མཁྱེན་ཡངས་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་རབ་གསལ་སོགས་ཁ་བརྡ་དྲ་རྒྱ་ནང་ཞུགས་མཁན་གྱི་གཞིས་བྱེས་བོད་ཀྱི་མཚན་ལྡན་རྩོམ་པ་པོ་རྣམ་པའི་སྙན་ལམ་དུ།
ཆེད་འབུལ། འཕགས་མཆོག་ཕྱག་ན་པདྨོ་ངུར་སྨིག་གར་གྱིས་རྣམ་པར་རོལ་བྋགོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ྋརྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ། ཨ་རིའི་གྲོས་ཚོགས་ནས་ཆེས་མཐོང་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཞུས་པར། རང་ཅག་གངས་ཅན་པ་རྣམས་ཀྱིས་དགའ་གུས་དང་རྗེས་སུ་ཡི་རང་མཚོན་ཆེད་སྔ་ལོ་ནས་བཟུང་ལོ་རེ་བཞིན་ལོ་དེབ་ གསེར་གྱི་གཟེངས་རྟགས་ཞེས་པའི་དེབ་ཅིག་འདི་ག་སེར་བྱེས་བཀའ་རམས་འཛིན་གྲྭའི་སློབ་གཉེར་བ་སྐོར་ཞིག་ནས་ཆེད་སྒྲིག་ཞུས་དང་ཞུ་བཞིན་ཡོད་པ་དགོངས་མངའ་བཞིན། ད་ལོར་སྔར་དང་མི་འདྲ་བར་སྙན་རྩོམ་ཚིགས་བཅད་གཅིག་པུ་མ་ཡིན་པར། ྋགོང་ས་མཆོག་གི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་དང་བཅས་པའི་མཛད་བརྒྱ་ཁག་ལས་འཕྲོས་པའི་དཔྱད་རྩོམ་གང་ལེགས་ཁ་ཤས་ཤིག་འདོན་འཆར་ལགས་ན། འདི་ག་རྩོམ་སྒྲིག་ཁང་གིས་རེ་སྐུལ་བྱེད་འོས་ཁག་ཅིག་བདམས་དོན་བཞིན་མཆོག་ཉིད་ཀྱིས་བརྗོད་གཞི་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་སུ་སླེབས་ནའང་གཏོང་ཡིག་ཙམ་ཡང་འབྲི་མི་ཤེས་པའི་རྒྱུ་རྐྱེན་འདི་འམ་ཡང་ན་རང་མོས་ལྟར་གོང་གསལ་ནང་དོན་དང་འབྲེལ་བའི་ཁ་བྱང་ཞིག་བཙལ་ཏར་དཔྱད་གླེང་ལྗགས་རྩོམ་ཤོག་ངེས་བཞི་ལས་མི་ཉུང་བ་ཞིག སྤྱི་ཟླ༥པ་མ་རྫོགས་ཚུན་འདི་ག་རྩོམ་སྒྲིག་ཁང་ལ་འབྱོར་ཐབས་ཀྱིས་ང་ཚོས་སྤྱི་སེམས་སྟོང་ཟད་སུ་མི་འགྲོ་བའི་སྐྱབས་འཇུག་མཁྱེན་ཀློང་ཆེན་པོར་བཞེས་གནང་ཡོད་པ་ཞུ་ཞུ།
གསེར་གྱི་གཟེངས་རྟགས་རྩོམ་སྒྲིག་ཁང་གིས།
ཕྱི་ལོ་༢༠༠༩ ༤ ༢༠ ཉིན་གུས་པས་ཕུལ།།
– SONAM DORJEE
– SERA JEY HOUSE NO5A P.O BYLAKUPPE-571104
– DISTTMYSORE (K.S)SOUTH INDIA E-majl..goidmedal2007@gmail.com
– Mobile; 98458220928 9741747922 990087733
ཡག་པོ་འདུག ཡིན་ནའང་”འདི་ག་རྩོམ་སྒྲིག་ཁང་གིས་རེ་སྐུལ་བྱེད་འོས་ཁག་ཅིག་་་་་་་་་་་་་་་་་་་་་ “དེ་ནས་མ་ཆི་ཞིག་བཤད་ཀྱིན་ཡོད་ནི་ཏག་ཏག་ཅིག་མི་ཤེས་གི་ཡ། དོན་དག་ཆུང་ཆུང་ལ་ཚིག་རིང་པོས་གང་འཐེན་ཐུབ་ཐུབ་བྱེད་གི་མོ
གསལ་བསྒྲགས་འདིའི་ཁ་བྱང་མཐོང་མ་ཐག་མིག་ལམ་ཧྲིལ་བོ་གསེར་གྱི་སོ་ཕག་རྐྱང་རྐྱང་གིས་ཁེངས་སོང་། ཡིན་ན་ཡང་དེའི་གཤམ་གྱི་ཡིག་འབྲུ་དེ་དག་བཀླགས་རྗེས་གསེར་ཐིགས་པ་གཅིག་ཀྱང་རེག་རྒྱུ་མེད་པ་དེ་ཤེས་སོང་། ཡིན་ན་ཡང་རང་རེའི་གཞོན་སྐྱེས་ཚོའི་ལང་ཚོ་གསེར་གྱི་རིན་ཐང་གིས་མི་ཁྱོགས་པ་དག་རེ་རེ་བཞིན་ཆུད་ཟོས་སུ་འགྲོ་བཞིན་པ་དང་། དེ་དང་མཉམ་དུ་གསེར་སྲང་སྟོང་གིས་མི་ཁུགས་པའི་དབྱངས་གསལ་སོ་བཞིའི་ལས་སྐལ་ལ་བསམས་ཏེ་རྩོམ་ཡིག་ཐེབས་ཆག་ཅིག་འབྲི་བའི་དམ་བཅའ་ཡང་འཇོག་དགོས་བྱུང་།
གྲོགས་པོ་ཀླུ་སྨྱོན་ལགས། རྩོམ་སྐུལ་འདི་བཞིན་རྒྱ་གར་ལྷོ་ཕྱོགས་ནས་ཕྲན་གྱིས་དགེ་ཕྲུག་ཅིག་དང་རོགས་པ་ཁ་ཤས་ཀྱིས་སྤེལ་བའི་དུས་དེབ་ཅིག་རེད། དེབ་དང་པོ་ཁ་སྔོན་ནས་བཏོན་ཚར་བ་རེད། གཉིས་པ་དེ་འདོན་འཆར་གྱི་རྩོམ་སྐུལ་ཡི་གེ་ཁག་འགར་གློག་ཀླད་ཐོག་ནས་ཕྲན་ལ་འབྱོར་བ་དང༌། དྲ་རྒྱ་འདིའི་ནང་ཞུགས་མཁན་ཚོར་སྟབས་བདེ་བར་བསམ་ནས། ཕྲན་གྱིས་གྲགས་ཅན་རྩོམ་པ་པོ་གཉིས྄་ཀྱིས་མིང་ནས་སྨྲས་ཏེ་དངོས་གཞི་མ་དཔེ་སོ་བཞག་གིས་དྲ་ཚིགས་འདིར་བཀོད་པ་ཡིན། ཉིད་ཀྱིས་འདིའི་ཐོག་ལྗགས་རྩོམ་གན་ང་རྒྱུ་ཐུགས་རྗེ་མ་ཆུང༌། ད་དུང་དུས་ཚོད་ཡོད་ན། མི་ཆོ་མེད་ཁ་སློག་སྟེ་དྲ་འཛིངས་བགོ་ནས་སྡོད་པ་ལས། བཙན་བྱོལ་ནང་གི་དུས་དེབ་ཁ་ཤས་ཐོག་གསེར་ལེབ་བཅུག་གིས་མི་ཁུག་པའི་རྩོམ་ཡིག་རེ་སྤེལ་ན་མི་ལེགས་སམ། ཨ་ད་དུང་ཉིས་ཀྱིས་ཕྲན་ལ་ད྄ིས་པའི་དྲ་ལས་མང་པོ་ཞིག་ལུས་བསྡད་ཡོད། ང་དུས་ཚོད་ཡོད་དུས་རྗེས་ནས་ལན་འབུལ་ལམ་ཞུ་ཆོག བེ་རི་འཇིགས་མེད་ཀྱིས།
སྤྱི་འཐུས་བེ་རི། མཛད་རྣམ་རྩོམ་སྒྲིག་པ་བེ་རི། རྩོམ་པ་པོ་བེ་རི། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བེ་རི། མིང་འདི་ཚོ་རྫིག་པ་ལ། ཡིག་ནོར་འདི་ཚོ་བཙོག་པ་ལ།
ད་བེ་རི་འཇིགས་མེད་འདི་རྒས་བཞིན་པའམ་རྒས་ཟིན་པ་འདྲ། སྔོན་ཆད་ཡིན་ན་བེ་རིས་ཡིག་ནོར་བྲིས་པ་ཅུང་ཉུང་ཡང༌། ད་ལོ་ཡིག་ནོར་མང་པོ་འབྲི་གིན་འདུག
གོང་གི་མཆན་བུ་ཆུང་ཆུང་འདིའི་ནང་དུ་ཡང་ཡིག་ནོར་གྲངས་ཀ་ལོང་བ་ཞིག་འདུག
སྤྱི་འཐུས་བེ་རི། མཛད་རྣམ་རྩོམ་སྒྲིག་པ་བེ་རི། རྩོམ་པ་པོ་བེ་རི། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བེ་རི། མིང་འདི་ཚོ་རྫིག་པ་ལ། ཡིག་ནོར་འདི་ཚོ་བཙོག་པ་ལ།
ད་བེ་རི་འཇིགས་མེད་འདི་རྒས་བཞིན་པའམ་རྒས་ཟིན་པ་འདྲ། སྔོན་ཆད་ཡིན་ན་བེ་རིས་ཡིག་ནོར་བྲིས་པ་ཅུང་ཉུང་ཡང༌། ད་ལོ་ཡིག་ནོར་མང་པོ་འབྲི་གིན་འདུག
གོང་གི་མཆན་བུ་ཆུང་ཆུང་འདིའི་ནང་དུ་ཡང་ཡིག་ནོར་གྲངས་ཀ་ལོང་བ་ཞིག་འདུག
བེ་རི་རིན་པོ་ཆེ།
ལྗགས་རྩོམ་དང་ལྕེ་རྩོམ་གཉིས་ཁྱད་པ་ག་རེ་ཡོད་དམ། གན་ང་རྒྱུ་ཟེར་ན་ཅི་ཟེར་རམ།། ངོ་མ་དྲིས་པ་ཡིན་པས་ལན་ཅིག་གནང་རོགས་ཞུ།།
གྲོགས་པོ། ལྗགས་རྩོམ་ནི་གསུང་རྩོམ་མམ་ཡང་ན་རྩོམ་ཡིག་གི་ཞེ་ས་ཡིན་རྒྱུ་ཨེ་རེད། ལྗགས་རྩོམ་ལ་ལྕེ་རྩོམ་ཟེར་བ་འཇིག་རྟེན་གྲགས་ཚོད་ལ་འདུག་མིན་གཟིགས་རོགས། དཔེར་ན། གསུང་འབུམ་ཟེར་བ་ལས་ངག་འབུམ་ཟེར་སྲོལ་ཡོད་མེད་འདུག་མིན་ཡང་གཟིགས་རོགས། གཞན་གོང་གི་གསར་བསྒྲགས་དེ་བཞིན་ཕྲན་གྱི་གློག་འཕྲིན་ཐོག་སླེབས་པ་དེར་མི་གཉིས་ཀྱི་མིང་གསར་དུ་བཅུག་པ་ཙམ་ལས་བཟོ་བཅོས་གང་ཡང་བྱས་མེད། དེ་ཡང་ལས་ཁུངས་ནང་དུས་ཚོད་ཅུང་ཟད་རེ་རག་མི་རག་བྱས་ནས་གཏོང་ཁུལ་བྱས་པ་ཡིན། ཡི་གེ་རེ་གཉིས་ནོར་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན། ལས་མེད་ཚོགས་པ་དང་རྭ་དུང་རུ་ཁག་ལའང་ཟུརདུ་ཞུ་མི་དགོས་པར་འདིར་མཉམ་དུ་དགོངས་དག་ཞུ་རྒྱུ་ཡིན།
དུས་ཚོད་ཉིན་མོའི་སྐར་མ་རེད༎
སེམས་ཤུགས་མར་མོའི་ཟླ་བ་རེད༎
ཕན་ཐོགས་མཁྲིས་པའི་མར་ཟོན་རེད༎
ད་ནི་ཁ་ཁར་སྡོད་ན་སྙམ༎ སརྦ་མངྒ་ལྃ།
ད་དུང་ཆོས་བརྒྱུད་ཀྱི་ཞབས་འདྲེན། གདན་སའི་ཞབས་འདྲེན།
འཁྲིག་པའི་ཡི་དྭགས་ཞེས་པའི་ཚིག་འདི་ནི་ཆུ་ངོགས་གཏམ་རྒྱུད་ནང་གི་བྱ་གླག་གཤོག་རྩལ་ཅན་ལི་དབྱང་གི་ཆུང་མ་དེ་དང་མིང་མི་དྲན་པའི་དགོན་པ་ཞིག་གི་གྲྭ་གཟུགས་གཉིས་འགབ་མཐུན་བྱེད་དུས་ཀྱི་བར་སྐབས་གསལ་བཤད་ཅིག་ཏུ་བྲིས་པའི་གྲྭ་པའི་སྐོར་དེར་ཡོད་བསམས། ད་དུང་ལྕགས་གཟན་མུག་མ་ཞེས་ཀྱང་བརྗོད་ཡོད་བསམས། རེད་རེད། གོང་གི་གསལ་བསྒྲགས་དེའི་ནང་དུ་ཡིག་ནོར་གལ་ཆེན་སྐོར་ཞིག་འདུག ཡིན་ན་ཡང་དེ་སུའི་ཡིག་ནོར་ཡིན་ད་དུང་ཤེས་མ་སོང་། ཡིག་ནོར་ཡིན་ན་འདིའི་ངོ་གཅིག་རྫོགས། ཤེས་ས་ནས་འཆོར་འགྲོ མི་ཤེས་ས་ནས་ལྷགས་འགྲོ
མཐར་ཕྱིན་ལགས་ཀྱིས་ཡིག་ནོར་གྱི་རིགས་ཐེར་འདོན་གནང་བར་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་ཁ་རྡུང་དེ་ཅིག་འཇིགས་ཀ ཚེ་ཕྱེད་གཞུང་ཆེན་ལ་སློབ་སྦྱོང་གིས་བསྐྱལ་བའི་ང་ཚོའི་དགེ་བཤེས་རྣམ་པ་ཚོ་ལ་སྲོག་རླུང་ཟེར་བ་ཞིག་ཡོད་པ་རེད་ཡ། དེ་སློང་རྒྱུ་མང་དྲགས་ན་སྐུ་རླུང་གིས་སྐུ་གཟུགས་རིལ་ན་ཡང་ཐང་། དེ་མིན་ཡིག་ནོར་གྱི་རིགས་འདི་ནི་མ་རིག་མ་མཐོང་ཁུལ་བྱས་ནས་འཇོག་རྒྱུ་ཞིག་རྩ་བ་ཉིད་ནས་མ་རེད།
ཁ་སང་གི་ཧྥ་རན་སིའི་སྐད་རིགས་མཁས་པ་དེས་ཀྱང་བརྗོད་སོང་། ཁེ་ན་སྒྲའི་ཧྥ་རིགས་ཚོས་ལམ་རྟགས་དང་སྒོ་བྱང་ལྟ་བུའི་རིགས་ཀྱི་ཡིག་ནོར་ལ་ཁ་རྡུང་དྲག་པོ་ལོ་མང་རིང་བཏང་རྗེས་ཁེ་ན་སྒྲའི་གཞུང་གིས་དེ་ཚོར་དོ་སྣང་གིས་དེང་སྐབས་ཡུལ་དེའི་ནང་གི་ཧྥ་ཡིག་གི་ཡིག་ནོར་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ཟེར། རྡ་ས་དང་ལྷ་ས། དེ་བཞིན་བོད་ས་ཡོངས་ཀྱི་ཚོང་ཁང་ཟ་ཁང་མགྲོན་ཁང་ཚེམས་ཁང་སོགས་ཀྱི་སྒོ་བྱང་གི་ཡིག་ནོར་འཇིགས་པོ་མི་སྙིང་ཆུང་གིས་མཐོང་རྗེས་དྲན་པ་དབང་མེད་དུ་འཐོར་ཞིང་སྐབས་རེར་གཤང་གཅི་ཡང་དོར་མའི་ནང་དུ་འཆོར་བའི་རིགས་ལ་བསམས་ན་ངོ་མ་སེམས་སྐྱ་མོ་ཐང་ལ་ལྷུང་གི་ཡ།
མཐར་ཕྱིན་ཡིན་ན་འདིས་ཡིག་ནོར་གླེང་བའི་ཞོར་དུ་སྒེར་ནད་དེ་འདྲ་ཡང་དྲུད་ཡོང་གིན་འདུག་ག ད་ཡིན་ན་འདིའི་གྲངས་ཀྱི་ངོ་གཅིག་རྫོགས། ཁྱོད་གྲངས་འདི་ངོ་མི་རིག་ས་ཞིག་ལ་བུད་སོང་ན་དགའ་བ་ལ།
མཁྱེན་ཡངས་སྐུ་སྨྱོན་ལགས་ལ་ཞུ་རྒྱུར།XXXXXX
ཟླ་བ་ཟེར་བ་ཁྱོད་ཀྱིས་སྒེར་ནད་དེ་འདྲ་ཡང་དྲུད་ཡོང་གིན་འདུག་ཟེར་དོན་ཅི་ཡིན་ནམ། XXXXX ངས་དེ་རིང་མི་དྲན་ནི་མ་གཏོགས་ཁར་ཉིན་ཞིག་ལ་ཁྱོད་ཀྱིས་ཀྱང་མི་ཞིག་ལ་སྡུག་རུ་ངན་ཚད་བཤད་ཀྱི་ཡོད་པ། དེ་ཡང་སྒེར་ནད་ཨེ་ཡིན། ངས་ནམ་ཡིན་རུང་མི་སུ་ཞིག་གིས་ཁ་གཅིག་གྲག་ན་སོ་བ་དང་། ཉུལ་མ། དོལ་ཕྲུག སྒེར་ནད་ཟེར་ནས་ཁ་ལ་བྱང་སྡོད་མཁན་ཁྱོད་ཚོའི་གྲས་ཀྱི་ངོ་གཅིག་རྫོགས་ན་བསམ་གྱི་ཡོད། དེར་བརྟེན་ངོ་རྫོགས་དགོས་ན་ཁྱོའི་ངོ་གཅིག་རྫོགས། ཁྱོད་གྲངས་འདི་ངོ་མི་རིག་ས་ཞིག་ལ་བུད་སོང་ན་དགའ་བ་ལ།
དྲ་དཔོན་ལགས།
མཐར་ཕྱིན་ལགས་ཀྱི་མཆན་བུ་དེ་གསུབ་རོགས་གནང་།
དུས་བབ་ཚང་གིས་འགོ་བཙུགས་ནས་མི་སྒེར་བ་ལ་ཚིག་མཚོན་འདེབས་པ་དང་དམོད་པ་སོགས་ཀྱི་མཆན་བུ་དག་སུབ་ཀྱིན་འདུག་ལགསུབ་ཀྱི་ཡིན་ལབ་ནས་གསལ་བསྒྲགས་ཀྱང་སྤེལ་སོང་།
ཁ་བརྡས་ཀྱང་རེ་སྐུལ་ཐེངས་ཁ་ཤས་ལ་སྤེལ་སོང་མོད། ད་དུང་ཡང་མཆན་བུ་འདིའི་རིགས་རྒྱུན་མ་ཆད་པར་ཡོང་གི་འདུག
ཁ་བརྡས་ཀྱང་རེ་སྐུལ་ཞུས་བ་བཞིན་ལག་ལེན་ལ་ཡང་འདེབས་ཐུབ་ན་ཧ་ཅང་ཡག་གི། དེ་ཙམ་ཞུ།
སྐུ་ཞབས་བེ་རིས་ཀྱང་རང་གཞན་གྱི་ཡིག་ནོར་གྱི་རིགས་ལ་ཐུགས་གཟབ་གནང་གལ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །གསུངས་མི་འདུག་གམ།
གདན་སའི་དགེ་བཤེས་རྣམ་པར་སུམ་རྟགས་ཀྱི་མུ་གེ་བྱུང་དང་འབྱུང་བཞིན་པ་ཡོངས་གྲགས་ཡིན་ན་ཡང་སྐུ་ཞབས་བེ་རུ་ལགས་ལྟར་མིན་པར་མཁྱེན་རྒྱ་ཡངས་པ་ཞིག་ཏུ་ཆ་འཇོག་བྱེད་བཞིན་ཡོད་པས། འདིའི་ཕྱོགས་ནས་ན་གཞོན་དག་གི་བློ་ཕམ་མི་འདྲེན་པའི་སྙན་སྐུལ་ཞིག་ཞུ་བ་ལགས།
བེ་རི་གོང་ཆེན་པོ།
གཟིགས་དང་། ངས་ཁྱེད་རང་ལ་རིན་པོ་ཆེ་ཞེས་ཞུས་པའི་ཚབ་ལ་གོང་ཆེན་པོ་ཞུས་ཡོད་དོ། རྒྱུ་མཚན་ནི་བོད་སྐད་ཤེས་མཁན་ཞིག་ཡིན་ན་གོང་ཆེན་པོའི་དོན་ཅི་ཡིན་ཏན་ཏན་ཤེས་ཀྱི་རེད་བསམ་གྱི་འདུག
གཞན་ཡང་། གལ་སྲིད་ང་རྗེ་ཙོང་ཁ་པ་ཡིན་ན་ངས་ “ཁོ་རེ། བེ་རི་ཁྱོད་ཀྱིས་ངའི་བཤད་རྩོམ་དང་ངག་འབུམ་དེ་དག་ལ་བལྟ་རྒྱུ་བྱུང་སོང་ངས་ཀེ” ཟེར་བ་ལ། ཁྱེད་ཀྱིས་ “ལ་ལུག ལ་ལུག ལགས། ལགས། ཁོ་བོས་བདག་ཉིད་ཆེན་པོ་མཆོག་གི་ལྗགས་རྩོམ་དང་གསུང་འབུམ་ལ་སྐོར་ར་ཐེངས་གསུམ་ཞུས་པ་ཡིན” ཟེར་དགོས་པ་རེད་པས།
ངས་ཞེ་ཚིག་སྦྱོང་གིན་ཡོད་པས་ནོར་བར་ཐེར་འདོན་གནང་སྐྱོང་ཡོང་བའི་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུས་ཀྱིན་ཡོད་།།
གསེར་གྱི་གཟེངས་རྟགས་ཀྱི་རྩོམ་ཡིག་གསལ་བརྟ་་ཚོགས་པས་་མཁས་དབང་ཚོར་ལྗགས་རྩོམ་གནང་རྒྱུར་རེ་བསྐུལ་གནང་བ་ལ་དགེ་རྩར་མཐོང་ཡང་མཐར་ཕྱིན་ལགས་ཀྱི་མཁྲིས་པར་བསྙུན་གཞི་བཟོས་པ་སྡིག་ཉེས་ཆེ།
བེ་རེ་འཇིགས་མེད་ལྟ་བུས་ནམ་རྒྱུན་རང་ཉིད་རང་གིས་ཁྱབ་བསྒྲགས་འད་བྱེད་པར་ངན་གོམས་སུ་སོང་ཡོད་པ་རེད། མཆན་བུའི་འགོ་བཙུགས་མ་ཐག་ངའི་དགེ་ཅིག་དང་ཞེས་ཟེར་བ་ལས་ཀྱང་ཤེས་མི་ཐུབ་བམ། སྐབས་འདིར་ངའི་ཟེར་དགོས་དོན་མི་འདུག་གཱ་ ད་དུང་བོད་གཞུང་ཤེས་རིག་གི་ཤེས་རིག་ལོ་དེབ་དུའང་རང་ཉིད་ཁྱབ་བསྒྲགས་གང་འདྲ་བྱས་མི་འདུག་གམ། དངོས་རྩོམ་པ་པོ་ཡིན་རུང་བྱེད་སྟངས་ཁྱད་མཚར་རེད་ཡ།
ད་དུང་བེ་རི་ལགས། ཁྱེད་ཀྱི་འཕགས་བོད་ཆོས་འབྱུང་ལོ་རྒྱུས་དེབ་རྒན་དེ་ན། བོད་ཅེས་པའི་ཐ་སྙད་སྐོར་བཤད། བོད་ཀྱི་མཁས་བླུན་སུས་མ་ཤེས་པའི་ལོ་རྒྱུས་ཡིག་ཆ་ཞིག་རྒྱ་གར་མ་ན་ལི་ནས་ལག་སོན་དང༌། དེར་རོ་ཐང་ལ་བརྒྱུད་དེ་བོད་ཀྱི་ས་ཐོག་ཏུ་སོང་ནས་གཞི་བཅས་པས་བོད་ཅེས་ཟེར་སྐོར་བཀོད་ཡོད་པའི་ལོ་རྒྱུས་ཡིག་ཆ་དེའི་མིང་དང་སུ་ཞིག་གིས་དུས་རབས་ནམ་ཞིག་ལ་བརྩམས་པ་ཁ་གསལ་ཞིག་གསུང་ན་ཆོག་གམ། བེ་རི་མཁས་པ་ཆེན་པོ་ལགས།(ཁྱོད་ཀྱི་ཚིག་རིས་ཇི་བཞིན་མིན།)
གྲོགས་པོ་ལགས། རྩོམ་ཡིག་དེ་ཝཱ་ཎ་ནས་ཐོན་པའི་གངས་རྒྱུན་འདོན་ཐེངས་དང་པོའི་ཐོག་འདུག རྩོམ་པ་པོ་སེམས་དཔའ་རྡོ་རྗེ་ཡིན་སྙམ་པ་ཡོད། ཁོང་གིས་ཁུངས་གཏུགས་ས་དེ་ཧིན་དི་དཔེ་དེབ་ཅིག་རེད་འདུག ད་ལྟར་དེབ་དེ་ངའི་ལག་ཏུ་མད། ཟླ་བ་རྗེས་མར་ང་ཝཱ་ཎར་ཡོད། དེ་དུས་ཚིག་རིས་ཆ་ཚང་ཕུལ་ཐུབ་ཀྱི་རེད།
གྲོགས་པོ་ཚོ། བེ་རི་འཇིགས་མེད་ལ་ཁ་དེ་འདྲ་མ་གཏོང་། ཁོང་མཉམ་ཆུང་རེད་དཱ།
བེ་རི་འཇིགས་མེད་ཀྱིས་ཡིག་ནོར་ཧ་ཅང་མང་པོ་བྲི་གི་ཡོད་པ་གསལ་པོ་རེད་དེ། ཁོས་དགེ་ལུགས་པ་དང་དགོན་པའི་ཞབས་འདྲེན་གང་ཞུ་ཡོད་རྒྱུ་མ་རེད།
སྙན་རྩོམ་ནང་ཚིག་རྗེན་པ་དེ་འདྲ་བྲིས་ཀྱི་འདུག་པ་དེ་ཚོ་ཁོང་རང་ངོ་ཚ་ཡི་མེད་ན་འགྲིགས་ཀྱི་ཡོད་རེད་སྙམ།
མ་གཞི་བོད་མཁས་པ་སོགས་ཀྱི་བཅོག་པ་ཞེ་པོ་ཅིག་བྲིས་འདུག་ག།
བེ་རི་འཇིགས་མེད་རྒས་པ་མིན་ན་ཡང་།།
སྣང་བ་སྐྱིད་པས་ཡིག་ནོར་གང་སར་བྲིས།
འོན་ཀྱང་སྐབས་རེ་ལོ་གྲངས་ཡུལ་མིང་སོགས།
དོན་ལ་འཁྲུག་དུས་ཅུང་ཟད་ངོ་རེ་སྐྱེངས།