ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཉིན་བོད་ནང་གི་ཕྱི་དྲོའི་དུས་ཚོད ༥ ཙམ་ལ་རྔ་པ་རྫོང་ཚོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ་རྔ་པ་ཀིརྟི་དགོན་གྱི་གྲྭ་དགེ་པེ།རང་ལོ ༡༨ །ཕ་མིང་ལ་ཕྱག་རྡོར།མ་མིང་ལ་ཆཱ་ཁོ་ཡིན་པ་ཁོང་གིས་རང་ལུས་མེར་སྲེག་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཤིང་ས་གནས་དེ་ཀ་རང་ལ་སྐུ་སྲོག་ཤོར་ཡོད་འདུག
ཁོང་གིས་རང་ལུས་མེར་སྲེག་གནང་ས་དེ་ཕྱི་ལོ་ ༡༩༥༠ ཙམ་ལ་ཆེས་ཐོག་མར་སླེབས་པའི་བཅིང་གྲོལ་དམག་མི་རྣམས་ཀྱི་དམག་སྒར་ལྟག་རྒྱབ་ཡིན་སྟབས་ཁོང་གི་ཕུང་པོ་དམག་མི་རྣམས་ཀྱིས་དམག་སྒར་དུ་ཁྱེར་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མི་རྣམས་ལ་ཁོང་གི་ཕུང་པོ་ཚུར་ནང་མི་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཅིང་། ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་མེར་སྲེག་གཏོང་རྒྱུ་དང་དེར་འབྲེལ་ཡོད་མི་ལྔ་ཡོང་ཆོག་པའི་མཐའ་མའི་ཐག་གཅོད་བྱས་པ་ལྟར་མཚན་མོའི་དུས་ཚོད་༡༠ ཙམ་ལ་ཕུང་པོ་དང་འབྲེལ་ཡོད་བོད་མི་རྣམས་དམག་མིས་སྔ་ཕྱི་དམ་དྲག་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་བཏང་ཡོད་པ་ལས། བོད་རང་གི་སྲོལ་རྒྱུན་གྱི་གཤིན་པོའི་ཆོ་ག་སྒྲུབ་ལུགས་ལྟར་གྱི་རྩིས་བརྒྱབ་ནས་སྐར་མ་ལྟ་བ་དང་སྐར་བཅོས་བྱེད་པ་སོགས་གང་ཡང་བྱེད་དབང་བྱུང་མེད།
དགེ་པེ་ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་མ་ཆཱ་ཁོ་དང་ཕ་ཕྱག་རྡོར་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་ལོ་ན་ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་དུ་ཆོས་ཞུགས་ཀྱི་ད་ལོ་ཁ་དོག་གོང་མའི་འཛིན་གྲྭར་སླེབས་ཡོད་འདུག ཁོང་གི་ཨ་ཕ་ཕྱག་རྡོར་ལོ་ཤས་གོང་ནད་མནར་གྱིས་གྲོངས་ཡོད་འདུག་ལ། ད་ཆ་ཤུལ་དུ་ཨ་མ་ལགས་དང་ཕ་མ་གཅིག་པའི་སྤུན་གྲྭ་པ་གཉིས་ཏེ་གཟའ་མི་གསུམ་ཡོད་འདུག
ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོའི་བར་རྫོང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱེད་ཀྱིན་ཡོད་འདུག རྔ་པའི་བོད་མི་བྱིངས་ཀྱིས་ཕྱི་ཚེས་ ༡༢ ཉིན་མ་གཏོགས་གནས་ཚུལ་གསལ་པོ་གོ་མེད་ཅིང་ཕྱི་ཚེས་ ༡༢ ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་པ་དང་།དེ་བཞིན་རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་དྲག་ལྟ་སྲུང་བྱས་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ ༢༠༡༢ ཟླ ༣ ཚེས ༡༢ ལ།
བོད་རྒྱལོ།
དཔའ་བོ་ཁྱེད་ལ་སྙིང་ནས་གུས་དུད་ཞུ། ཁྱེད་ཀྱི་ཤུལ་ལུས་ནང་མི་ཚོའིལྷན་དུ་ང་ཚོ་ཚང་མ་ཡོད། ཁྱེད་ཀྱི་རེ་འདོད་ཐམ་བཅད་མྱུར་དུ་འགྲུབ་པར་ཤོག
དཔའ་བོ་ཡ་དཔའ་བོ་ཡོད་ཚད་ནས་ཡོད་ཚད་མེ་རུ་སྒྲོན་ཏེ་འདས་སོང་གི་ལོ་ཟླ་སྐྱུར་མོ་ལ་རྒོལ་ལན་སློང་།
དཔའ་བོ་ཚོའི་སྙིང་སྟོབས་ལ་ང་ཚོའི་རྒྱབ་སྐྱོར་དང་མྱ་ངན་ཞུ།དཔའ་བོ་བསམ་པའ་ིརེ་བ་ཡོངས་སུ་འགྲུབ་པར་སྨོན།
བོད་རྒྱལ་ལོ།། བོད་རྒྱལ་ལོ།། རྒྱ་དམར་བོད་ནས་མཐར་སྤྲོད་བྱོས།
ང་ཚོ་དམར་པོའི་རིང་ལུགས་པ་རྣམས་ལ་ཞི་བདེ་འབོད་སྐུལ་དུ་མ་ཞུ་ཡང་སྙན་ལྕོག་ཐུག་པོས་རྣ་བ་མི་གཏད་པའི་རྒྱུ་མཚན་གྱིས་ཐབས་ཟད་འུ་ཐུག་གིས་རང་ལུས་མེར་བསྲེགས་པ་འདི་ནི་ངོ་མཚར་ཅན་གྱི་ལས་འགུལ་ཡིན་པ་ངོས་འཛིན་ཞུ་པ་དང་སྦྲག་རྒྱལ་གཅེས་དཔའ་བོ་ལུས་སྦྱིན་བཏང་བ་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་ཞུ། ཡིན་ཡང་ཐབས་ལམ་འདི་ནས་འགའ་རེས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཆོས་ཕྱོགས་མཉམ་བསྲེས་ཀྱི་འགྲེལ་བཤད་གནང་བ་ལ་མོས་ཐུན་མེད། ད་ལྟའི་ཆར་ཆོས་སྲིད་ཟུང་འབྲེལ་དགོས་ད་ང་མི་དགོས་ཞེས་པ་ནི་གླེང་གློང་ཡིན།
དཔའ་བོ་ཚོ་རེ་རེ་ནས་འདི་ལྟར་གཟི་བརྗིད་དང་། སྙིང་སྟོབས་ཆེན་པོས་བཞུད་སོང་ན། ང་ཚོས་ཅི་ཞིག་བྱ་དགོས་རེད། འུ་ཚོའི་བཀའ་ཤག་དང་སྤྱི་འཐུས་ཚོར་དཔའ་བོ་རྣམ་པའི་གྲངས་ཁ་རེ་བགྲངས་རྒྱུ་ལས་གཞན་ག་རེ་འདུག སྔོན་མ་བཀའ་ཤག་གིས་ཚོད་དཔག་གིས་མ་འདང་བ་དང་། ཅིག་ཅིག་ཉུག་ཉུག་མང་བོ་ཞིག་ཁ་བདེ་བདེ་ངང་ནས་བཤད་མཁན་དེ་འུ་ཅག་གི་བཀའ་ཁྲི་བློ་སེང་མ་ཡིན་ནམ།
རྒྱལ་གཅེས་དཔའ་རྒོད་དམ་པ་དགེ་པེ་ལགས་སུ་གུས་དུད་ཞུ། ང་དང་ཁྱོ་ཟེར་ནས་ཁ་གཡར་ས་མི་བཙལ་པར་དེ་རིང་ནས་བཟུང་རང་གཞན་ཚང་མས་རང་ཐད་ནས་བོད་སྤྱི་བའི་ལས་དོན་སྒྲུབ་ཕྱོགས་སུ་འབད་བརྩོན་བྱེད་གལ་ཆེ། འབོད་བསྐུལ་གཅིག་ལ། དྲ་ཐོག་ནས་རང་གཞུང་དང་རང་རེའི་དབུ་འཁྲིད་ཚོས་ལ་སྐྱོན་བརྗོད་བྱེད་རྒྱུར་ཐུགས་བསམ་བཞེས་པ་དགོས་པ་ཞིག་མིན་འགྲོ་སྙམ། མཚམས་རེ་རྒྱ་ནག་གིས་ལོག་འབྲེལ་རྒྱུ་རུ་འགྲོ་ངེས་ཡིན། དེ་ལས་ལྷག་བསམ་རྣམ་དག་གིས་ཡིག་ངག་གང་རུང་ནས་ཐད་ཀར་གཞུང་དང་གཞུང་གི་དབུ་འཁྲིད་ཚོ་ལ་གདུང་ཐུག་ནས་དགོང་ཚུལ་ཞུས་ན་དགེ་མཚན་ཆེ།
ཚེ་འདས་བདེ་བ་ཅན་ཏུ་སྐྱེ་བར་ཤོག །ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། འདི་དང་དུས་གསུམ་འབྲེལ་བ་ཡིས། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མ་གྱུར་སེམས་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །
དཔའ་བོ་རེ་རེར་བཞིན་འདི་ལྟར་ཕེབས་སོང་ན་ཕྱི་ན་ལུས་པའི་སྡར་མ་ང་ཚོའི་འཐབ་རོགས་སུ་ཡི་གནང་གི་རེད། དཔའ་བོ་དཔའ་མོ་གང་ན་སུ་ཞུགས་རྣམ་པ་་་་་འདི་ལྟར་མ་ཕེབས་རོགས་་་་་ང་ཚོར་ཁྱེད་ཅག་ཕེབས་པ་ལས་འཚོ་བ་ཤིན་ཏུ་གལ་ཆེན་རེད།
དཔའ་རྒོད་འདས་པོ་གྲྭ་དགེ་པེ་ལགས་་་་ངས་འདི་ནས་ཁྱེད་ལ་འཁང་ར་མི་བྱེད་་་་་སེམས་ཀྱི་མིག་ཆུ་དྭངས་མས་སྐྱེལ་མར་བྱས་ཆོག དགེ་པེ་ལགས་་་་དག་ཞིང་ཡུལ་ལུང་གང་ཞིག་ཏུ་སྐྱེས་ཀྱང་་་སྡར་མ་ང་ཚོའི་ཆེད་དུ་ཕྱིར་ཕེབས་རོགས་ཞུ།
དཔའ་བོ་ལགས་་་་ཁྱེད་ཀྱི་བོད་མི་རིགས་ལ་བཅངས་བའི་སྙིང་སྟོབས་དང་བློས་གཏང་ནི་་བསམ་བློར་མི་ཤོང་་དེས་ན་ང་ཚོས་ཀྱང་ཁྱེད་ཀྱིས་ཐུགས་བཞེད་ལྟར་འགྲུབ་ཆེད་ལས་དོན་སྒོ་གང་ས་ནས་སྒྲུབ་བཞིན་ཡོད་་་་་་་་་་་་་
བོད་རྒྱལ་ལོ།
སྙིང་སྟོབས་ཅན་གྱི་མི་བུ་དགེ་འཕེལ་ལགས་ནས་ཚེ་སྲོག་གིས་སུམ་དུས་ང་གསུམ་པ་སྲུང་བརྩི་གནང་བ་སེམས་པ་སྐྱོ་གདུང་གིས་མྱ་ངན་གུས་འདུད་ཞུ།
བློ་སེང་གིས་མདོ་སྨད་མི་མང་སྔ་ཕྱི་བར་གསུམ་དུ་མཐོང་ཆུང་བཏང་བཞག་པ་གསལ་བོ་རེད།
༡ བཀའ་བློན་འདེམས་ཕྱོགས་ནས་རེད། དེ་ནས་མགོ་རུལ་ཚར་བ་རེད།
༢ བོད་ས་ཡོངས་ནས་མེར་བསྲེགས་གཏོང་མཁན་ཉི་ཤུ་རྩ་གྲངས་ཤིག་ཨ་མདོ་བ་རེད། ཁོང་ལ་འདི་ལྟར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཁོང་གིས་ཅི་ཞིག་འཇོན་ཡོད་དམ།
༣ ལྷག་པར་མདོ་སྨད་རྔ་པའི་སེར་སྐྱ་མི་མང་བོད་ལ་བཀའ་དྲིན་ཆེན་པོ་རེད། ཀིརྟི་གྲྭ་ཚང་དང་དེའི་འབྲེལ་མཐུད་པ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད་དེ། བློ་སེང་གིས་ཀིརྟིའི་ཕྱག་མཛོད་མདོ་སྔགས་ལ་ལན་གནང་སྟངས་དེ་རེད་པཱས།
༤ ལན་གནང་སྐབས་ཁོང་གིས”ཀིརྟི་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན། གཏམ་བཤད་གནང་རོགས་ཅེས་ལབ་ཡིན་ཟེར།” གསུངས་སྟངས་དེ་འདྲ་རེད་པཱས། དེ་བཀའ་ཤག་གི་ཞེ་དྲག་ཅིག་སྒྲུབ་པའི་ཟོལ་རེད་དམ།
༥ ཕྱག་མཛོད་མདོ་སྔགས་ཀྱིས་བཏོན་པའི་རེ་བ་དེ་རྔ་བ་མི་མང་མདོ་སྨད་མི་མང་གི་རེ་བ་རེད། བོད་གཞུང་གི་ངོས་ནས་དངོས་སུ་བོད་ནང་ལ་ཞིབ་འཇུག་ཅིག་བྱས་ནས། གནས་ཚུལ་མ་རེག་པ་རྣམས་རེག་རྒྱུའི་རེ་བ་བྱས་པ་རེད་དེ། དེ་ལ་ག་རེ་བྱས་ནས་བཀའ་ཁྲིས་ལན་མ་རྒྱབ་པ་རེད་དམ།
༦ བཀའ་ཤག་ཡོད་དགོས་པ་དང་སྲིད་སྐྱོང་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་དམ། བོད་ནང་གི་ཆབ་སྲིད་གནས་སྟངས་འོག་དཀའ་ངལ་འཕྲད་པ་རྣམས་ལ་ཞིབ་འཇུག་བྱེད་མི་ཐུབ་ན། ཀིརྟི་གྲྭ་ཚང་གི་འབྲེལ་མཐུད་པའི་ཕྱག་ལས་དེ་འདྲ་ཞིག་བཀའ་ཤག་གིས་གནང་མ་ཐུབ་ན། ད་ང་ཚོ་ག་བར་སླེབས་འདུག དོན་དག་འདི་བོད་ནང་ནས་མཁྱེན་ན་ག་རེ་བྱེད་དམ།
༧ རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་བ་ཁྱབ་བསྒྲགས་ལུང་བསྒྲགས་བྱ་རྒྱུར་དགའ་ན། སྲིད་དབང་གི་འགན་ཅུང་ཙམ་འགྲུབ་དགོས་པ་མ་གཏོགས། ཚིག་དེ་ལོ་གཅིག་གི་རིང་སྐྱོར་བསྡད་པས་ག་རེ་ཕན་ཐོག་གི་རེད་དམ།
༨ དངོས་གནས་བྱས་ན། བློ་གཟུ་བོར་གནས་ནས་བཤད་ན། ད་བར་བོད་ཀྱི་རྩ་དོན་ལ་རྩོམ་པ་པོ་འོད་ཟེར་ལགས་ཕན་ཐོག་ཆེ་བ་ལས། བློ་སེང་གིས་བྱས་རྗེས་བཞག་པ་ག་རེ་འདུག་གམ། སྣ་གཅིག་སྟོན་རྒྱུ་འདུག་གམ། ཁ་འགུལ་ཚད་ལ་རང་བསྟོད་རྒྱབ་ནས་རྫིག་ཉམས་བསྟན་ནས་འདུག་རྒྱུ་ལས་ག་རེ་འཇོན་སོང་ངམ།
༩ མཛངས་མ་འོད་ཟེར་གྱི་ལྷག་བསམ་རྣམ་དག་ལ་བོད་སྐད་མི་ཤེས་མདོག་མདོག་གི་མཚང་འབྲུ་བྱས་པ་དེ་ཐབས་སྐྱོ་བོ་མ་རེད་དམ། ༧རྒྱལ་བ་རིན་པོ་ཆེས་སྲིད་དབང་གནང་ས་ཞིག་གི་བྱ་སྤྱོད་རེད་དམ།
༡༠ མཛངས་མ་འོད་ཟེར་ལ་དེ་ལྟར་གསུངས་ཀྱང་ཁོང་མོ་རྒྱ་ཡིག་ལ་ཡོངས་གྲགས་ཚད་ལྡན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཚན་གནས་ཡོད་པ་རེད། བློ་སེང་གིས་དབྱིན་ཡིག་ཐོག་རྩོམ་བྲིས་པ་གང་ཞིག་འགྲིག་འདུག་གམ།
༡༡ ཐ་ན་ཁོང་གི་འབུམ་རམས་པའི་ཆེད་རྩོམ་ཀྱང་ཚད་ལྡན་ཆགས་ཡོད་པ་མ་རེད། དེའི་ཐད་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཞིབ་འཇུག་གནང་ནས་གསལ་བོ་བཟོས་འདུག ད་འོ་ན། བློ་སེང་ལ་ག་རེ་ཡོད་པ་རེད་དམ། བོད་ཡིག་མེད། དབྱིན་ཡིག་མེད། མཛངས་མ་འོད་ཟེར་ཡོན་ཏན་ཆེན་པོ་མ་རེད་དམ།
༡༢ འདི་དག་ཚང་མ་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་རེད། བློ་སེང་ལ་བྱས་རྗེས་ཁབ་རྩེ་ཙམ་ཞིག་འདུག་གམ།
ཁྱི་ཕྲུག་དེ་ནི་ཨ་མདོའི་འབྲོག་ཁྱིའི་ཕྲུག་གུ་ཞིག་མ་ཡིན་པར་དགོན་མཐའ་ཉུལ་བའི་ཁྱི་རྡོམ་ཞིག་ཡིན་པར་སྣང་།
རྒྱལ་གཅེས་དཔའ་བོ་དགེ་པེ་ལགས་ལ་མྱ་ངན་གུས་དུད་ཡོད་ལགས།
ཨོྂམཎི་པདྨེ་ཧཱུྂ། །
དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ།
བོད་རྒྱ་འོག་ཏུ་ཤོར་ནས་མི་ལོ་ ༥༣ འཁོར་བའི་ཉིན་དེར་མདོ་སྨད་ཀིརྟི་དགོན་གྱི་གྲྭ་དགེ་པེ་མཆོག་གི་བོད་མི་རིགས་ཀྱི་དཀའ་སྡུག་རྣམས་མ་བཟོད་ནས། མི་ལུས་རིན་ཆེན་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་བཏང་བ་བརྒྱུད་ལམ་ཁག་ནས་ཐོས་མ་ཐག་སྙིང་ལ་གྲི་བཙུགས་པ་ལྟར་སྡུག་བསྡལ་གྱིས་ཁེངས་ཤིང་། ལས་དབང་ལ་འཁང་ར་བྱེད་རྒྱུ་ཙམ་ལས་མ་འདས་སོ། སྐུ་ཞབས་དཔའ་བོ་ཁོང་གི་ཆེས་རླབས་ཆེན་གྱི་ལས་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སླར་ཡང་མི་ལུས་རིན་ཆེན་གངས་སྲིད་པའི་ཞིང་དུ་སྐྱེ་བའི་སྨོན་འདུན་ཞུ། ད་ནི་ཚོ་ཚང་མ་ཆིག་སྒྲིལ་གྱིས་དཔའ་བོ་དཔའ་མོ་ཁོང་རྣམས་པའི་ཡིད་ལ་འདོད་དོན་འགྲུབ་ཐུབ་པའི་དམ་བཅའ་རྡོ་ལ་རི་མོ་བྲིས་པ་ནང་བཞིན་བྱེད་རོགས་གནང་ཞེས་རེ་བ་སྙིང་ནས་ཞུ། ལྷག་དོན་ཀིརྟི་དགོན་གྱི་འབྲེལ་མཐུད་པ་རྣམ་གཉིས་ཀྱི་ད་ལྟ་བར་དུ་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་ལས་དོན་གནང་སོང་བས་སྙིང་ནས་བཀའ་དྲིན་ཞུ།
ཁྱི་ཕྲུག་གི་དེ་ལྟར་མ་གསུང་ཆོལ་ཁའི་ཕྱོགས་རིས་འདི་རྩོད་པའི་དུས་མ་རེད་ལྷག་ཏུ་སྲིད་སྐྱོང་གིས་མདོ་སྨད་ཚོ་ག་དུས་མཐོང་ཆུང་བྱས་སོང་ཁུང་ལོང་མེད་པའི་སྐད་ཆ་ཐབས་ཆག་མ་གསུང་། ལྷག་དུ་སྐུ་ཞབས་མདོ་སྔགས་ཀྱི་དྲིས་ལན་སྐབས་ཅུང་ཁྲོ་མཉམ་་དང་མ་གུས་པའ་ིཚིག་རེ་ཟུང་ཤོར་བ་བདེན་གཏམ་རེད་འོན་ཀྱང་། མི་སྐྱོན་མེད་འཛམ་བུ་གླིང་ན་མེད།། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། ཅེས་པའི་གཏམ་དཔེ་ལ་སོམ་དང་བར་སྐབས་རེ་ནོར་འཁྲུལ་ཅུང་ཡོང་བ་ཆོས་ཉིད་རེད།
ཁྱེད་ལ་ཆོལ་ཁའི་ན་ཚ་ཅུང་ཡོད་ས་རེད་ཆོལ་ཁའི་ན་ཚ་མ་སློང་རོགས་ཞུ་སེམས་པ་སྐྱོ་བོ་འདུག
ཁྱི་ཕྲུག སྤྲང་ཁྱི་གག་པ་མགོ་སྐྲང་གི་འཆི་རྒྱོས། ཁ་ཚུམས།