ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
ཀ་མེད་དཀའ་སྡུག་བོད་མིའི་ལས་དབང་།།
ཁ་བའི་ཡུལ་དེ་ཀླ་ཀློའི་འཕྲོག་ནས།།
ག་ས་ག་ལ་ངོ་རྒོལ་སྐད་འབོད།།
ང་ཚོ་བོད་མིའི་འཚེ་མེད་ཞི་བ།།
ཅ་ཅོ་མང་པོའི་དགོས་འདུན་འདྲ་མིན།།
ཆ་མེད་མི་རྣམས་ཐེ་ཚོམ་ཟས་སོང་།།
ཇ་ཆང་བསྲེས་ནས་འཐུང་བ་ཇི་བཞིན།།
ཉ་དང་ཉུང་མ་མཉམ་བསྲེས་མང་ནས།།
ལྟ་བ་ལངས་ཕྱོགས་འདི་ཡིན་མེད་ནས།།
ཐ་དད་གྱུར་པས་རང་བཙན་དབུ་མ།།
ད་ཆ་མི་རིགས་ས་གནས་རང་སྐྱོང་།།
ན་རྒས་འཆི་ཐུག་བོད་ཀྱི་རྩ་དོན།།
དཔའ་བོ་ཨ་འབྲུག་མགོན་བཀྲ་སོགས་ནས།།
ཕ་རོལ་དགྲ་ལ་ཁ་གཏད་གཅོག་ཕྱིར།།
བལ་ཡུལ་ས་མཚམས་དམག་སྒར་བཙུགས་ནས།།
མའོ་ཡི་དམར་དཔུང་སྐྲག་ཏུ་བཅུག་སོང་།།
རྩ་བ་རང་བཙན་ས་ཆའི་བདག་དབང་།།
ཚ་གྲང་འཚོར་ན་ཕ་ས་བུར་འཐོབ།།
ཛ་དྲག་བྱས་ནས་ལངས་ཕྱོགས་འགྱུར་སོང་།།
ཝ་ལེར་སོམས་དང་བོད་མིའི་འཐབ་རྩོད།།
ཞྭ་མོའི་ནང་གི་ཆབ་སྲིད་ཞྭ་ནག །
གཟའ་སྐར་ངན་པར་ཏང་གིས་སྐོན་འདུག །
འ་སྤྱང་འདྲ་བའི་ཆོས་མེད་ཀླ་ཀློས།།
ཡ་རབས་བོད་མི་འཐོམ་དུ་བཅུག་སོང་།།
ར་བ་གངས་རིར་ཀླ་ཀློས་ཁེངས་ཀྱང་།།
ལ་རྒྱ་བརྟན་པོས་ཕ་ས་མ་བརྗེད།།
ཤ་ཚ་ཡོད་ན་ཕ་ས་བརྩོད་དང་།།
ས་ཆའི་བདག་དབང་མི་རིགས་སྲོག་རྩ།།
ཧ་ཅང་གལ་ཆེན་གསུམ་དུས་ངོ་བོ།།
ཨ་གསར་དགོས་འདུན་བོད་དོན་མ་བརླག །
བོད་མིའི་མི་ནི།
དཀའ་ལས་མང་པོ་མྱང་པའི་མི། །
ཁ་བ་གངས་ཅན་པ་ཡི་མི། །
ག་དུས་ཡིན་ཡང་སྤྱི་སེམས་མི། །
ང་ཡང་སྤོབས་སེམས་ཡོད་པའི་མི། །
ཅ་ཅོ་མང་པོ་མེད་པའི་མི། །
ཆ་ལང་ཆི་ལང་མེད་པའི་མི། །
འཇམ་བདེར་སྡོད་ལ་དགའ་བའི་མི། །
ཉམས་མྱོང་མང་པོ་བསགས་པའི་མི། །
ཏ་ལའི་རྗེས་སུ་འབྲངས་པའི་མི། །
ཐ་དད་མི་སྡེས་དགའ་བའི་མི། །
ད་ལོ་གྱ་སྟོན་བཏང་བའི་མི། །
ན་ཚོད་རྒན་གཞོན་ཡོད་པའི་མི། །
པ་ཏྲའི་མཐུན་ལམ་ཡོད་པའི་མི། །
ཕ་ལམ་རྡོ་རྗེ་ལྟ་བུའི་མི། །
བ་ཕྱུགས་སྒོ་ཕྱུགས་དགའ་བའི་མི། །
མ་དང་སྲིང་མོར་བརྩི་བའི་མི། །
རྩ་ཆེན་ཆོས་ལ་བརྩི་བའི་མི། །
ཚ་གྲང་གདོང་ལེན་ཐུབ་པའི་མི། །
མཛའ་བཤེས་མཆམ་མཐུན་དགའ་བའི་མི། །
ཝ་སྐྱེས་སྡར་མར་དམོད་པའི་མི། །
ཞྭ་མདོག་མང་པོ་གྱོན་པའི་མི། །
ཟ་འཐུང་རན་པོར་སྤྱོད་པའི་མི། །
འ་ཆད་འུ་ལ་ཐུག་པའི་མི། །
ཡ་རབས་མི་གྲལ་ཚུད་པའི་མི། །
ར་ལུག་རྟ་ནོར་དགའ་བའི་མི། །
ལ་ཀླུང་མང་པོ་བརྒྱབ་པའི་མི། །
ཤ་ཆང་རྩམ་པར་དགའ་བའི་མི། །
ས་གཞི་ཡང་སྟེང་ཡོད་པའི་མི། །
ཧ་ཧ་ཧུ་ཧུས་དུས་འདའི་མི། །
ཨ་མ་ཨ་ཕས་བསྐྱངས་པའི་མི། །
རང་བཙན་ཡོད་དང་མེད་ཀྱི་བར་ལ།
ཡོད་མེད་མཐའ་བྲལ་དབུ་ལམ་བཙུགས་སོང།
ད་ནི་རང་བཙན་དབུ་ལམ་བར་ལ།
འགྲིག་ཐུན་བྱེད་པའི་དབུ་མའི་དབུ་ལམ།
མགྱོགས་མྱུར་གྲྭ་སྒྲིག་སྔོན་ནས་མེད་ན།
ཡོད་མེད་མཐའ་དབུས་བྲལ་བའི་སྟོང་པ།
ཉིད་དུ་མི་འབྱུང་ངེས་པ་མི་འདུག་
ད་ལོའི་སུམ་ཅུའི་དུས་དྲན་སྲུང་བརྩི།
ཤར་ནུབ་ཀུན་ཏུ་དབུ་ལམ་རྩོད་སོང།
ཨ་ཞང་རྒྱ་ནག་ཚང་གིས།
་ལྟད་མོ་ཐེངས་གཅིག་མཐོང་སོང།