ཤར་ཕྱོགས་ཁུག་རྟ།
རྒས་ན་ཚེ་ཐག་རིང་ས།།
གངས་ཅན་གཡང་གི་ཕ་ས།།
ཚེ་རིང་གསེར་གྱི་གྱ་སྟོན།།
གངས་ཅན་བོད་ལ་ཚེས་སོང།།
བླ་མ་ཉི་མ་རང་བྱོན།།
བོད་མིའི་སེམས་ལ་ཤར་སོང།།
གྱ་སྟོན་གསེར་གྱི་འོད་ཟེར།།
གཞོན་པའི་མདངས་ཀྱིས་ཚེས་སོང།།
གྱ་སྟོན་བསིལ་ཟེར་ཟླ་བས།།
འཇིག་རྟེན་མིག་ཆུས་བརླན་སོང།།
གྱ་སྟོན་དགོས་འདོད་ཀུན་འབྱུང།།
གཟི་བྱིན་ལྷམ་མེར་བཞུགས་རོགས།།