ཚེ་འབར།
༧ གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཤོག་གྲངས་༢༦༢ནས་༢༦༣ བར་”རྒྱ་མི་ཕྱིར་ལོག་དགོས། བོད་ནི་བོད་མིའི་ཡིན། ཟེར་བ་སོགས་སྐད་འབོད་བྱེད་པ་ངས་ཀྱང་གོ་ཐོས་བྱུང་”གསུངས་འདུག དེ་རིང་ནས་ཡར་བརྩིས་ཏེ་མི་ལོ་ངོ་དྲུག་ཅུའི་གོང་གི་དཔའ་བོ་ཁྲི་སྟོང་མང་པོའི་འབོད་སྒྲ་དེ་ག་རེ་ཡིན་པ་འདི་ནས་ང་ཚོས་གསལ་པོ་ཤེས་ཐུབ། རྒྱ་ཆེ་བའི་བོད་རིགས་མི་མང་གིས་དུས་དྲན་ཁྱད་པར་ཅན་དེ་ད་དུང་དྲན་པ་མ་བརྗེད་པའི་སྟེང་ནས། རྒྱ་མི་ཕྱིར་ལོག་དགོས་ཟེར་བའི་འབོད་སྒྲ་དེ་སྒྲོག་གིན་ཡོད་པ་རེད། ཡིན་ནའང་དེ་རིང་གློ་བུར་དུ་འབོད་སྒྲ་དེ་འགོག་ཐབས་བྱེད་མཁན་གྱི་བོད་མི་ཞིག་ཐོན་པ་དེ་ང་ཧང་སངས་བཅུག་སོང་། དེ་ད་དུང་གསུམ་བཅུའི་དུས་དྲན་ཉིན་མོ། དཔའ་བོ་ཁྲི་སྟོང་མང་པོའི་མངོན་འདོད་རྗེས་དྲན་གྱི་ཉིན་མོར། རྒྱ་མི་ཕྱིར་ལོག་དགོས་མ་ལབ་ཟེར་ན། ད་ང་ཚོ་ག་བར་བསླེབས་སོང་།
བཙན་བྱོལ་ནང་ལ་མི་འདིའི་རིགས་མང་དྲགས་པའི་རྐྱེན་གྱིས། ང་ཚོའི་ལས་འགུལ་ཉུང་དུ་སོང་བ་ཡིན་པ་འདྲ།ང་ཚོ་དོན་དམ་པའི་རང་དབང་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་ན། མི་མང་གི་གཏམ་བརྗོད་རང་དབང་འགོག་གཏན་ནས་མི་ཉན།རང་ཉིད་ལ་འདོད་པ་མེད་སོང་བ་ཞིག མི་མང་ལ་བྱེད་འཇུག་གི་མིན་ཟེར་ན། རྒྱ་དམར་གཞུང་ལ་སྐྱོན་འཛུགས་བྱེད་རྒྱུ་ཞིག་ལྷག་འདུག་གམ། རང་དབང་ལ་རྡོག་རུལ་གཏོང་མཁན་གྱི་མི་ཞིག་གིས། གཞན་གྱི་རང་དབང་སྤྲོད་ཀྱིན་མི་འདུག་ཟེར་ན་ངོ་མི་ཚའམ། ཉི་མ་ཞིག་ལ་༧ གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག་མ་ཟེར་མ་གཏོགས། རྒྱ་དམར་གཞུང་ལ་ཕོག་འགྲོ་གི་རེད་ཟེར་མི་ཡོང་བའི་ངེས་པ་མི་འདུག་སྙམ་ནས། སྐྱོ་སྣང་ཚད་མེད་ཞིག་སྐྱེས་བྱུང་། ༧ གོང་ས་མཆོག་ཁྲི་ལོ་བརྟན་པར་ཤོག་ཟེར་ནས་སྐད་འབོད་བྱས་ན། རྒྱ་ནག་དམར་གཞུང་ལ་ཕོག་གི་རེད། དེ་ཕོག་ནས་མ་ཟད་མི་མང་པོ་བཙོན་ལ་བཅུག་ཟིན་པ་རེད། དེ་དངོས་ཡོད་གནས་ཚུལ་རེད།
རྒྱ་ནག་དམར་གཞུང་གི་སེམས་ལ་འགྲོ་རྒྱུའི་འབོད་ཚིག་ཅིག་དགོས་ན། གོང་ཁྲན་ཏང་ཁྲི་ལོར་ཤོག་ཟེར་རྒྱུ་ལས་གང་ཡང་ཡོད་པ་མ་རེད། ང་ཚོའི་སྒྲོག་བཞིན་པའི་འབོད་ཚིག་གཅིག་ཀྱང་རྒྱ་ནག་དམར་གཞུང་གིས་ངོས་ལེན་མེད་པ་མ་ཟད་དམ་དྲག་ཀྱང་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་ཤེས་གསལ་རེད། གསུམ་བཅུའི་དུས་དྲན་ཉིན་མོར། ཅི་ཞིག་དྲན་དགོས་པ་ཙམ་ཡང་མ་ཤེས་ན། ཁྱེད་ཀྱིས་མ་མཐའི་རྒྱུ་རྐྱེན་ཙམ་ཡང་མ་ཤེས་པ་རེད། དེ་མ་ཤེས་ན་ཁྱོད་བོད་མི་རིགས་ལ་ཤ་ཚ་སྤུ་ཉག་ཙམ་ཞིག་མེད་པ་དེ་ཡང་གསལ་པོ་ཆགས་པ་རེད།
ངས་དེ་རིང་འདི་ནས་བོད་རང་བཙན་དང་ལམ་དབུ་མ་ཟེར་ནས་རྩོད་པ་རྩ་ནས་རྒྱག་གི་མེད། ཡིན་ན་ཡང་གསུམ་བཅུའི་དུས་དྲན་དེ།གསུམ་བཅུའི་དུས་དྲན་གྱི་ས་ནས་འཇོག་དགོས་པ་དང་། མི་མང་གི་སྐད་འབོད་ག་རེ་གནང་ན་རང་དབང་སྤྲོད་དགོས་པ་སྟེ། ང་ཚོ་རང་དབང་རྩོད་ལེན་པ་ཡོངས་ཀྱི་འོས་འགན་ཉག་གཅིག་ཏུ་མཐོང་།
ཕྱི་ལོ་༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་ཨོ་གླིང་གི་གྲོང་ཁྱེར་སྦིར་སུ་བྷན་ནས།
ཚོར་བ་ཙམ་གྱི་རང་བཙན་བོད་མི་ཡོད་དོ་ཅོག་ཡོད་རེད།
ད་ལྡ་བོད་ཀྱི་གནས་སྟངས་དང་འཛམ་གླིང་འགྱུར་འགྲོས་བལྟ་ན་རང་བཙན་ཇི་ལྟར་བསྒྲུབ་ཐུབ་བམ། ཐབས་ལམ་ཡིད་ན་གཅིག་ཤོད་རོགས། ཉན་བསྡད་ཡོད།
གལ་ཏེ་གཡུལ་ས་མདུན་མར་འབོད་ཚིགས་དེ་གྲགས་ཐུབ་ན་དོན་ངོ་མའི་བོད་ཀྱི་དཔའ་བོ་དང་གཟི་བརྗིད་རེད་སམ་འོན་ཀྱང་རང་དབང་ལུང་པར་དེ་ཙམ་གྱི་འཚོར་གནང་བྱུང་མྱོང་མེད་ལྷག་པར་དུ་མིང་གྲགས་ཀྱང་པའི་གོམ་འགྲོ་བ་དང་རང་བཙན་སྣས་འཁོར་བར་དེ་ཙམ་གཟི་བརྗིད་ཞིག་ལ་ངུས་འཛིན་ཐུབ་པའི་ངེས་པ་མི་འདུག་རྒྱུ་མཚན་ནི་ཡམ་ཚན་ཞིགས་ནས་ཞུས་ན་རང་བཙན་ཐབས་བཙོད་ཡུ་ལུང་གང་དུ་སོང་ཡང་རྒྱ་ནག་ཞུང་གི་དེ་ལ་་གནོད་ཤུགས་ག་དུས་ཡང་སྤྲད་མྱོང་མེད་
བོད་རང་བཙན་དང་། བོད་ནས་རྒྱ་མི་ཕྱིར་ལོག་དགོས་གཉིས་དང་པོ་ཨ་ཞང་དང་། གཉིས་དེའི་ཚོ་བོ་འདྲ་བོ་མི་འདུག་གམ། ལགས། རང་བཙན་སྐད་འབོད་མི་སྒེར་པས་བརྒྱབས་ན་འོས་ཀྱང་། ཚོགས་པ་དང་སྐྱིད་སྡུག་གིས་བརྒྱབས་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་བྱུས་དང་། ཐབས་ལམ་དག་ལས་ནི་འགལ་ལོ་སྙམ་མོ།།
རྒྱ་མི་ཡོད་ཚད་བོད་ཡུལ་ནས་ཕྱིར་ལོག་ཅིག་ཅེས་སྐད་འབོད་བྱས་ན། རྒྱ་མི་ཚང་མར་ཕོག་འགྲོ་གི་རེད། ང་ཚོར་རང་དབང་དགོས་ཟེར་ན་རྒྱ་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་སྲིད་པ་རེད། དེ་ལས་གལ་ཆེ་བ་ཞིག་ནི་ང་ཚོས་དངོས་གནས་བོད་ཡུལ་ན་སྡོད་བཞིན་པའི་རྒྱ་མི་ཚོ་ཕུད་ཐུབ་བམ་མི་ཐུབ་དེ་རེད། ནམ་ཡང་ཕུད་ཐུབ་རྒྱུ་མ་རེད། ལྷག་པར་དུ་བཙན་བྱོལ་གཞུང་གིས་བོད་རང་སྐྱོང་ཞིག་ལ་རེ་བ་རྒྱག་གི་ཡོད་པ་མཁྱེན་གསལ་རེད། །
བོད་ནང་གི་རྒྱ་མི་རྣམས་ཕྱིར་ཕུད་ཐུབ་ཅེས་ལོ་མང་སྔོན་ནས་ཚེ་དབང་རིག་འཛིན་གྱིས་༸གོང་ས་མཆོག་གི་སྐུ་མདུན་ནས་ཁས་ལངས་ཡོད་རེད། ཧུ་ཧུ། ད་ལྟའི་གནས་སྐབས་སུ་ང་ཚོར་ཁ་ཚ་དགོས་གཏུགས་ཀྱིས་ཆེས་མཁོ་གལ་ཆེ་བ་ནི་ཆིག་སྒྲིལ་གྱི་སྟོབས་ཤུགས་རེད། འོན་ཀྱང་། དེང་སྐབས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཁག་ཅིག་གིས་གཙོས་ཚོགས་པ་ཁག་གི་སྣེ་ཁྲིད་པ་ཡན་གྱིས་ཆིག་སྒྲིལ་གཏོར་གིན་འདུག། ལྷག་པར་དུ་བོད་རང་བཙན་རྩོད་མཁན་དག་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་སྤྱི་བསམ་ནས་རང་བཙན་རྩོད་ཀྱི་ཡོད་ན་ཐོག་མར་སྐད་འབོད་ཙམ་དང་གོམ་བགྲོད་ཙམ་ལས་ལུང་ཞེན་དང་ཆོལ་ཞེན་གྱི་འདུ་ཤེས་སྐྱུག་བྲོ་བོ་དག་འདོར་དགོས། འདི་ནི་བཤད་རྒྱུན་དུ་”རང་ཉིད་ནས་འགོ་བརྩམས་དགོས་”ཞེས་པ་དེ་རང་རེད། དེ་མིན་བོད་རང་བཙན་ལ་ལོས་དགའ་སྟེ། དེང་གི་རང་བཙན་ཁ་ལ་འཁྱེར་མཁན་དག་གིས་ནམ་རྒྱུན་སྤྱི་ཚོགས་ནང་དང་། ཐ་ན་གྲོས་ཚོགས་ནང་ཚུན་ཆད་དུ་ཕྱོགས་རིས་ཀྱི་ས་བོན་ག་ཚོད་འདེབས་ཀྱིན་འདུག། འདི་འདྲ་ཕྱོགས་རེས་ཀྱིས་སྨྱོ་གྲབ་ཡོད་མཁན་དག་གིས་བོད་རང་བཙན་ཁ་ལ་ཁྱེར་ན་སུས་སྣང་བར་འགྲོ་གི་རེད། གལ་ཏེ་རང་བཙན་ལ་དགའ་ནའང་སུས་མི་འདི་དག་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། དཔེར་ན། བསྟན་པ་ཡར་འཕེལ་མིང་ཅན་དང་། རྡོ་རྗེ་ཚེ་བརྟན་ཟེར་བ་འདྲ་བོ། སྒེར་ནད་ཁོག་བཅངས་ཀྱིས་རང་བཙན་ཁ་ལ་ཤར་མཁན་གྱི་གླུད་མཁར་བྱམས་ལྟ་བུ་སོགས་ཀྱིས་རང་བཙན་ཁར་ཤར་ནས་རང་དོན་སྒྲུབ་ན་སུ་འདི་དག་གི་རྗེས་སུ་འབྲངས་ཀྱི་རེད། བྱེད་ཙང་། རང་བཙན་ཞེས་པའི་སྐད་ཆ་སྙན་པོ་འདི་བཤད་མཁན་དག་གིས་དུས་རྒྱུན་གྱི་འཚོ་བའི་ནང་དུ་བོད་སྤྱི་ལ་བློ་དཀར་གཞུང་དྲང་ཡིན་མིན་གྱི་བྱ་སྤྱོད་དག་གིས་ཁོ་ཚོ་ཁ་ཞེ་གཉིས་མེད་ཀྱིས་བོད་སྤྱི་དོན་ལ་སེམས་ཤུགས་ག་འདྲ་ཡོད་མེད་སྤྱི་ཚོགས་ཀྱི་མེ་ལོང་ངོས་སུ་བཀྲམ་ཡོད་པས་བློ་གཟི་བོར་གནས་མཁན་ཞིག་ཡིན་ན་མང་པོ་བཤད་དགོས་མ་རེད། ང་ཚོ་རང་བཙན་ལ་ལོས་དགའ། ང་ཚོར་རང་བཙན་ལོས་དགོས་མོད། འོན་ཀྱང་། སྒེར་དོན་དང་ཆོལ་ཞེན་གྱི་བཟི་བའི་མི་འདི་དག་ཅན་པོའི་རྗེས་སུ་ནམ་ཡང་འབྲངས་མི་སྲིད་དོ།།
༄༅། དགོས་ཡ་ད་རང་བཙན་ལོས་དགོས། དགོས་རྒྱུ་སྤག་ལ་སྤག་ཁུ་ད་ར་དགོས་པ་རེད།
ཡིན་ཡང་ཁ་ནས་ཤ་སྟག་བཤད་དེ་དོན་དངོས་སུ་གང་ཡང་བྱེད་རྒྱུ་མེད་ན་ཁ་སྟོང་རང་རེད།
རང་བཙན་རྩོད་པ་ལ་དགོས་ངེས་ཅན་གསུམ་དགོས་པ་རེད།
དང་པོ་མི་འབོར་། གཉིས་པ་དཔལ་འབྱོར། གསུམ་པ་ཚོན་ཆ་རེད།
འདི་གསུམ་ང་ཚོར་ཡོད་མེད་བལྟ་དགོས་པ་གལ་ཆེན་པོ་རེད།
གར་ལྟར་འདི་ལོའི་སུམ་བཅུ་དུས་དྲན་ལ། རང་དབང་གི་སྐད་འབོད་འོག་ནས་་བོད་མི་ནང་ཁུལ་ལ་འཁྲུགས་རྩོད་ཤོར་ཡོད་ས་མ་རེད། འདི་གཏམ་བཟང་རེད། དབུ་མ་མ་ཐོབ་པའི་ཡལ་སྔོན་ནས་རང་བཙན་བློས་བཞག་པ་འདི་བོད་མི་ཕམ་ཁ་ཆེན་པོ་ཞིག་རེད། དབུ་མ་རང་ལག་ལ་ཐོས་པའི་ཉི་མོ་ནས་རང་བཙན་བློས་བཏང་བཞག་ན་བཤད་རྒྱུ་གང་ཡོད། ད་བཤད་ཇི་ལྟར་མཁས་ན་ཡང། བོད་མི་ལ་ཐོབ་རྒྱུ་ནི་ཀླད་ཀོར་ཞིག་དང་བར་ཐག་ཉེ་བོ་ལ་སླེབས་ཚར་འདུག