཟེར། དེའི་ལན་དུ་དེ་རིང་འདི་ནས་སྐད་གསེང་མཐོན་པོས་བསྒྲག་འདོད་པ་ནི་ཁྱོད་ཚོས་”སྒྱུ་རྩལ་”གྱི་དར་ཆ་འཁྱེར་ནས་མི་གཞན་གྱི་དད་མོས་དང་ཁྱད་ནོར་ལ་རྡོག་རྫིས་བཏང་ན་རུང་གི་མ་རེད་ཟེར་འདོད་བྱུང་། གནད་དོན་གྱི་གནད་དོན་འདི་རེད། རྙོག་དྲ་ལྷགས་ས་གཙོ་བོ་འདི་རེད། རིག་རྟུལ་ཁོས་བཤད་པ་ལྟར་གོ་བརྡ་མ་འཕྲོད་པ་དེ་འདྲ་མ་རེད། ཧ་གོ་སོང་ངེ་། དཔེར་ན་ན་ནིང་གི་སྟོན་པའི་སྐུ་ཅན་གྱི་ལྷམ་དེ་དག་ལྟ་བུ། དེ་དག་གིས་ཀྱང་རྗེས་ལ་དགོངས་དག་ཞུས་ཏེ། ལྷམ་དེ་མཚམས་འཇོག་བྱས་ཡོད་པ་རེད།
གལ་ཏེ་ཁ་ཆེ་མི་ཞིག་གམ་ཡང་ན་ཡེ་ཤུ་བ་ཞིག་གིས་འདི་ལྟར་རང་གི་གསུང་རབ་བཟའ་བ་དང་གད་རྙིག་དུ་གཡུག་ནས་གཞན་ལ་ཁྱབ་བསྒྲགས་བྱས་པ་ཡིན་ན་དད་སེམས་ཅན་ཚོས་ག་རེ་གནང་གི་རེད་དམ་
སྒྱུ་རྩལ་བ་ཁོང་ལ་རིགས་གཞུང་སྲུང་སྐྱོབ་ལམ་་དེ་ལས་མེད་པ་ཡིན་ནམ་
བྱེད་སྟངས་དེས་མི་དད་ལྡན་པ་ག་ཚོད་ཀྱི་སེམས་ལ་ཕོག་དུག་ཕྱིན་ཡོད་དམ་
གཞན་གྱི་སེམས་ཁམས་དང་དད་པ་ལ་གནོད་པ་དེ་མང་གཙོ་ལྟ་བ་དང་རྩ་ཁྲིམས་ལས་འགལ་བ་རེད་སམ་ཞེད་གི་མི་འདུག་གམ་་
དྲི་བ་དེ་ཚོ་རྒྱུ་རྩལ་ཁོང་ལ་འདྲི་རོགས་གནང་།
ཨོ་ཡ་་ད་རྩོད་པ་ཏོག་ཙམ་རྒྱག་འདོད་སྐྱེས། སྤྱིའི་ཆ་ནས་སྐུ་ཞབས་ཁབ་ལགས་མ་གཏོགས་སྐད་ཆ་གནད་ལུགས་པ་ཞིག་བཤད་མཁན་ཅང་མི་འདུག ད་་་་དཔེ་ཆ་དེ་ཁྱོད་ཚོའི་དད་པ་བྱེད་ས་ཡིན་པས་གཏུགས་མི་ཆོག རྔོས་ན་མི་འགྲིག དད་ལྡན་ཚོ་ལ་མཐོང་ཆུང་བྱས་སོང་ཞེས་བཤད་བཞིན་འདུག
༡་་་ཁྱོད་ཚོ་ལ་དྲི་བ་ཞིག་ཡོད། རྡོ་ཡི་མཇེ་བཅག་ན་ཨེ་འགྲིག རྡོ་ཡི་ཕོ་མཚན་སྟུ་ནང་བཅུག་མི་ཆོག་པ་ཐལ། རྡོ་ཡི་ཕོ་མཚན་ལ་དད་པ་བྱེད་མཁན་ཡོད་པའི་ཕྱིར། ཁྱིའི་སོ་གད་རྙིགས་ནང་དུ་གཡུགས་ན་མི་འགྲིག་པ་ཐལ། ཁྱིའི་སོ་ལ་དད་པ་བྱེད་མཁན་ཡོད་པའི་ཕྱིར། ཁྱབ་པ་ཁེབས།
༢་་་ཤོག་བུ་དཀར་པོའི་སྟེང་དུ་སྣག་ཚ་ནག་པོའི་བྲིས་པའི་ཡི་གེའི་གཟུགས་བརྙན་དེ་ཉིད་ཡི་གེ་ཡིན་ཟེར་བ་དང་། བཀའ་འགྱུར་གྱི་པོ་ཏི་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་ཟེར་བ་ནི་སློབ་སྦྱོང་མེད་པའི་རྟགས། སངས་རྒྱས་ཀྱི་བཀའ་ཡིན་ན་སངས་རྒྱས་ཀྱི་གསུང་ཡིན་དགོས། སངས་རྒྱས་ཀྱི་གསུང་ཡིན་ན་སྒྲ་ཡིན་དགོས། སྒྲ་ཡིན་ན་མིག་གི་མཐོང་མི་ཐུབ། གཟུགས་ཡིན་ན་རྣ་བས་གོ་མི་ཐུབ།
སློབ་དཔོན་དབྱིག་གཉེན་གྱིས།
གཅིག་གིས་གཉིས་ཤེས་མ་ཡིན་སྟེ།
དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་གསུངས་ཡོད་ལ་དོན་གནས་ཡོད།
སྤྱིའི་ཆ་ནས་བཀའ་འགྱུར་པོ་ཏི་ལ་དད་པ་བྱས་པ་ནི་ཆོས་དཀོན་མཆོག་ལ་དད་པ་བྱས་པ་མིན། ཤོག་བུའི་ཐོག་ཏུ་བྲིས་པའི་སངས་རྒྱས་ཀྱི་འདྲ་གཟུགས་ལ་དད་པ་བྱས་པ་ནི་སངས་རྒྱས་དཀོན་མཆོག་ལ་དད་པ་བྱས་པ་མིན། ཤོག་བུའི་ཐོག་ཏུ་བྲིས་པའི་སངས་རྒྱས་ཀྱི་བཀའ་ཡི་འདྲ་གཟུགས་དང་སངས་རྒྱས་ཀྱི་འདྲ་གཟུགས་རྣམས་ནི་གཟུགས་བརྙན་ཤོག་བུའི་ཐོག་ཏུ་བྲིས་པ་ཙམ་ལས་དད་པ་བྱ་ཡུལ་ཞིག་རྩ་བ་ནས་མིན།
མིན་ཀྱང་ཆོས་ལ་སྦྱོང་པ་མེད་པའི་གང་ཟག་མང་པོས་དད་པ་བྱེད་ས་ནོར་བ་དང་། ནོར་བ་དེ་ཉིད་ཆོས་དང་སངས་རྒྱས་ཡིན་ཟེར་བ་ནི་སྐྱེ་བོ་བླུན་པོ་ཀུན་གྱིས་རང་གཤིས་ཡིན་པས་སངས་རྒྱས་གསོན་པོ་ཕེབས་ཀྱང་འགྲེལ་རྒྱག་དཀའ་མོ་རེད།
ཁྱིའི་སོ་དང་རྡོ་ཡི་མཇེ་ལ་དད་པ་བྱེད་མཁན་གྱི་སྐྱེ་བོ་རྣམས་ལ་ཁྱིའི་སོ་དང་རྡོ་མཇེ་དད་ཡུལ་མ་རེད་ཅེས་འགྲེལ་ཇི་ལྟར་རྒྱག་ཀྱང་ཁོ་ཚོས་ཁས་ལེན་མི་སྲིད་པ་ལྟར་་་་ངས་ཀྱང་རིག་གྲོལ་གྱི་གཏུབས་པའི་དཔེ་ཆ་དེ་ཉིད་དད་ཡུལ་མ་རེད། ཁྱོད་ཚོས་ནོར་བ་རེད་ཅེས་འགྲེལ་བཤད་ཇི་ལྟར་རྒྱག་ཀྱང་ཁྱོད་ཚོས་ཁས་ལེན་མི་སྲིད། ད་དུང་་་ཅོ་རི་སྨྱོན་འདུག་ཟེར་གི་རེད།་་་་ཧཧཧཧ
གསུང་རབ་ཐུག་པའི་སྒྱུར་རྩལ་དེར་སྒྱུར་རྩལ་བ་རང་ཉིད་ཀྱང་མགོ་འཐོམ་ནས་སྡོད་འདུག། ལན་ཡང་ཐུག་པ་རང་སྤྲོད་སོང་། སྒྱུར་རྩལ་བའི་གཞུང་ལུགས་དང་ཁ་ཕྱོགས་ལམ་ཕྱོགས་གང་ཡང་མི་འདུག། འོལ་ཚོད་རང་རེད་འདུག། བོད་མི་རིགས་ཀྱི་སྐད་ཡིག་དང་རིགས་གཞུང་སྲུང་སྐྱོབ་སྐོར་སེམས་ཚོར་ཡོད་སྐོར་བཤད་ཀྱང་ཁོང་རང་ཉིད་ཀྱིས་རང་སྐད་གཙང་མས་ཚིག་སྒྲུབ་གཅིག་གི་འགོ་རྔ་འཕུད་ཐུབ་ཀྱི་མི་འདུག། ད་དུང་སྒྱུར་རྩལ་ནི་སྐད་ཡིག་ཡིན་ཟེར་གྱིན། ཧཧཧ། ནང་ཆོས་བོད་ཀྱི་སྐད་ཡིག་ལ་སྒྱུར་ནས་རྒྱ་གའི་ལེགས་སྦྱང་གི་སྐད་ཡིག་སྟོང་སོང་ཟེར་གྱིན། ཧུ་ཧུ་ཧུ། དཔེར་མཚོན་རི་མོ་སྟབས་བདེ་དང་མགྲོན་ཆུང་ཡིན་པས་རྒྱ་ནག་ནང་དར་བ་རེད་ཟེར་གྱིན། དེ་ནི་གཅིག་དགུ་བརྒྱད་བཅུའི་ལོ་འགོ་ཙམ་ནས་བོད་ནང་ལ་དར་ནས་ཨ་མདོ་བ་གཅིག་གཉིས་ཞིག་ལས་དེར་དོར་གལ་མེད་ཚུལ་ཟེར་གྱིན། ཧོ་ཧོ་ཧོ། གསུང་རབ་ཐུག་པའི་སྒྱུར་རྩལ་སྐོར་གླེང་རྩོད་མང་པོ་བྱས་འདུག་ཀྱང་། ཁོང་ལ་དྲི་བ་གནང་མཁན་བུ་མེད་ཞིག་ལས་མི་འདུག་ཟེར་གྱིན། ཨ་ཨ་ཨ། དགོད་རྒྱུ་བྱུང་། དྲི་བ་གནང་མཁན་དོན་བཀྲ་ཡང་འགོ་རྔ་ཚང་བའི་འདྲི་ཐུབ་མཁན་ཞིག་མ་རེད། ལྷག་པར་དུ་ནང་ཆོས་སྐོར་གོ་རྟོགས་ཡོད་ནི་མ་རེད། ངོ་དེབ་དང་དྲ་ཐོག་ཏུ་མཐོ་ཙམ་དམའ་ཙམ་གྱིས་དགོད་མོ་མང་པོ་སློང་གི་རེད། ད་དུང་ཉམས་ཞིབ་པ་ཡིན་ཟེར་གྱིན་རེད། དེ་ཙམ་ཡིན། སྐུ་ཚེ་རིང་རྒྱུ་ཚོ།
བོད་མི་རྨོངས་དད་མགོ་དེ་ཚོས་སངས་རྒྱས་ཀྱི་འདྲ་གཟུགས་བྲིས་མ་ཐང་ཀ་ཞིག་ལ་དད་པ་བྱས་ནས་གསོལ་བ་སྨོན་ལམ་འདེབས། བཀའ་འགྱུར་པོ་ཏི་རྣམས་ལ་གསོལ་བ་འདེབས། དོན་དངོས་པོའི་ཐོག་ཏུ་བོད་མི་རྨོངས་དད་མགོ་དེ་དག་གིས་སངས་རྒྱས་ཟེར་བ་དེ་ག་ཞིག་ཡིན་མིན་ཀྱང་མི་ཤེས། སངས་རྒྱས་ཀྱི་བཀའ་ཡི་མཚན་ཉིད་ཙམ་ཡང་མི་ཤེས། དཔེར་ན། གདུལ་བྱའི་ཉོན་མོངས་སྤོང་དོན་དུ་གསུངས་པའི་གསུང་རབ་མཐར་ཐུག་་་མ་ཤེས་པར་སངས་རྒྱས་ཀྱི་བཀའ་གསུང་ཤེས་མི་སྲིད། ཁྱོད་ཚོས་དེ་འདྲ་ཤེས་ཀྱི་ཡོད་པེ།་་་ཧཧཧ
དགེ་ལུགས་པ་ཡི་ཡི་དམ་མཆོག།
གསང་བ་འདུས་པའི་རྒྱུད་དཔེ་ཡི།།
སྔོ་ཚལ་རྔོ་བའི་གང་ཟག་དེ།།
དམ་སྲི་འབྱུང་པོ་བརླམ་པར་ངེས།།
ཁྱོད་རང་ཚོས་ཡང་མཁས་མདོག་མ་བྱས་ནས་་་ཡི་གེའི་དོན་ཞིག་ཞོག་དང་། དེ་ནས་་ཡི་གེ་ཟེར་བ་དེ་གང་ཡིན་དང་། ཡི་གེ་དང་ཡིག་གཟུགས་གཉིས་ཀྱི་ཁྱད་པར་འབྱེད་ཤེས་འོང་གི་རེད། མ་གཏོགས་་ཡི་གེ་ཟེར་བ་འདི་སྒྲ་ཡིན་དང་གཟུགས་ཧ་མ་གོང་ནས་་་་གསུང་རབ་བཤད་ཀྱི་ཏོག་ཙམ་དཀའ་ལས་ཁག་པོ་རེད་ད་་་་ཧཧཧ
ཡི་གེ་དང་ཡིག་གཟུགས་གཉིས་ལ་ཁྱད་པར་ཡོད། ཡི་གེ་ཟེར་ན་མིང་ཚིགས་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ཟེར། ཡིན་ནའང་ཡིག་གཟུགས་ལ་ཡི་གེ་ཟེར་བ་ཡོངས་གྲགས་རེད། གལ་སྲིད་དེ་འདྲ་མ་ཡིན་ན་རིག་གསར་སྐབས་དཔེ་ཆ་མེར་བསྲེགས་པ་ང་ཚོས་བློ་ཕམ་དང་སྡང་སེམས་བྱེད་དགོས་དོན་མེད། རིག་གྲོལ་གྱིས་ཁ་གཏུགས་དཔེ་ཆ་ཐུག་པར་བརྔོས་ནས་བཟས་པ་མཐོང་བྱུང་། རྒྱབ་ལྗོངས་རྒྱུ་མཚན་བཤད་དགོས་མི་འདུག དེ་རང་ནོར་འཕྲུལ་རེད། དཔེར་ན། མི་གཉིས་འཁྲུགས་པ་ཤོར་་ནས་ལག་པ་དང་པོ་རྐྱང་མཁན་དེ་ཁྲིམས་འགལ་་རེད་ལ་ཁོ་ལ་བཙོན་ལ་བཅུག་ངེས་རེད། ཡིན་ནའང་ཁོ་ལ་ལག་པ་རྐྱང་དགོས་པའི་རྒྱུ་མཚན་ཡོད་རེད། དེས་ཕན་གྱི་མ་རེད། ཁྲིམས་ཁང་ནས་དང་པོ་ཉིད་ནས་དང་པོ་ལག་རྐྱང་མཁན་དེ་ཁྲིམསའགལ་བརྩི་ཡི་རེད། དེའདྲ་མིན་ན་མི་གཉིས་པོ་རྒྱུ་མཚན་ཤོད་རེས་བྱས་ནས་དུས་ཚོད་རྫོགས་འགྲི་གི་རེད།
མིང་ཚིག་གཉིས་ཀྱིས་རྩོམ་གཞི་བྱས་པའི་སྐད་ཀྱི་གདངས། ཡི་གེའི་དོན་ཡིན། ཡི་གེ་གཟུགས་མིན་ན་ཤེས་པ་རེད་དམ། ཡང་ན་ལྡན་མིན་འདུ་བྱེད་རེད། ཅོ་རི་ལགས།
ཡག་པོ་གསུང་་་རིག་གྲོལ་གྱིས་གཏུབས་ནས་བརྔོས་བཞག་དེ་ཆོས་དཀོན་མཆོག་ཨེ་རེད། དེ་སྐྱབས་སུ་སོང་ན་ཆོས་དཀོན་མཆོག་སྐབས་སུ་སོང་བ་ཨེ་རེད།
ཧཧ་་སྐད་ཀྱི་གདངས་་ཟེར་བ་དེ་སྒྲ་རེད་ད་་་་རང་དབང་ལགས།
ཡག་པོ་གསུང་་་རིག་གྲོལ་གྱིས་གཏུབས་ནས་བརྔོས་བཞག་པ་དེ་ཆོས་དཀོན་མཆོག་ཨེ་རེད། དེ་ལ་སྐྱབས་སུ་སོང་ན་ཆོས་དཀོན་མཆོག་སྐབས་སུ་སོང་བ་ཨེ་རེད།
ཡིག་གཟུགས་ཡི་གེ་མིན་ཀྱང་ཡིག་གཟུགས་ལ་མ་གུས་པ་ན་ཡི་གེར་མ་གུས་པ་སོང་བ་རེད། དེ་བཞིན་ཆོས་གཟུགས་ལ་ཆོས་དངོས་ཀྱི་འདུ་ཤེས་འཇོག་དགོས་པ་དང་གསུང་རབ་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་དགོས་རྒྱུ་ནི་མཆོག་གསུམ་ནང་ཚན་གྱི་ཆོས་དཀོན་མཆོག་གི་སློབ་བྱ་རེད།
རིག་གནས་གསར་བརྗེའི་སྐབས་སུ་བཀའ་བསྟན་འགྱུར་གསེར་བྲིས་མ་དང་དངུལ་བྲིས་མ་དེ་དག་གི་རིན་གོང་ཨ་སྒོར་ཡ་ས་མང་པོ་རེད་ད། རྙིང་པ་རེད། ལག་པས་བྲིས་བཞག་པ་དེ་འདྲ་ཡོད་རེད། གཞན་དཔར་རྒྱག་བཞག་པའི་དཔེ་ཆ་གསར་པ་དེ་དག་གིོ་གོང་ཚད་ཆུང་ཆུང་རེད། རིན་མཐོང་ཆུང་ཆུང་། བསྲེགས་ན་བསྲེགས།
ཡིག་གཟུགས་ལ་མ་གུས་ན་ཡི་གེ་ལ་མ་གུས་པ་སོང་ན། ཡིག་གཟུགས་ལ་གུས་ན་ཡི་གེ་གུས་པ་ཨེ་རེད། ཡིན་ན་་་སངས་རྒྱས་འདྲ་གཟུགས་མེ་སྲེག་བཏང་ན་སངས་རྒྱས་མེ་སྲེག་བྱས་པ་ཨེ་རེད། ཡིན་ན་་་ཁྱོད་ཀྱི་འདྲ་དཔར་མེ་སྲེག་བྱས་ན་ཁྱོད་མེ་སྲེག་བྱས་པ་ཨེ་རེད། ་་་ཧཧཧ
གསུང་རབ་བརྔོས་པ་དེ་ཆོས་དཀོན་མཆོག་མ་རེད། འོན་ཀྱང་དེར་སྐྱབས་སུ་སོང་ན་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བ་རེད།
མདོ་དོན་་་་རིག་གྲོལ་ལགས་ཀྱིས་གཏུབས་བཞག་པའི་དཔེ་ཆ་དེ་ཉིད་ཆོས་དཀོན་མཆོག་དང་དེའི་ཐོག་གི་སངས་རྒྱས་གཟུགས་བརྙན་དེ་ཉིད་སངས་རྒྱས་དཀོན་མཆོག་རེད་དམ་མ་རེད། ཁྱོད་ཚོས་དད་པ་ག་རེ་བྱས་ནས་བྱེད་ཀྱི་ཡོད་དམ།
དེ་ལ་སྐྱབས་སུ་སོང་ན་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བ་མ་ཡིན་པར་ཐལ། དེ་ཆོས་དཀོན་མཆོག་མ་ཡིན་པའི་ཕྱིར། རྟགས་ཁེབས།
སངས་རྒྱས་ཀྱི་འདྲ་གཟུགས་མེར་སྲེབ་ན་སངས་རྒྱས་མེར་སྲེབ་པ་མ་རེད། འོན་ཀྱང་དེས་སངས་རྒྱས་མེར་སྲེབ་བྱས་པའི་ཉོས་སྡིག་བཟོས་པ་རེད། དེ་བཞིན་ངའི་ཧཟུགས་ལ་ཡང་མཚུངས།
ཁྱབ་ལོག་སྒྲོགས།
བོད་པ་རྨོངས་རྒན་ཚོས་གཤམ་གྱི་མཆན་འདི་གཉིས་ཀློགས་དང་ཉིན་ཤས་ནང་རྨོངས་གཉིད་ལས་སད་དེ་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཡོང་ངམ། ཧ་ཧ་ཧ།
# 80 བཙན་བྱོལ་བ་་ལགས་ཀྱིས་མཆན་བཏབ་པ།: September 26th, 2014 at 9:25 AM
བསྟན་འཛིན་རིག་གྲོལ་གྱི་བཅར་འདྲི་ལ་ལྟ་སྐབས། གསུང་རབ་ཐུག་པའི་སྒྱུ་རྩལ་གྱི་རྒྱབ་ལྗོངས་ཀྱི་ནང་དོན་ངོ་མ་དེ་རྟོགས་སོང་། ཡིན་ན་ཡང་། སྒྱུ་རྩལ་གྱི་ཤེས་བྱ་འདི་ང་ཚོའི་བོད་པའི་སྤྱི་ཚོགས་ནང་དུ་ཁྱབ་ཧ་ཅང་ཆུང་ཆུང་ཡིན་ཙང་། གནད་དོན་ངོ་མ་དེ་རྟོགས་དཀའ་བའི་རྐྱེན་གྱིས་སྐྱོན་འཛུགས་རིགས་འདི་ཚོ་སླེབས་བཞིན་པའི་ཚོར་སྣང་བྱུང་སོང་། ཁོང་གིས་གསུང་དོན་གལ་ཆེ་ཤོས་ནི། གཞན་གྱི་སྐྱོན་བརྗོད་བྱེད་པ་ལ་དགའ་བསུ་ཡོད། འོན་ཀྱང་བགྲོ་གླེང་གི་ལམ་ནས་དྲི་བ་ཡོད་ན་དེ་བས་དགའ་བ་ཡོད། ཐོག་མ་ནས་ཐག་གཅོད་བྱས་ནས་མཆན་འདེབས་སྐབས་བགྲོ་གླེང་གི་གཞི་མེད་པར་གྱུར་པ་རེད་ཅེས་གསུངས་པ་དེ་དོན་སྙིང་ལྡན་པ་མཐོང་སོང་།
# 83 རྟ་བདུན་དབང་བོ་ལགས་ཀྱིས་མཆན་བཏབ་པ།: September 26th, 2014 at 1:31 PM
གསང་སྔགས་ཀྱི་རྒྱུད་སྡེ་དག་ཐུག་པ་བཞིན་སྐོལ་ནས་བཙོང་མཁན་རྣམས་བླ་ཆེན་ཚོ་རེད། སྔོན་ཆད་གསང་སྔགས་ཀྱི་དབང་བཞི་ལས་སླ་བོ་ཐོབ་ཐུབ་ཀྱི་ཡོད་པ་མ་རེད། དེང་དུས་སྒོར་མོ་ཡོད་ན་དབང་བཞི་ལས་སླ་བོ་ཐོབ་ཀྱི་རེད། སྔོན་ཆད་རྡོ་རྗེ་རྣལ་འབྱོར་མ་ཞེས་ནས་བཀའ་དོག་པོ་ཞིག་རྩིེ་བཞིན་ཡོད། དེང་དུས་རྡོ་རྗེ་རྣལ་འབྱོར་མའི་དབང་ནི་ནང་ཆོས་ཅི་ཡང་མི་ཤེས་མཁན་ཕྱི་རྒྱལ་པ་ཚོར་ཡང་ཐོབ་ཀྱི་འདུག སྒོར་མོ་ཡོད་ན་སྔགས་བླ་མེད་ཀྱི་རྒྱུད་སྡེ་གཉིས་མེད་རྒྱུད་དུ་གཏོགས་པ་དུས་འཁོར་དབང་ཆེན་ལྟ་བུའང་ལས་སླ་བོ་ཐོབ་ཀྱི་རེད། འདི་ནི་གསུང་རབ་ཀྱི་ཐུག་པ་ལས་ཐབས་རྡུགས་པ་རེད། ད་མང་བོ་མི་བཤད། བཤད་ན་མང་བོ་ཞིག་ལ་ཕོགས་ཡོང།།
རང་དབང་ལགས། རྗེ་བླ་མས་་་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མི་རུང་པའི་ཕྱིར། ཞེས་གསུངས་ཡོད་པ། ་་ཧཧཧ སངས་རྒྱས་མིན་པར་ཞིག་ལ་སྐྱབས་སུ་སོང་ན་ནོེར་བ་ཨེ་རེད།
ཁྱོད་ཚོས་རིག་གྲོལ་གྱི་གཏུབས་བཞག་པའི་དཔེ་ཆ་དེར་སྐྱབས་སུ་འགྲོ་གི་ཡོད། དད་པ་ཡོད་ཟེར་གི་ཡོད་པ། དད་པ་བྱས་ས་ནཽར་ཡོད་པ་ཤེས་སོང་ན་་་་དོན་དག་འགྲུབ་ཚར་བ་ཡིན་ནོ།་་་ཧཧ
རྡོ་རྗེརྣལ་འབྱོར་མའི་དབང་ཞུས་ན་དེའི་དབང་ཐོབ་པའི་ངེས་པ་ཡོད་ནི་མ་རེད། རྟ་བདུན་ལགས། སྒྱུ་རྩལ་བ་བསྟན་གྲོལ་གྱིས་སྒྱུ་རྩལ་ནི་སྐད་ཡིག་ཡིན་གསུངས་པ་རེད། དེ་འདྲའི་སྒྱུ་རྩལ་བ་ཞིག་བོད་ལ་ཡོད་རྒྱུ་ལ་ཨ།
ཅོ་རིས་ག་རེ་གསུངས་ཀྱི་ཡོད་མེད་ཤེས་མ་སོང་། གསུང་རབ་ལ་དད་པ་བྱས་ན་དད་པ་བྱེད་ས་ནོར་ཡོད་ནི་མ་རེད།
སྐུ་གསུང་ཐུགས་བརྟེན་བསྟེན་གཙོར་གསོ་དགོས་དོན་ཡང་དད་པ་བྱེད་ས་མ་ནོར་བས་བཞུགས་སུ་གསོལ་བ་རེད།
རིག་གྲོལ་ལགས་ནས་མི་ལོ་བཅོ་ལྔ་ལྷག་གི་སྒྱུ་རྩལ་ལ་ཆེད་སྦྱངས་མཛད་ནས་སྒྱུ་རྩལ་ནི་སྐད་ཡིག་གི་ངོ་བོར་རྙེད་པ་རེད། ཧཧཧཧཧ། ཁོང་སྒྱུ་རྩལ་གྱི་གཞུང་ལུགས་སྨྲ་མཁན་ཨ་ན་མན་རེད་འདུག་གམ།
དགོངས་དག། གོང་དུ་ངས་སྒྱུ་རྩལ་ལ་སྒྱུར་ཞེས་ཡིག་ནོར་མང་པོ་སོང་འདུག།
སངས་རྒྱས་དངོས་གནས་དེ་ལ་དད་པ་བྱོས། སངས་རྒྱས་ཀྱི་བཀའ་དངོས་གནས་དེ་ལ་དད་པ་བྱོས། སངས་རྒྱས་ཀྱི་འདྲ་གཟུགས་དང་བཀའ་ཡི་འདྲ་གཟུགས་ལ་དད་པ་བྱེད་དགོས་དོན་ཡོད་མ་རེད། འཕགས་པ་ཐོག་མེད་ཀྱིས་ཀྱང་སངས་རྒྱས་བྱམས་པ་མགོན་པོ་དངོས་གནས་དེ་ལ་ཁྱི་ཞིག་མཐོང་། མི་དགོས་པའི་བྲག་ཕུགས་སྐམ་པོ་ཞིག་གིས་ནང་བྱམས་མགོན་སྒོམ་མདོག་མདོག་བྱས་པ་རེད།་་་་ཧཧཧ
ཁྱོད་ཚོས་སངས་རྒྱས་ཀྱི་གསུང་རབ་དངོས་གནས་དེ་ཐུག་པ་བསྐོལ་བསྐོལ་བྱས། མི་དམངས་ལ་དབང་བསྒྱུར་བྱས་དུས་གསུང་རབ་སྲིད་དང་སྤྲད། འདོད་ཆགས་ལངས་དུས་གསུང་རབ་རྒྱོབ་དང་སྤྲད། ཞེ་སྡང་ལངས་དུས་གསུང་རབ་འདྲེ་དང་སྤྲད། དཔལ་འབྱོར་དགོས་དུས་གསུང་རབ་ཚོང་དང་སྤྲད། འདི་དག་ནི་ནག་ཉེས་ཆེན་པོ་རེད།
དཔེར་ཆ་ཞིག་གཏུབས་ནས་བརྔོས་བཞག་སོང་ཟེར་བ་ཙམ་མ་རེད། སངས་རྒྱས་ཀྱི་བཀའ་གསུང་ཐུག་པ་བསྐོལ་བསྐོལ་བྱེད་མཁན་དེ་དག་ནི་ཤཀྱའི་རྒྱལ་པོའི་བསྟན་པའི་དགྲ་བོ་ངོ་མ་དེ་རེད་དོ།།
ཅོ་རིས་ཐུག་པའི་གླེང་མོ་ལ་ཚྭ་མི་འདུག།
སངས་རྒྱས་ཆོས་ལུགས་ནང་གི་ལྷ་སྒྲུང་དེ་ཚོར་ཅོ་རི་ཡིད་ཆེས་ཡོད་པ་འདྲ།
འཕགས་པ་ཐོག་མེད་ལྷ་ཡུལ་ཕེབས་ནས་བྱམས་ཆོས་སྡེ་ལྔ་མི་ཡུལ་ལ་བདན་འདྲེན་ཞུས། མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་ལ་ཕེབས་ནས་རྒྱས་འབྲིང་སྡུས་མི་ཡུལ་ལ་བདན་འདྲེན་ཞུས། དེ་ཚོ་ཅོ་རི་ལགས་ཀྱི་བློ་ལ་བབ་པ་འདུག་གམ།
ལྷ་ཡུལ་དང་ཀླུ་ཡུལ་ལ་ཡིད་ཆེས་བྱེད་མཁན་དེ་ཚོ་ལ་ཆོས་བཟི་ཟེར་ལེ་རེད། ཀླད་པ་ཐང་ཐང་ཡོད་མ་རེད། མི་ཚེ་གཅིག་ལ་སྨྱོན་ནས་སྡོད་ཀྱི་རེད། མྱི་ངོ་རང་ངོ་ཡག་པོ་ཤེས་ཀིན་མ་རེད། དམ་རྫས་དང་བྱིན་བརླབས་རེད་ཟེར་ནས་གཅན་སྐྱག་སྤྲོད་ནའང་ཟ་བཞག་གི་རེད།་་་་ཧཧ
ཨ་རིའི་བོད་མི་ཚོས་ཁྱི་ལས་འཁྲབ་སྟངས་དེེར་་ང་སུན་གི རིག་འབྱུང་ལགས་ཁྱི་མ་བྱེད་རོགས། མི་བྱས་ནས་ལྟ་རོགས། རིག་གྲོལ་ཁྱི་ལས་དེ་བོད་ཀྱི་སྒྱ་རྩལ་ལ་ངོ་མ་སྤྲོད་རོགས་གནང།
འཕགས་པ་ཐོགས་མེད་ལྷ་ཡུལ་དུ་ཕེབས་ནས་བྱམས་ཆོས་སྡེ་ལྔ་གདན་འདྲེན་ཞུ་ཞོར་འཆི་མེད་ཚེ་རིལ་གདན་མ་དྲངས་བ་ཅི་ཡིན་ནམ། ལྷ་ཡུལ་འཆི་མེད་ཚེ་རིང་གདན་དྲངས་ཡོད་ན་དུས་ད་ལྟ་ཡང་འཕགས་པ་ཐོགས་མེད་སྐུ་ཟིལ་པ་ཁྲུམ་ཁྲུམ་བཞུགས་ནས་འགྲོ་དོན་རྒྱ་ཆེར་ཡོད་རྒྱུ་རེད། དེ་དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་ནས་ཡུམ་རྒྱས་འབྲིང་བསྡུས་གསུམ་གདན་འདྲེན་་ཞུ་ཞོར་ཀླུ་ཡུལ་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་གདན་དྲངས་ཡོད་ན། ད་གཟོད་མགོ་སེར་ལ་ལག་པ་གཟེད་དགོས་ཡོད་རྒྱུ་མ་རེད། ཧ་ཧ།
མཆན་༣༢ རང་དབང་ལགས་ཀྱིས་གསུངས་པ་བདེན་པ་རེད། དབང་ཞུ་མཁན་ཡོད་ཚད་ལ་དབང་ཐོབ་ཀྱི་མ་རེད། གལ་ཏེ་ཐོབ་ན་ཚང་མར་དམྱལ་པ་འགྲོ་སྲིད་པ་རེད། དེ་དང་གཅིག་མཚུངས་དུས་འཁོར་དབང་ཆེན་ཡང་ཐོབ་ཀྱི་མ་རེད་གལ་ཏེ་ཐོབ་ན་མང་ཤོས་དམྱལ་པ་སྐྱེ་སྲིད་པ་རེད། དེས་ན་ཅིས་ཕྱིར་དཀའ་སྡུག་དང་དངུལ་གྱིས་འགྲོ་སོང་ཕོན་ཆེན་བཏང་ནས་དུས་འཁོར་དབང་ཆེན་ཞུ་རུ་འགྲོ་གི་ཡོད། སྔགས་ཀྱི་དམ་ཚིག་ནི་ས་མ་ཡ་འབུམ་སྡེ་ཟེར་བ་རེད། དེ་དག་ནི་སྲུང་རྒྱུ་ཕར་ཞོག་རྩ་བའི་གྲངས་ཀ་ཙམ་ཡང་བགྲང་ཤེས་ཀྱིན་ཡོད་པ་མ་རེད། །
ཅོ་རིལ་ཟ་ཁང་ལ་ “ཐུག་པ་ཁ་ཚ་” མ་གཏོགས་ཡོད་མ་རེད། “ཐུག་པ་ཁ་ཚ” འཐུང་འདོད་ཡོད་ན་ཅོ་རིལ་ཟ་ཁང་ལ་འགྲོ་རོགས་གནང་། ཐུག་པའི་ནང་ལ་ “སི་པེན” མ་གཏོགས། ཚ་སྒོག་ཡེར་མ་སོགས་བྲོ་རྫས་གཞན་དག་ཅི་ཡང་རྒྱབ་གི་མ་རེད།
ཚྭ་ཞེས་བཅོས་རོགས།
དང་པོ་རིགས་གྲོལ་ལགས་དང་བགྲོ་གླེང་བ་ཚང་མས་མཁྱེན་དགོས་པ་ཞིག་ལ་ཅིའི་ཕྱིར་མི་མང་པོ་ཞིག་གིས་འཁྲབ་སྟོན་འདིའི་བསྟན་དོན་དངོས་གནས་དེ་གླེང་མ་ཐུབ་པའི་གནད་འགག་དེ་ཤེས་དགོས། ཁོ་བོས་བསམས་ན་རིག་གྲོལ་ལགས་ཀྱིས་་འཁྲབ་བྱེད་དེ་ཆོས་དཔེ་དངོས་མ་ཞིག་བདམས་ནས་འགོ་ཐུག་པ་ནས་མཇུག་གད་རྙིགས་བར་གྱི་བརྒྱུད་རིམ་དེས་ནང་པའི་སྤྱི་ཚོགས་ཁྲོད་བསྟན་དོན་དངོས་གླེང་བའི་སྒོ་བརྒྱབ་ཚར་བ་རེད། རྩོམ་པ་པོས་སྒོ་བརྒྱབ་ཡོང་དུས་ཀློག་པ་པོ་ཁོང་ཁྲོ་ལངས་པ་རེད། ད་དུང་ཁོས་བཤད་པའི་སྐད་ཆ་ནང་ཧ་ཅང་པོ་འདུག
གཞན་གནམ་ལགས་གཅོད་གཏུབ་དང་ཅོ་རིའི་ཉོག་བཤད་དག་གིས་དེ་བས་ཟིང་ཚ་རུ་བཏང་བ་རེད།
བསྟན་འཛིན་རིག་གྲོལ་གྱིས་བརྗོད་པ་བཞིན་གནས་ལུགས་དང་རྒྱུ་མཚན། རྒྱབ་ལྗོངས་སོགས་ཀྱི་སྐོར་ལ་སྐད་ཆ་ཚིག་བཤད་མི་བཤད་པར་འགོ་ཚུགས་པ་དང་དད་ལོག་དང་སྨྱོན་པ། ལྟ་ལོག་སོགས་ཀྱི་ཐ་སྙད་བེད་སྤྱོད་གཏོང་བཞིན་པ་འདིས་ཕྱོགས་གཅིག་ནས་བོད་པ་ཕལ་ཆེ་བ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་གཙུག་ཏུ་འཛིན་མཁན་མིན་པ་དང་གཉིས་ནས་རྣམ་པར་དཔྱོད་པའི་ཤེས་རབ་མེད་མཁན་ཤ་སྟག་ཡིན་པ་ཟུར་ལྟོས་ལེབ་མཐོང་རེད་འདུག་གོ ནམ་རྒྱུན་ཆོས་ལུགས་ཉམས་ལེན་པ་ཡིན་ཟེར་མཁན་གྱི་དགེ་འདུན་པ་ཚོས་རིགས་གནད་འདི་འདྲ་ལ་ཐུག་དུས་སོ་སོའི་མདོག་བསྟན་ཡོང་གི་འདུག
ཁ་བརྡའི་ཐོག་ན་ཆང་ཞིག་ལ་ཁག་བཞག་ནས་གླུ་ལེན་མཁན་མང་པོ་འདུག་ཨང་བསམ།
ནམ་རྒྱུན་ཅོ་རིལ་གྱི་ཐུག་པ་ཚྭ་མེད་ཁ་ཚ་དེ་འཐུང་ནས་སྡོད་དགོས་རེད། ཡིན་ནའང་བསྟན་རིག་གམ་ཡང་ན་ཁག་ཅིག་ལ་”བསྟན་བཤིག” གི་ “གསུང་རབ་ཀྱི་ཐུག་པ” འདི་ཞིམ་པོ་ཟེར་ནའང་མི་ཤེས་མོད། དེ་ལ་ཕྱི་རྒྱལ་གྱི་ཁ་ལག་གི་བྲོ་བ་ཁྱད་མཚར་ཞིག་འདུག
བསྟན་རིག་སོགས་ཀྱིས་འགྲེལ་བཤད་ཉག་ཉོག་མང་པོ་བརྒྱབ་མ་ཡོང་མ་གཏོགས། དེ་འདྲ་བྱས་ན་བྲོ་བ་དེའི་ནང་ན་ “རྒྱ་མིའི་ཝེ་ཅིན” བླུགས་ཡོད་པ་ཧ་གོ་ནས་ང་ཚོ་ཟ་མཁན་ཚོར་ཡི་ག་བརྒྱབ་ཡོང་གི་འདུག
ག་རེ་རེད་ཟེར་ན། འཁྲབ་སྟོན་འདི་ “ཡང་” དབྱིན་ཇིའི་སྐད་ཡིག་ཤེས་མཁན་ཚོའི་ཆེད་དུ་འཁྲབ་སྟོན་བྱས་པ་ཞིག་རེད་མ་གཏོགས། དབྱིན་ཇིའི་སྐད་ཡིག་མི་ཤེས་མཁན་གྱི་བོད་པ་ཚོའི་ཆེད་དུ་མ་རེད། རྒྱུ་མཚན་ནི། འཁྲབ་སྟོན་བྱེད་པའི་རིང་ལ་ཁོས་དབྱིན་སྐད་བརྒྱབ་གི་འདུག་མ་གཏོགས། བོད་སྐད་བརྒྱབ་གི་མི་འདུག་གཱ། ཡིན་ནའང་། ཁོས་འགྲེལ་བཤད་རྒྱག་དུས། དབྱིན་ཇིའི་སྐད་ལ་ཕར་སྒྱུར་རྒྱུ་མ་གཏོགས། བོད་སྐད་ལ་ཚུར་སྒྱུར་རྒྱུ་དཀོན་པོ་སོགས་ཀྱི་སྐད་ཆ་བཤད་གི་འདུག བྱས་ན། བསྟན་རིག་ཁྱོད་རང་ཉིད་ཀྱིས་ཕྱི་རྒྱལ་གྱི་སྐད་ཡིག་ནས་བོད་ཀྱི་སྐད་ཡིག་ལ་ག་རེ་བསྒྱུར་ཡོད་དམ།
བཀའ་བསྟན་འགྱུར་དབྱིན་ཡིག་ཏུ་སྒྱུར་བཞིན་པ་དེའི་སྐོར་ལ་ཁ་བརྡའི་ཐོག་ཏུ་སྔར་ཡང་རྩོད་པ་མང་པོ་བརྒྱབ་སོང་། སྟག་སྨྱོན་དང་གཞོན་ནུ་ཟླ་མེད་གཉིས་ཀྱིས་རྩོད་པ་སྙིང་རྗེ་པོ་བརྒྱབ་སོང་། གོང་དུ་རིན་ཆེན་གྱིས་བཤད་པ་ནང་བཞིན་རེད། བསྟན་རིག་གི་འཁྲབ་སྟོན་དེར་ཁ་བརྡའི་ཐོག་ཏུ་ “ཁོང་ཁྲོ” སློང་པ་མ་གཏོགས། “དོགས་སློང” བྱེད་པའི་ནུས་པ་མི་འདུག
གང་ལྟར། འཁྲབ་སྟོན་ཡག་པོ་ཅིག་བྱས་འདུག་བསམ་བྱུང་མོད། འགྲེལ་བཤད་དེ་ཚོ་ནི་སྔ་ཕྱི་འགལ་ལ་འགལ་ལེ། ལངས་ཕྱོགས་འཁྱར་རེ་འཁྱོར་རེ། གཞུང་ལུགས་རབ་བ་རིབ་བེ་བཅས་བྱིས་པའི་ལབ་རྡོལ་གྱི་རང་བཞིན་ཤུགས་ཆེ་བར་མངོན། བྱས་ཙང་འགྲེལ་བཤད་དེ་ཚོ་མེད་ན་ཡག་པོ་འདུག་བསམ་པ་མ་ཟད། འགྲེལ་བཤད་བརྒྱག་པ་དེ་ནི་ ཁ་བརྡའི་ཐོག་གི་ཀློག་པ་པོ་ཚོར་ “ཁྱད་གསོད” བྱས་པ་ཞིག་ཏུ་མཐོང་།
ད་འུར་མ་རྒྱག དེང་སང་དགོན་སྡེ་ཁག་དང་གྲྭ་བཙུན་ཚོས་ཀྱང་བེད་མེད་ཀྱི་དཔེ་ཆ་མང་པོ་ཞིག་མེར་སྲེག་གཏོང་གི་འདུག དེས་ན་བསྟན་འཛིན་རིག་གྲོལ་གྱིས་དཔེ་ཆ་ཞིག་གཏུབ་པར་དེ་ཙམ་ཧང་སང་དོན་ཅི་ཡོད།
བསྟན་རིག་གི་ཐུག་པའི་ཞོར་ལ། ཅོ་རིལ་གྱི་ཟ་ཁང་གི་སྐོར་ལའང་ཚིག་ཁ་ཤས་ཐལ་བས། དེར་གསལ་བཤད་ཅིག་ཡོད་ཆོག་པ་ཞུ། དགོངས་དག
དྲང་མོར་བཤད་ན། ང་ལྟ་བུ་ནི་བསྟན་རིག་གི་ “ཟ་ཁང་” ལས་ཅོ་རིལ་གྱི་ “ཟ་ཁང་” ལ་དགའ་པོ་ཡོད། མི་མང་པོ་ཞིག་ཅོ་རིལ་གྱི་ཟ་ཁང་ལ་དགའ་པོ་མེད་པ་ཤེས་གི་ཡོད། ག་རེ་རེད་ཟེར་ན། ཅོ་རིལ་གྱི་ཟ་ཁང་ལ་༧རྒྱལ་བ་རིན་པོ་ཆེ་ཚང་གི་སྐུ་པར་བཤམས་ཡོད་མ་རེད། དེ་ལས་ལྡོག་སྟེ། དོལ་རྒྱལ་གྱི་པར་ཆུང་ཆུང་ཞིག་མི་མངོན་པར་བྱས་ནས་བཤམས་ཡོད་པའི་དོགས་པ་ཟ་མཁན་མང་པོ་ཡོད་རེད་ལ། ང་ཡང་དེ་བཞིན་ཡིན། ཡིན་ནའང་། ཅོ་རིལ་ལ་ཁྱད་ཆོས་ཁྱད་མཚར་ཞིག་ཡོད་པ་ནི། མཚམས་མཚམས་ལ་ང་ལ་ ཁོའི་ཟ་ཁང་དུ་ཐུག་པ་འཐུང་ཡག་གི་ “པེ་ཤག” མེད་དུས། ཁོས་ང་ལ་ “༧རྒྱལ་བ་རིན་པོ་ཆེའི་སྐུ” ཞེས་མནའ་བསྐྱལ་ན། “པེ་ཤག” དེ་རིང་མེད་ནའང་རྗེས་ནས་སྤྲད་ན་འགྲིག་གི་རེད་ཅེས། ༧རྒྱལ་བ་རིན་པོ་ཆེ་ལ་རིན་ཐང་རྩ་ནས་མི་སྤྲོད་པའང་མ་རེད།
དེ་ལས་ལྷག་པར། ཅོ་རིལ་གྱི་ཟ་ཁང་ལ། བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་བཤམས་པའི་འོག་ཏུ་ “ཆིག་སྒྲིལ” ཞེས་བོད་ཡིག་ཆེན་པོ་ཞིག་བྲིས་ཡོད་རེད། བོད་ཀྱི་རྒྱལ་དར་ཆེན་པོ་དེའི་གཡས་གཡོན་ལ། ཆུ་བཞི་སྒང་དྲུག་གི་ཨ་འབྲུག་མགོན་པོ་དང་ཨ་མདོ་སྦྱིན་པ་གཉིས་ཀྱི་པར་རེ་རེ་བཤམས་ཡོད་རེད། བོད་ཀྱི་རྒྱལ་དར་དེའི་སྒང་ལ་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་སྐུ་པར་ཆེན་པོ་ཞིག་བཤམས་ཡོད་མ་ཟད། དེའི་གཡས་གཡོན་དུ་ད་དུང་དོན་འགྲུབ་རྒྱལ་དང་ཞོགས་དུང་སོགས་ཀྱི་པར་ཆུང་ཆུང་ཁ་ཤས་ཀྱང་བཤམས་ཡོད་རེད། ཡིན་ནའང་ཁོང་གི་ཟ་ཁང་དེའི་ཐུག་པ་ནི་ “ཁ་ཚ་དྲགས” ནས་ཟ་མཁན་མང་པོ་ཡོད་ས་མ་རེད། ཡིན་ནའང་ང་ལ་ནི་ བསྟན་འཛིན་རིལ་གྲོལ་གྱི་ “གསུང་རབ་ཀྱི་ཐུག་པ” འདི་ལས་ ཅོ་རིལ་གྱི་ “ཐུག་པ་ཁ་ཚ” དེ་འཐུང་འདོད་འདུག ག་རེ་རེད་ཟེར་ན། དེ་ནི་ཐུག་པ་ཞིམ་མི་ཞིམ་གྱི་སྐད་ཆ་ཁོ་ན་ཙམ་མ་རེད། ཅོ་རིལ་གྱི་ཟ་ཁང་དེར་ “བོད་པའི་ཁྱད་ཆོས་” ཡོད་རེད། བསྟན་རིག་གི “་གསུང་རབ་ཐུག་པའི་” ཟ་ཁང་དེ་ནི་ང་ཚོས་ཁོང་གི་འཁྲབ་སྟོན་དེ་ལས་མཐོང་པ་ནང་བཞིན་མི་གཞན་གྱི་ཟ་ཁང་ཞིག་ཆུ་ཚོད་ཁ་ཤས་ལ་ “གནས་ཚང་གཡར་པ” ལྟ་བུ་ཞིག་རེད། འཁྲབ་སྟོན་དེའི་མགོ་ནས་མཇུག་བར་དུ་གསང་འདུས་ཀྱི་དཔེ་ཆ་དེ་མ་གཏོགས། བོད་པའི་རྟགས་མཚན་ཅི་གང་མཐོང་རྒྱུ་ཡོད་མ་རེད། མ་བྱན་ཁོང་ནི་བོད་པ་རེད་ཟེར་ནའང་ཁ་ནས་བོད་སྐད་ཚིག་གཅིག་གོ་ཡག་ཡོད་མ་རེད། ངའི་མཐོང་སྣང་ལ། འཁྲབ་སྟོན་འདི་ནི་ བཙན་བྱོལ་བོད་པ་ཚོའི་མ་འོངས་པའི་ལས་དབང་མཚོན་པའི་གློག་བརྙན་ཡག་ཤོས་ཤིག་རེད་བསམ་བྱུང་།
ཆོས་ལུགས་པའི་ཚོགས་སྡེ་ཞིག་དང་དེའི་ལྟ་གྲུབ་འཛིན་ཕྱོགས་ནས་བལྟས་ན་བསྟན་འཛིན་རིག་གྲོལ་ལགས་’བསྟན་བཤིག་པ་’དང་’ལྟ་ལོག་པ་’རེད་ཅེས་བརྗོད་ཆོག་པ་ཞིག་རེད་བསམ། ཡིན་ན་ཡང་། བོད་འདི་ཡང་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དུ་མ་ཤི་གསོན་པོར་གནས་འདོད་ན་བསྟན་བཞིག་པ་དང་ལྟ་ལོག་པ་ནི་ཡོད་ཆོག་པ་དང་། ཡོད་འོས་པ། ངེས་པར་དུ་ཡོད་དགོས་པ་ཞིག་ཀྱང་རེད།
སྤྱིར་བོད་ཡིག་ཡིན་པ་ཙམ་གྱི་ཉེས་པ་ལ་བརྩིའི་མེད། སངས་རྒྱས་ཀྱིས་གསུངས་པའི་དམ་ཆོས་ཀྱི་གླེགས་བམ་ཡིན་ན་དེ་ནི་དམིགས་བསལ་རེད། གང་ལགས་ཤེ་ན་སྐུ་གསུང་ཐུགས་རྟེན་གྱི་ཁོངས་སུ་གཏོགས་པ་དང་། མ་ཟད་སྟོན་པའི་ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་སོགས་ཡོད། དེ་རྣམས་ནི་ད་ལྟ་དམ་ཆོས་གླེགས་བམ་གྱི་ཁོངས་སུ་ཡོད་དགོས་པ་ལས་གཞན་གང་དུའང་མ་རྙེད། ལུང་གི་བསྟན་པའང་འདི་ལ་བརྟེན་ནས་གནས་ཡོད། དཔེར་ན་བཀའ་འགྱུར་གླེགས་བརྒྱ་རྩ་བརྒྱད་ཀྱང་། སངས་རྒྱས་ཀྱིས་ཞལ་ནས་གསུང་པ་མ་ཡིན་ནམ།
བཙན་བྱོལ་བོད་པ་ཚོའི་མ་འོངས་པའི་ལས་དབང་ཇི་ལྟར་མཚོན་ནམ་ཟེར་ན། བཙན་བྱོལ་གྱི་མི་རབས་གསུམ་པ་ཚོས་བོད་ཡིག་ལ་”bye bye” ལབ་ཚར་པ་རེད། ད་ལྟ་ཁོང་ཚོའི་ཁ་ན་བོད་སྐད་ཁུངས་འཁྱོལ་ལ་མ་འཁྱོལ་ཙམ་ལྷག་ཡོད་རེད། ཡིན་ནའང་མི་རབས་གཅིག་གཉིས་ཅིག་གི་རྗེས་ལ་དེ་ཡང་བརླག་ཡག་གི་ཉེན་ཁ་ཆེན་པོ་འདུག་གཱ སྐད་དང་ཡི་གེ་གཉིས་ཀ་བརླག་ཚར་པའི་རྗེས་ལ། ཁོང་ཚོའི་ལག་པ་རུ་བོད་པའི་ག་རེ་ལྷག་གི་རེད།
ནེའུ་ཡོག་ཏུ་དགོད་གཏམ་བཤད་མཁན་མིང་ལ་བསོད་ནམས་དབང་འདུས་ཟེར་རམ་གང་ལྟར་ཕོ་གསར་དེས། ང་ཚོས་བོད་ལ་རྒྱ་མིས་བོད་ཀྱི་རིག་གཞུང་ཚར་གཅོད་བྱེད་ཀྱི་ཡོད་རེད་ཟེར་གྱི་ཡོད། ཡིན་ནའང་བཙན་བྱོལ་དུ་ང་ཚོས་བོད་ཀྱི་རིག་གཞུང་རང་ཤི་རྒྱག་ཏུ་འཇུག་གི་ཡོད་པ་རེད་ཅེས་བཤད་པ་ནང་བཞིན། སོ་སོའི་སྐད་ཡིག་དང་རིག་གཞུང་ལ་ “bye bye” ལབ་མཁན་དེ་ཚོ་སུ་སུ་རེད་དམ། ཁ་བརྡ་ཟ་ཁང་དུ་རྟག་པར་ “བོད་ཀྱི་སྐད་ཡིག་གི་ཐུག་པ་” འཐུང་མཁན་ང་ཚོ་ནི་ཡིན་མི་སྲིད།
ཨ་ལའི། སྤོབས་རྒན་ཁོ། ཁ་བརྡ་ཟ་ཁང་གི་མ་བྱན་རྙིང་པ་ཞིག་རེད་དཱ། ད་ནི་ཁོས་སྐད་ཆ་ཚིག་རེ་ཟུང་མ་གཏོགས་བཤད་གི་མེད་པ་དེར་བལྟས་ན། ཁོ་རྒན་འཁོགས་ཆགས་ནས་གློ་དབུགས་བསགས་ཚད་སྡུག་ཅག་ཆགས་ཡོད་ས་རེད་དཱ།
བཀའ་འགྱུར་པོ་ཏི་ནས་ཡིག་འཕྲེང་བཞིན་དྲས་ཏེ། དེ་དག་ཐུག་པར་བཏབ་པའི་དམིགས་ཡུལ་དངོས་མ་དེ་བདག་གིས་མ་ངེས། དེའི་ནང་ན་བོད་སྔ་རབས་པའི་མིང་ཚིག་མང་པོ་ཡོད་པ་མེད་པར་བཟོ་དགོས་བསམས་པ་ཡིན་ན། དེ་ཡིས་མེད་པར་བཟོ་མི་ཐུབ། བོད་སྔ་རབས་པའི་སྐད་ལ་ཡོན་ཏན་ཆེན་པོ་ཡོད་པས། སྔར་གྱི་ས་པཎ་ཀུན་དགའ་རྒྱལ་མཚན་དང་། ཕྱིས་ཀྱི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་ཆོས་སྐད་ཞེས་གསུངས་ཤིང་། རང་རང་གིས་བྲིས་པའི་བསྟན་བཅོས་ཁག་ཏུ། བོད་སྔ་རབས་པའི་མིང་ཚིག་རྣམས་བཀོལ་ཅིང་། གཞན་ལ་ཡང་དེ་བཞིན་བཀོལ་དགོས་པར་གསུངས། དེས་ན། བདག་ཅག་རྨོངས་པའི་དབང་གིས་ཁ་སྐད་གཙོ་བོར་བྱས་ཏེ། བོད་སྔ་རབས་པའི་མིང་ཚིག་དག་ལ་བལྟོས་མེད་ཀྱིས་མེད་པར་གཏོང་བ་དེ། ད་ལྟའི་བོད་དཔེ་པི་ཏིའི་ཡིག་འཕྲེང་ལ་ཐུག་པ་བསྐོལ་ཏེ་མེད་པར་གཏོང་བ་ལས་གནོད་ཚབས་ཆེ་བར་མཐོང་ངོ་།
གསུངས་རབས་ཟོས་ཀྱང་ཆོག སྐུ་འདྲ་ཟོས་ཀྱང་ཆོག་་་སོ་སོའི་གྲོད་ཁོག་མ་ན་ན་དེ་རེད་པ།
ཁོ་རང་གི་འདོད་པ་རེད་་་བསྟན་བཤིག་དང་་་ལྟ་ལོག་པ་ཡིན་དོན་ཅང་ཨེ་ཡོད་ལ། ཤོག་ལེབ་དེ་ཚོའི་སྟེང་ནས་བསྟན་པ་དང་ལྟ་བ་འཇོག་གི་ཡིན་ན་ནི་མི་ཤེས།
བསྟན་འཛིན་རིག་གྲོལ་གྱིས་འབད་བརྩོན་བྱེད་བཞིན་པའི་དམིགས་ཡུལ་ལྟེ་བ་ནི། གསར་བཏོད་མ་འདྲ་བ་ཞིག་བྱས་ནས། སྐད་གྲགས་ཆོད་པ་ཞིག་བྱེད་འདོད་པ་དེ་རེད། ཡིན་ནའང་། འགྲེལ་བཤད་ག་ཚད་བརྒྱབ་ནའང་། གསུང་རབ་གཏུབས་པ་འདི་བོད་ཀྱི་རིག་གནས་སེམས་ཁམས་དང་མི་མཐུན་པ་ཞིག་རེད། མ་གཞི་བསྟན་རིག་གིས་བོད་ཀྱི་རིག་གནས་མ་ཤེས་པའི་དབང་གིས་འདི་འདྲ་བྱས་པ་དང་། ཁོ་རང་གིས་མ་ཤེས་པ་དེའི་ངོས་ནས་བལྟས་ན་འགྲིག་ཡོད་པ་ཞིག་ཏུ་སྣང་གི་ཡོད་པ་རེད། དེ་ལ་སྐྱོན་བརྗོད་བྱེད་པ་ལས། བསྟན་རིག་དང་བསྟན་རིག་ལྟ་བུ་ཚོར་བོད་ཀྱི་རིག་གནས་སེམས་ཁམས་ངོ་སྤྲོད་རེ་གནང་ཐུབ་ན་ཡག་པོ་རེད། བོད་པའི་རིག་གནས་སེམས་ཁམས་དང་རིག་གནས་ལ་འཛིན་པའི་འདུ་ཤེས་ཀྱི་སྟེང་ནས་བལྟས་ན། བསྟན་རིག་གིས་འགྲེལ་བཤད་ག་ཚད་བརྒྱབ་ཀྱང་། རིག་འབྱུང་གིས་དྲི་བ་ག་ཚད་དྲིས་ཀྱང་། བསྟན་རིག་གི་བྱེད་སྟངས་འདི་སྨྱོ་སྤྱོད་ཅིག་རེད། ཕྱོགས་གཞན་པ་ཞིག་ནས་བཤད་ན། འདི་ལྟ་བུ་ཡོང་གི་ཡོད་པ་ནི། བོད་ཀྱི་གཞོན་སྐྱེས་མི་རབས་ཤིག་བོད་ཀྱི་རིག་གནས་དང་བར་ཐག་རིང་པོ་ཆགས་ཀྱི་ཡོད་པའི་གནས་སྟངས་ཕྱིར་མངོན་བྱེད་སྟངས་ཤིག་རེད། བསྟན་རིག་དང་བསྟན་རིག་འདྲ་བ་ག་ཚད་ཅིག་ཡོད་དམ། བསམ་བློ་གཏོང་སྣེ་གཅིག་འདི་ན་ཡོད་པར་མཐོང་།
བསྟན་འཛིན་རིག་གྲོལ་ལགས་ཀྱི་འཁྲབ་སྟོན་འདིས་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ལ་མཐོང་ག་ཚད་ཅིག་ཡོད་མེད་ལ་བསྡོམས་བརྒྱབ་འདུག་སྙམ། སྐད་ཡིག་གི་བཅུད་ཆ་ཚང་གཞན་གྱི་སྐད་ཡིག་ནང་བསྒྱུར་གྲུབ་རྗེས། བོད་ཡིག་གི་གནས་སྟངས་གད་སྙིགས་ནང་ཟགས་རྒྱུ་དེ་རེད། སྒྱུ་རྩལ་པ་ཁོང་གིས་གསུང་པ་ལྟར། ལེགས་སྦྱར་གྱི་སྐད་ལྟ་བུར་འགྱུར་ངེས་རེད།
ལྷན་རྒྱས་ནས་བསམ་བློ་གཏོང་ས་གཙོ་བོ་དེ་ག་རེ་རེད་ལབ་ན། ནུབ་བླ་ཆེན་པོ་དག་གིས་བཀའ་བསྟན་དབྱིན་བསྒྱུར་དང་། རྒྱ་བླ་ཆེན་པོ་དག་གིས་བཀའ་བསྟན་རྒྱ་བསྒྱུར་གནང་བཞིན་པ་དེ་རེད། བསྒྱུར་ཚར་དུས་བོད་ཡིག་གི་བཀོལ་སྤྱོད་ལ་དཀའ་ངལ་ག་རེ་ཡོང་ས་རེད་དམ། བསྟན་པ་དར་སོང་བོད་ཡིག་ཤི་སོང་ཟེར་བ་ཞིག་གི་གནས་སྟངས་འབྱུང་སྲིད་དམ། སངས་རྒྱས་བསྟན་པ་དར་ཁྱབ་བྱུང་ན་བོད་རིམ་པས་མེད་པར་དུ་འགྲོ་ན་འགྲིག་གི་ཡོད་དམ།
བསྟན་འཛིན་རིག་གྲོལ་ལགས་ཀྱིས་ཕྱིའི་སྐད་ཡིག་ཐོག་གི་ལེགས་ཆ་དག་ནང་འདྲེན་བྱེད་མཁན་མི་འདུག་ཟེར། བོད་ཀྱི་ནང་ཆོས་རིག་གནས་དག་ཕྱིར་འདྲེན་བྱེད་པར་མི་མོས་ཟེར། ཡིན་ཡང་ཆོག། གསུང་རབ་ཐུག་པའི་ཟློས་གར་དེ་དབྱིན་སྐད་ཐོག་འཁྲབ་འདུག། དེའི་གླེང་རྙོག་སྐོར་བོད་སྐད་ཐོག་ནས་དྲིས་སྐབས་ལན་ཡང་དབྱིན་སྐད་གསེད་ནས་མ་གཏོགས་བོད་སྐད་གཙང་མ་མི་འདུག། ཁས་བཤད་པ་དང་ལག་ཏུ་ལེན་རྒྱུ་གཉིས་གོ་ལྡོག་སོང་འདུག། ད་དུང་ཡང་གཟུགས་རྒྱན་རི་མོའི་སྐོར་མ་ངེས་པ་དང་མ་དག་པ་མང་་་་་་་་་བཤད་སོང་། སྒྱུ་རྩལ་ཡ་མ་ཟུང་། སྐད་ཡིག་ཡ་མ་ཟུང། ཆས་གོས་ཡ་མ་ཟུང་། ཡ་མ་ཟུང་གིས་ཡ་མ་ཟུང་ལ་སློབ་གསོ་རྒྱབ། སྒྱུ་རྩལ་ཐུག་པ། སྐད་ཡིག་ཐུག་པ། འགྲེལ་བཤད་ཐུག་པ། ཐུག་པས་ཐུག་པ་ལ་ཁ་བརྡ་དང་གོ་སྐོན་གནང་།
རང་གིས་མ་འཇོན་པ་དང་རང་གིས་མི་ཐུབ་པའི་བྱ་བ་ཞིག་ལ་གཞན་གྱིས་ཀྱང་འཇོན་གྱི་མི་འདུག་ཐུབ་ཀྱི་མི་འདུག་ཞེས་ཟུར་ཟའི་རིགས་ནི་ཚུལ་མཐུན་མ་རེད་ལ། གནས་ལུགས་དང་ལྡན་པའི་སྐད་ཆ་ཞིག་ཏུ་ཡང་མི་འགྱུར།
ཐུག་པ་ཁ་ཚའི་ཟ་ཁང་གི་རྒྱུ་བདག་ང་གཅིག་པོ་མ་རེད་ད། མཉམ་འབྲེལ་གྱི་ཟ་ཁང་ཞིག་རེད། ང་ཡང་བརྒྱ་ཆའི་བཅུ་ཙམ་རྒྱུ་བདག་ཡིན་ཟེར་ཆོག་གི་རེད། ད་དུང་་་སྐུ་དཔར་མང་པོ་ཡོད་རེད། རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་གིས་མེ་བཏང་བསྡད་ཀྱི་ཡོད་པའི་འདྲ་དཔར། ངེས་པ་དོན་གྱི་མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོས་སྔོ་ཚལ་གཏུབས་བསྡད་ཀྱི་ཡོད་པའི་འདྲ་དཔར། ཨ་ཕོ་སེང་རྡོ་ཡིས་ཐ་ལི་བཀྲུ་བཞིན་པའི་འདྲ་དཔར། རྡོག་རྡོག་སྒོ་ཤེས་ཀྱིས་གད་བརྒྱབ་བཞིན་པའི་འདྲ་དཔར་སོགས་ཀྱང་བཤམས་བཞག་ཡོད་རེད། ད་དུང་འདྲ་དཔར་ཆ་ངེ་ཆུང་ངེ་མང་པོ་ཡོད།
ཟས་ཁང་གི་ཐུག་པའི་རེའུ་མིག
༡་་ཆིག་སྒྲིལ་གྱི་ཐུག་པ།་་་་་་་་་་་་་་་སྒོར་་༥༠
༢་་གསར་བརྗེའི་ཐུག་པ།་་་་་་་་་་་་་སྒོར་་༥༠
༣་་དམངས་གཙོའི་ཐུག་པ།་་་་་་་་་་སྒོར་་༥༠
༤་་རྨོངས་སེལ་གྱི་ཐུག་པ།་་་་་་་་་་་་སྒོར་་༣༠
༥་་རང་བཙན་ཐུག་པ།་་་་་་་་་་་་་་་་་སྒོར་་་༡༠༠
༦་་གྱེན་ལོག་ཐུག་པ།་་་་་་་་་་་་་་་་་་་་སྒོར་་་༤༥
༧་་རང་ཐག་ཪང་གཅོད་ཀྱི་འཐེན་ཐུག་་་་་་་སྒོར་་་༦༥
༨་་སྔོན་ཐོན་གྱི་ཐུག་པ།་་་་་་་་་་་་་་་་་སྒོར་་་༤༠
༩་་གསར་གཏོད་ཀྱི་ཐུག་པ།་་་་་་་་་་་་སྒོར་་་༥༠
སྐབས་སྐབས་ལ་རྫུན་གྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཤ་བག་ལེབ་བཟོ་གི་རེད། ཨ་ཕོ་སེང་རྡོ་དགའ་པོ་ཡོད་རེད། ང་ཚོ་བློ་མཐུན་ཚོས་ཞབས་ཞུ་ཡག་པོ་ཞུ་གི་ཡོད། མགྲོན་པོ་དངུལ་མེད་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེན་མགོ་ལ་བཞག་ནས་བོད་པ་ཡིན་པའི་མནའ་ཞིག་བསྐྱལ་ན་ཐུག་རིན་ལེན་གྱི་མེད་དོ། Free Tibet and Free thupa རེད།
ཐུག་པ་ཁ་ཚའི་ཟ་ཁང་། མིང་འདི་ཡག་པོ་འདུག་ལ། ཐུག་པའི་ཐོ་གཞུང་དེ་ལས་ཀྱང་ཡག་པོ་འདུག
ཁ་སྣོན་གཅིག་འདུག་པ་ནི་གནམ་ས་གོ་འབྱེད་ཀྱི་ཐུག་པ་རེད། སྒོར ༩༩
སྒྱུ་རྩལ་གྱི་མིང་བཏགས་ན། ག་རེ་བྱས་ན་ཡང་འགྲིགས་པར་འཛིན་པའི་བློ་འདི་ནི། ནོར་འཁྲུལ་ཆེན་པོ་ཅིག་རེད།
བོད་ཀྱི་ཡི་གེ་རིན་པོ་ཆེ།། མ་ཤེས་པ་རྣམས་ཤེས་གྱུར་ཅིག ཤེས་པ་ཉམས་པ་མེད་པར་ཡང་།། གོང་ནས་གོང་དུ་འཕེལ་བར་ཤོག
བྱེས་སྡོད་བོད་མིར་ཚོགས་གླུར་ཡིན།། བོད་མའི་རང་བཙན་བརྗེད་གྱུར་ན།། རང་བཙན་འབུམ་ཕྲག་བཟློ་གྱུར་ཅིག
རང་གི་རིག་གཞུང་ལ་གུས་ཞབས་མེད་པའི་བྱ་སྤྱོད་ལ་སྒྱུ་སྩལ་གྱི་མིང་ཐོབ་ཀྱི་མ་རེད།
མིག་ཚིག་བོད་སྐད་ཐོག་བཤད་མི་ཐུབ་མཁན་ཞིག་གི། བོད་ཀྱི་རིག་གཞུང་ལ་ཤ་ཞན་ཡོད་མདོག་མདོག་
བྱེད་ཡ་དེ་ངོ་ཚ་མེད་པ་རང་རེད། མ་གཞི་རྒྱལ་བའི་བཀའ་བསྟན་ཟ་སྲེག་བྱེད་དགོས་ཚུལ་གསུང་མེད་ལ་
དེ་ནི་བྱ་ངན་ཞིག་ལས་གཞན་ཅི།
གསུང་རབ་ཀྱི་ཐུག་པ་འཐུང་། དཀྱིལ་འཁོར་སྟེང་དུ་ཞབས་བྲོ་འཁྲབ། མཆོད་པ་འབུལ་སའི་ཏིང་གི་ནང་དུ་སྦི་རགས་མཆོད། ད་ངོ་མ་སྒྱུ་རྩལ་པ་རེད་ཟེར་ན་མི་འདོད་ཀི ང་ནི་དད་པ་ཅན་ཞིག་ཡིན།
https://www.facebook.com/profile.php?id=100000462097416&fref=ts&ref=br_tf
དྲ་ཐག་འདི་ནའང་རིག་གྲོལ་གྱི་ཞབས་རྗེས་རེ་འདུག གཟིགས་དང་།
ཁ་སང་དེ་རིང་བོད་ཕྱི་ནང་གཉིས་ཀྱི་དྲ་ཐོག་ན་ཁྱབ་བཞིན་པའི་འདྲ་པར་”སངས་རྒྱས་དང་རྗེ་ཙོང་ཁ་པའི་ཐང་ཀ་ཡི་གྱོན་གོས་བཟོས་ཏེ་གྱོན་པ་དང་། མཆོད་རྟེན་དང་མ་ཎི་འཁོར་ལོ་སྐེད་པར་བཅངས་པ། རྒྱལ་མཚན་མགོ་རྒྱན་དུ་བྱས་པའི་བུད་མེད་དེ་དག་གི་པར་རིས་འདྲ་མིན་གར་སྟེགས་སུ་འཁྲབ་ཡོད་པ་” དག་ཀྱང་ performence arts ཟེར་བའི་སྒྱུ་རྩལ་འཁྲབ་སྟོན་ཅི་ལ་མིན་ཏེ།་དའི་ཚོར་ཡང་རིག་གྲོལ་གྱི་འབྲེལ་བཤད་དེ་དག་ཡོད་མེད་གང་ལྟར་ཡང་དོན་ལ་གཅིག་མཚུངས་རེད་མི་འདུག་གམ།
https://www.facebook.com/milk.norbu
དྲ་ཐག་འདི་ལ་གཟིགས་དང་།
https://www.facebook.com/photo.php?fbid=974191999272861&set=pcb.974192055939522&type=1&theater
བུ་བསོད་ཟད་དེས་བོད་མའི་བསམ་ཡུལ་ལས་འདས་པའི་བྱ་ངན་འདི་འདྲ་བརྩམས་ནས་ད་དུང་བོད་མའི་རིགས་གཞུང་ཆེད་དུ་ཡིན་ཟེར། ཉིན་ཞིག་ཁོས་ཡང་སྟོན་པའི་འདྲ་སྐུའི་དབུ་ཐོག་ཏུ་སྐྱག་པ་ཞིག་བཏང་ནས་དེ་ཡང་སྒྱུ་རྩལ་རླབས་ཆེན་ཞིག་ཡིན་ཟེར་བོད་མི་རིགས་ལ་ཤོད་སྲིད། དོན་དངོས་ཐོག་འབྲེལ་བརྗོད་ཅི་འདྲ་ཞིག་བྱེད་ཀྱང་དེ་ནི་ང་ཚོ་ནང་བསྟན་ལ་དད་པའི་བོད་མི་རིགས་ལ་མཐོང་ཆུང་ཚད་ལས་འདས་པ་ཞིག་དང་བརྙས་བཅོས་འགྲན་མེད་ཅིག་ཡིན་པས། ཀུན་གྱིས་གཟུ་བོའི་བློ་ཡིས་མཁས་ལེན་ནམ་ཡང་བྱེད་མི་སྲིད། མ་ཟད་བསྟན་རིག་དེ་ཉིད་ཆོས་མེད་རྗེས་འབྲངས་པ་ཞིག་ཡིན་ཀྱང་རུང་ལ་སྒྱུ་རྩལ་མཁན་པོ་ཞིག་ཡིན་ཀྱང་རུང་། ཁོ་བོད་མི་ཞིག་གིས་བོད་མི་རིགས་ཀྱི་དད་ཞེན་ལ་གནོད་པའི་བྱ་ངན་དེ་འདྲ་བ་ཞིག་ལས་བ་ནི་ངོ་མ་ཁོ་རང་ཉིད་ལ་མི་གཤིས་ཏིལ་ཙམ་མཆིས་ན་ངོ་གནོང་གྱི་མགོ་བོ་འདུད་ཞིང་འགྱོད་སེམས་གྱི་དགོངས་སེལ་ཞུས་ན་ལེགས་མོད། འོན་ཀྱང་ཁོས་ད་དུང་ངོ་ཚ་མེད་པར་ངན་བྱས་བཟང་པོར་རློམས་པ་ནི་རྒྱལ་ཁམས་མིག་གིས་མི་མཐོང་བའི་སྒྱུ་རྩལ་བ་ཞིག་གི་རྣམ་ཐར་སྐྱངས་བ་ནི་རང་རིགས་ཡིད་སྐྱོ་དགོས་པ་ཞིག་དང་། གཞན་རྣམས་དགོད་ཁ་སློང་བྱེད་ཀྱི་སྨྱོ་སྤྱོད་ཞིག་བསྟན་པ་ཡིན། xxxxx
དཀྱིལ་འཁོར་དེ་རྒྱ་ནག་གི་ས་ཁྲ་རེད་ཟེར་བ་གོ་སོང་།
མི་དར་དགུ་དར་རྐུབ་ལ་ཇོ་དར་སྒྲོན།
མི་སྒྱུ་དགུ་སྒྱུར་གསུང་གི་ཐུག་པའི་རྩལ།
མི་འཁྲབ་དགུ་འཁྲབས་ལྷ་ཁང་ཆགས་སྲེད་གར།
འཇིག་རྟེན་འདི་ན་འཚོ་ཐབས་སྣ་དགུ་དར།
གསུང་རབ་ཀྱི་ཐུག་པ་སྒྱུ་རྩལ་ཡིན་ན་བྱ་བྱེད་ཐམས་ཅད་སྒྱུ་རྩལ་དུ་འགྲོ་གི་རེད། ཆབ་ཆེན་དང་ཆབ་ཆུང་དོར་བ་ཡན་སྒྱུ་རྩལ་དུ་བགྲང་ཆོག་པ་རེད། སྙིང་རྗེ་ཁོ་རང་གི་གྲོད་ཁོག་མ་ན་བ་དེ་ཡག་པོ་རེད་ད། སྒྱུ་རྩལ་ཟེར་ན་སྔར་གྲགས་མྱོང་བའམ་མ་འོང་བ་ན་གྲགས་སྲིད་པ་ཞིག་དགོས་པ་རེད། ཤོག་བུ་ཟ་མཁན་ཞིག་སྔར་ཡང་གྲགས་མྱོང་མེད་ལ་མ་འོང་བར་ཡང་འུ་ཐུག་ཐབས་ཟད་ན་མ་གཏོགས་གྲགས་མི་སྲིད་པ་རེད། འུ་ཐུག་ཐབས་ཟད་ན་ཅིར་ཡང་འོང་སྲིད་པ་རེད།།
ངས་ནི་མི་འདིའི་གྲལ་དེ་ཚོ་སྨྱོན་པ་ཞིག་དུ་ངོས་འཛིན་གྱི་ཡོད་ དེ་མིན་གང་ཡོང་ཞུ་རྒྱུ་མེད་།
ཅོ་ཉི་དང་། ནམ་བུ་ཟེར་བ་འགས། གཞན་ལ་ཤེས་རྒྱ་མེད་ལུགས། གོ་བ་མེད་ལུགས་སོགས་ཁ་རྩེ་དེར་བཞག་ནས་ཡང་ཡང་བསྐྱུགས་བཞིན་པ་ལ། ངོ་ཚ་འཚེར་སྣང་ཙམ་ཡང་མི་འདུག དེ་བཞིན་བསྟན་གྲོལ་ཁོ་རང་གི་ངོས་ནས་བོད་ཀྱི་སྐད་ཡིག་དང་། ནང་ཆོས་ཀྱི་གནས་ཚད་ཇི་ཙམ་ཡོད་དམ། སེམས་ཕྲལ་བྱས་ནས་ཁོ་རང་ངོས་ནས་ཞབས་འདེགས་གང་ཞུས་ཡོད། ཟངས་དུང་ཆེན་པོ་ཕར་རྐྱང་གཏོང་བསྡད་ན་སོ་སོའི་མགོ་ལ་ཉོ་ཆ་བཟེད་རྒྱུ་ལས་མེད། མི་ལ་མ་ལབ་གོང་སྔོན་ལ་རང་ཉིད་ཀྱིས་ག་རེ་གནང་གི་འདུག་གཟིགས་དགོས་པ་གལ་ཆེན་པོ་རེད། ཁ་བཤད་ཆུ་ཡི་ལྦུ་བ་འདྲ། ལག་ལེན་གསེར་གྱི་ཐིག་པ་འདྲ། ཟེར་བ་གོ་ཡོད་ཚོད།
བཤད་པ་བརྒྱ་སྟོང་ཇི་ཙམ་འགྲེལ་རུང་། ཕྱག་དཔེ་དང་། དཀྱིལ་འཁོར་སོགས་འབད་བཅོས་ལོག་པ་བྱས་ན་མ་འགྲིག་ཟེར་བ་རེད། ང་ཚོར་སྒྱུ་རྩལ་བ་མི་དགོས་ཟེར་གྱི་ཡོད་མ་རེད།
བསྟན་གྲོལ་པཱ་ལགས་འཆི་དུས་རིམ་འགྲོ་ཆེད་ནང་ལ་ཕྱག་དཔེ་མེད་པར་ག་ས་གར་རྒྱུག་དགོས་བྱུང་འདུག ད་རིང་ཁོ་ལ་ཐུག་པ་བཟོས་རྒྱུའི་ཕྱག་དཔེ་ཡང་འདུག བསྟན་གྲོལ་ཁྱེད་ནས་ཤེས་པ་དགོས།
ཁོའི་སྒྱུ་རྩལ་ནང་གཏིང་བདུན་ཚར་ནང་ཨ་རག་འཐུང་བའི་ཁྲབ་སྟོན་ཞིག་ཡོད་འདུག་པ་དེ་ཐལ་ཆ་ཆེན་པོ་དེ་ཙམ་མི་མཐོང་། འོན་ཡང་ཕྱག་དཔེ་དང་། དཀྱིལ་འཁོར་གྱི་ཁྲབ་སྟོན་དེ་ཤིན་ཏུ་ནས་མ་རུང་བར་མཐོང་། སྒྱུ་རྩལ་བ་ལས་འབྲས་དང་། དགེ་སྡིག་སྤངས་བླང་ཤེས་མཁན་གཅིག་ཡིན་ན། དེའི་རིགས་ནམ་ཡང་གནང་གི་མ་རེད་ཞེས་ཚིག་ཐག་ཆོད་པོས་ལམ་ཐུབ།
ཅོ་རིའི་ཟ་ཁང་གི་ཟས་ཐོའི་རེའུ་མིག་ངས་བསྐྱར་དུ་བཀོད་ཡོད་པ་མ་ཟད་རིན་གོང་ལ་འཕྲི་སྣོན་གང་འཚམས་བྱས་ཡོད་ལ་ངས་ཀྱང་ཅོ་རིའི་ཟ་ཁང་ལ་མ་རྩ་འཛུགས་ཀྱི་ཡིན།
༡་་ཆིག་སྒྲིལ་གྱི་ཐུག་པ།་་་་་་་་་་་་་་་སྒོར་་༡༥༠
༢་་གསར་བརྗེའི་ཐུག་པ།་་་་་་་་་་་་་སྒོར་་༡༥༠
༣་་དམངས་གཙོའི་ཐུག་པ།་་་་་་་་་་སྒོར་་༡༥༠
༤་་རྨོངས་སེལ་གྱི་ཐུག་པ།་་་་་་་་་་་་སྒོར་་༥༠
༥་་རང་བཙན་ཐུག་པ།་་་་་་་་་་་་་་་་་སྒོར་་་༢༠༠
༦་་གྱེན་ལོག་ཐུག་པ།་་་་་་་་་་་་་་་་་་་་སྒོར་་་༧༥
༧་་གསར་གཏོད་ཀྱི་ཐུག་པ།་་་་་་་་་་་་སྒོར་་་༡༥༠
༨ ཆོས་ལུགས་ཀྱི་ཐུག་པ། ་་་་་་་་་་་་་སྒོར་ ༡༠
གསལ་བཤད་ཞུ་རྒྱུ་ཞིག་ལ། རྨོངས་དད་ཅན་ཡིན་ན་ཟ་ཁང་གི་སྒོ་ནས་ནང་ལ་འཛུལ་བཅུག་གི་མེད་པ་མ་ཟད་གལ་སྲིད་ནང་ལ་འཛུལ་ཚེ་སྒོར་༡༠༠༠་ཀྱི་ཆད་པ་གཅོད་ཀྱི་ཡོད་ལགས། ཧ་ཧ་ཧ།
ངས་བསམ་ཚུལ་འགའ་བཤད་ན་འདོད།
༡༽ རིག་འབྱུང་གིས་མི་སྨྱོན་པ་འདི་ལ་དྲི་བ་བཀོད་པ་ལ་སེམས་གཏིང་ནས་ཞེན་པ་ལོག རྒྱུ་མཚན་འོག་གི་དོན་ཚན་ཁག་ལ་གཟིགས།
༢༽ ༢༠༡༡ ལོར་ཨ་རིའི་མགོ་སེར་ཞིག་གིས་ཁ་ཆེའི་ཀོ་རན་མེ་བསྲེགས་བཏང་བ་ལ་དྲི་བ་འདྲི་མཁན་མེད་པར་ཉེན་རྟོག་པས་བཟུང་།
༣༽ ལོ་ཁམས་མ་ངེས་ཀྱང་ཡང་ཨ་རིའི་མི་ཞིག་གིས་ཡུ་ཤུའི་བྷ་ཡེ་བྷོལ་ཆིག་སྟོང་མེ་སྲེག་གཏོང་གི་ཡིན་ཟེར་ནས་ཤོར་སྐབས་ཀྱང་ཁོང་ལ་དྲི་བ་མེད་པར་ཉེན་རྟོག་པས་བཟུང་བ་འདི་དག་ནི་བརྙན་འཕྲིན་ན་ཡོད།
༤༽ ཁ་ཆེའི་ཀོ་རན་དང་ཡེ་ཤུའི་བྷ་ཡེ་བྷོལ་བསྲེག་ནས་དྲི་བ་འདྲི་མ་དགོས་པར་བཙོན་ལ་འཇུག་དགོས་ན་ནང་བའི་གསུངས་རབ་ཐུག་པ་བཟོས་ན་གཅིག་མཚུངས་ཀྱིས་དྲི་བ་དང་ལན་གང་ཡང་མེད་པའི་ཐོག་ནས་བཙོན་ཁང་ལ་འགྲོ་དགོས་པ་རེད།
༥༽ སྨྱོན་པ་དེའི་སྒྱུ་རྩལ་གྱི་རྒྱབ་གཞུང་ལ་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དྲང་འདུག གསེར་ཐང་ན་ཁོས་བཤད་པ་དེ་འདྲ་ཞིག་རྩ་ནས་མེད་པས་སྨྱོ་ལབ་རྒྱབ་པའི་སྨྱོན་རྟགས་ཐོན།
༦༽ མི་འདིས་སྒྱུ་རྩལ་ལ་ཁ་གཡར་ནས་ཉི་མ་གཅིག་སོ་སོའི་བྱིས་པ་ཡང་བཙོས་ནས་ཟ་སྲིད་པས་ངེས་པར་དུ་བཙོན་ཁང་ལ་འཛུད་འོས་པ་བཅས་སོ།།
ལོ་ཆུང་འདིའི་བྱེད་སྟངས་འདི་བོད་མི་དད་པ་ཅན་གྱི་སེམས་ལ་དགའ་བ་བསྐྱེད་པ་དང་ངོས་ལེན་ཐུབ་པ་ཞིག་མིན་མོད་། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལུངས་དུ་དྲངས་པ་དེ་བདེན་པར་འདུག
དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ན་།
“དེ་བཞིན་དད་པ་ཅན་འགའ་ཞིག་གིས་གཞུང་ཆ་ཚང་རེ་རེ་ནས་ཤོག་གུ་རེ་ཙམ་བརྐུས་ཏེ་མགུལ་སྲུང་བྱེད་པ་དང་། དཔེ་ལྡེབ་ཀྱི་ཤོག་བུ་སེན་མོ་ཙམ་དུ་བཀོག་སྟེ་བྱིན་རླབས་ཞེས་ཟ་བ་དང་། སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་ཕུལ་ཏེ་ནམ་ཡང་མཐོང་རྒྱུ་མེད་པ་སོགས་བསྟན་པའི་རྒྱུན་ལ་གནོད་པ་དག་བྱས་ནས་གཞན་ལ་ད་དུང་ངོམས་པར་བྱེད་དོ།” ཞེས་བྲིས་འདུག་པས་ཉམས་ཞིབ་པ་ཚོས་གཟིགས་པར་འཚལ།
རིག་འབྱུང་དང་རིག་གྲོལ་གཉིས་ནས་དྲི་བ་དྲིས་ལན་ཡག་པོ་གནང་འདུག བོད་ཡིག་ཡུན་གནས་ཡོང་བར་དོ་སྣང་གསར་བ་བསྐྱེད་པར་འདི་ལས་ཚོར་ཤུགས་བསྐྱེད་ཐུབ་པའི་ལས་ཀ་མི་འདུག མི་མང་བོ་ཞིག་ལ་དོ་སྣང་བྱུང་ཐུབ་ཡོད་པས། མ་དགའ་བའི་རིམ་པ་ནས་བསམ་བློ་གཏོང་བའི་རིམ་པར་བསྐུལ་འདེད་ཐུབ་ངེས་རེད། ངས་བལྟས་ན་འདི་ལ་བྱིན་རླབས་ཀྱི་ཐུག་པ་ཞེས་བོས་ནའང་མི་འཚམས་པ་མི་འདུག
དེ་མིན་མཆོད་རྟེན་གྱིས་མཚོན་པའི་སྐུ་གསུང་ཐུགས་རྟེན་གྱི་འཁྲབ་སྟོན་དེའང་སྲོལ་རྒྱུན་ལྟར་བཤད་ན། འཆམ་གྱི་རྣམ་པ་གསར་བ་ཞིག་རེད་འདོད། འགུལ་མེད་ནས་འགུལ་ལྡན་གྱི་རིམ་པར་སླེབས་པ་ནི་མི་རྣམས་ལ་བོད་ཀྱི་ཆོས་རིག་ཐང་དོ་སྣང་བསྐྱེད་ཐབས་ཤིག་ཅིས་མ་ཡིན།
རིག་འབྱུང་དོན་བཀྲ་དང་བསྟན་རིག་གྲོལ་གཉིས་ཁྱི་སྤྱང་ལག་འབྲེལ་གྱིས་ནང་པ་ཚོའི་སེམས་ལ་རྨ་ཁ་བཟོས་སོང་།
མཉམ་འབྲེལ་ཐུག་པ་ཁ་ཚའི་ཟས་ཁང་ལ་མ་རྩ་འཇོག་མཁན་ཕེབས་པར་དགའ་བསུ་ཞུ་གི་ཡིན། ཐུག་པ་ཁ་ཚའི་ཟ་ཁང་གི་སྒྲིག་གཞིར་ལྟར་མཐོ་མི་དྲག་ཕེབས་པ་དང་དམའ་ཉམ་ཆུང་སུ་འདྲ་ཞིག་མཉམ་ལས་བྱེད་མཁན་ཕེབས་ན་དགའ་བསུ་ཡོད་། དེ་རིང་ཁྱོད་ལ་ང་ཚོ་བླ་མཐུན་ཚོས་ངོས་ནས་ཁ་དར་དཀར་པོ་བཀྲ་ཤིག་རྟགས་བརྒྱད་ཅན་ཞིག་གིས་བསུ་བ་ཡོད།
གནམ་སྔོན་པོའི་དཀྱུས་ནས་བུ་ཞིག་ཕེགས་པར་རྟེན་འབྲེལ་བཟང་། བཀྲ་ཤིས་བདེ་ལེགས་་་གནམ་བུ་ལགས།
བུད་མེད་ཁོག་ན་སྐྱག་པ་ཡང་སྔོ་ཚོད་ཀྱི་དྲི་ངན་མ་གཏོགས་མེད་པ་དེ་དག་གིས་སྨྱོ་འཁྲབ་དེ་ཚོ་བོད་ཀྱི་གསང་སྔགས་ཀྱི་གར་འཆམ་གྱི་ནང་དོན་ཞིག་དང་བསྡུར་ཐབས་ཀ་ན་ཡོད། འཆམ་གྱི་ནང་དོན་ནི་གཏིང་ཟབ་འགྲེལ་དཀའ་ཞིག་ཡིན་པ་གར་འཆམ་གྱི་ལོ་རྒྱུས་ཡི་གེ་དག་ན་གསལ་བོར་འདུག
དགེ་ཆོས་ཀྱིས་བོད་ལ་ཕྱོགས་གང་ཐད་ནས་མཛད་རྗེས་མི་དམན་པ་བཞག་ཡོད། གཏམ་རྒྱུད་གསེར་ཐང་ནི་གསེར་ཐང་རེད་མོད། ཁོང་གིས་གསུངས་ན། གསུང་རྩོམ་ཡག་ཤོས་དང་རིན་ཐང་ཅན་པོ་(ལེགས་སྦྱང་བང་མཛོད་)ཡིད་སྐད། དེ་བོད་ཀྱི་དེང་གི་མཁས་པ་དང་བུན་པོར་བེད་སྦྱོད་མེད་པ་རེད། དེ་ཡང་ཁོང་ཅགག་ིས་སོ་ཡིས་མི་ཆོད་ལོས་ཡིན། གཞན་ད་དུང་ཁོང་གིས་བསྒྱུར་བའི་(ལེགས་ལྡན་ནག་པོའི་གླུ་)དེ་ཡང་དེང་སང་ཁ་མི་ཚང་བ་ཞིག་ལས་ལྷག་མེད་པས་དགེ་ཆོས་དེ་རིང་སྐུ་བཞུགས་ནས་ཡོད་ཚེ་དེ་གཉིས་ལ་ཕྱི་ཐུམ་ནང་ཐུམ་རེ་རྒྱག་གི་རེད་སྙམ།
ད་སྒྱུ་རྩལ་ཟེར་བཞིན་ཡོད་ཚད་མེད་པར་བཟོས་ཀྱང་ཁ་ཁུ་སུམ་པོར་འདུག་དགོས་པ་འདྲ། དེ་མིན་སྡིགས་དམོད་ཀྱི་ཆར་ཆེན་བབས་ཡོང་ན་སྐྲག་གི་འདུག
ནོར་བ་ཤོར་འདུག (ལེགས་སྦྱར་པང་མཛོད་)ཟེར་བ་ཡིན།
བློ་བཟང་ལགས། ཡག་པོ་ཞིག་གསུངས་བྱུང་བ། མི་ལོ་སྟོང་གི་རིང་དུ་ཟངས་དུང་ཆེན་པོ་འདིའི་ཁ་ཉམ་ཆུང་མི་སེར་ཀྱི་ཐོག་ཏུ་སྐོར་ནས་བཏང་རྐྱང་བྱས་བསྡད་པ་རེད། ད་ནི་སོ་སོའི་མགོ་ལ་ཉོ་ཆ་བཟེད་རྒྱུ་ལས་ལྷག་མེད་པའི་ཟོལ་རེད་དོ།་་་ཧཧཧ
རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒོམས།
གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་སེམས།
ཆོས་ཀྱི་རྒྱལ་ཁབ་ཊ་བྷོ་ཊིན་ཡི་སྲོལ།་་་་་ཞེས་དམ་པ་དགེ་ཆོས་མཆོག་གིས་གསུངས་ཡོད། དེ་ཡང་་རྙིང་པ་ཐམས་ཅད་ལྷའི་སྲོལ་དུ་འདོད་ནས་ནོར་འཁྲུལ་བཟོས་ཡོད་པ་དང་། གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་རེད་བསམས་ནས་གསར་གཏོད་ཀྱི་མདུན་ལམ་བཀག་ཡོད་པས་རྒྱུ་མཚན་གྱིས་ང་ཚོ་ལ་བཞག་པའི་སྙན་ཚིག་འདི་རེད། ང་ཚོས་དེང་རབས་དང་མཐུན་པའི་གོམ་པ་སྤོ་དགོས། རྨོངས་དད་ཀྱི་འོག་ནས་ཐར་དགོས་པ་ནི་ལྷ་ཆོས་མི་ཆོས་གང་གི་ཕྱོགས་ནས་བལྟས་ནའང་གལ་ཆེན་རེད་དོ།
འགྲེམ་སྟོན་གྱི་གཞི་འདི་ཙམ་ལ་ཐུག་པས་ནི་་དངོས་གནས་སྒྱུ་རྩལ་གྱི་རིན
ཐང་མཐོར་འདེགས་བྱས་སོང་ཡ། བཟང་གི་་་སྤྱི་ཚོགས་ཀྱི་བསམ་བློའི་སྟེང་གནས་བབ་ངེས་ཅན་ཞིག་དང་བག་ཆགས་ཟབ་མོ་ཞིག་འཇོག་འདོད་ཚེ་ད་དུང་དེ་བས་མང་བའི་འཁྲབ་སྟོན་གནང་དགོས་གལ་ཆེའོ།།
གནའ་བཟང་དེང་སྤྱོད་དང་། ལེགས་སྤེལ་ཉེ་འགོག་གི་ལས་འགུལ་འགྲོ་བཞིན་ཡོད་པས་ཐུགས་ཕྲལ་མི་དགོས།
དཔེ་ཆ་གསང་སྤྱོད་ནང་གཡུག་པ་སོགས་ཀྱི་མགོ་ལ་ཉོ་ཆ་ཉོས་པ་ཡིན་ཟེར་ན། ཁྱོད་བདེན་དངོས་གནས་བྱ་ཐབས་ཟད།
དཔེ་ཆ་ཁ་ལ་བཟས་ནས་ལྟོ་བར་ཇི་འདྲ་ཞུ་མིན་མི་ཤེས། འོན་ཀྱང་ལྟོ་བ་ནང་སྔ་ཕྱི་མ་གཏོགས་ངོ་བོ་འགྱུར་ནས་གསང་སྤྱོད་ནང་གཡུག་རྒྱུ་དེ་ཁོ་བསྟན་གྲོལ་གྱི་སྒྱུ་རྩལ་རེད། གང་ལྟར་པོ་ཏི་གསང་སྤྱོད་ནང་གཡུག་པ་རེད།
མི་འདིས་བསམ་བློའི་སྒྲོམ་གཞི་ཆ་ཚང་དབྱིན་ཇིའི་སྐད་ཡིག་དང་བསམ་བློའི་སྟེང་ནས་སླེབས་འདུག་པས་ཁོས་ཅིའི་ཕྱིར་ཡི་ཤེས་གསུང་རབ་ཀྱི་ཐུབ་པ་མ་སྐོལ་བ་རེད་དམ།
གསུང་རབ་ཀྱི་ཐུག་པ་བཀོལ། མཆོད་ཏིང་ནང་དུ་མཆོད་ཆང་བཞེས། དཀྱིལ་འཁོར་གྱི་སྟེང་དུ་ཞབས་བྲོ་འཁྲབ། ལྷ་ཁང་ནང་དུ་བག་གྲལ་བསྒྲིགས་ཏེ་བག་སྟོན་བྱེད། ལྷ་ཁང་དགོན་པའི་ནང་དུ་བླ་མས་ཞབས་བྲོ་བརྒྱབ། ད་ཡིན་ན་བསྟན་པ་མེ་ལྟར་འབར་ཡོང་གི་ཡོད་ས་རེད། ཉར་ཆར་རང་བསོད་རྒྱལ་རིམ་པོ་ཆེས་དགོན་པའི་ནང་དུ་ཞབས་བྲོ་འཁྲབ་པའི་གློག་བརྙན་ཞིག་མཐོང་སོང། ད་ངོ་མ་སངས་རྒྱས་ཀྱི་བསྟན་པ་འདི་མགོ་དགོན་པ་ནས་མཇུག་གསང་སྤྱོད་ཀྱི་ནང་དུ་ཁྱབ་སོང།
སྒྱུ་རྩལ་བ་རིག་གྲོལ་ལགས། ངོ་སོ་བསྟོད། ངོ་མ་བློ་བསྐྱེད་ཡིན།
རིན་འབྱུང་ལགས་ཀྱིས་དྲི་བ་ཧ་ཅང་གནད་ལ་ཁེལ་བ་བཏང་སོང་ལ་ལན་ཡང་དེ་དང་མཐུན་པའི་གནད་ལ་ཁེལ་བ་ཞིག་གནང་སོང་། ལར་ནས་སྒྱུ་རྩལ་བ་ཞིག་ཡིན་པའི་ཆ་ནས་གཏིང་ཟབ་ས་ནས་དྲི་བ་བཏང་ན་ལན་ཐེབས་ཀྱི་ཡང་མ་རེད་ལ་འདེབས་པའི་འབད་བརྩོན་ཡང་གནང་མི་དགོས་པ་ཁྱེད་ཀྱིས་མཁྱེན་གྱི་ལོས་ཡོད།
གོང་དུ་མཆན་འདེབས་མཁན་རེ་ཟུང་གིས་ཁོང་གི་དགོངས་པ་རྟོགས་མེད་པ་འདྲ་མོད་མང་ཆེ་བ་ཀློག་ཁོམས་མ་བྱུང་།
བསམ་ཚུལ་ཞིག་ཀྱང་ཞུ་འདོད།
རིན་འབྱུང་དོན་འགྲུབ་ལགས་ཀྱི་performance art ཞེས་པའི་སྒྱུ་རྩལ་གྱི་རྣམ་པ་འདི་ལ་བོད་སྐད་དུ། སྒྱུ་རྩལ་འཁྲབ་སྟོན། ཞེས་མིང་འདོགས་པ་ལས། སྒྱུ་རྩལ་གསོན་པོ། འམ་ཡང་ན། སྒྱུ་རྩལ་དངོས་སྟོན། ཟེར་བ་གང་རུང་ཞིག་བཏག་ན་ལེགས་པར་སྣང་། དེ་མིན་འཁྲབ་སྟོན་ཞེས་པའི་མིང་འདི་ཡོད་ཚར་བའི་རྗེས་སུ་performance art ཞེས་པའི་སྒྱུ་རྩལ་གྱི་བྱེ་བྲག་འདིའི་དམིགས་བསལ་གྱི་ཁྱད་ཆོས་དེ་ཡལ་འགྲོ་བར་སྣང་། ཅི་སྟེ་མིང་འདི་འདྲ་ཞིག་བཏག་ཡོད་ན་འོག་ཏུ་སྒྱུ་རྩལ་འདིའི་གནད་མ་རྟོགས་པའི་རྣམ་པ་ཅན་གྱི་མཆན་མང་པོ་ཞིག་ཡོད་པ་དེ་ཙམ་མི་འབྱུང་བར་སྙམ།
མཐའ་དོན་་་སྒྱུ་རྩལ་ཞེས་པ་་སྨྱོ་རྩལ་ལ་བསྒྱུར་་་གཞན་དབེན་ནོ།
རྒྱུད་ཀྱི་རྒྱལ་པོ་གསང་འདུས་ཀྱི་གླེགས་བམ་ཤོག་གྲངས་ཐིག་ཕྲེང་རེ་བཏུབས་ནས་གསུང་རབ་ཀྱི་ཐུག་པ་བཀོལ་བ་འདི་མཐོང་ཚེ་རིག་གྲོལ་ཟེར་བའི་མི་དེ་སྨྱོན་པ་ཞིག་མིན་ནམ་སྙམ། གང་ཡིན་ཟེར་ན་གསུང་རབ་རྩ་ཆེན་པོ་དེ་འདྲ་ཁ་ནས་ཟ་རྒྱུ་ཞིག་མ་ཡིན་པར་མིག་གིས་བལྟས་ནས་དཔྱད་པ་གཏོང་རིན་ཡོད་པ་ཞིག་རེད། གསུང་རབ་ཀྱི་ཐུག་པ་ཟེར་བར་དད་ལྡན་པ་ཡིད་འགུགས་ཀྱི་ནུས་པ་གང་ཡང་མེད་ལ་གླེན་རྟགས་རྐྱག་དྲི་འཐུལ་བ་འདི་ལ་སྒྱུ་རྩལ་གྱི་རིན་ཐང་ཞིག་གང་ན་ཡོད། མ་མཐར་ཡང་ཤོག་བུ་ཟོས་ན་གཟུགས་པོའི་བདེ་ཐང་ལ་ཕན་ཐོགས་མེད་པ་ལོས་ཤེས། །
བསྟན་་འཛིན་རིག་གྲོལ་གྱིས། དགོངས་དག་ག་དུས་ཞུའམ།
http://www.tibettimes.net/news.php?showfooter=1&id=9366
འདིར་ཕྱི་མིའི་དགོངས་དག་ཞུས་འདུག
བོད་རང་བཙན་ཐོབ་པའི་རྗེས་་་་བོད་ཀྱི་རིག་དངོས་བཟོ་གྲྭས་གསང་སྤྱོད་གཏོང་ས་དང་གཅིན་གཏོང་སའི་གཡས་གཡོན་འོག་ཏུ་བོད་ཡིག་འབྲི་འམ་མི་འབྲི། ལྷམ་གྱི་འོག་ཏུ་བོད་ཨང་འབྲི་འམ་མི་འབྲི། ལྷམ་གྱི་གཡས་གཡིན་འོག་སོགས་སུ་ལྷམ་མིང་ངམ་བཟོ་གྲྭའི་མིང་འབྲིའམ་མི་འབྲི། དྲི་བ་འདི་ལ་གསུང་རབ་ལ་དད་པ་ལྷད་མེད་ཡོད་མཁན་ཚོས་ལན་འདེབ་རོགས།
མཆན་༩༨་པར།
བསྟན་འཛིན་རིག་གྲོལ་གྱིས་དགོངས་དག་ཞུ་དགོས་དོན་གང་རེད། ཁྱེད་ཀྱིས་དགོངས་དག་ག་དུས་ཞུ་འམ། ཁོང་གིས་བྱས་པ་དེ་སྒྱུ་རྩལ་བ་ཞིག་གི་མིག་ནང་ནས་མཐོང་ཚུལ་ཞིག་སྒྱུ་རྩལ་གྱི་བྲོ་བ་མྱོང་མཁན་དག་ལ་སྟོན་གྱི་ཡོད་རེད། འདི་འདྲ་བ་ལ་དགོངས་དག་ཞུ་དགོས་ན་ཧ་ཅང་ཐལ་འགྲོ། གཞན་དགོངས་དག་ཞུ་བ་དེ་གནད་འགག་མ་རེད། ཁོང་གིས་ཞུ་ཡང་སྲིད། མི་ཞུ་ཡང་སྲིད། གང་ལྟར་ཞུ་དང་མི་ཞུ་གནད་འགག་མ་རེད། གནད་འགག་ནི་ཁོང་གིས་ཞུ་དགོས་པའི་ཉེས་པ་ཞིག་བསགས་མེད་པ་དེ་རེད།
གོང་གི་བཅར་འདྲི་དེར་བལྟས་རྗེས་ང་ལ་བསམ་ཚུལ་འདི་འདྲ་བྱུང་། མི་རིགས་ཤིག་གི་ངོ་བོ་དང་རིག་གཞུང་སྲུང་སྐྱོབས་བྱེད་པར་ཐབས་ལམ་འདྲ་མིན་བཅོ་བརྒྱད་ཡོད་ཆོག་པས་རང་གི་བློ་ངོར་མ་ཤོང་བའི་ཐབས་ལམ་དེ་མིག་བཙུམ་ནས་འབུར་འཇོམས་བྱེད་ན་ག་ལ་འགྲིག རང་གི་ལངས་ཕྱོགས་དེ་གཞན་དང་གཅིག་མཚུངས་ཡིན་པའི་ངེས་པ་མེད་པས་ཕན་ཚུན་བློ་བསྡུར་དགོས་པ་ལས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱིས་བཤད་པ་ལྟར་དང་པོ་ཉིད་ནས་ཐག་གཅོད་རྒྱུ་མེད། སྒྱུ་རྩལ་ལ་སྒྱུ་རྩལ་གྱི་བྲོ་བ་ལྡན་ལ་ང་ཚོས་སྒྱུ་རྩལ་གྱི་ལམ་ནས་བརྗོད་འདོད་པའི་ནང་དོན་ལ་བསམ་ན་བསམ་ཚུལ་གཉིས་པ་ཞིག་འབྱུང་སྲིད་སྙམ། གོང་གི་མཆན་ཨང་ ༨༡ པ་ལྷ་སྡེ་གནམ་ལོ་ཡག་གིས་བརྗོད་པའི་ ༼མ་དགའ་བའི་རིམ་པ་ནས་བསམ་བློ་གཏོང་བའི་རིམ་པར་བསྐུལ་འདེད་ཐུབ་ངེས་རེད༽ ཅེས་པ་དེ་ཡང་སྒྱུ་རྩལ་བ་རིག་གྲོལ་གྱི་ཐོག་མའི་ཀུན་སློང་མ་ཡིན་པའི་ངེས་པ་མི་འདུག མཆན་ཨང་ ༩༩ པ་ཁྱུང་སེས་བསླངས་བའི་ ༼བོད་རང་བཙན་ཐོབ་པའི་རྗེས་བོད་ཀྱི་རིག་དངོས་བཟོ་གྲྭས་གསང་སྤྱོད་གཏོང་ས་དང་གཅིན་གཏོང་སའི་གཡས་གཡོན་འོག་ཏུ་བོད་ཡིག་འབྲི་འམ་མི་འབྲི། ལྷམ་གྱི་འོག་ཏུ་བོད་ཨང་འབྲི་འམ་མི་འབྲི། ལྷམ་གྱི་གཡས་གཡིན་འོག་སོགས་སུ་ལྷམ་མིང་ངམ་བཟོ་གྲྭའི་མིང་འབྲིའམ་མི་འབྲི། དྲི་བ་འདི་ལ་གསུང་རབ་ལ་དད་པ་ལྷད་མེད་ཡོད་མཁན་ཚོས་ལན་འདེབ་རོགས ༽ དྲི་བ་འདི་དག་གནད་ཆེན་པོ་མཐོང་སོང་། ཚང་མ་ཁ་དྲོ།
༼བོད་རང་བཙན་ཐོབ་པའི་རྗེས་བོད་ཀྱི་རིག་དངོས་བཟོ་གྲྭས་གསང་སྤྱོད་གཏོང་ས་དང་གཅིན་གཏོང་སའི་གཡས་གཡོན་འོག་ཏུ་བོད་ཡིག་འབྲི་འམ་མི་འབྲི། ལྷམ་གྱི་འོག་ཏུ་བོད་ཨང་འབྲི་འམ་མི་འབྲི། ལྷམ་གྱི་གཡས་གཡིན་འོག་སོགས་སུ་ལྷམ་མིང་ངམ་བཟོ་གྲྭའི་མིང་འབྲིའམ་མི་འབྲི། དྲི་བ་འདི་ལ་གསུང་རབ་ལ་དད་པ་ལྷད་མེད་ཡོད་མཁན་ཚོས་ལན་འདེབ་རོགས ༽
རང་གི་ཕ་མའི་འདྲ་པར་ཐུག་པ་བཟོས་ནས་གསང་སྤྱོད་་ནང་ལ་གཡུག་ཡ་དུས་ཚོད་ལ་སླེབ་པ་འདྲ། ཧཧཧ།
གསུང་རབ་དང་། འདོད་པའི་བསྟན་བཅོས་སོ་སོར་འབྱེད་ཤེས་པ་དགོས། དང་པོ་བོད་པས་གསང་སྤྱོད་དང་། ལྷམ་གྱི་བཟོ་གྲྭ་བཙུགས་དེ་ནས། དེ་ལ་བོད་ཡིག་འབྲི་དགོས་དང་མི་དགོས་ཤོད། རྒྱ་གར་བས་ལྷམ་ལ་རྒྱ་གར་བའི་ཡི་གེ་བརྒྱབས་པ་ངས་མཐོང་མ་བྱུང་། བོད་པར་བོད་ཡིག་མ་བརྒྱབས་ན་ལྷམ་མི་བྲིན་པ་ཡིན་རྒྱུ་རེད་དམ། ཧཧཧཧཧ།།
བསྟན་འཛིན་རིག་གྲོལ་ཤེས་རབ་འཆལ་ནས། ནང་ཆོས་རྩ་ཆེ་ཤོས་དཔལ་གསང་བ་འདུས་པའི་་རྒྱུད་ཕྱག་དཔེ་གསང་སྤྱོད་ནང་ལ་གཡུང་ཙང་དེ་ལ་དད་པ་བྱེད་མཁན་ཚོར་དགོངས་དག་ཞུ་དགོས་རེད་ཟེར་བ་རེད།
གསང་སྤྱོད་དང་། གད་སྙིགས་བླུག་སྣོད་ཟེར་ནས་བོད་པས་བོད་ཡིག་བེད་སྤྱོད་བྱས་དང་བྱེད་བཞིན་པ་རེད། དེ་ལ་བོད་རིགས་དད་ལྡན་པ་ཚོས་ངོ་རྒོལ་བྱས་མྱོང་ཡོད་མ་རེད། མཆན་བུ་བ་ཁྱེད་རང་ཚོ། མཐོང་རྒྱ་ཆུང་དྲགས་པའི་མ་མཐོང་བ་རེད།
བོད་པས་བོད་ཡིག་བཀོལ་མི་དགོས་སམ་ཡང་ན་བོད་ཡིག་ཟེར་བ་དེ་མཆོད་ཤོམ་གྱི་སྟེང་དུ་བཤམ་རྒྱུ་གཅིག་པོར་ཡིན་ནམ། རྒྱ་ནག་གིས་རང་གི་བཟོ་གྲྭ་ནས་བཟོས་པའི་ཅ་དངོས་ཀྱི་སྟེང་དུ་རྒྱ་ཡིག་འབྲི་གི་རེད། བོད་ཡིག་མི་འབྲི་ན་རྒྱ་ཡིག་འབྲི་དགོས་སམ་ཡང་ཇ་དབྱིན་ཡིག་འབྲི་དགོས་སམ། ཡང་ན་ཅ་དངོས་ཀྱི་མིང་དང་གསལ་བཤད་གང་ཡང་མེད་པར་གྲོང་གསེབ་རྒད་པོ་ཞིག་གིས་རང་གི་ནང་དུ་ལྷམ་བཟོས་པ་ནང་བཞིན་བྱེད་དགོས་སམ། རྨོངས་དད་པའི་ངོར་དེ་འདྲ་ཞིག་མ་གཏོགས་བསམ་རྒྱུ་མེད། བློ་རྒྱ་མཐོང་རྒྱ་ཆུང་དྲགས་ནས་གསར་ཤོག་གི་སྟེང་དུ་གོང་ས་མཆོག་གི་སྐུ་པར་ཡོད་ན་གསར་ཤོག་དེའི་པར་བཀོག་ནས་ནང་ལ་འཁྱེར་འགྲོ་གི་འདུག་རྨོངས་དད་པས་བྱེད་སྟངས་རང་རེད།