བོང་སྟག་རི་ལུ།
རྒྱལ་བ་བསྟན་འཛིན་རྒྱ་མཆོག་ནི།།
སེར་པོ་གསེར་གྱི་ཉི་མ་ཡིན་སོང༌།།
སེར་པོ་གསེར་གྱི་ཟེགས་མ་རེ་རེས།།
རིས་མེད་འཛམ་གླིང་འོད་ཀྱིས་ཁྱབ་སོང༌།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི།།
ཆོལ་གསུམ་བོད་མིའི་སྙིང་ནོར་ཡིན་སོང༌།།
སྙིང་གི་ནོར་བུ་གམ་ན་མེད་པས།།
ཡ་ཆུང་སེམས་ལ་གས་ཆག་ཤོར་སོང༌།།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི།།
གངས་ཅན་བོད་མིའི་སྐྱབས་མགོན་ཡིན་སོང༌།།
ལུས་ངག་ཡིད་གསུམ་ཁོང་ལ་གཏད་ནས།།
ཤ་རུས་ཁྲག་གསུམ་བོད་ལ་འབུལ་འདོད།།