བོད། ལྷ་ཀླུ་གཉན་གསུམ།
མི་ལོ་ནས་མི་ལོ་མཐུད་དེ། བཙན་བྱོལ་ནས་སུམ་དུས་སྲུང་བརྩི་བྱས་པ་རེད། སྲུང་བརྩི་དེ་ལ་འགྱུར་བ་ཆེས་མང་བོ་མང་བོ་ཞིག་བྱིན་པ་ནི། བཙན་བྱོལ་བའི་ཁོག་ན་གསལ་དཀྱིལ་ལེ་གནས་ཀྱི་ཡོད་པ་ཡིན། འོན་ཀྱང་། གཞོན་ཐོག་དང་རྒན་རབས་པའི་སྲུང་བརྩི་བྱེད་ལུགས་ཀྱང་མི་འདྲ་བའི་བར་ཐག་ཞིག་ཆགས་ཡོད་ལ། ཆགས་སྟངས་དེ་ལ་ཡང་དཀའ་ཚེགས་རིམ་རྒྱུད་ཀྱི་རྒན་རིམ་པ་རྣམས་པའི་གནས་ལུགས་ཀྱི་མྱོང་བ་དང་གཞོན་རབས་པ་དག་གི་ངར་ཤུགས་ཀྱི་བར་ཐག་ཡིན།
མི་ལོ་ལྔ་གཅིག་གི་ཡར་སྔོན་དུ། བཙན་བྱོལ་གྱི་མི་ཐོག་དང་བོ་བྱུང་བ་ནས། བཙན་བྱོལ་བའི་མི་ཐོག་གཉིས་པ་དང་གསུམ་པའི་ཁ་མཚམས་འདིར། ད་ནི་ང་ཚོས་གཞན་ལ་ལག་པ་བརྐྱངས་པའི་ལས་ཀ་དེ་ལ་ད་དུང་ཡང་འགྱུར་བ་མ་སོང་བར། རང་མི་མི་རབས་ནས་མི་རབས་ཚ་རྒྱུད་ཀྱི་བར་དུ་གཞན་ལ་ལག་པ་སྐྱོང་ལུགས་ཀྱི་འུ་ཐུག་པའི་ལམ་ཕྲན་ཁོ་ན་ཞིག་སྟོན་བཞིན་ཡོད་པ་ལས། འུ་ཐུག་པའི་བྱེད་སྟངས་དེ་ལ་རེ་བ་མེད་པ་ནས། ནམ་ཞིག་འཆི་ལམ་ཉེག་གཅིག་དུ་གྲུབ་ཡོད་པ་གཏན་ནས་ཁ་ཁོག་མ་གསང་བར་བཤད་གླེང་དང་། མཆོང་བསྐྱོད་བྱེད་འཕོད་མཁན་གྱི་རྒན་རབས་པ་རེ་ཟུང་ཞིག་བྱུང་བ་ནས་དེ་དག་བཞུད་རྗེས་སུ། བཙན་བྱོལ་བ་གཉིད་ལ་ཤོར་བ་རེད།
གཉིད་སྨན་དེ་ཡི་ཤུགས་ཧ་ཅང་ཆེ་དྲགས་སྟབས། མི་རབས་གཉིས་པ་ནས་གསུམ་པ་བསྐྱེད་སྲུང་བྱེད་པའི་དེ་རིང་གི་རྒྱུད་རིམ་འདིའི་བར་དུ། མི་ལོ་ནས་མི་ལོ་བརྩིས་དེ་སུམ་དུས་ཟེར་བའི་ཉིན་མོ་འདི་སྲུང་བརྩི་བྱས་ཡོད་ལ། བོད་ནང་གི་རྒྱལ་གཅེས་པ་ཁྲི་འབུམ་མང་བོ་ཞིག་གི་གཅེས་པའི་སྲོག་ཡང་ཤོར་ཟིན་ན་ཡང་། བཙན་བྱོལ་བའི་དུས་དྲན་འདི་ནི་རྒྱུན་ལྡན་གྱི་ལས་གཞི་ལྟ་བུ་ཞིག་དུ་རྩིས་དེ། མགོ་བཀའ་བློན་ནས་སྤྱི་འཐུས་དག་གིས་ཚོགས་ཐོག་ནས་གཏམ་བཤད་བརྫིགས་པོ་རེ་གནང་དེ། ཡིན་འདོག་འདོག་གིས་རང་ཁྱིམ་དུ་ལོག་འགྲོ་བའི་ཤུལ་དུ། སེམས་ཤུགས་ཨག་གསར་ཅན་དང་། སེམས་ཤུགས་འབར་མའི་རིགས་རེ་ཟུང་། ཚེ་བཀང་བོར་སུམ་དུས་ལ་ཆད་མ་མྱོང་བའི་རྒན་ཁོག་ཁ་ཤས་ཤིག་རྐང་ལམ་ལྟ་བུའི་རྒྱ་གར་བའི་གཞུང་ལམ་དེད་ནས། མི་ཐོག་དང་བོའི་སྐད་འབོད་ནི། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཐར་བསྒྲོད་གཏོང་། བོད་ཀྱི་བདག་པོ་བོད་མི་ཡིན། བོད་སྐྱོབས་ཤིག
གཞུང་ལམ་དེ་ནས་མི་ལོ་ལྔ་བཅུ་ཏག་ཏག་བསྐྱལ་ནས། དེ་རིང་མི་ལོ་ལྔ་གཅིག་གི་རྗེས་ནས་བཟུང་ཡོད་ལ། མི་ལོ་ལྔ་གཉིས་ཀྱི་འགོ་ནས་བཟུང་ཡོད། མི་ལོ་སུམ་བཅུའི་རྗེས་སུ་སྐད་འབོད་ལ་འགྱུར་བ་བྱིན། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། ཆོས་ལུགས་དད་མོས་རང་དབང་དགོས། རང་དབང་གི་སྐོར་ལ་སྐད་འབོད་ཤུགས་ཆེན་བསྒྲགས། འགྲོ་བ་མིའི་ཐོབ་སྟབས་བརྩད། རྒྱ་གཞུང་གི་དཔོན་ངན་དག་གི་སེམས་པ་རྔམ་སྐྲག་ཆེ་ས་ནས་ཕྱི་ནུར་གོམ་བཀང་བརྒྱབས། བཙན་བྱོལ་བའི་སྐད་འབོད་དེ་ནི་འཛམ་གླིང་སྤྱི་དང་མཐུན་རབས་དང་། གནས་ལུགས་མང་བོ་ལྡན་རབས། རྒྱུ་མཚན་ཡོད་པ། བོད་ཡུལ་དུ་ལོག་པའི་གོ་སྐབས་ཆེས་མགྱོགས་པ་བཅས་ལ་ཡིད་ཆེས་བྱས་པ་རེད། མི་ཐོག་གཉིས་པ་དེ་དག་གིས་ཀྱང་རང་གི་ཕ་མ་དག་ལ་ཡིད་ཆེས་བཅོལ་ནས། གོམ་པ་རེ་རེ་དེ་དག་གི་རྗེས་སུ་སོང་ནས་མི་ལོ་རེ་གཅིག་བྱིན་ཡོད།
ལོ་རྒན་ཧྲིལ་བོ་བཞི་བཅུ་ལྷག་བསྐྱལ་རྗེས་སུ། བཙན་བྱོལ་བས་གཉིས་ཕན་ཁོ་ནའི་ལམ་ཁ་ཞིག་ཡོད་རབས་ཀྱིས། འཛམ་གླིང་མི་མང་གིས་ཀྱང་དེ་ལ་རོགས་སྐུལ་དང་རྒྱབ་སྐྱོར་ཐོབ་པར་ཡིད་ཆེས་བཅོལ་བ་དང་། བཙན་བྱོལ་བས་ཀྱང་དེ་ལ་འགྲེལ་བ་མི་ཉུང་བ་ཞིག་རྒྱ་གཞུང་གི་དཔོན་ངན་དག་གི་སྒོ་ཁར་བརྒྱུད་དེ་ཡིག་ཆ་མི་ཉུང་བ་ཞིག་འཁུར་ནས་ཡང་དང་བསྐྱར་དུ་བྱིན་དུས། རྒྱ་རྒན་དེ་དག་གིས་ཀྱང་བཙན་བྱོལ་བར་བྱེད་མི་ཆོག་པའི་བརྡ་ཁྱབ་མི་ཉུང་བ་རེ་སྐུར། བཙན་བྱོལ་བས་ལོ་ལྟར་དེ་དག་རེ་རེ་བཞིན་ལག་བསྟར་བྱེད་སྟངས་རེར། རྒྱ་རྒན་དེ་དག་གིས་འདོད་ཐོག་ལ་རྟ་རྒྱུགས་པ་དང་བསམ་ཐོག་ལ་ཆར་འབབ་ནས་ལྷོད་འཇག་གེར་འཇིག་སྐུལ་གྱིས་སྐད་གསེང་མཐོ་ནས་མཐོ་རུ་སོང་ནས། ཉེས་མེད་ཀྱི་བོད་མི་དག་གི་འཚོ་འདུག་འགྲོ་གསུམ་གྱི་མར་རྩ་ཆུང་ནས་ཆུང་དུ་སོང་བ་དང་། རང་ས་ནས་རང་སྐད་བཤད་པ་དང་རང་ཡིག་སྤྱོད་པ་ལ་ཡང་། ཉེས་པར་ལྟ་བའི་དུས་སུ་བསྐྱལ་བ་རེད།
འདི་ནི་སུམ་དུས་ལྔ་གཅིག་གི་ཉིན་མོ་དང་ལྔ་གཉིས་ཀྱི་འགོ་བཟུང་ཉིན་ཡིན་དུས། ང་ཚོས་མི་མཐུད་དུ་མི་རབས་ནས་མི་རབས་བར་གཉིད་དགོས་པའི་བཀོད་ཁྱབ་གཏོང་བ་ལས། གཉིད་སྟུག་པོའི་ཁྲོད་ནས་སད་དགོས་པའི་བརྡ་ཁྱབ་གཏོང་བ་དང་ལག་ལེན་གྱི་མཆོང་བསྐྱོད་ཀྱིས། རྒྱ་རྒན་ཚང་གི་དཔོན་ངན་དེ་དག་གིས་བཙན་པོའི་མི་རབས་སླར་ཡང་འཛམ་གླིང་ན་གསོན་པོར་ཡོད་པ་ཤེས་སུ་འཇུག་རན་རེད་མོད། བཙན་བྱོལ་བས། དུས་དེ་རིང་གི་ཉིན་མོ་བྱང་ཆུབ་སེམས་མཆོག་སྐྱོར་ནས་བསྡད་ཡོད་ལ། བོད་ནང་གི་བོད་མི་དག་གིས་འཇིག་རྟེན་རང་ཡུལ་ན། གཞན་མིས་གཉའ་གནོན་ཁྲོད་དུ། དམྱལ་བ་མྱོང་ནས་བསྡད་ཡོད་པ་རེད།
དྲ་ཐོག་གི་སྤུན་ཟླ་ཚོ་ལགས། སུམ་དུས་རེ་གཉིས་ཟེར་བ་འདི་སུམ་དུས་ལྔ་གཉིས་ལ་བཅོས་རོགས་ཞུ། དགོངས་འགལ་མེད་པ་ཞུ། རྒན་པོ་ལོ་ལོན་ནས་སོང་དེ་ལྔ་གཉིས་དང་རེ་གཉིས་ནོར་འདུག་ལ། རེ་གཅིག་དང་ལྔ་གཅིག་ནོར་འདུག དེ་གཉིས་བརྗེ་ནས་ཀློག་ནས་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ། ད་ནི་དངོས་ནས་ང་ཚོ་སད་རན་མ་རེད་དམ།
རྩོམ་སྒྲིག་པ་ལགས། དགོངས་དག་ཞུ། ད་ནི་ལོ་ཚིགས་བཅོས་ཟིན་པ་ཡིན། བསྐྱར་འགོད་ཐུབ་ན་བསྐྱར་འགོད་བྱེད་རོགས་ཞུ་ལགས།
གསུམ་དུས་ལྔ་གཅིག་གི་རྗེས་སུ་ང་ཚོས་དབུ་མའི་ལམ་གྱི་བོད་དོན་མཐར་འཁྱོལ་བ་དགོས་པ་དང་། གཉིས་སྨན་དབུས་ལམ་ཡང་རྩེར་སོན་ནས། དེ་ནས་གཞི་ནས་རང་བཙན་རྩོད་དགོས་དང་མི་དགོས་ལ་འབད་དགོས་པ་མི་འདུག་གམ།
དྲ་གྲོགས་ལྷ་ཀླུ་གཉན་གསུམ་ལགས་སྐུ་ཁམས་བཟང་།
གུས་པ་ལས་བྲེལ་གྱིས་རྐྱེན་པས་སྐུ་ཉིད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་ཁོམ་མ་བྱུང་མོད།བརྗོད་གཞི་དེ་རང་ལ་ངས་ཡི་རངས་ཞུ་རྒྱུ་ཡིན།
འོན་ཀྱང་འགོ་བརྗོད་ཀྱི་མིང་དེར་དག་ནོར་དང་དོན་ནོར་རེད་སྙམ་པ་གཉིས་ལ་བཟོ་བཅོས་བྱ་འདོད་བྱུང་།
༡༽སྐུ་ཉིད་ཀྱིས་འགོ་བརྗོད་དུ་ལྔ་གཅིག་བྲིས་འདུག་ཀྱང་འདི་ལོ་ནི་སུམ་ཅུའི་དུས་དྲན་ཐེངས་༼ང་གཉིས་པ་༽ཡིན།
༢༽ལྔ་གཅིག་ཅེས་བྲིས་ན་ལྔ་པའི་གཅིག་ལ་གོ་ཞིང་དེ་ནི་༼ང་གཅིག་༽ཡིན་པར་སྙམ།ཐུགས་རྗེ་ཆེ།
BBc ཟེར་མི་དེ་རྒྱ་སྐྱག་འཁྲུད་མཁན་ཞིག་མིན་པ་ཤོག། གྲོས་ཚོགས་ནང་དཀྲུགས་ཤིང་ཁུར་མཁན་ཁ་ཚ་རའི་བུ་མོ་མདོ་སྨད་སྤྱི་ཡིན་མཁན་སྒྲོལ་མ་ཚེ་རིང་ཟེར་རྒྱུདེ་རེད། ད་ལོ་ཡང་མདོ་སྨད་སྤྱི་འཐུས་ནང་བཞག་འདུག་ག། མཇུག་གནན་བྱེད་མི་འཆལ་ཕོ་རྐུབ་ཀྱོགས་སྤེན་པ་ཚེ་རིང་ཟེར་བའི་མིའི་སྐྱེ་དམན་ཕྲོག་དངུལ་ཁ་ལུད་རགྱབ་མཁན་དེ་རེད། ཁྱོད་རང་ཨ་ཆོག་གཉིས་ཆད་མེད་ན་ཡག་པོ་ཉན་ཨ། ཁྱོདཀ་ྱིས་བོད་ནང་ལ་དཀྲུགས་ཤིང་འདི་འདྲ་མ་རྒྱབ་རོགས།
ཨ་རོགས་དྲིལ་བུ་ཁ་ཆག ཧོ་ཆི་ཛོ་ལེ་ཡིན། བྷི་བྷི་ལགས་ཀྱིས་བཤད་པ་དྲང་མོ་མདའ་འདྲ་ལེ་ཞིག་རེད་འདའ། སྒྲོལ་མ་ཚེ་རིང་གིས་གྲོས་འཆར་འཁྱེར་ཡོང་བ་འགྲིགས་པ་རེད། དོན་དག་ལ་མ་བལྟས་པར་ལམ་སེང་འཁྲུགས་པ་སློང་མཁན་སུ་རེད་བསམ་མནོ་གཏོང། སྤེན་པ་ཚེ་རིང་ཛོ་ལེ་གང་བྱེད་ཀྱང་གྲོས་ཚོསགས་ཀྱི་ལས་ཀ་ཡག་མོ་བྱས་ན་དེ་གས་འགྲིགས་ཞེ་འདའ། ད་ཤ་པོ་དྲིལ་བུ་ཁ་ཆག་རང་ཕྱོགས་ལྷུངས་ཀྱི་དོང་ནང་ཟག་ཚར་ལེ་འདྲ།
སྤུན་ཟླ་དག་གིས་ཐུགས་ལྷོད་དུ་བཏང་ནས་བསམ་ཚུལ་གསུངས་པ་དེར་དགའ་ནས་ཡོད། ང་གཅིག་དུ་བཅོས་དགོས་པ་དེར་ད་ནི་འཕྱིས་ཟིན་ཡང་། དོན་དག་ནོར་མེད་པར་རེ་བ་ཆེན་པོ་ཡོད། ད་ནི་ལོ་ངོ་ང་གཅིག་ཟད་སྲིད་པ་ཡིན། ང་གཉིས་ཀྱི་འགོ་ནས་བཟུང་བ་ཡིན་དུས། ངས་དེ་ལྟར་བྲིས་པ་ཡིན། གསུམ་དུས་ང་གཉིས་ཀྱི་འགོ་བཟུང་བ་དང་། བོད་མི་དག་གིས་རང་རང་གི་སེམས་ནང་གི་སྐད་ཆ་ངོ་མ་དེ་བཤད་ཐུབ་པ་ནས་སྒྲུབ་ཐུབ་པར་ཕྱོགས་པར་སྐུལ་འདེད་ཞུ་རྒྱུ་ཡིན།