ཤར་ཕྱོགས་ཁུག་རྟ།
བཙན་པོ་མེས་དབོན་རྣམ་གསུམ།།
སྐད་གྲགས་ས་ལ་ཆགས་ཀྱང།།
ང་ཡི་༧ཡིད་བཞིན་ནོར་བུ།།
ས་ལ་ཤོང་ཐབས་མ་བྱུང།།
ཡིད་བཞིན་ནོར་བུ། བཙན་པོའི་ཆོས་སྲིད་གནམ་མཐར་སྤེལ་སོང།
ཡིད་བཞིན་ནོར་བུ། བཙན་པོའི་བཙན་པོ་ཁྱེད་ཉིད་བཞེངས་སོང།
སྡེ་གཟར་ནང་འཁྲུག་རིང་པོས།།
དབུ་འཕང་ས་ལ་གཏོར་ཡང།།
ང་ཡི་༧ཡིད་བཞིན་ནོར་བུས།།
མི་འཇིགས་རྡོ་རིང་བསླངས་སོང། །
ཡིད་བཞིན་ནོར་བུ། ལོ་རྒྱུས་གསེར་ལ་ཁྱེད་ཀྱིས་བསྒྱུར་སོང།།
ཡིད་བཞིན་ནོར་བུ། གས་འཐོར་ལོ་ཟླ་ཁྱེད་ཀྱིས་བསུབས་སོང།།
མི་ལོ་སྟོང་གི་མཛད་རྗེས།།
ལོ་ངོ་བརྒྱད་ཅུར་གནང་བའི།།
ང་ཡི་༧ཡིད་བཞིན་ནོར་བུའི།།
གསེར་གྱི་གྱ་སྟོན་བསུའོ།།
ཡིད་བཞིན་ནོར་བུ། བརྒྱད་ཅུ་གཞོན་པའི་མདངས་ཀྱིས་ཚེས་སོང།།
ཡིད་བཞིན་ནོར་བུ། བརྒྱ་དང་བཅུ་གསུམ་ཉམས་ཀྱིས་བཞད་ཤོག།།
མི་འཇིག་ཅེས་འབྲི་དགོས།
སྐབས་འདིར་་་འཇིགས་་་ཞེས་བྲིས་ན་དོན་ལ་འབྱོར།
ངས་ནི་ཀླུ་སྨྱོན་བདེན་པ་མཐོང་སོང་། གང་ཡིན་ཟེར་ན། རྡོ་རིང་རྡོ་ལས་བཟོས་པ་མི་འཇིག་པའི་ཆེ་དུ་ཡིན་པ་ལས། གཞན་ལ་འཇིགས་སྣང་སྐྱེ་ཕྱིར་བཟོས་པ་མིན་པའི་ཕྱིར་རོ།།
བྲིས་ནོ་སྟོབས་ཀི གཞས་ཚིག་ཟེར་ནོ་རེད།
དབུ་འཕང་ས་ལ་གཏོར་ཡང།། ཞེས་པའི་ཚིག་འདི་ཡག་པོ་རང་མི་འདུག ། བོད་གངས་ཅན་པས་ད་དུང་ཡང་༧གོང་ས་མཆོག་དབུ་ཁྲིད་དུ་ཁས་ལེན་བཞིན་པའོ།
ཀླུ་སྨྱོན་གི་བསམ་ཚུལ་དེ་ངས་ཀྱང་བསམ་བློ་སྔོན་དུ་བཏང་ཟིན། དངོས་པོའི་གཤིས་ཁོ་རང་སྐྱེ་འཇིག་གི་རྣམ་པར་གྲུབ་ཡོད་ཙང། སྲ་མཁྲེགས་རྡོ་ཡིན་ཡང་འཇིག་པའི་དུས་ཡོད་པ་ཞུ་མ་དགོས་པས། འདིར་གཤིས་ཀ་དེ་ལས་བརྒལ་བའི་སེམས་ཚོར་རྦད་དེ་རྒྱ་ཡན་དུ་གཏོང་བ་དེ་རིགས་ཅུང་ནང་དུ་བསྐུམས་ཡོད་པའི་ཁུལ་རེད། དེ་ནས་སྐབས་བབ་འཇིགས་ས་མཐའ་ཅན་བྲིས་པ་དེ་༧གོང་ས་མཆོག་བོད་སྐྱོབ་མཛད་དཀའི་ཁྲོད་ཐོག་མར་ཞུགས་པ་ནས། མི་འཇིགས་སྙིང་སྟོབས་ཆེན་པོའི་ཐུགས་འདུན་ཀྱིས་དྲངས་ཏེ་ཕེབས་ཡོད་པ་ཞིབ་ཞུ་མ་དགོས་པ་གསལ་བོ་རེད་ལ། ཁ་གཏད་དེ་འདྲ་ཞིག་གི་སྡུག་རྩུབ་འོག་ཕྱོགས་གང་ནས་བལྟས་ཀྱང་རེ་བ་བྲལ་བའི་བོད་ཀྱི་དབུ་ཁྲིད་འཇིགས་ཞུམ་བྲལ་བའི་ངང་གནང་སྟེ། འཛམ་གླིང་ཧྲིལ་བོའི་སྟེང་དེང་སང་བོད་ཅེས་པ་རྡོ་ལ་བྲིས་ཏེ་མཚན་སྙན་རྣམ་པར་རྒྱལ་བ་ཐོབ་ཡོད་པ་གནད་འགག་ཡིན་ཙང་འཇིགས་ས་མཐའ་ཅན་བྲིས་པ་ཡིན་ལ། ཆོས་ཕྱོགས་ནས་ཀྱང་༧འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྙིང་སྟོབས་དང་བརྩོན་འགྲུས་བསྐྱེད་ཅིག་ཅེས་ལྔ་དགུའི་ཟ་ང་ཟིང་ངེ་མ་ལངས་གོང་ལྷ་ས་ནས་མཚན་ལམ་དུ་ལུང་བསྟན་ཡོད་པ་སོགས་གཞིགས་ནས། ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་༧ཕྱག་སྟོང་སྤྱན་སྟོང་ཞལ་བོད་དུ་ཕྱོགས་པ་དེ་བཞེངས་པ་སོགས་ཀྱི་བྱུང་རབས་ལ་གཞི་བྱས་ཏེ་དེ་བས་ཀྱང་འཇིགས་དེ་ས་མཐའ་ཅན་དུ་བྲིས་པ་ཡིན་ལགས།།
ལྔ་དགུའི་ཟ་ང་ཟིང་་་་་་་་་ ང་དགུའི་ཟང་ཟིང་རེད། བྱ་ཁུག་རྟ་ཁོ་རེ།
ལྔ་དགུའི་ཟ་ང་ཟིང་་་་་་་་་ མ་རེད། ང་དགུའི་ཟ་ང་ཟིང་རེད། བྱ་ཁུག་རྟ་ཁོ་རེ།
རིགས་གསུམ་མགོན་པོའི་རྣམ་འཕྲུལ། །
ཆོས་རྒྱལ་མེས་དབོན་རྣམ་གསུམ། །
ཆོས་རྒྱལ་མེས་དབོན་རྣམ་སྤྲུལ། །
༸གོང་ས་ཡིད་བཞིན་ནོར་བུའི། །
བརྒྱད་ཅུའི་གྱ་སྟོན་ངོམས་ཤོག །