བྱམས་པ་ལྷུན་གྲུབ་ཀྱིས།
ཨ་རི་ནང་ཧྥོཊ་ནོཀས(Fort Knox) ཞེས་པའི་བང་མཛོད་ཅིག་ཡོད་ཅིང་། བང་མཛོད་དེ་ཡོད་སའི་གནས་དེ་སྤྱི་ལོ་༡༩༣༢ གོང་ལ་ཨ་རིའི་དམག་སྦྱོང་བྱེད་ས་དང་། དམག་གི་གོ་མཚོན་བཞག་སའི་ལྟེ་གནས་ཤིག་ཡིན་འདུག འོན་ཀྱང་། དམག་ཆེན་དང་པོའི་རྗེས་སུ་ཨ་རི་གཞུང་གིས་དམག་ཆེན་གཉིས་པ་ཤོར་ན། རྒྱུ་ནོར་ལ་གཏོར་བཅོམ་ཐེབས་པའི་ཉེན་ཚབས་ཆེན་པོ་ཡོད་པའི་སྔོན་དཔག་བྱས་ཏེ། སྤྱི་ལོ་༡༩༣༢ ལོར་རྒྱུ་ནོར་སྲུང་སྐྱོབ་ཆེད་གནས་དེར་ཧྥོཊ་ནོཀས་ཞེས་པའི་བང་མཛོད་དེ་བཞེངས་འདུག
དམག་ཆེན་གཉིས་པ་མ་ཤོར་བའི་ལོ་གཉིས་གོང་སྟེ། སྤྱི་ལོ་ ༡༩༣༧ ལོར་ཨ་རི་གཞུང་གིས་རྒྱལ་ནང་གི་ཕྱོགས་གང་སར་ཡོད་པའི་གསེེར་རྣམས་ཕྱོགས་བསྡུས་དང་དབོར་འདྲེན་བྱས་ཏེ་བང་མཛོད་འདིའི་ནང་སྲུང་འཇོག་གནང་འདུག དེ་ཡང་བང་མཛོད་འདིའི་ནང་གསེར་ཁྱོན་སྤྱི་རྒྱ་འབུམ་ ༤༡ ཙམ་ཡོད་འདུག་ལ། གསེར་འབོར་དེའི་རིན་ཐང་ཨ་སྒོར་ལ་རྩིས་ན། རྩིས་འཁོར་ནང་ལ་ཡང་རྩིས་དཀའ་བ་ཡོད་ཚོད་རེད་ཟེར།
བང་མཛོད་འདི་ནི། འཛམ་གླིང་ནང་གི་བང་མཛོད་གྲགས་ཆེ་ཤོས་དེ་ཡིན་ཞིང་། ཨ་རིའི་རྒྱུ་ནོར་གྱི་བང་མཛོད་ལྟེ་བ་དེ་ཡིན་པས། བང་མཛོད་ཡོད་སའི་གནས་འདི་ཡང་འཛམ་གླིང་ནང་གི་སྲུང་སྐྱོབ་དམ་ཤོས་ཀྱི་ས་གནས་དེ་ཡིན་པར་གྲགས།
བང་མཛོད་ཀྱི་སྒོའི་ལྗིད་ཚད་ཊན་༢༢(22tons)སམ་སྤྱི་རྒྱ་ ༡༩༩༥༩·༠༦༠ ཙམ་ཡོད་འདུག་ལ། སྒོ་ལྕགས་ཀྱི་གསང་ཨང་ཧ་ཅང་བརྟན་ལ། ཕྱི་ནང་གང་སར་སྲུང་དམག་མང་བ། གློག་རེག་ལྕགས་རིས་བསྐོར་བ། བརྙན་མིག་གི་སོ་སྲུང་། གནམ་གྲུ་དང་འཕྲུལ་མདེལ་གྱིས་སྲུང་བ་སོགས་སྲུང་སྐྱོབ་ཧ་ཅང་དམ་བརྟན་བཟོས་ཡོད་འདུག མ་ཟད་ད་དུང་བང་མཛོད་འདིའི་ནང་། ཨ་རིའི་རང་བཙན་བསྒྲགས་གཏམ་གྱི་མ་ཡིག་དང་། རྩ་ཁྲིམས་ཀྱི་མ་ཡིག ཡེ་ཤུའི་གསུང་རབས་སོགས་གལ་ཆེའི་ཡིག་ཆ་མང་པོ་ཞིག་ཀྱང་སྲུང་ཉར་གནང་ཡོད་འདུག
< ང་ཚོས་བང་མཛོད་འདིའི་རིན་ཐང་ལ་བལྟས་ན། ཨ་རི་རྒྱལ་ཁབ་ལ་རྒྱལ་ཁབ་གཞན་གང་གིས་འགྲན་དུ་མི་བཟོད་པའི་སྟོབས་འབྱོར་ཇི་ཙམ་ཡོད་པ་ཤེས་ཐུབ་ལ། རྒྱལ་ཁབ་འདིའི་མི་རྣམས་ལ་ཕུགས་བསམ་དང་གྲ་སྒྲིག་གི་རྣམ་དཔྱོད་ཇི་ཙམ་ཡོད་པ་ཡང་ཚོད་དཔག་ཐུབ་ངེས་རེད། མ་ཟད་འདི་དག་ལས་རྒྱབ་ཁབ་འདི་ཉིད་འཛམ་གླིང་ནང་གི་རིག་རྩལ་དང་སྟོབས་འབྱོར་མངའ་ཐང་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པའི་རྒྱུ་རྐྱེན་རྣམས་ཀྱང་ཇི་ལྟར་ཡིན་པ་རིགས་པས་རགས་ཙམ་དཔག་ནུས་པ་འདུག་སྙམ།>
(བྱམས་པ་ལྷུན་གྲུབ་ཀྱིས་རྒྱ་གར་News24 ཞེས་པའི་ཧིན་སྐད་གསར་ཁང་གི་གསར་འགྱུར་ལེ་ཚན་འདི་ཉན་རྗེས། སྙིང་དོན་བོད་སྒྱུར་ཞུས།)
བང་མཛོད་ནི་ཨ་རི་ཙམ་མ་རེད་དུས་སྔ་མོའི་སྐབས་སུ་རྒྱལ་ཁབ་
ལ་གསེར་དངུལ་གྱི་བང་མཛོད་དཀར་བཅུག་རྒྱབ་ནས་འཇོག་རྒྱུ་དང་
མི་མང་དང་མི་དམངས་འཕྲོད་ཁྱིམ་ཚང་སོ་སོར་རྒྱུ་ནོར་ཀམ་ཟས་འབྲུ་རིགས་སོགས་བང་མཛོད་རྒྱབ་ནས་ས་འོག་ཟུར་འཇོག་བྱེད་པ་སོགས་
དུས་སྔ་མོའི་ལམ་ལུགས་ཡོད་པ་བཞིན་བོད་ས་མ་ཤོར་གོང་བོད་བྱང་འབྲོག་ཁུལ་དུ་འབྲུ་རིགས་དང་ཤ་མར་སོགས་ས་འོག་བང་མཛོད་ནང་བཞག་ནས་དུས་ངན་དམག་འཁྲུགས་དང་གངས་རག་སོགས་འབྱུང་བའི་གནོད་འཚེ་སོགས་ལས་སྐྱོབས་ཐབས་སུ་དམིགས་པ་ནས་མཐའ་འཇུག་འཇིག་རྟེན་འདི་འཇིག་པའི་ཉིན་མོ་ནས་ཐམས་ཅད་ས་འོག་འགྲོ་རྒྱུ་ལས་ངས་བསག་པ་དང་ངས་འབད་པ་ཟེར་བའི་ཉི་མ་དེ་ནས་འཇུག་བསྡུ་རྒྱུ་ཡིན་ན་ཨ་རིའི་གསེར་གྱི་བང་མཛོད་ཡང་ལམ་དེ་ལས་འགྲོ་ས་མེད་པ་ངས་ཐག་གཅོད་ཐུབ།ཧཧཧ
༄༅། བྱམས་པ་ལྷུན་གྲུབ་ལགས་ནས་དཔེ་ཡག་པོ་བྲིས་རྩོམ་གནང་འདུག་པ་་་ཐུགས་རྗེ་ཆེ།
གཞུང་པ་ཚེ་དབང་། གོ་ནོར་མ་ཐེབས་ཡག་པོ་ཀློག་ཨ།
དེ་ཨ་རི་གཅིག་པུ་རེད་ལབ་མི་འདུག་བ། ཨ་རི་དེ་རྒྱལ་ཁབ་གཞན་སུས་འགྲན་ཐུབ་ཀྱི་ནེད་མཚོན་ཐུབ་ཟེར་བའི་དོན་རཉད་འངུག་ཨ།
འཇིགས་དབང་ལགས། སྔོན་ལ་ནས་ཚུལ་ཡག་པོ་ཀློག་རོགས།
འཇིགས་དབང་ལངས།
རྒྱུ་ནོར་བང་མཛོད་ནང་འཇོག་སྲོལ་དེ་རྒྱལ་ཁབ་གང་སར་དར་མྱོང་ཡོད་པ་རྩོད་མེད་རེད། འོན་ཀྱང་ཨ་རི་ནང་བཞིན་དམ་བརྟན་སྲུང་སྐྱོབ་དང་། ཕུགས་རིང་འཆར་འགོད། གསེར་ཕོན་ཆེ་དེ་འདྲ་སྲུང་འཇོག་གནང་ཐུབ་མཁན་རྒྱབ་ཁབ་གང་ལའང་མེད། གནད་དོན་གཙོ་བོདེ་་དེ་རེད་ལགས།
གོ་བརྡ་འཕྲོད་པའི་མཆན་བཀོད་ན་ཚང་མས་གསལ་རྟོགས་ཡོང་
རྒྱུ་དང་ཨ་རི་ཙམ་མ་ཟད་ས་འོག་དཀར་བཅུག་བྱ་རྒྱུའི་ལམ་ལུགས་
ནི་དུས་སྔ་མོ་ནས་ཡོད་པ་ལས་གསར་དུ་དར་བ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་གི་མེད་ལ་དེང་སྐབས་སྟོབས་ཆེན་རྒྱལ་ཁབ་མང་པོའི་གོ་མཚོན་ས་འོག་ཏུ་བསོག་འཇོག་བྱེད་པ་ནས་ནམ་ཞིག་རང་སྲོག་རང་གི་གཅོད་རྒྱུ་ཙམ་དང་རང་གཞན་གཉིས་མེད་བཟོ་རྒྱུའི་ལག་ཆ་ཙམ་ལས་མ་འདས་སོ།
གོ་འཕྲོད་ངེས་པའི་བརྡ་སྤྲོད་ཀྱང་། ཟུར་གཅིག་མ་གཏོགས་མི་མཐོང་མི་ཚོར་བའི་མི་དེ་ཚོར་གོ་བརྡ་འཕྲོད་དཀའ་མོ་རེད་ལ། འཕྲོད་དགོས་དོན་ཡང་ཡོད་ས་མ་རེད།
འཛམ་གླིང་ལུང་པ་གང་སར་རྒྱུ་ནོར་སྦེད་མཁན་ག་ཚོད་དགོས་དགོས་ཡོད་རེད་ལ། སྦས་སྟངས་མ་ཤེས་པ་དང་སྲུང་སྐྱོབས་མ་ཐུབ་པས་བེད་མེད་དུ་གྱུར་པ་ཡང་རྒྱགས་ཚད་ཡོད་རེད།
འོན་ཀྱང་། ཨ་རིས་རྒྱུ་ནོར་སྦས་སྲུང་བྱེད་སྟངས་འདི་ལྟ་བུའི་ཐབས་རྩལ་དེ་ཡུལ་ཕྱོགས་གཞན་གང་ལ་ཡང་མེད་ལ། གསེར་ཕོན་ཆེན་པོ་དེ་འདྲ་གཅེས་སྲུང་ཐུབ་པའི་
རྒྱལ་ཁབ་ནི་དེ་བས་ཀྱང་ཡོད་མ་རེད། ཨ་རིའི་ནོར་མཛོད་དེའི་གསེར་འབོར་གྱི་རིན་ཐང་དེ་ལས་ཆེ་བའི་རྒྱུ་ནོར་ཞིག་
རྒྱལ་ཁབ་གང་ལའང་མེད།
དེ་སོང་ཙང་། སྦས་པ་འདྲ་ཡང་སྦས་ལུགས་མི་འདྲ།
ཡོད་པ་འདྲ་ཡང་གྲངས་འབོར་དང་རིན་ཐང་མི་འདྲ་བ་དེ་ཤེས་དགོས།
དེ་མིན། འགྲོས་རྒྱག་མཁན་ཚང་མ་རྟ་ཡིན་ཤག་དང་།
སེར་སྨུག་སྨུག་ཡོད་ཚད་གསེར་ཡིན་ཤག་བཟོས་ན།
གླེན་རྟགས་ལས་མ་འདས་སོ།།
བྱནས་པ་ལྷུན་གྲུབ་ལགས། གནས་ཚུལ་ཧ་ཅང་ཡག་པོ་འདུག་བཀྲིན་ཆེ
ཨ་ཤོ་ཀ། ལགསོ་ཐུགས་ཆེ།