གནས་ཚུལ་མཁོ་སྤྲོད་པ་གསེར་རྟ་ཆོས་དབྱིངས།
བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ཁམས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་དགེ་འདུན་པ་ཕ་ཡུལ་ཁམས་ཡུལ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་ཀྱིས་ཁམས་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་། བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་དང་། བོད་ལ་རང་བཙན་དགོས། ཞེས་སོགས་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་དང་ཆབས་གཅིག་དེར་ཡོད་ཀྱི་གྲྭ་པ་དང་མི་མང་གང་མང་ཞིག་གིས་རྒྱལ་སྐྱོར་གྱི་སྐད་འབོད་བྱས་ཡོད་ན་ཡང་། ལག་ཏུ་རྒྱལ་དར་ཐོགས་པའི་ཁམས་ཡུ་ཤུལ་ནས་ཡིན་པའི་གྲྭ་པ་གཉིས་གློ་བུར་དུ་རྒྱ་མིས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ད་ལྟའི་སྐབས་སུ་ཁམས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཡང་རྒྱ་ནག་གཞུང་གིས་ཁྱེད་ཚོས་དགོན་པས་འགན་མ་ཁུར་བ་རེད། ཅེས་བརྗོད་དེ་དམ་བསྒྲགས་བྱེད་བཞིན་ཡོད་པའི་གནས་ཚུལ་ཁུངས་ལྡན་བོད་ནས་འབྱོར་འདུག ཕྱི་ལོ ༢༠༠༨ ནས་བཟུང་ཁམས་གསེར་རྟ་བླ་རུང་ཆོས་སྒར་ནས་ཡིན་པའི་དགེ་འདུན་པ་ཚོས་སོ་སོའི་དངས་བླང་གིས་ཞི་བའི་ངོ་རྒོད་སྐད་འབོད་དང་། སྦྱར་ཡིག་འགྲེམས་སྤེལ། རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སྤེལ་མཁན་མང་པོ་བྱུང་ཡོད་ལ། ད་ལྟའི་ཆར་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་ཡོད་པ་ཡང་མང་པོ་ཡོད་འདུག
ཡ་ཡ། །ཡིག་ནོར་མཁན་གྱི་ཆོས་དབྱིངས་ཟེར་བ་དང་ཡུལ་ཁུལ་གྱི་སེར་གཟུགས་ཁྱེད་ཚོས་འཇིག་རྟེན་ཁམས་ན་དཀོན་པའི་གསེར་ལྗོངས་ཆོས་ཀྱི་གྲོང་ཁྱེར་དེ་རྒྱ་ལག་ཏུ་མ་བཞག་ན་མི་དགའ་འམ། བསམ་བློ་ཐོངས། འུར་རྒྱག་གི་མ་འདུག སྐུ་གཅེས། ཆོས་ཆོས་བཞིན་དུ་མ་བྱས་ན་་་་་་་་་་་་་སྙིང་ན་བཞིན་དུ་ཤྲྰིས་བྲིས་སོ།
ཨ་རོ་་་་མཁན་ཆེན་དཔལ་དགྱེས། ” ཆོས་ཆོས་བཞིན་དུ་མ་བྱས་ན”ཟེར་བ་ག་རེ་རེད། བོད་དོན་འཐབ་རྩོད་ཀྱི་ཡན་ན་ང་ཚོར་ཆོས་ཞིག་གང་ན་ཡོད། དེ་བས་ངས་ཁམས་གསེར་རྟ་ཆོས་དབྱིངས་ཀྱིས་ཁམས་གསེར་རྟ་བླ་རུང་གི་ཁམས་ཡུལ་ཤུལ་ནས་ཡིན་པའི་གྲྭ་བ་འགས་ཁམས་གསེར་རྟ་རྫོང་ཐོག་ཏུ་བོད་དོན་སྐད་འབོད་བྱས་པ་བསྐྱར་འགོད་བྱས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
གསེར་རྟ་ཆོས་དབྱིངས་འདི་དགོན་སྡེ་མང་པོའི་ནང་ཕྱིན་ནས་ཞབས་རྗེས་འདྲ་མིན་སྣ་ཚོགས་པ་ཞིག་བཞག་སྡད་འཁན་ཞིག་རེད་ཞག་
ད་དུང་རང་ཉིད་གིས་ཁེ་ཕན་ཞིག་གི་ཆད་དུ་བཀྲོག་གཏམ་སྤེལ་བ་ལ་གཞན་གང་ལ་ཡང་ལྟ་མི་དགོས་གི་ཡ
གྲོགས་དཔལ་དགྱེས་ལགས། བླ་རུང་ཆོས་སྡེ་རྒྱ་ལག་ཏུ་བཞག་པ་མ་རེད་བླ་རུང་ཆོས་སྡེ་རྒྱ་ལག་ཏུ་ཤོར་ཚར་བ་རེད། བོད་ས་ཧྲིལ་བོ་རྒྱ་ལག་ཏུ་ཤོར་ནས་ལོ་ངོ་འདི་ཙམ་ཕྱིན་ཚར་བས། བླ་རུང་ཆོས་སྡེ་གཅིག་པོ་ལུས་ནས་ཡོད་པ་མ་རེད། ལུང་པ་ཆུས་ཁྱེར་ན་རྡོ་ལེབ་སྐམ་པོར་མི་ལུས་ཞེས་པའི་དབུས་གཙང་བའི་གཏམ་དཔེ་ཐོས་མྱོང་ཡོད་པའི་ཡིད་ཆེས་ཡོད།
དཔལ་དགྱེས་རྡོར་ཟེར་བ་དེ་ཚོའི་ལྟ་བ་དང་འབྲེལ་བ་གང་ལ་ཡོད་པའང་ལྷང་ལ་བུད་ཀིན་འདུག་ག
ཡིག་ནོར་ཟེར་བའང་ག་འདྲ་རེད། ཡུལ་ཤུལ་ལ་ཡུལ་ཁུལ་བྲིས་པ་དེ་རེད་དམ། ཡང་ན་སྐུ་མཁྱེན་ལ་སྐུ་གཅེས་བྲིས་པ་དེ་རེད།
༄༅། ། དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་
ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་
ཞེས་བྱ་བ་བཞུགས་སོ། །
༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་དཔལ་འབྱུང་གནས་བཟང་པོ།
མཚན་དཔེ་རི་དྭགས་གཞོན་ནུའི་རྟགས་འཆང་མཐོང་ན་མི་མཛེས་མེད་པའི་སྐུ། ། ཡན་ལག་དྲུག་ཅུའི་འོད་སྣང་འབུམ་སྤྲོ་འགྲོ་ཀུན་མོས་བློར་འཚམ་པའི་གསུང་། ། མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་ཉ་གང་སྤངས་རྟོགས་མ་ལུས་མཐར་སོན་ཐུགས། ། ཐུབ་པའི་དབང་པོ་སྲིད་པའི་མིག་གཅིག་དེ་རིང་བདག་བློའི་མཁའ་ལ་རོལ། ། བྱིན་རླབས་འོད་ཟེར་དཀར་པོའི་སྣང་བ་ཡིས། །ཕན་བདེ་ཨུཏྤལ་འཛུམ་པའི་གཉེན་གཅིག་པུ། ། ཐུབ་པའི་དམ་ཆོས་བདུད་རྩིའི་འབྱུང་གནས་ཆེ། །དུས་ཀྱི་མཐར་ཡང་སྲིད་ན་རྒྱལ་གྱུར་ཅིག ། སྡོམ་ཁྲིམས་པད་དཀར་མཛེས་པའི་སྙིང་པོ་རུ། །རིག་གྲོལ་སྦྲང་རྩི་ཕུང་པོའི་ཁུར་གྱིས་ངལ། ། བསོད་ནམས་དྲི་བཟང་མངར་མོས་རིས་མེད་འགྲོ། །འཚོ་མཛད་ཚོགས་ཀྱི་མཆོག་ལ་རྟག་ཏུ་འདུད། ། གུར་ཀུམ་མདངས་འཛིན་གཞོན་ནུའི་སྐུ་ལུས་ཅན། །ཚེ་རབས་དུ་མར་བསྙེན་པའི་ཡི་དམ་ལྷ། ། འཇམ་དཔལ་དཔའ་བོ་ཞེས་སུ་གྲགས་འབར་བས། །ཀུན་ཏུ་ཤིས་པའི་མེ་ཏོག་འཐོར་གྱུར་ཅིག ། གངས་རིའི་མུ་ཁྱུད་མཛེས་པའི་གནས་མཆོག་ན། དད་དང་སྙིང་རྗེས་འཚོ་བ་བོད་ཀྱི་རིགས། ། དེ་ཡི་མ་འོངས་བསམ་དང་སྦྱོར་བའི་ཚུལ། །ཤ་ཞེན་དྲག་པོའི་བློ་ཡིས་བཤད་ཀྱིས་ཉོན། ། དེ་ཡང་བདག་གི་སྟོན་པ་ཐམས་ཅད་མཁྱེན་པ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཚའ་བཤེས་ཆེན་པོ་དེ་ཉིད་ཀྱི་ལུང་གིས་ཟིན་ཅིང་། འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་དུ་གྱུར་པ་གངས་ཅན་གྱི་ ལྗོངས་ཞེས་པ་འཛམ་གླིང་གི་སའི་ཡང་རྩེར་སོན་པའི་གནས་འདིར་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་དཔའ་མཛངས་བརྟུལ་ཕོད་དང་ལྡན་ཞིང་།བྱམས་བརྩེ་དྲང་བདེན་ཅན།ཡ་རབས་ཀྱི་སྤྱོད་པ་ལ་ངང་གིས་གནས་པའི་ཆོས་ལྡན་གྱི་མི་རིགས་ལོ་རྒྱུས་དང་ལྡན་པ་ཞིག་ཆགས་ཡོད་པ་ལ་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ ཞེས་ཡོངས་སུ་གྲགས། དེ་ཡང་རང་རེའི་མེས་པོ་སྲང་བཙན་གྱི་དུས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་ པའི་རིག་གཞུང་མང་དུ་དར་བར་མཛད།ཁྲི་སྲོང་གི་སྐུ་རིང་ལ་ནུབ་ཀྱི་ཆུ་བོ་གང་གྰའི་འགྲམ་ནས་ཤར་རྒྱ་ནག་ཁྲང་ཨན་ལ་དབང་བསྒྱུར་ཏེ་ཆབ་སྲིད་མངའ་ཐང་སྟོབས་འབྱོར་གྱིས་ཁམས་ཀྱི་རྒྱལ་ཁབ་སུ་ལའང་ངོ་གནོང་མི་དགོས་པ་དང་།ཕྱིས་རྒྱ་གར་གྱི་པཎ་ཊི་ད་ཡོངས་ཀྱི་གཙུག་རྒྱན་དཔལ་མར་མེ་མཛད་ཡེ་ཤེས་བོད་དུ་བྱོན་སྐབས་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་ཀྱི་སྐུ་རིང་ལ་བོད་དུ་ཆོས་དར་བ་ཙམ་ནི་རྒྱ་གར་དུའང་དར་ཡོད་ཚོད་མི་འདུག་ཅེས་བསྔགས་བརྗོད་མཛད་པ་ལྟར་བོད་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་སྨོན་པའི་གནས་སུ་གྱུར་བ་ཞིག་བྱུང་སྟེ།དེ་དག་ཀྱང་ཆོས་རྒྱལ་སྐུ་དྲིན་ཅན་དེ་རྣམས་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་འབད་པ་རང་ལ་བརྟེན་ནས་བྱུང་སྟེ།དེ་སོགས་ང་རྒྱལ་དང་སྤོབས་པ་གཉིས་ཀ་སྟེར་བའི་ལོ་རྒྱུས་ཀྱི་དན་དཔང་འདི་དག་ཡིན་པར་རླབས་ཆེན་གྱི་ལོ་རྒྱུས་དང་ལྡན་པའི་མི་རིགས་ཤིག་དངོས་གནས་ཡིན་པར་ཤེས་པར་བྱ་དགོས་པ་ཞིག་གོ ། དེ་ནས་རིམ་བཞིན་དུས་ཀྱི་འཕོ་འགྱུར་གྱིས་བོད་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་སྟེ། ད་ལྟའི་དུས་རབས་གསར་བའི་ནང་དུ་ནི་ང་ཚོ་སྔོན་ཐོནགྱི་མི་རིགས་ཀྱི་གྲལ་དུ་ཚུད་ཡོད་མེད་ཀུན་གྱིས་ཤེས་པ་དེ་ག་རང་རེད། ད་ལྟས་མི་འགྱང་བའི་མ་འོངས་པར་དུས་རབས་ཉེར་གཅིག་པའི་ནང་དུ་འབྱོར་ གྲབས་ཡིན།།དུས་རབས་འདི་ནང་མིའི་བསམ་བློའི་འཁྱེར་སོ་དང་ཕྱི་རོལ་གྱི་དངོས་པོ་འཛུགས་སྐྲུན་ སོགས་ལ་འཕོ་འགྱུར་ཅི་རིགས་འོང་རྒྱུ་ནི་དངོས་པོའི་ཆོས་ཉིད་རེད། །འཕོ་འགྱུར་དེའི་ཁྲོད་ནས་ང་ཚོ་བོད་མི་རིགས་ཀྱི་བསམ་བློའི་དགེ་མཚན་དང་། །ཐུན་མིན་གྱི་རིག་གཞུང་།ཡུལ་སྲོལ་གོམས་གཤིས་སོགས་ཕ་མེས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་མི་ནུབ་པར་རྒྱུད་འཛིན་གོམས་གཤིས་སོགས་ཕ་མེས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་མི་ནུབ་པར་རྒྱུན་འཛིན་བྱ་རྒྱུ་དང་།།དེང་རབས་ཀྱི་རིགས་པ་གསར་བ་འཕྲལ་ཕུགས་གཉིས་ཀར་ཕན་པའི་ཆ་རྣམས་ལ་བདག་གིར་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་རིགས་འདྲ་འདྲའི་ནང་ནས་རྗེས་ལུས་སུ་མི་འགྱུར་བའི་ཐབས་བསམ་བློ་ཞིབ་ཚགས་ཤིག་གཏོང་རྒྱུ་ནི་བོད་མི་རེ་རེས་ཀྱང་མི་བྱེད་དུ་མི་རུང་བ་ཞིག་རེད།།དཔེར་ན་དུད་ཁྱིམ་དབུལ་བོ་འབུ་ཚང་ལྟ་བུ་ཞིག་ལས་མེད་པ་དག་གིས་ཀྱང་ངེད་ཚང་གི་མ་འོངས་པ་ནའདི་དང་འདི་འདྲ་ཞིག་མ་བྱས་ན་ཉམས་རྒུད་འདི་དང་འདི་འདྲ་ཞིག་འོང་གིས་ཞེས་ཁྱིམ་མི་ཡོངས་ཀྱིས་བསམ་བློ་ཆིག་སྒྲིལ་བྱེད་པ་ཡིན་ན།།ང་ཚོ་རླབས་ཆེན་གྱི་ལོ་རྒྱུས་དང་ལྡན་པའི་མི་རིགས་འདྲ་བ་ཞིག་འཛམ་གླིང་ཧྲིལ་པོར་ཕན་པ་ཡོད་པའི་རིག་གཞུང་སོགས་གང་ལའང་བསམ་བློ་མི་གཏོང་བར་རང་གི་ལྟོ་གོས་ཙམ་གྱི་ཆོག་ཤེས་པར་བྱེད་པ་ནི་བླུན་པོ་ཐ་ཤལ་བ་ལང་གི་ངང་ཚུལ་གསལ་བ་བྱེད་པ་སྟེ་ཤིན་ཏུ་སྨད་པའི་གནས་སོ། །དེས་ན་བྱ་བ་འདི་ནི་གཙོ་བོ་བོད་མི་རིགས་སྤྱི་ལ་ཕན་སེམས་ཆེ་ཞིང་བློ་དཀར་གཞུང་དྲང་གི་རྒན་པོ་ཉམས་མྱོང་ཅན་རྣམས་དང་།གནའ་དེང་ཟུང་དུ་སྦྲེལ་ཏེ་བཟང་ལེན་ངན་དོར་བྱེད་ནུས་པའི་གཞོན་ནུ་བློ་གྲོས་ཅན་རྣམས་དང་།ཆོས་སྲིད་གཉིས་ཀ་ལ་ཤེས་རྒྱ་ཆེ་ཞིང་མི་སེམས་ལེགས་པའི་ལམ་དུ་སྒྱུར་བའི་ནུས་པ་དང་ལྡན་པའི་བླ་སྤྲུལ་བཅས་ལ་མ་བསྐོས་ལས་ཀྱི་བགོ་སྐལ་དུ་བབ་འདུག་པས་སོ་སོ་ནས་འོས་བབ་ཀྱི་ནུས་པ་རྩལ་དུ་འདོན་རྒྱུ་དང་།གཞན་བོད་རྒྱ་ཆེའི་དམངས་ཚོགས་རྣམས་དེ་དག་གི་རྗེས་སུ་འབྲང་ཏེ་བློ་སེམས་ཆིག་སྒྲིལ་གྱིས་མ་འོངས་པའི་མདུན་ལམ་ལ་འབད་རྩོལ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་བའི་གནས་སོ། །དེས་ན་མ་འོངས་པ་དུས་རབས་ཉེར་གཅིག་པའི་ནང་ང་ཚོ་བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་ཇི་ལྟར་བྱ་བ་ལ་བཞི་སྟེ། དང་པོ་ནི་ཇི་སྐད་དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་པ་བཞིན་དུ། ཕོ་མོ་རྒན་གཞོན་ཡོངས་ཀྱིས་རྒྱུན་དུ་བསམ་པ་བཟང་པོ་འབའ་ཞིག་ལ་ཕུགས་བཅོལ་དགོས། དེ་ཡང་བསམ་པ་བཟང་པོ་ཟེར་བ་གཞན་འགྲོ་བ་མིའི་རིགས་སུ་གཏོགས་པ་ཞིག་གམ། ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ཅིག་གིས་སྡུག་བསྔལ་མྱོང་བཞིན་ཡོད་པ་མཐོང་ན། །འདིའི་སྡུག་བསྔལ་དེ་འཕྲལ་དུ་མེད་པར་གྱུར་ན་ཅི་མ་རུང་སྙམ་དུ་སེམས་ཁུར་བྱ། དཔེར་ན་རང་ཉིད་ཀྱིས་ཐ་ན་ཉི་མ་ཚ་བའི་དུས་སུ་རླུང་བསིལ་བ་ཙམ་དང་། །གྲང་བའི་དུས་སུ་ཉི་འོད་ཅུང་ཟད་ཕོད་པའི་བདེ་བ་ཡན་ཆད་འདོད་ལ། ལུས་ལ་མེ་སྟག་ཕྲ་མོ་ཙམ་ལྷུང་བ་དང་། ཚེར་མ་ཟུག་པ་ཙམ་དང་། གཞན་གྱི་ཚིག་ངན་ཞིག་སྨྲས་པ་ཙམ་ཡང་ཐོས་པ་མི་འདོད་པ་དེ་བཞིན་དུ་རང་རེ་མིའི་རིགས་ཐམས་ཅད་ཙམ་དུ་མ་ཟད་འབུ་སྦྲང་ཡན་ཆད་དེ་ག་ཁོ་ན་ལྟར་ཡིན་པས་གཞན་ལ་རང་དགར་གནོད་པ་བྱ་བའི་སེམས་དང་།གསོད་སེམས་སྤང་བར་བྱ།གཞན་དངུལ་བོ་ཉམ་ཐག་པ་ཞིག་གིས་ནོར་རྫས་ཅུང་ཟད་རྙེད་པའམ།དུད་འགྲོ་ཞིག་བཤས་ར་ནས་ཐར་བའམ།།ཐ་ན་མི་ཞིག་གིས་བོར་སྟོར་བྱུང་བའི་དངོས་པོ་ཞིག་སླར་རྙེད་པ་ཡན་ཆད་ལའང་ཅི་མ་སྙམ་དུ་མི་འཇོག་པར་དགའ་བར་བྱ། དེ་དག་ལ་སྙིང་རྗེ་དང་བྱམས་པ་ཟེར། དེ་གཉིས་རང་རེ་བོད་མི་ཙམ་དུ་མ་ཟད་སྐྱེ་འགྲོ་སྤྱི་ལ་དམིགས་ཏེ་བསམ་དགོས། ཤ་རུས་གཅིག་པའི་རང་རིགས་ཀྱི་སྤུན་ཟླ་ཡོངས་ལ་དུང་སེམས་ལྷག་པར་བྱ་རྒྱུ་དང་། རང་རིགས་ཀྱི་ཡོན་ཏན་ལ་ཕངས་སེམས་ཁྱད་པར་ཅན་བྱ་རྒྱུ་ནི་སྐྱེ་བོ་དམ་པའི་ངང་ཚུལ་ཡིན་ཏེ་མི་རིགས་དེ་ཉིད་ནམ་གནས་ཀྱི་བར་དུ་མེད་ཐབས་མེད་པའི་བསམ་བློ་རིན་ཐང་དང་བྲལ་བ་ཞིག་ཡིན། དེ་འདྲའི་བྱམས་པ་དང་སྙིང་རྗེ་དེ་ཉིད་མི་གཅིག་ལ་ཡོད་ན་སེམས་ཁོང་འཁྲུགས་པ་མེད་པར་རྟག་ཏུ་སྣང་བ་དགའ་ཡ་ལེ་གནས་ཤིང་།ཡུལ་གང་དུ་ཕྱིན་ཀྱང་གཞན་ཕན་འབྱུང་བ།།གྲོགས་སུ་དང་འགྲོགས་ཀྱང་མི་མཐུན་པ་མེད་པ།སྐྱེ་བོ་ཀུན་གྱིས་བསྟོད་བཀུར་བསྔགས་པའི་གནས་སུ་གྱུར་ཏེ་རང་གི་བསམ་དོན་ཐམས་ཅད་ངང་གིསའགྲུབ་སྐྱེ་བ་ཕྱི་མ་ཡང་། སྤྱོད་འཇུག་ལས། སེམས་གསལ་གཅིག་གི་འབྲས་བུ་ནི། །ཚངས་ལ་སོགས་པ་ཡིན་པར་འདོད།ཅེས་པ་ལྟར་བྱམས་དང་སྙིང་རྗེའི་རྣམ་སྨིན་གྱི་འབྲས་བུས་མངོན་མཐོ་ལྷ་མིའི་་དཔལ་ལ་སྤྱོད་ཅིང་།རྒྱུ་མཐུན་གྱི་འབྲས་བུས་ཚེ་རབས་ཐམས་ཅད་དུ་བྱམས་དང་སྙིང་རྗེ་གཞན་ཕན་ཅན་དུ་འགྱུར་བ་གོར་མ་ཆག་པས་ཚེ་འདི་ཙམ་དུ་མ་ཟད་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཐམས་ཅད་དོན་དང་ལྡན་པ་ཡིན་ནོ། ། ཡང་དེ་འདྲའི་བསམ་པ་བཟང་པོ་དེ་ཁྱིམ་ཚང་གཅིག་གི་ཁྱིམ་མི་ཡོངས་ལ་ཡོད་ན་ཁྱིམ་ཚང་དེ་དབུལ་པོ་ཐ་ཆད་ཇི་འདྲ་ཞིག་ཡིན་རུང་སྟེ།བདེ་བ་ཐམས་ཅད་ཀྱི་རྩ་བ་སེམས་སྐྱིད་པ་ཞེས་པ་ལྟར་དུ་ཐམས་ཅད་སྐྱིད་ཀྱི་ངང་ནས་དུས་མདའམབ་ཞིག་འོང་།དེ་བཞིན་དུ་བསམ་པ་དེ་གྲོང་ཚོ་་གཅིག་ལ་ཡོད་ན་གྲང་ཚོ་གཅིག་དང་དང་། རྒྱལ་ཁབ་གཅིག་ལ་ཡོད་ན་རྒྱལ་ཁབ་གཅིག འཛམ་བུ་གླིང་གི་མི་ཡོངས་ལ་ཡོད་ན་འཛམ་གླིང་ཧྲིལ་པོ་བདེ་ཞིང་སྐྱིད་པ་ཞིག་འོང་བ་ལ་ཐེ་ཚོམ་མེད་དོ།རང་རེས་འདས་ཟིན་པའི་ལོ་རྒྱུས་དེ་ཚོར་ཕྱི་མིག་ཅིག་བལྟས་ན་འཛམ་གླིང་ཕྱི་དང་བྱེ་བྲག་གོ་ཆག་བྱུང་ངོ་ཅོག་ཐམས་ཅད་རང་གི་དོན་དུ་གཞན་ལ་འཚེ་བར་འདོད་པའི་བསམ་པ་མ་རུང་བས་བྱས་པ་འབའ་ཞིག་སྟེ།དུས་རབས་འདི་ཉིད་ཀྱི་སྟོད་དུ་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་བྱུང་སྟེ་སྐྱེ་བོ་བགྲང་གིས་མི་ལང་པ་ཞིག་དམར་གསོད་བྱས།ཨ་རིས་འཇར་པན་གྱི་སྟེང་དུ་རྡུལ་ཕྲན་འབར་མདེལ་འཕངས་ཏེ་མི་འབུམ་གྱི་ཚེ་སྲོག་དུས་གཅིག་ལ་བརླགས།ཉེ་ཆར་མཚོ་ཁུག་དུ་འཁྲུག་པ་ལངས་ཏེ་དེང་རབས་ཀྱི་མཚོན་ཆ་ང་ཡ་བ་རྣམས་སྤྱད་ནས་དཀའ་སྡུག་གིིས་བསགས་པའི་ནོར་རྫས་དང་རིན་ཐང་བྲལ་བའི་སྐྱེ་ འགྲོའི་ཚེ་སྲོག་ཅི་ཙམ་ཞིག་འཕྲོ་བརླག་ཏུ་བཏང་། གཞན་ཡང་རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིགས་དང་མི་རིགས་ཀྱི་བར་ཕན་ཚུན་མཐོང་ཆུང་། བརྙས་བཅོས། བཙན་དབང་ཅི་ཙམ་བྱས་པ་ཐམས་ཅད་ཀྱི་རྩ་བ་བྱམས་དང་སྙིང་རྗེ་མེད་པ་འདི་ཁོ་ན་ཐུག ཁྱད་པར་དུ་ཡང་འཛམ་གླིང་སྤྱི་ལ་མཚོན་ན་ད་ལམ་སྔོན་མེད་དེང་རབས་ཀྱི་མཚོན་ཆ་འཇིགས་སུ་རུང་བ་གྲངས་ཀྱིས་མི་མི་ཆོད་པ་ཞིག་བཟོས་ཏེ་ས་འོག་ས་སྟེང་ས་བླ་ཐམས་ཅད་བཀང་ནས་ཡོད་པའི་དུས་འདི་འདྲའི་སྐབས་སུ་བྱམས་དང་སྙིང་རྗེའི་དཔྱང་ཐག་ཆད་ན་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར། རིག་གཞུང་། སྐྱེ་འགྲོའི་ཚེ་སྲོག་དང་བཅས་པ་ལ་རེ་ཐག་གཏིང་ནས་ཆད་ཚར་བ་རེད། དེ་ལྟ་བས་ན་གཞན་ཕན་གྱི་བསམ་པ་བཟང་པོ་བརྒྱ་ལ་སྐྱེད་མ་ནུས་ནའང་། ཇི་སྐད་དུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པ་ལྟར་དུ་རང་གི་ལུས་སེམས་ལ་སྡུག་བསྔལ་འབྱུང་བར་མི་འདོད་པ་དཔེ་བྱས་ཏེ་རང་བདེ་བ་ཅུང་ཟད་འཐོབ་པའི་ཆེད་དུ་གཞན་གྱི་ལུས་སྲོག་ལ་གནོད་པ་བྱ་འདོད་ཀྱི་བསམ་ངན་དེ་དུག་བཞིན་དུ་སྤང་བར་བྱ་དགོས།ལར་རང་རེའི་སེམས་འདི་རྟ་སར་ལ་ཁ་ལོ་བསླབ་པ་དང་འདྲ་སྟེ་གང་བསླབ་པ་དེ་ཉིད་ལོབ་སྟེ་འོང་། དང་པོ་ནས་བསམ་པ་འཆོས་མི་དགོས་པར་ཕན་སེམས་ཅན་ནི་དཀོན་པོ་རང་ཡིན་ཡང་མི་ཚེ་དོན་དང་ལྡན་པ་ཞིག་བྱ་འདོད་ཕན་ཆད་འདི་མི་སློབ་ཀ་མེད་ཡིན།།བསམ་པ་བཟང་པོ་འདི་ཡོད་ན་ཆོས་དང་འཇིག་རྟེན་གྱི་ལེགས་ཚོགས་མ་ལུས་པའི་གཞི་རྟེན་གཅིག་པུ་ཡིན་པས་ཤིན་ཏུ་གལ་ཆེའོ། །གཉིས་པ་ཟོལ་མེད་ཀྱི་དྲང་བདེན་བྱ་རྒྱུ་ནི། རང་རེ་མིའི་བར་སྤྱི་ཚོགས་ཀྱི་ནང་དུ་སྐྱེས་ནས་མ་ཤིའི་བར་མེད་དུ་མི་རུང་བ་གཅིག་ནི་ཟོལ་མེད་ཀྱི་དྲང་བདེན་གྱི་བསམ་པ་འདི་རེད།མི་རིགས་དང་མི་རིགས་བར་རམ།མི་དང་མིའི་བར་ཡང་རུང་སྟེ་གཡོ་སྒྱུ་མེད་པའི་བསམ་པ་དྲང་པོ་བྱ་རྒྱུ་འདི་ནི་རང་བདེ་བ་དང་གཞན་དགའ་བའི་རྒྱུ་མ་ནོར་བ་ཡིན། རང་སེམས་ལ་ཞུ་དག་ཕེར་བའི་བསམ་པ་ཟོལ་མེད་ཅིག་གིས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཕལ་མོ་ཆེ་ཞིག་ཡིད་བཞིན་དུ་འགྲུབ་པ་མངོན་སུམ་རེད་ལ་གལ་ཏེ་མ་གྲུབ་ཀྱང་འགྱོད་པ་ཅི་ཡང་མི་འོང་། གཞན་དུ་རང་བདེ་འདོད་དང་གཞན་བསླུ་འདོད་ཀྱིས་གཡོ་སྒྱུ་ཁོ་ན་བྱས་ཚེ་འགྲོ་བ་མིའི་རིགས་ལ་བསམ་གཞིགས་གཏན་ནས་བྱེད་མི་ཤེས་མཁན་ཞིག་མི་སྲིད་པས་ཡང་ནས་ཡང་དུ་མགོ་སྐོར་གཏོང་ཐུབ་དཀའ་བས་རང་གི་ཞེ་འདོད་མི་འགྲུབ་པར་མ་ཟད་མཐར་རང་ཉིད་ཕོངས་པའི་རྒྱུར་ཡང་འགྱུར་རོ། །སྤྱིའི་ཆ་ནས་ང་ཚོ་བོད་མི་རྣམས་དངོས་ནས་གཡོ་མེད་དྲང་བདེན་གྱི་བསམ་པ་ཅན་དུ་འདུག་སྟེ། རང་རེའི་བོད་རིགས་སྤུན་ཟླ་རྣམས་འཛམ་གླིང་ཧྲིལ་བོར་འཐོར་ཏེ་གནས་ཚེ་ཡུལ་དེ་དང་དེའི་མི་རྣམས་ཀྱི་ཡུན་རིང་དུ་འགྲོགས་པའི་ཉམས་མྱོང་ལ་བོད་ཟེར་བ་སྙིང་རྗེ་ཕན་སེམས་ཅན། དྲང་བདེན་དང་། སྤོབས་པ་ཅན་ཡ་རབས་ཀྱི་མི་རིགས་ཤིག་རེད་ཅེས་བསྔགས་བརྗོད་བྱེད་པ་ཆེས་མང་དུ་འདུག་པ་ནི་ང་ཚོའི་ཕ་མེས་བཟང་པོས་བཞག་པའི་གཟི་བརྗིད་ཡིན་པས་སྲོལ་བཟང་དེ་དག་མི་ཉམས་པར་བྱ་རྒྱུ་ནི་གལ་ཆེ་བའི་གནས་སོ། །གསུམ་པ་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་ལ་ཕངས་སེམས་ཆེ་ཐང་དུ་བྱ་རྒྱུ་ནི། འཛམ་གླིང་ཐོག་གི་མི་རིགས་གང་ཞིག་ཡིན་རུང་སྟེ་མི་རིགས་དེ་ཉིད་ཀྱི་རིགས་རྒྱུན་དང་། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཅི་ཙམ་ཞིག་ཏུ་གནས་ཐུབ་མིན་ནི་གཙོ་བོ་མི་རིགས་དེ་ཉིད་ལ་རང་རིགས་ཀྱི་རིགས་རྒྱུན་སོགས་ལ་མཐོང་ཆེན་བརྩི་འཇོག་ཕངས་སེམས་ཡོད་མེད་འབའ་ཞིག་ལ་རག་ལས་ཡོད། །རང་རིགས་ཀྱི་ཡོན་ཏན་ལ་རང་རང་གི་བདག་པོ་མ་བྱས་ན་གཞན་གྱིས་སྐྱོབ་དགོས་ཚེ་དགའ་ལས་རང་ཡོད།གང་གི་ཚེ་མི་རིགས་རང་ཉིད་ཀྱི་ཡོན་ཏན་ལ་བརྩི་འཇོག་ཅི་ཡང་མེད་པར་དགོས་མེད་དུ་གཞན་གྱི་ལད་མོ་ཁོ་ནར་འཆེལ་བ་དེའི་ཚེ་མི་རིགས་དེ་ཉིད་ཀྱི་རིག་གཞུང་སོགས་ཕལ་ཆེར་ས་གོ་ལ་འདིའི་སྟེང་ནས་ཡལ་བའི་མགོ་རྩོམ་པ་དང་རྟགས་བསྟན་པ་ཡིན།།འཛམ་གླིང་ཐོག་མི་རིགས་སུ་འདྲ་ཞིག་ཡིན་ཡང་རང་རིགས་ཀྱི་ཡོན་ཏན་ལ་ཤ་ཚ་མི་བྱེད་པ་སུ་ཞིག་ཡོད་དེ། གལ་ཏེ་ཡོད་ན་བླུན་པོ། ཅོལ་ཆུང་། ཀླད་མེད་སྤྲེའུ་ལྟ་བུ་ཞེས་བྱ།ཉེ་དུས་སུ་ཝོས་པའི་ཁུའི་སྐད་ཡིག་རྒྱུན་ཆད་དེ་ས་ཆེན་པོ་འདིའི་སྟེང་ན་སྐད་ཡིག་དེ་ཤེས་མཁན་རྒན་པོ་ལོ་བརྒྱད་ཅུ་ལྷག་ཏུ་སོན་པ་གཅིག་པུ་ཞིག་ལས་མ་ལྷག་པས་པྰ་ལུའུ་སྐད་ཡིག་ཞིབ་འཇུག་ཁང་གིས་ཀྱང་སྐྱོབ་ཐབས་མ་བྱུང་བ་དེ་འདྲ་ཞིག་བྱུང་ན་མི་རིགས་སུ་ལའང་དེ་ལས་བློ་ཕམ་ཆེ་བ་ཅི་ཞིག་ཡོད། མི་རིགས་གང་ཡང་རང་གི་སྐད་ཡིག་སོགས་རིགས་གཞུང་དང་། ཡུལ་སྲོལ་གོམས་གཤིས་ཐམས་ཅད་ནུབ་ཟིན་པའི་འོག་ཏུ་མི་རིགས་དེ་ཉིད་ཀྱང་གཞན་ཞིག་ཏུ་འགྱུར་ཚར་བ་རེད།དེས་ན་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་རྣམས་ལ་ཐམས་ཅད་ཀྱིས་ཕངས་སེམས་ཆེས་ཆེར་བྱ་རྒྱུ་འདི་ནི་རིགས་དེ་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་ཅི་བས་ཀྱང་གལ་ཆེའོ། །དེའི་ཕྱིར་ང་ཚོ་བོད་ཆོལ་ཁ་གསུམ་གྱི་མཐོ་གདུགས་ཞབས་ཀྱི་བླ་མ། །ཁྲི་ཐོག་གི་དཔོན་པོ། ན་གཞོན་ཤེས་ཡོན་ཅན་རྣམས་དང་། དམའ་སློབ་ཆུང་གི་སློབ་མ་ཡན་ཆད་ཀྱིས་བློ་སེམས་ཆིག་སྒྲིལ་གྱིས་ང་ཚོའི་ཕ་མེས་བཟང་པོས་བཞག་པའི་རིག་གཞུང་།ད་ལྟ་བོད་གངས་ཅན་ཙམ་དུ་མ་ཟད་མཚན་ཉིད་རིགས་པ་དང་།ཚན་རིག་གི་ཤེས་ཡོན་ཡང་རྩེར་སོན་པའི་འཛམ་གླིང་སྔོན་ཐོན་གྱི་རྒྱལ་ཁབ་རྣམས་ཀྱི་ནང་ནའང་ཕན་པ་ཅི་རིགས་པ་ཐོན་དང་འཐོན་བཞིན་པའི་གཟི་བརྗིད་དང་ལྡན་པ་འདི་དང་།འཛམ་གླིང་གི་གྲོགས་པོ་རྣམས་ཀྱིས་གདེངས་འཇོག་གནང་བའི་ཡ་རབ་ཚུལ་མཐུན་གྱི་གཤིས་ཀ་ཕ་མེས་ཀྱི་རིང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་རྣམས་རྒྱུད་འཛིན་དར་སྤེལ་གྱི་ཆེད་དང་།མ་འོངས་པའི་བོད་མི་རིགས་ཀྱི་མདུན་ལམ་གྱི་དོན་དུ་ཇི་མི་སྙམ་དུ་མི་འཇོག་པར་ལྷག་བསམ་ཟོལ་མེད་བྱ་རྒྱུ་འདི་ནི་མི་རིགས་ཀྱི་འཚོ་བ་དང་རིག་གནས་ཡུན་ནས་ཡུན་དུ་དར་རྒྱས་སུ་འགྲོ་བ་ལ་ཡོད་ན་གཅིག་ཆོག་མེད་ན་ཐབས་ཆག་ཡིན་པས་ན་ནམ་ཡང་རྩིས་མེད་བཏང་སྙོམས་སུ་བཞག་པའི་འོས་མ་ཡིན་ནོ། ། བཞི་བ་དམ་པའི་ཆོས་ལ་ཡིད་ཆེས་བྱ་བ་ལའང་བཞི་སྟེ། དང་པོ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱ་བ་ནི།ནང་པ་སངས་རྒྱས་པའི་དམ་པའི་ཆོས་འདི་ནི་རང་རེ་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རིའི་སྐུ་རིང་ལ་དབུ་བརྙེས།སྲོང་བཙན་གྱི་དུས་སུ་སྲོལ་བཏོད།ཁྲི་སྲོང་ལྡེའུ་བཙན་གྱི་བཙན་གྱི་དུས་སུ་དར་ཞིང་རྒྱས་པར་གྱུར་ཏེ་བོད་མི་རིགས་ཧྲིལ་པོའི་སེམས་དང་འབྲེལ་བ་གཏིང་ཟབ་ཅིག་ཆགས་ཏེ། གངས་ཅན་པ་སྤྱིའི་རིགས་གཞུང་ཡོངས་ཀྱི་རྩ་བ་དང་གཙོ་བོ་ཞིག་ཏུ་གྱུར། དེའི་དབང་གིས་རིག་གཞུང་ཐམས་ཅད་ཀྱང་གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་པ་ཉིད་དུ་གྱུར་ཅིང་།ཐ་ན་དུད་འགྲོ་ཡན་ཆད་ལ་བྱམས་པ་དང་སྙིང་རྗེ་བྱེད་ཤེས་པ་དང་།སྤྱོད་ངན་རྣམས་ལའང་འདི་བྱས་ན་བདག་ལ་མི་རུང་སྙམ་དུ་འཚེམ་བག་ཤེས་པ་སོགས་བསམ་བློའི་དགེ་མཚན་མང་པོ་ཞིག་སྣང་བ་འདི་རྣམས་དམ་པའི་ཆོས་ཀྱི་དྲིན་རང་དུ་འདུག ལར་ཆོས་ཟེར་བ་འདི་ནི་བཞི་བརྒྱ་བ་ལས། ཆོས་ནི་མདོར་ན་མི་འཚེ་བར། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཆོས་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་ཁོ་ནའོ། ཞེས་གསུངས་པ་ལྟར་མི་འཚེ་བ་ཞིག་སྟེ། དེ་ཡང་གཞན་ལ་གནོད་པའི་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་སྤོང་བ་དང་། དེའི་སྟེང་དུ་གཞན་ཕན་རྒྱ་ཆེར་སྒྲུབ་པ་སྟེ་སྔ་མ་ཐེག་པ་ཐུན་མོང་པ་དང་།ཕྱི་མ་ཐེག་པ་ཆེན་པོའི་ཐུན་མིན་གྱི་ཆོས་སོ།།ཆོས་འདི་གཉིས་པོ་མི་སྒེར་རམ།སྤྱི་ཚོགས་ཀྱི་ཚོགས་པའམ།།རྒྱལ་ཁྱབ་སྟེ་སུ་ཞིག་གིས་ཉམས་སུ་ལེན་ནུས་པ་དེ་དག་འདི་ཕྱི་གཉིས་ཀར་བདེ་ནས་བདེ་བར་འགྲོ་བ་ལ་ཐེ་ཚོམ་མེད། གཞན་ལ་འཚེ་བ་མེད་པ་འདི་ཉམས་སུ་བླངས་ན་རང་གི་སྤྱོད་ངན་རྣམས་རང་གིས་འགོག་པས་ཁྲིམས་ཞེས་པ་ཡན་གར་དུ་ཅི་ཡང་མི་དགོས།གཞན་དུ་འཇིགས་ཤིང་རྔམ་པའི་ཁྲིམས་གཅོད་པ་དྲུང་དུ་ཡོད་ཚེ་ཁྲིམས་ཡོད་པ་དང་མེད་ཚེ་ཁྲིམས་མེད་དུ་གྱུར་བ་རེད།གལ་ཏེ་འཛམ་གླིང་ཐམས་ཅད་དེ་འདྲ་ཞིག་ཏུ་གྱུར་ན་འགྲོ་བ་མིའི་རིགས་ལ་མདུན་ལམ་རྩ་བ་ནས་མེད་པ་ཉིད་དུ་གྱུར་བ་རེད། །དེ་འདྲའི་བསམ་པ་བཟང་པོ་དེ་དག་གསེར་སྲང་སྟོང་བྱིན་ཡང་ཚོང་འདུས་ནས་ཉོ་རྒྱུ་མི་རྙེད། སྟོབས་འབྱོར་ཇི་འདྲ་ཞིག་ལྡན་ཡང་གཞན་ལས་འཕྲོག་རྒྱུ་མི་འོང་། ངན་གཡོའི་སྦྱོར་བ་ལ་ཇི་ལྟར་མཁས་ཀྱང་བརྐུ་རྒྱུ་མི་རྙེད། འོ་ན་ཇི་ལྟར་བྱ་ཞེ་ན། རྒྱུ་མཚན་དང་ལྡན་པའི་ཐབས་ཤིག་ལ་བརྟེན་ནས་རང་རྒྱུད་ལ་བསྐྱེད་དགོས། ཐབས་དེ་ནི་གཞན་ལས་ཅུང་ཟད་རེ་འབྱུང་མོད།ཆེས་ཕུལ་དུ་བྱུང་བ་ནི་དམ་པའི་ཆོས་ཁོ་ན་ལས་བསྟན་པས་དེ་ལ་བརྟེན་པ་མ་གཏོགས་ཐབས་གཞན་མེད་དོ།།དེང་སང་འཛམ་གླིང་ཧྲིལ་བོར་ཚན་རིག་ལག་ཤེས་དར་བས་ཕྱི་རོལ་གྱི་དངོས་པོའི་འཚོ་བ་ལ་འཕེལ་རྒྱས་ཆེན་པོ་བྱུང་འདུག་སྟེ་འཇིག་རྟེན་འཕུར་གྲུ་བཟོས་ཏེ་ཟླ་བའི་སྟེང་དུ་བགྲོད་ཅིང་མི་མ་ཡིན་པའི་གྲོང་ཁྱེར་དང་སྐྱེ་འགྲོ་ལའང་མངོམ་སུམ་དུ་ལྟ།གློག་གི་ཀླད་པ་བཟོས་ཏེ་ཕལ་བ་དག་གི་མཚན་རྨི་ལམ་དུའང་འབྱུང་མི་ཐུབ་པའི་ཡོ་བྱད་སྣ་ཚོགས་བསྐྲུན།འཕྲུལ་ཆས་ཀྱི་མི་བཟོས་ཏེ་དགྲ་འདུལ་གཉེན་སྐྱོང་གིས་མཚོན་པའི་བྱ་བ་སྣ་ཚོགས་ལ་བཀོལ་སྤྱོད་བྱེད་པ་སོགས་བློས་མི་ཁྱུད་པ་ཙམ་བྱུང་ཡོད།འོན་ཀྱང་དེ་དང་མཉམ་དུ་འཛམ་གླིང་ཐམས་ཅད་སྐད་ཅིག་ལ་ཐལ་རྡུལ་དུ་རློག་པའི་རྫས་ངན་གྱི་སྦྱོར་བ་གྲངས་ཀྱིས་མི་ཆོད་པ་ཞིག་བཟོས་ཏེ་ས་ངོས་ཙམ་དུ་མ་ཟད་རྒྱ་མཚོའི་གཏིང་དང་།བར་སྣང་ཐམས་ཅད་བཀང་སྟེ་འགྲོ་བ་མིའི་རིགས་མཐའ་དག་གི་ཚེ་སྲོག་དང་བཅས་པ་རླུང་གསེབ་ཀྱི་མར་མེ་ལྟ་བུར་གྱུར་བ་ཤིན་ཏུ་ཡ་ང་བའི་དུས་སྐབས་རེད། ནང་སེམས་ཀྱི་རྣམ་རྟོག་འདོད་ཆགས་དང་ཞེ་སྡང་སོགས་ནི་ཕྱི་དངོས་པོའི་འཚོ་བ་ཇི་ལྟ་ཇི་ལྟར་འཕེལ་བ་དེ་ལྟ་དེ་ལྟར་ཇེ་རྒོད།ཇེ་རགས།ཇེ་མང་དུ་འགྲོ་བ་མངོན་སུམ་ཚད་མ་རེད།སྔོན་དུས་རྒྱལ་པོའམ་དམག་དཔོན་ལྟ་བུ་ཞིག་གི་བྱ་བ་ཉེས་ན་ཡུལ་ཕྱོགས་གཅིག་གམ་གཉིས་ཙམ་ཙམ་རེ་བརླག་ཐུབ་པ་ལས་གཞན་ཐམས་ཅད་མི་ནུས།ལྟ་སྲིད་འཛིན་ནམ་རིམ་པ་བརྒལ་བའི་ཚན་རིག་པའམ་དམག་དཔོན་ལྟ་བུ་ཞིག་གི་བྱ་བ་ཉེས་ན་སའི་གོ་ལ་ཧྲིལ་བོ་བརླག་ཚར་བ་ཡིན། དེའི་ཕྱིར་འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཇི་འདྲ་ཞིག་ཏུ་འགྱུར་བ་ནི་གཞན་ལ་མི་འཚེ་བ་དང་གཞན་ཕན་སྒྲུབ་པའི་བསམ་པ་གཉིས་པོ་འདི་ཡོད་མེད་ཁོ་ན་ལ་རག་ལས་ཡོད་པས་ད་ལྟའི་དུས་འདིར་འདི་གཉིས་ལས་གལ་ཆེ་བ་གཞན་ཅི་ཡང་མི་འདུག ལར་མིའི་རིགས་ཡར་རྒྱས་ཟེར་བ་དེ་ཕྱིའི་ལོངས་སྤྱོད་དང་། ནང་བསམ་བློའི་འཁྱེར་སོ་གཉིས་ཀའི་ཆ་ནས་ཇེ་བཟང་དུ་འགྲོ་དགོས་པ་ལས། རང་བདེ་བའི་ཆེད་དུ་གཞན་སྡུག་བསྔལ་བར་འདོད་པ་དང་། རང་ཕྱུག་པའི་ཆེད་དུ་གཞན་དབུལ་འདོད། གནོད་སེམས། གཡོ་སྒྱུ། ཧམ་སེམས་སོགས་བསམ་ངན་གྱིས་ཀུན་ནས་བསླངས་ཏེ་སྤྱི་ཚོགས་ཧྲིལ་བོ་ངན་སྤྱོད་ཀྱིས་གང་ན་ཕྱིའི་ལོངས་སྤྱོད་རྣམས་ནི་ཇི་ལྟར་ཡོད་ཀྱང་ཕན་པ་མེད་པ་མ་ཟད་སྡུག་བསྔལ་གྱི་སྣ་འདྲེན་ཙམ་དུ་འགྱུར་རོ། །བདེ་བ་དང་སྡུག་བསྔལ་ཐམས་ཅད་ཀྱི་བྱེད་པ་པོ་ལུས་དང་སེམས་གཉིས་པོ་འདི་ཡིན་ལ། དེ་ལས་ཀྱང་སེམས་འདི་ནི་གང་བྱེད་ཀྱི་གཙོ་བོ་ཡིན་པས་ཡུན་ནས་ཡུན་དུ་བདེ་ཞིང་སྐྱིད་པ་ཞིག་འདོད་ཕན་ཆད་མིའི་རིགས་སྤྱི་དང་བྱེ་བྲག་གི་སེམས་འདི་མི་འཆོས་ཐབས་མེད་ཡིན་ནོ། །དེ་ལྟ་ན་ཐོག་མར་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་འགྲོ་བ་རིགས་དྲུག་ཏུ་སྐྱེ་བ་ལེན་ཚུལགྱི་འཁོར་བའི་རྣམ་བཞག་འདི་ལ་ངེས་ཤེས་བསྐྱེད་པར་བྱ་དགོས་ཏེ་འདི་ཤེས་པ་དང་མ་ཤེས་པའི་ཁྱད་པར་ལས་མིའི་རིགས་ཀྱི་མ་འོངས་པའི་མདུན་ལམ་ལ་ཕན་གནོད་ཆེས་ཤིན་ཏུ་ཆེ་བའི་ཕྱིར་རོ། ། ༄༅། །གལ་ཏེ་ང་ཚོ་མི་ཚེ་གཅིག་པོ་འདི་མ་གཏོགས་སྐྱེ་བ་གཞན་ལེན་མི་དགོས་པར་རྒྱུན་ཆད་ཆད་འགྲོ་རྒྱུ་ཡིན་ནི་བྱ་བ་ཐམས་ཅད་ཚེ་འདི་ཁོ་ནའི་ཆེད་དུ་བྱས་ན་དེ་ལས་གཞན་པའི་བསམ་བློ་མང་པོ་གཏོང་དགོས་དོན་སུ་ལའང་མི་འདུག་མོད། འོན་ཀྱང་དེ་འདྲ་ཞིག་ནི་གཏན་ནས་ཡིན་པར་མི་སྣང་སྟེ། སྐྱེ་སེམས་སྐད་ཅིག་དང་པོ་དེའི་སྔོན་དུ་འཆི་སེམས་སྐད་ཅིག་ཐ་མ་སོང་བ་ཡོད་ཅིང་། འཆི་སེམས་སྐད་ཅིག་ཐ་མ་དེའི་རྗེས་སུ་ཡང་སྐྱེ་སེམས་སྐད་ཅིག་དང་པོ་འབྱུང་སྟེ་ཇི་སྲིད་དུ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་ལས་ཉོན་གྱི་སྒྲིབ་པ་མ་སྤངས་པ་དེ་སྲིད་དུ་ཟོན་ཆུན་གྱི་ཁྱུད་མོ་དང་། བུམ་ནང་གི་བུང་མ་བཞིན་དུ་རྒྱུན་ཆད་མེད་པར་འཁོར་བའི་འཁོར་དགོས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཤ་ཁྲག་གི་ལུས་འདི་ནི་ཤི་བའི་ཚེ་རྒྱུན་ཆད་པར་འགྱུར་བས་སྐྱེ་བ་ཕྱི་མ་མི་འགྲོ་བ་བདེན་མོད།ལུས་སེམས་གཉིས་ནི་རེ་ཞིག་ལྷན་ཅིག་ཏུ་ཚོགས་པ་ཙམ་ལས་ངོ་བོ་དང་སྐྱེ་ཚུལ་སོགས་ཐ་དད་ཁོ་ན་ཡིན་པས་ལུས་ཕ་རོལ་དུ་མ་སོང་བ་ཙམ་ལས་སེམས་ཕ་རོལ་དུ་མ་སོང་བ་ཇི་ལྟར་ཤེས་ཏེ་མི་ཤེས་སོ།།ལུས་སེམས་གཉིས་ཀྱི་སྐྱེ་ཚུལ་ཇི་ལྟར་ཐ་དད་ཡིན་ཞེ་ན།སྒྲ་བསྒྱུར་མར་པའི་སྲས་དར་མ་མདོ་སྡེས་རྣམ་ཤེས་གཅིག་གྲོང་ཕོ་གྲོང་འཇུག་གི་གདམས་པ་ལ་བརྟེན་ནས་ལུས་གསུམ་འདོར་ལེན་བྱས་ཚུལ་དང་། རྣལ་འབྱོར་པས་རྨི་ལམ་སྤྲུལ་སྒྱུརལ་བརྟེན་ནས་གདོས་བཅས་གྱི་ལུས་ཤུལ་དུ་བཞག་སྟེ་རྣམ་ཤེས་གཞན་དུ་སོང་རུང་ཡུན་རིང་དུ་ལུས་རོ་ལྟར་གྱུར་ནས་སླར་ཡང་རྣམ་ཤེས་ལུས་ལ་ཞུགས་པ་མང་པོ་བྱུང་དང་འབྱུང་མུས་སུ་ཡོད།གཞན་ཡང་སྤྱི་ལོ་༡༩༥༨ལོའི་དགུན་དུས་སུ་ཨ་རིའི་དབྱི་ལིའུ་རོ་པུ་གླིང་གི་ཝ་ཏ་ཞི་ཅའི་ས་ཁུལ་དུ་ལོ་བཅུ་བཞིར་སོན་པའི་བུ་མོ་ལའོ་ལན་ཟེར་བ་ལུས་སེམས་གཉིས་ཀར་ནད་གང་ཡང་མེད་པ་ཞིག་ཡོད།ལོ་དེའི་ཟླ་༡༢་ཚེས་༡ནུབ་མོར་དྲན་པ་མེད་པར་གྱུར།སླར་དྲན་པ་རྙེད་པའི་ཚེ་ཁྱིམ་མཚེས་ཡ་ཧྲི་ལོ་ཕོས་ཁྱོ་ཤུག་གཉིས་ལ་ལོ་བཅུ་གཉིས་ཀྱི་སྔོན་ཤི་སོང་བའི་བུ་མོ་མ་ལིས་ཞེས་པ་ཞིག་ཡོད་པ་དེ་ཁོ་ན་ཉིད་དུ་མངོན་སུམ་ཚད་མར་གྱུར་ནས་འདུག ལའོ་ལན་གྱིས་མ་ལིས་གཏན་ནས་མཐོང་མ་མྱོང་ཡང་གཤིས་ཀ་ཐམས་ཅད་ཇི་མ་ཇི་བཞིན་དུ་འདུག མོས་སྔོན་གྱི་ཕ་མ་གཉིས་སོགས་ཁྱིམ་མི་ཐམས་ཅད་གཏན་ནས་ངོ་མི་ཤེས་ཤིང་ང་རང་རང་ཁྱིམ་དུ་གཏོང་རོགས་ཞེས་ཟེར།མ་ལིས་ཀྱི་ཕ་ཡ་ཧྲི་ལོ་ཕོས་ཀྱིས་དེ་ཐོས་ཕྲལ་ཨ་རིའི་ཝ་ཧྲི་ཁང་ཤིན་གླིང་ཆོང་ནེས་གྲོང་ཁྱེར་ནས་སྨྱོ་ནད་ཀྱི་ཆེད་ལས་མཁས་པརབ་འབྱམས་པ་ཧྲི་ཏིས་ཝེན་ཧྲིན་བོས་ཏེབརྟག་དཔྱད་བྱེད་དུ་བཅུགལའོ་ལན་གྱིས་ཡ་ཧྲི་ཕོས་ཀྱི་ཁྱིམ་ཚང་གི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་ཇི་བཞིན་དུ་བཤད་པས་ཕ་རྒན་ཤིན་ཏུ་ཡིད་ཆེས་དཀའ་བའི་གནས་འདི་ལ་ཡིད་མི་ཆེས་ཁག་མེད་བྱུང་སྟེ། ངེད་ཀྱི་དོན་འདི་ཅི་ཡིན་གཏན་ནས་ཤེས་པ་མི་འདུག གང་ལྟར་ཡང་འདི་ངེད་ཀྱི་མ་ལིས་ཡིན་ཐག་ཆོད་རེད་པས་རང་གི་ཁྱིམ་དུ་གཏོང་རོགས་ཟེར། ཧྲི་ཏིས་ཝེན་ཧྲིན་དང་ལའོ་ལན་གྱི་ཕ་མ་གཉིས་ཀྱིས་ཀྱང་བློར་བབ་སྟེ་ཟླ་བ་༡༢་ཚེས་༢༤ཉིན་མ་ལིས་ཀྱི་ཁྱིམ་དུ་སྤོས། ཁྱིམ་དུ་འབྱོར་མ་ཐག་མི་ཐམས་ཅད་ངོ་ཤེས། མོ་རང་གི་སྔོན་གྱི་བྱ་སྤུའི་མགོ་རྒྱན་སོགས་ངོས་འཛིན་བྱས། དེ་ལྟར་ལུས་ལའོལན་གྱི་དང་སེམས་ནི་མ་ལིས་ཁོ་ནར་གནས་། ༡༩༥༩ལོའི་ཟླ་༣་ཚེས་༧ཉིན་ངུ་ཞིང་ཕ་མ་གཉིས་ལ་བོས་ཏེ་ལའོ་ལན་སླར་ལོག་བྱུང་ཟེར། མོས་ཤིན་ཏུ་ཡི་མུག་པའི་ཉམས་ཀྱིས་གྲོགས་པོ་ཚོ་ལ་གྱེས་མཇལ་ཞུས། ཟླ་༣་ཛེས་༢༡་ཉིན་ཡང་དྲན་མེད་དུ་གྱུར་ཏེ་སླར་དྲན་པ་རྙེད་ཚེ་སྔོན་གྱི་ལའོ་ལན་རང་དུ་འདུག་པས་སྔར་གྱི་རང་ཁྱིམ་དུ་ཕྱིར་སོང་ངོ་། ཚུལ་འདི་ལ་དེང་རབས་སེམས་ཁམས་རིག་པའི་རབ་འབྱམས་པ་ཧོ་ཆུས་ཞེས་པ་དེས་རང་ཉིད་དངོས་ཀྱིས་དོན་འདིར་རྒྱུས་མངའ་བའི་དན་དཔུང་གི་མི་གཙོ་བོ་རྣམས་ལ་འདྲི་རྩད་ནན་ཏན་དུ་བགྱེས་ཏེ་རྫུན་ཅུང་ཟད་ཀྱང་མི་འདུག་ཟེར་རོ། གོང་གི་ཧྲི་ཏས་ཝེན་ཧྲིན་ཞེས་པ་དེ་ནི་ཧེ་ཅིས་ནེས་ཡ་སློབ་གྲྭ་ཆེན་མོའི་དབང་རྩའི་རིག་པ་དང་། སེམས་ཁམས་རིག་པའི་གཙོ་འགན་འཁུར་མཁན་དགེ་རྒན་ཆེན་མོ་དེ་རེད། འདིས་མཚོན་ནས་ཤེས་པར་བྱ་སྟེ་དེ་འདྲ་བ་དང་ཕྱོགས་མཚུངས་པར་མང་པོ་འདུག་ཀྱང་ཡི་གེ་མང་བས་མི་སྤྲོའོ། །དེས་ན་ལུས་དེ་དང་སེམས་དེ་གཉིས་ནི་རེ་ཞིག་ལས་ཀྱི་དབང་གིས་ལྷན་དུ་འདུས་པ་ཙམ་ལས་ངོ་བོ་བདག་གཅིག་སོགས་མི་འགྲུབ་པས་ང་ཚོ་ནང་པའི་གཞུང་ལས་ལུས་ནི་མགྲོན་ཁང་དང་རྣམ་ཤེས་ནི་མགྲོན་པོལྟ་བུ་ཡིན་ཞེས་གསུངས་པ་འདི་དངོས་གནས་དྲང་གནས་མིག་གིས་བལྟ་རྒྱུ་ཡོད་པ་ཞིག་དང་ལག་པས་གཟུང་རྒྱུ་ཡོད་པའི་བདེན་དོན་ཞིག་ཡིན་པས་སྨྲ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པརལྷང་ངེར་གསལ་འདུག་གོ ཚན་རིག་པ་ཁ་ཅིག་གིས་རྫས་འགྱུར་གྱི་འགྱུར་རིམ་ལས་སྲོག་ཆགས་བྱུང་བ་ཡིན་ཟེར། དེ་ཡང་གདོད་མའི་རླུང་ཁམས་ཆེན་པོའི་ནང་ན་གནས་པའི་སྐྱེ་མེད་དངོས་པོ་རྣམས་འདུས་པ་ལས་སྐྱེ་ལྡན་དངོས་པོ་གྱུར། དེ་ཆར་བའི་རྒྱུན་དང་འགྲོགས་ཏེ་རྒྱ་མཚོར་སོང། རྒྱ་མཚོ་ནས་རིམ་བཞིན་དུ་འཕེལ་ཏེ་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་དང་། སྤྲི་དཀར་གྱི་བཅུད་དུ་གྱུར་ཅིང་མཐར་སྲོག་ཆགས་སུ་གྱུར་པས་ཚེ་སྲོག་ནི་སའི་གོ་ལ་རང་ནས་བྱུང་ཞེས་ཟེར། འདི་ཉིད་སྤྱི་ལོ་༡༩༥༥་ལོར་ཨ་རིའི་རྫས་འགྱུར་རིག་པ་པ་མེའུ་ལའེ་ཞེས་པས་ཞིབ་འཇུག་བྱས་ཏེཤེས་པ་ཡིན་ལ། ༡༩༣༤་ལོར་ནོ་པེ་ཨེར་རྗས་འགྱུར་རིག་པའི་བྱ་དགའ་འཐོབ་མཁན་ཡོའུ་་ལེས་ཞེས་པ་དེས་ཀྱང་འདི་ཡིན་པར་ཐག་བཅད་འདུག། ཡང་ཚན་རིག་པ་འགའ་ཞིག་གིས་ནི་འགྲོ་བའི་ཚེ་སྲོག་འདི་སྐར་མ་གཞན་ནས་བྱུང་ཞེས་ཀྱང་ཟེར་རོ། །དེ་ལ་དཔྱད་པ་སྔ་མ་དེས་སེམས་ཀྱི་ཡ་མཐའ་ཡང་དུས་དེ་ཉིད་ཀྱི་ཚེ་གསར་དུ་བྱུང་བ་ཡིན་ཞེས་ནི་གཏན་ནས་སྨྲ་མི་ནུས་ཏེ་ལུས་སེམས་གཉིས་ཀྱི་སྐྱེ་ཚུལ་མི་འདྲ་བར་གོང་དུ་བཤད་པ་ལྟར་དང་། གཞན་ཡང་མངལ་སྐྱེས་ཀྱི་སེམས་ཅན་ཀྱི་ལུས་ནི་ཐམས་ཅད་ཕ་མའི་ཁུ་ཕྲག་གཉིས་པོ་རིམ་པར་འགྱུར་བ་ལས་བྱུང་བར་ཐམས་ཅད་ཀྱིས་ཁས་ལེན་མོད། སེམས་ནི་དེ་ལྟར་མིན་ཚུལ་འོག་ཏུ་འཆད་དོ། །
༄༅། །ཡང་དངོས་གཙོའི་ཚན་རིག་པ་འགའ་རེས་མིའི་བསམ་གཞིག་བྱེད་པའི་རྣམ་ཤེས་འདི་བེམ་པོ་དང་སོ་སོར་འབྱེད་རྒྱུ་མེད་པའི་བེམ་པོའི་ཆ་ཤེས་ཤིག་རེད། རྣམ་ཤེས་ཀླད་ཆེན་ལ་བརྟེན་དགོས། དེའི་ཕྱིར་མི་ཤི་བའི་ཚེ་ལུས་ཞིག་ནས་མེད་པར་གྱུར་བས་རྣམ་ཤེས་ཀྱང་རྒྱུན་ཆད་པར་གྱུར་ཟེར། ཡང་༡༩༦༣་ལོར་ནེ་པེ་ཨེར་གསོ་རིག་བྱ་དགའ་མྱོང་མཁན་གྱི་དབྱིན་ཇིིའི་ཡས་ཧན་ཨེ་ཁུ་ལིས་སོགས་ཕུལ་དུ་བྱུང་བའི་ཚན་རིག་པ་མང་པོ་ཞིག་གིས་ནི་མིའི་ལུས་ཀྱི་ནང་བེམ་པོ་མ་ཡིན་པའི་དངོས་པོ་སྟེ་རྣམ་ཤེས་ཤིག་ཡོད་ལ། །དེ་མིའི་ལུས་ཞིག་པའི་འོག་ཏུའང་རྟག་པར་གནས་ཡོད། ཀླད་ཆེན་ནི་དཔེར་ན་འཕྲུལ་ཆས་ཀྱི་གློག་གི་ཀླད་པ་དང་། རྣམ་ཤེས་ནི་དེ་ལ་བཀོད་འདོམས་བྱེད་པའི་མིའི་ཀླད་པ་ལྟ་བུ་རེད་ཟེར་རོ། །དེ་ལས་སྔ་མ་དག་གིས་མི་ཤི་བའི་འོག་ཏུ་ཀླད་ཆེན་མེད་པས་རྣམ་ཤེས་ཀྱང་མེད་ཟེར་བ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ། ད་ལྟ་འཛམ་བུ་གླིང་གི་ཐོག་ན་སྐྱེ་བ་སྔ་མ་ནས་ཕྱི་མར་འཕོ་ཚུལ་བར་སྲིད་ཀྱི་གནས་སྐབས་དང་བཅས་པ་བདེན་དཔང་ཚད་མ་དང་ལྡན་པའི་སྒོ་ནས་དྲན་མཁན་སྐྱེ་བོ་བརྒྱ་སྟོང་དུ་མ་ཐམས་ཅད་ལ་མཐུན་སྣང་དུ་བྱུང་དང་འབྱུང་མུས་སུ་ཡོད་པ་ཡིན་ན། ཅི་མངོན་སུམ་ལ་སྐུར་བ་གདབ་རྒྱུ་ཡིན་ནམ། དངོས་ཡོད་ཀྱི་གནས་ཚུལ་ཁས་མི་ལེན་ན་ཅི་ཞིག་ལ་དངོས་གཙོ་ཟེར། གཞན་ཡང་དེང་དུས་འཛམ་གླིང་ན་དང་པོ་ཉིད་ནས་ཀླད་ཆེན་མེད་པའི་མི་བཅུ་ཕྲག་འགའ་ཞིག་ཚན་རིག་གིས་གསར་མཐོང་བྱུང་ལ། དེ་དག་གི་བློ་གྲོས་ཀྱང་མི་ཕལ་བ་ལས་ལྷག་པར་འདུག་ཅེས་ཟེར་བས་ཀླད་ཆེན་མེད་ན་རྣམ་ཤེས་མེད་ཟེར་བ་ནི་མངོན་སུམ་དང་ཡང་འགལ་བ་ཞིག་གོ །དེས་ན་འདི་ལྟར་བལྟ་བར་བྱ་སྟེ། མི་ཤི་བའི་རྗེས་སུ་གཟུགས་ཕུང་་གིས་བསྡུས་པའི་ཤ་ཁྲག་གི་ལུས་འདི་ནི་འདིར་མེད་པར་འགྱུར་བ་སྨོས་མ་དགོས་ལ། འོན་ཀྱང་སེམས་ནི་དེ་གར་རྒྱུན་ཆད་པ་མ་ཡིན་ཏེ། ལུས་ཞིག་པ་ཙམ་གྱིས་སེམས་རྒྱུན་ཆད་དགོས་པའི་རྒྱུ་མཚན་རྡུལ་ཙམ་མེད་པའི་ཕྱིར་རོ། དེའི་ཚེ་ལུས་འདི་ལ་སེམས་མི་གནས་པ་ཙམ་ཞིག་གྲུབ་མོད། སེམས་གཏན་མེད་དུ་གྱུར་པ་ནི་སུས་ཀྱང་མི་རྟོགས་སོ། འཆི་བའི་ཚེ་སྒོ་ལྔའི་རྣམ་ཤེས་སོགས་རྣམ་རགས་པ་རྣམས་འགགས་ནས་ཀུན་གཞིའི་རྣམ་ཤེས་ཀྱི་ངང་དུ་བརྒྱལ་ཏེ་འགྲོ། རེ་ཞིག་ནས་བརྒྱལ་སངས་ཚེ་བར་སྲིད་ཀྱི་སྣང་བ་ཤར་ཏེ་ཐོགས་རེག་དང་བྲལ་བའི་ལུས་དང་ལྡན་ཞིང་། བྱ་སྒྲོ་རླུང་གིས་བཏེགས་པ་འདྲ་བ་གར་འགྲོ་དང་འདིར་འགྲོ་མེད་པ། ཚེ་ཚད་ལ་ངེས་པ་མེད་པ། ལ་ལས་རང་གི་རོ་ཡང་མཐོང་བ་དེ་འདྲ་ཞིག་ཏུ་འགྱུར་རོ། །གལ་ཏེ་མངལ་དུ་འཇུག་པའི་རྒྱུ་རྐྱེན་མ་ཚང་ན་དེ་ཉིད་ཡུན་རིང་གནས་ལ། གལ་ཏེ་མངལ་དུ་འཇུག་པའི་རྒྱུ་རྐྱེན་ཚང་ན་ནི། དེའི་ཚེ་བདག་རྩྭའི་ཕུག་གམ། བྲག་ཕུག་གམ། ཁང་བ་བརྩེགས་མའི་ནང་དུ་འཇུག་གོ་སྙམ་པ་ལ་སོགས་པ་རང་རང་གི་ལས་ཀྱི་དབང་གིས་འདུ་ཤེས་མ་ངེས་པ་སྣ་ཚོགས་པས་མངལ་དུ་འཇུག་འགྱུར་ཏེ། དགའ་བོ་མངལ་དུ་འཇུག་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། དགའ་བོ་སེམས་ཅན་རྣམས་ནི་མངལ་དུ་འ
དཔལ་དགྱེས་ཟེར་བའི་གྲྭ་གཟུགས་སྙིང་ཆུང་འདི། ཁྱོད་དེ་འདྲ་སྐྲག་དགོས་དོན་ཨེ་ཡོད། ཁྱོད་ཕྱི་རྒྱལ་དུ་བྲོས་ཚར་བ་ཞིག་མ་ཡིན་ནམ། ཁྱོད་ཀྱི་རྗེས་སུ་རྒྱ་མི་རྒྱུག་མི་ཡོང་བ་ཁྱོད་རང་གིས་ཨེ་མི་ཤེས། མ་གཞི་ཁྱོད་ལ་བོད་དོན་ཐད་ལྷག་བསམ་མེད་པ་ཞིག་ཡིན་པ་འདི་ན་བསྟན་འདུག བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་བོད་མིས་ཞི་རྒོལ་བྱས་ན་དེ་ཆོས་ཆོས་བཞིན་དུ་མ་བྱས་པ་ཡིན་ན། བོད་མི་རྒྱ་ལ་བླ་བཙོང་བྱེད་མཁན་དེ་ཚོ་ཆོས་བཞིན་དུ་བྱས་པ་རེད་དམ། བླ་བཙོང་། ཁྱོད་ལྟ་བུ་དང་པོ་བོད་ནས་ཕྱི་རྒྱལ་དུ་ཕར་བྲོས། དེ་ནས་རྒྱ་ནང་དུ་ཡོང་སྟེ་བོད་བླ་བཙོང་མཁན་འདི་ཚོ་ལ་ངོ་ཚ་རྒྱུ་མི་འདུག
དྲྭ་གྲོགས་དཔལ་དགྱེས་ལགས། ཁོང་ཚོ་བོད་ནང་ན་ཡོད་མཁན་ཚོས་སེམས་ཤུགས་མ་ཆགས་པའི་ཐོག་འདི་ལྟར་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་གནས་ཚུལ་རྣམས་ང་ཚོས་རྩད་གཅོད་དང་གསལ་བཤད་མ་བྱས་ན་རྒྱ་མིས་སྦས་སྐུང་བྱེད་ཅི་ཐུབ་བལྟ་རྒྱུ་རེད། དེར་བརྟེན་ང་ཚོ་ལ་ངེས་པར་དུ་ལས་འགན་ཡོད་པ་ཞིག་རེད་དྲན།
ལྷག་བསམ་རྣམ་དག་གི་སྒོ་ནས་བསམ་འཆར་འདོན་མཁན་ཚང་མ་ལ་རྗེས་སུ་ཡི་རིང་ཡོད། སྭཙྪ་གཅིག་གིས་མི་གསུམ་སངས་རྒྱས་ཟེར་བའི་དཔེ་ལྟར། མི་རང་རང་སོ་སོ་ལ་བསམ་བློ་གཏོང་སྟངས་མི་འདྲ་བ་མང་པོ་ཡོང་གི་རེད། དྲྭ་གྲོགས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
དཔལ་དགྱེས་པ་རྡོ་རྗེ་གསུངས་པ་དེ་ག་རང་། གསེ་ཆོས་ཁྱོད་རང་ལུང་པ་ནང་ལུས་ངག་ལམ་ནས་ལས་འགན་ཇི་ལྟར་སྤེལ་གྱང་ཆོག་པ་ལ། གསེར་རྟ་བླ་རུང་ཞེས་མིང་འབོད་དགོས་དོན་མེད་རང་རང་ཕ་ཡུལ་གང་ཡིན་དེ་འབོད་ན་ཆོག་པ་ལས། ཐུགས་བསམ་མ་བཞེས་པའི་ལས་འཚོམ་བཞག་ན་དགའ།
དྲྭ་གྲོགས་ལྷུན་གྲུབ་ལགས། སོ་སོའི་ལུང་པའི་མིང་གཅིག་པུ་བརྗོད་ཀྱང་ཆོག་གི་རེད་དེ། ཡིན་ན་ཡང་དགོན་པའམ་གྲྭ་ཚང་གང་ཡིན་གྱི་མི་སྣ་དེའི་ཁུངས་གཏོགས་གང་ཡིན་གྱི་མིང་ནས་གསལ་བོ་སྨོས་དགོས་པ་གལ་ཆེན་པོ་རེད། དཔེར་ན་སེ་ར་དགོན་པའི་གྲྭ་པ་དང་དགའ་ལྡན་དགོན་པའི་གྲྭ་སྦག་གྲོ་ཞེས་བརྗོད་པ་ནང་བཞིན་རེད།
དྲ་གྲོགས་དཔལ་དགྱེས་དང་ལྷུན་གྲུབ་གཉིས། ༢༠༡༠ / ༤ / ༥ / སྔ་མོ་ཨེ་ཤེ་་ཡ་ཚང་གིས་གསལ་བོ་གསལ་རྐྱང་གསུང་གིན་འདུག གནས་ཚུལ་འདི་རིགས་གང་ལྟར་ཡང་ལམ་སེང་ཁྱབ་བསྒྲགས་འགྲོ་ཡ་རང་རེད། ཞེད་སྣང་དགོས་ཡ་མི་འདུག
ཡ། བཟོད་སྒོམ་ཅན་གྱི་གསེར་རྟ་ཆོས་དབྱིངས་དང་བོད་མིང་ཁུར་མཁན་ཚོ་ཉོན་དང་། ཁྱོད་ཚོ་བོད་ཀྱི་བསྟན་སྲིད་ཁ་ལ་ཁྱེར་ནས་བོད་ནང་གི་བོད་མི་ག་ཚོད་འདས་གྲོངས་ཀྱི་སྡུག་བསྔལ་དུ་གྱུར་ཡོད་པར་བསམ་བློ་ཐོངས་དང་། གལ་སྲིད་ཡུལ་ཤུལ་ཁུལ་གྱི་སེར་གཟུགས་དེ་ཚོ་མི་འཇིགས་སྙིང་སྟོབས་ཡོད་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་ཁག་བདུན་ལས་ནང་ཆེན་མ་གཏོགས་གོ་རྒྱུ་མི་འདུག ས་གནས་རང་ནས་ཧོ་བཏབ་བྲང་རྡུང་མི་འདུག་པར། འབྲས་ལྗོངས་ལ་ནག་ཐིག་དང་དཀར་གསུམ་ལ་ཁྲག་ཐིག་ཟེར་བ་ལྟར་ཆོས་ཀྱི་གྲོང་ཁྱེར་ཆེན་པོ་དེའི་མིང་ཁུར་དགོས་དོན་གཏན་ནས་མེད། གཞིས་ལུས་བོད་པ་ཞེས་བོད་སྤྱི་མིང་ཁུར་མཁན་ཁྱོད་ཀྱང་ངོ་། མདོར་ན་ཆོས་ཀྱི་གྲོང་ཁྱེར་འདི་ཕྱི་རང་དབང་མེད་ཀྱང་ནང་རང་ཆོས་ཟིན་པའི་ཆོས་སྒར་ཡག་དག་ཅིག་རེད། དམ་ཆོས་རྣམ་དག་སྒྲུབ་མཁན་ཚང་མ་དེ་ན་ཡོད་པ་རེད། དེ་གཏོར་ཐབས་བསྟན་དཀྲུགས་སུ་མི་འདོན་པའི་རེ་འབོད་དུ་དཔལ་དགྱེས་སྙིང་ནད་མཁན་གྱིས་ཕུལ། །
དཔལ་དགྱེས་པ་རྡོ་རྗེ་ལགས། གུ་རི་རིན་པོ་ཆེས་རྒྱ་འདྲེ་རེད་གསུང་འདུག་ག བྱས་ཙང་ཁྱེད་ཀྱིས་ཀྱང་རྒྱ་མི་ལ་ངོ་རྒོལ་བྱེད་དགོས་ནི་རེད་ཕ་བཟང་བུ། ཧ་ཧ་ཧ་ཧ་ཧ།
གུ་རི་་་་་གུ་རུ་་་ལ་ནོར་བཅོས།
གསེར་ཆོས་ལགས་རྒྱ་མིའི་མ་བཙིར་སྔོན་ནས་ཁྱེད་རྣམས་ཀྱིས་གསལ་པོ་བཟོ་འདུག་ཏུགས་རྗེ་ཆེ་
དཔལ་དགྱེས་ལགས་ཐུགས་རྗེ་ཆེ་དེ་རིགས་རྣམས་བཀའ་སློབ་གང་མང་རེ་ཕེབས་རོག
སེང་རྡོར་ལ་ཕུལ་བའི་མེ་ཏོག་དམར་པོ།
ཨེ་མ་ཧོ།
ལྷ་ཡི་ཚོགས་ལ་དག་སྣང་མི་དགོས་མི་གཤིས་ཁམས་དྲུག་ལྡན་པའི་སྐུ། །
འདྲེ་ཡི་རིགས་ལ་དངངས་སྐྲག་མེད་པའི་སྒྲ་དབྱངས་ལྷ་མོའི་སྙན་ངག་སྒྲོགས། །
ལྷ་མེད་འདྲེ་མེད་ཚིག་གི་བརྗོད་ཀྱང་དོན་གྱི་ལྷག་བསམ་ཟླ་བྲལ་བ། །
ཕོ་རྒོད་ཁྱོད་ལ་བསྟོད་པའི་བསྔགས་བརྗོད་མེ་ཏོག་དམར་པོའི་མཆོད་ཕྲེང་འབུལ། །
ས་ཡ་དུ་མའི་མི་ཆེན་མང་དག་དུར་ཁུང་ཁྲག་དམར་དཀྱིལ་དུ་བཞག །
བརྒྱ་སྟོང་ཕྲག་གི་ན་ཆུང་བུ་མོས་བསྟན་འཛིན་དམ་པར་གཉའ་སྒ་བཏད། །
ང་བརྒྱད་རྒྱལ་གཅེས་ཅོལ་ཆུང་དཔའ་བོས་རང་ཕུང་རོགས་བརླགས་བཅོས་བསྒྱུར་བྱས། །
སྤྲེལ་ལད་ཕོ་མོ་དབང་ཆེན་རྣམས་ཀྱིས་ཕ་མེས་གསང་གསུམ་རྩད་ནས་གཏོར། །
གྲྭ་རྫུན་ཁྲམ་པའི་གྲྭ་རྟ་མ་བྱས་ཡིད་མཐུན་བུ་མོའི་རྗེས་སུ་རྒྱུགས། །
ཕྱོགས་ཞེན་གྲུབ་མཐའི་ཆགས་སྡང་མ་བྱས་རང་བློ་གཙང་མ་དབང་པོར་བྱས། །
དྲུག་ཅུ་རྒན་པོའི་ན་ཟུག་མ་བཟོད་ལྷ་ཕྲུག་ཕུར་བུའི་སྤུན་ཟླར་ལགས། །
ཕྱི་ནང་བསྟན་ལ་ཁྱད་པར་མ་བྱས་འཇིག་རྟེན་ཚོར་བའི་རྟུལ་ཕོད་བརྩམས། །
རང་དང་གཞན་ལ་དོགས་སློང་བྱས་ཏེ་སོ་སྐྱེའི་སྐད་སྒྲ་ལྷང་ལྷང་བསྒྲགས། །
རྒྱུ་ནོར་དཔུང་ལ་ངོ་སོ་མ་བལྟས་རང་གཤིས་དམར་པོ་རྗེན་དུ་ཕུད། །
ཐོབ་དང་གོ་ས་རོ་བཞིན་དོར་ནས་དྲ་ཁང་ནང་ནས་ཉིན་མཚན་ཉུལ། །
བསྟོད་སྨད་ཚོགས་ལ་བདག་གིར་མ་བྱས་རིང་ལུགས་བརྡ་སྤྲོད་བསྟན་པ་སྤེལ། །
རྒྱ་གར་ཡུལ་ནས་ཆོས་ཁུངས་མཐོང་ཡང་ལུང་ཙམ་སྐྱབས་འགྲོ་ཁྱོད་ལ་དབེན། །
ཙི་ནའི་ཡུལ་གྱི་རྒྱུ་ནོར་མ་རྔམས་ཀུན་རྟོག་སྨྱུག་རྩེར་སྙན་ངག་རྡོལ། །
ཕྱི་གླིང་ཡུལ་ནས་གཞན་མགོ་མ་བསྐོར་རང་གླིང་ཡུལ་ནས་རིགས་རྩལ་ངོམས། །
རང་ཡུལ་དཔའ་བོ་སེངྒེ་རྡོ་རྗེར་སྨད་པའི་ལམ་ནས་བསྟོད་པ་ལགས། །
ངོ་དགའ་ཚིག་གི་བསྟོད་དབྱངས་མ་ཡིན་ལོ་རྒྱུས་ཤེས་པའི་འབྱུང་གནས་ཡིན། །
སྒྲོ་བཀུར་ངན་པའི་འུར་སྒྲོགས་མ་ཡིན་དྲང་བདེན་ངེས་པའི་འཕྲིན་ཐུང་ཡིན། །
མིང་བྱང་མེད་པའི་རྐུན་ཇག་མ་ཡིན་དགྱེས་པ་རྡོ་རྗེའི་ལེགས་སྐྱེས་ཡིན། །
ཨུ་ཚུགས་བསྒྲིག་པའི་ཚིག་བཅད་མ་ཡིན་དབང་མེད་སོར་བཅུའི་ལམ་ནས་ཐལ། །
སྤྱི་ལོ་༢༠༡༠ ༤ ༤ ལ་ཝྰ་ཡེལ་ཇ་ཁང་ནས་དཔལ་དགྱེས་པ་རྡོ་རྗེས་ཐོལ་བྱུང་དུ་མྱུར་བྲིས་བགྱིས་པ་དགེའོ། །
ཡ་གོང་གི་གསེར་རྟ་ཆོས་དབྱིངས་དེ་གསེར་ཆོས་རེད་སྙམ་ཡང་། རྒྱུ་མཚན་བཀོད་ལུགས་ལ་བལྟས་ན་གསེར་ཆོས་དེ་མིན་པ་འདྲ། ཁོ་རེ་འཇིག་རྟེན་ཕྱོགས་ནས་བཤད་ན་གསེར་རྟ་ཆོས་སྡེའི་ཞིང་འབྲོག་པ་ཚོ་ཆེན་མ་ལག་བཅོ་བརྒྱད་ཡོད་པ་དག་ལ་ཡུལ་ཤུལ་གྱི་རྐུབ་སེར་འགའ་རེའི་སྣ་འདྲེན་བྱེད་དགོས་པ་ངོ་ཡང་མི་ཚའམ། གང་ལྟར་གང་ཟག་མི་གཙོ་ཆོས་གཙོ་ཞེས་པ་ལྟར་རྒྱ་ནག་ཆོས་མེད་པས་གུ་རུ་རིན་པོ་ཆེ་ལ་ངན་སྨོད་མ་ཚད་བོད་ཡིག་ཁ་བརྡ་དྲ་བ་འདི་ཚོས་ཀྱང་གྲུབ་དབང་ཡིད་བཞིན་ནོར་བུ་ལ་ཡང་སྒྲོ་བཀུར་གྱིས་རྩེད་ཆས་ག་འདྲ་བྱས་ཡོད་པ་ཤེས་སོང་ངམ། དེ་ཚོ་རང་བཙན་རེད་དམ་གཞན་བཙན་རེད། ད་དུང་ཆོས་ལུགས་ཁ་ལ་ཁྱེར་བ་ཚོས་ཆོས་ཆོས་བཞིན་དུ་མི་བྱེད་པ་དེ་ཚོ་རྒྱ་ཡི་མགོར་བཞག་རྒྱུ་ག་ལ་ཡོད། དོལ་རྒྱལ་ཚོགས་པ། ཀརྨའི་ལས་དམག སོགས་་་་བོད་རང་གི་རང་བརླག་པ་རེད་མ་གཏོགས་རྒྱ་ཁོ་ན་ག་ལ་ཡིན། ད་ཐང་ཡང་བཀའ་བརྒྱུད་འཛིན་གྲྭ་ནས་ཐོས་བསམ་ལ་མི་བྱེད་པར་གསེར་རྟ་རྫོང་ཐོག་ནས་བསྟན་བཤིག་ཁྲབ་པ་དེ་ཚོ་གུ་རུ་རིན་པོ་ཆེས་བོད་མི་རེ་ཁུངས་ན་འདྲེ་རེ་ཞུགས། བོད་སྡུག་པའི་དུས་ལ་བབས་པ་ཡིན་ཞེས་པའི་ཐོག་ལ་བབས་པ་རེད་། ཧ་གོ་སོང་ངམ།
དཔལ་དགྱེས་ཟེར་བའི་རྒྱ་དགའ་མ་འདི། ཟླ་ཤས་ཀྱི་སྔོན་དུ་རྒྱ་ནག་གི(东北)ཏུང་པེ་ཞིག་ན་བླ་རྫུན་འདི་འགྲོ་གི་འདུག ཧི་གཟུགས་ཟིན་བྲིས་ནས་ཡ་ཆེན་ཆོས་སྒར་ལ་མཚན་སྨད་བྱེད་མཁན་དེ་རེད།
ལེགས་སོ། དཔལ་དགྱེས་པ་རྡོ་རྡེ། སྤྱིར་བཏང་མི་སུ་ཡིན་ཀྱང་ལྷག་བསམ་ལ་སྐྱོན་ཡོད་མེད་བལྟ་རྒྱུ་གལ་ཆེན་པོ་རེད། སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་པའི་ལོ་རྒྱུས་ལྟ་བུ་རེད། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་བཀའ་སློབ་གནང་བ་ཡང་ཡག་པོ་རེད་ལ་ཐུགས་རྗེ་ཞུ་བཞིན་ཡོད། ངས་ཁ་སང་གནས་ཚུལ་འདི་གོ་མ་ཐག་ལམ་སེང་བརྒྱུད་ལམ་ཁག་ནས་གནས་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་གལ་ཆེན་པོ་རེད་སྙམ་ནས་བྲིས་པ་རེད། ནོར་ཡོད་ན་དགོངས་དག་ཞུ། ཡིན་ན་ཡང་དེ་རིང་སང་ཉིན་བླ་རུང་ཆོས་སྒར་ལ་རྒྱ་ནག་གིས་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་། ཐ་ན་ཁ་པར་བརྒྱུད་ལམ་ཡན་ཆོད་ལ་དམ་བསྒྲགས་ཤུགས་ཆེན་པོ་རེད་འདུག གནས་སྟངས་འདི་ལ་ང་ཚོས་རྒྱ་གར་ནས་ཁྱབ་བསྒྲགས་བྱས་མ་བྱས་ལ་ཁྱད་པར་མེད་པ་འདྲ་ཞིག་མཐོང་གིན་ཡོད།
སྤྱིར་ང་ཚོའི་ཕྱོགས་ནས་བོད་དོན་གྱི་ལས་འགུལ་སྤེལ་བ་རྣམས་ཁྱབ་བསྒྲགས་བྱེད་མ་ཐུབ་པའི་རྐྱེན་པས་མང་པོ་ཞིག་གིས་གནས་ཚུལ་ཧ་མ་གོ་བ་དང་། བོད་དོན་ཐོག་ལ་སེམས་ཤུགས་མི་འདུག་བསམ་མཁན་ཡང་མང་པོ་རེད། བྱས་ཙང་དཀའ་ལས་རྒྱག་མཁན་དེ་ཚོའི་གྲུབ་འབྲས་མི་མང་ལ་སྟོན་རྒྱུ་གལ་ཆེན་པོ་རེད་སྙམ་པའི་བསམ་ཚུལ་ཡོད།
དཔལ་དགྱེས་པ་རྡོ་རྗེ་དང་ལྷུན་གྲབ་གཉིས་ནས་གསུང་པ་ལ་མངོན་པར་བསྟོད་དོ། དངོས་གནས་གསེར་ཆོས་ཐུགས་བསམ་བཞེས་ནས་གནས་ཚུལ་སྤེལ་རོག
ལགས་སོ། གསེར་རྟ་ཆོས་དབྱིངས་མཆོག་གིས་བཀའ་ལན་གནང་བ་ཐུགས་རྗེ་ཆེ་ལགས། ང་ལ་དགོངས་པ་དག་མ་དག་ཇི་ལྟར་སྙིང་ནད་མཁན་རེད་ལགས། མཆོག་གིས་ཅོལ་ཆུང་དེ་ཚོའི་བྱ་བ་བྱེད་ཚོད་ལ་འུར་རྒྱག་ཚོད་ཡོད་མ་རེད། ད་ལྟོས་དང་ཉེན་རྟོག་པ་དང་རྒྱ་དམག་ཇེ་མང་དུ་སོང་ནས་བླ་རུང་ཆོས་ཀྱི་གྲོང་ཁྱེར་ཀྱི་རྒྱུན་ལས་ཀྱི་མཁན་སྤྲུལ་ཚོ་གཙུར་ཀི་འདུག་ཟེར། ཉེན་ཁ་ཡང་ཆེ་འདུག ཐོས་བསམ་སྒོམ་པར་མི་དགོས་པའི་ཆོས་སྒར་གྱི་མིང་རྫེད་དང་བཀའ་བརྒྱུད་པའི་གྲྭ་གཟུགས་དེ་གཉིས་མགོ་རྨོངས་པའི་ཉེས་པ་དེ་ཤ་ཚ། །ཆོས་གྲྭ་ཚོ་སྡོད་མ་ཆོག་ན་ཉེས་པ་ག་ཚོད་བསགས་འདུག བླ་རུང་ཆོས་སྒར་གྱི་ཉི་མ་གཅིག་གི་དགེ་བསགས་དེ་གངས་རིའི་ལྗོངས་ན་མི་དགོས་གོ་ལ་ཧྲིལ་བོས་སྒྲུབ་ན་མི་འགྲུབ་པ་ཞིག་ཡོད་པ་དེ་བཤིག་གཏོར་སོང་ན་ཨ་ཙ་མ། སྔོན་ཡང་སྐུ་གསུམ་མཁའ་འགྲོའི་གླིང་ངམ་ཇོ་ཁང་དྲུག་སྟོང་གཏོར་བརླགས་དང་ཇོ་མོ་རྣམས་རང་ཤི་རྒྱབ་པ་དང་དགོན་སྡེ་གཞན་གྱི་གྲྭ་བ་ཚོ་རང་ཡུལ་དུ་བསྐྲད་པའི་ལོ་རྒྱུས་དག་ཀྱང་གསང་རྒྱ་བྱས་པ་ཞིག་གཏན་ནས་མ་རེད། ཕྱོགས་འཛིན་ཆགས་སྡང་ཅན་འདི་ཚོས་མ་བསྒྲགས་པ་རེད། དཔེར་ན་སྔོན་གསེར་རྟ་ཚུལ་ཁྲིམས་སོགས་ཀྱིས་ཐབས་རྒྱ་ཇུས་སྟངས་ཀྱིས་མདོ་ཁམས་སྟོད་སྨད་བོད་དོན་དག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་ཀྱང་། དྲ་ཐོག་འདི་ཚོ་ནས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་དང་༧གྲུབ་དབང་རིན་པོ་ཆེ་སོགས་ལ་ཡང་རྩི་ཐང་ཇི་འདྲ་ཡོད་ལྟོས་དང་། དེ་མིན་བོད་ཡུལ་ནས་མི་གསད་རྟ་དེད་རྐུ་རྫུན་ཁྲམ་པ་སྨད་ཚོང་ཕལ་ཆེ་བ་དེ་ཚོ་རྒྱ་གར་དུ་ཐོན་ནས་སྐྱབས་མགོན་གང་གི་དཀོར་ཟས་ཀྱིས་རྒྱག་ཡོང་དུས་ང་ཚོ་རྒྱལ་གཅེས་པ་ཞེས་དང་དཔའ་བོ་དཔའ་མོ་ཟེར་ནས་གསར་བསྒྲགས་ཐོག་འགྲོ་གི་ཡོད་པ་འདི་ཚོ་བལྟས་ན་དགོད་ཡང་མི་བྲོའམ། དེས་ཤུགས་སྐྱེན་འཕེལ་ནས་་་་་་་བོད་དོན་དེ་གང་འདྲ་ཞིག་ཡིན་མིན་གསལ་བོ་བགྲོ་གླེང་བྱ་དགོས་པར་སྣང་ངོ། མཆོག་ཉིད་ངས་ཤེས་པའི་གསེར་རྟ་ཆོས་དབྱིངས་དངོས་དེ་ཡིན་ན་དྷྰ་སྰར་ཐེག་ཆེན་ཆོས་གླིང་དུ་དཔེ་ཁྲིད་ཐོས་བསམ་སྒོམ་པར་གནང་ནས་བཞུགས་དང་བོད་དོན་དངོས་དེ་དེ་ཀ་རེད། སྙིང་ནད་མཁན་གྱི་ཚིག་ལ་སྙན་པོ་མེད་པས་ཆོས་མཆེད་དམ་པ་ཚོ་དང་མཁན་པོ་ཆོས་དབྱིངས་མཆོག་ལ་དགོངས་གསོལ་ཞུ། ཨོྃ་བཛྲ་ས་ཏྭ་ཧྰུྃ།
འཇང་གཡུ་ལྷ་ལགས། ཁྱེད་ཀྱིས་དངོས་གནས་གསར་འགྱུར་ཚང་མ་འགོག་གི་ཡིན་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་འདི་ཧ་ཅང་གསལ་བོ་གོ་འདུག་པས། ཨེ་ཤེ་ཡ་ཚང་ལ་ཡང་ཐུགས་བསམ་བཞེས་གསུང་རོགས། ང་གསར་འགོད་པ་མ་རེད། གནས་ཚཱུལ་ཁྱབ་བསྒྲགས་བྱེད་མཁན་མང་ཆེ་བ་གསར་འགོད་པ་དེ་ཚོ་རེད། དེ་ཚོ་ལ་གཅིག་ཤོད་དང་། འཛམ་གླིང་གི་གསར་འགོད་པའི་ཁ་འགོག་ཐུབ་ང་ལས་སླ་བོ་ཡིན།
ཁྱེད་ཀྱིས་ངའི་མིང་བསྡུ་མ་བྱེད་མ་ཡོང་།
གསེར་ཆོས་ལགས་ཁྱོད་རྙིང་མའི་སྤྱི་འཐུས་ནང་འགྲོ་བའི་བསམ་བློ་ཡོད་ན་ཡང་ ཁྱོད་གསར་འགོད་མིན་ན་གསེར་ཐངས་ལྔ་རིག་ནང་བསྟན་སློབ་གླིང་ལ་བར་ཆད་མི་འོང་བའི་རེ་བ་དང་ཐུགས་བསམ་ཅི་ནས་ཀྱང་བཞེས་རོག
མཁན་ཆེན་གསེར་སྟ་ཆོས་དབྱིངས་རིན་པོ་ཆེ་ ཨ་ལ་ཀུ་རེ་ཡིན་ཐུགས་སྤྲོ་མ་བཞེས
གསེར་རྟ་ཆོས་དབྱིང་ཟེར་བ་དོན་དངོས་ཐོག་མཁན་པོ་ཆོས་དབྱིང་ཡིན་པ་འདྲ་
ལྷུན་གྲུབ་ལགས། ཁྱོད་ཀྱི་མིང་གི་གྲབ་ཅེས་པ་དེ་གྲུབ་ཡིན་ཡང་ཞབས་ཀྱུ་ཆད་ཡོད་པ་འདྲ། དེ་འདྲ་རེད་དམ།
ལྷུན་གྲུབ་ལགས། ཁྱེད་ཀྱི་གློག་འཕྲིན་ཁ་བྱང་དེ་འདིར་འཇོག་ཆོག་འཇོག་རོགས་དང་ངས་ཁྱོད་ཡིག་ཆ་ཞིག་མཁོ་སྤྲོད་བྱེད་ཡོང་།
དྲ་གྲོགས་དཔལ་དགྱེས་པ་རྡོ་རྗེ་དང་། ལྷུན་གྲུབ། ཁྱེད་རྣམ་པ་གང་ལྟར་ཡང་ལྷག་བསམ་ཅན་དང་ཆོས་པ་རྣམ་དག་རེ་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད། ངས་བཀོད་པའི་གནས་ཚུལ་འདི་ངས་ཁྱབ་བསྒྲགས་བྱས་རུང་མ་བྱས་རུང་བོད་ཀྱི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་འགྲོ་རྒྱུ་ཉག་གཅིག་རེད། ངས་ལྟ་ཚུལ་ལ་གནད་དོན་འདི་ངེས་པར་བཤད་དགོས་པ་ཞིག་རེད་ལ་བཤད་ན་ཉེན་ཁ་ཅན་ཞིག་ཏུ་མཐོང་གི་མེད། གྲྭ་པ་གཉིས་ཀྱི་དོན་རྐྱེན་བྱུང་ཚར་བས་མ་ཚད་རྒྱ་མིའི་ལས་བྱེད་པས་དགོན་པའི་ལས་སྣེ་བ་རྣམས་ལ་ཁྱེད་ཀྱི་དགོན་པའི་གྲྭ་པ་ཚོས། ལོ་སྔོན་མ་ ༢༠༠༨ བྲག་མགོ་དང་། དཀར་མཛེས། གསེར་རྟ་རྫོང་བཅས་སུ་སྔ་ཕྱིར་ངོ་རྒོལ་སྤེལ་ཡོད་ཅེས་བཤད་ཡོད་པ་དང་། དཀར་མཛེས་རང་སྐྱོང་ཁུལ་གྱི་གནས་ཚུལ་མང་པོ་ཞིག་གི་བྱུང་རྐྱེན་ཡིན་ཚུལ་བཤད་དེ་འཇིགས་སྐུལ་བྱས་ཡོད་འདུག་ལ། ད་ལྟ་ལས་འགུལ་ཞིག་ཀྱང་སྤེལ་བཞིན་པ་རེད།
༡ གནས་ཚུལ་འདི་རིགས་ལྷག་བསམ་ཅན་ཁག་གཅིག་གིས་གསལ་བཤད་དང་ཁྱབ་བསྒྲགས་བྱས་པ་ཡིན་ནདགོན་པ་ལ་གནོད་ཀྱི་རེད་སྙམ་པའི་ལྟ་ཚུལ་འཛིན་མཁན་ཁག་གཅིག་དང་།
༢ བོད་དོན་ཐོག་ལ་དེ་ཙམ་དོ་སྣང་དང་ལྷག་བསམ་མེད་མཁན་གྱི་རིགས་གཅིག་ལ་མང་པོ་བཤད་ན་སྣ་བར་མི་འགྲོ་མཁན་ཁག་གཅིག་དང་།
༣ གནད་དོན་གཞན་ཞིག་གི་དབང་གིས་གནས་ཚུལ་འདི་རིགས་བོད་རྒྱ་ཆེའི་མི་མང་གིས་ཤེས་རྟོགས་མི་ཡོང་ཐབས་དང་། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ལ་མི་འགོད་ཐབས་བྱེད་མཁན་རེ་ཟུང་བཅས་ཡོད།
ངའི་བསམ་ཚུལ་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་ལ་རྒྱ་ལ་རྗེས་སུ་ཡི་རིང་འབྲེལ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་གསེར་གྱི་ཡི་གེས་འབུར་དུ་འབྲི་བར་འོས་པའི་བྱས་རྗེས་འདི་རིགས་དུས་ནམ་ཡང་སྦས་སྐུང་བྱེད་འདོད་མེད།
འོན་ཀྱང་ཐབས་ལ་མཁས་པ་དེ་གལ་ཆེན་པོ་རེད། དེ་ངའི་ཉམས་མྱོང་ཕྱོགས་སྡོམ་ཡིན།
རྫ་ཚེ་རིང་བཀྲ་ཤིས་ལེགས། ངས་དུས་བབ་དྲ་ཐོག་ནས་ཁྱེད་ཀྱི་སྐུ་པར་མཇལ་མྱོང་། སྐུ་ཕྱོགས་ཤིག་རེད་འདུག་ག
ལགས་སོ། ང་ཚོ་བླ་རུང་ཆོས་སྒར་ལ་བསྡད་མྱོང་མཁན་ཞིག་ཡིན་ན་དམ་དྲག་ག་ཚོད་རང་དབང་ཅི་འདྲ་དང་ཐབས་ཤེས་གང་འདྲ་དགོས་ཧ་གོ་ངེས་ཡིན། བོད་དོན་མི་སེམས་པ་ཞིག་གཏན་ནས་མིན་ཡང་རེད། ཡིན་ན་ཡང་རྐུབ་དགའ་རེ་རྗེས་སུ་རྒྱུགས་འདོད་ཡང་མེད། ཁྱི་རྒན་ཀི་ཅོ་འདོན་པ་ལ་རྒྱུ་མཚན་མེད་པར་གཞན་དག་རྒྱུགས་ཞེས་པའི་དོན་དུ་མ་འགྲོ་བར་མཁྱེན། ཨེ་ཤ་སོགས་གསར་འགོད་པ་དག་གིས་ཀྱང་བགྲོ་གླེང་དང་ཁྱབ་བསྒྲགས་དེ་བདེན་དྲང་དང་ཁུངས་དག་ཤེས་གི་མི་འདུག སྐྱུག་བྲོ་དག་ཀྱང་འདུག དེས་ན་དེང་སང་ལྟ་གི་ཡང་མེད། དྲང་པོ་ཞུས་ན་ཆོས་སྒར་དམ་པ་དེ་ལ་སེམས་ཁྲལ་གྱིས་བྲིས་པ་ཡིན། ༧ཆོས་རྗེ་ཡིད་བཞིན་ནོར་བུའི་མཆོག་གི་སྐུ་སྲོག་མ་འཛེམས་པར་བསྟན་སྲིད་ལ་ཕན་བདེ་བསྒྲུབས་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོ་དཔའ་མོ་ཚོའི་བོད་བསྟན་སྲིད་ལ་བདག་རྐྱེན་ག་རེ་ཡོད་མེད་མཁྱེན་གསལ་རེད་ཀྱང་གབ་སྦས་བྱས་པ་མ་རེད་་་་་་་བདག་ལ་ཡང་ཁྱེད་ཚོ་ལས་ལྷག་པའི་བོད་དོན་ལ་སེམས་ཤུགས་ཡོད་ཀྱང་་་་་སྐུ་གཅེས་འདྲ་མཉམ་གྱི་ལྟ་དང་ཐུགས་མཐུན་དྲང་བདེན་ཁ་ཁོག་གཅིག་མཚུངས་གཞིས་བྱེས་མཉམ་འཛོམ་ཞིག་བསམ་ཀི་ཡོད་ན་རྒྱ་བལ་གྱི་ལས་ཀ་འདི་ཚོ་ཅི་རེད། བོད་ཡིག་ལྟ་ཅི་བོད་སྐད་མི་ཤེས་མཁན་འདི་ཚོ་ལྟོས་དང་་་་་་མདོར་ན་བོད་རང་ཡུལ་ནས་ས་ཅི་ཟིན་བྱ་རྒྱུ་དང་རང་ཡུལ་ལ་ཕན་ཅི་ཐོག་ལྟ་རྒྱུ་ལས་གནོད་ཇེ་ཆེ་རུ་སོང་ན་ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ་གསུངས་པ་དེ་འགྱུར་བས་གཟབ་རོགས། ད་ལྟ་རང་ས་རྒྱ་ཞབས་ན་ཡོད་ཀྱང་རང་སེམས་རྒྱ་ཞབས་ན་མེད་པ་ཇེ་མང་འགྲོ་གི་ཡོད། དཔེར་ན་ཕྱི་རྒྱལ་ན་ཡོད་པ་དང་ནང་རྒྱལ་ན་ཡོད་པ་གཉིས་སེམས་ཤུགས་དང་ཤེས་ཡོན་ལ་ལ་ལྟོས་དང་ཧ་གོ ། ཕྱི་རོལ་ན་ཡོད་མཁན་ཚོ་བོད་དོན་དངོས་བསམ་ན་ཁ་རྒྱབ་ཁོ་ན་ལ་མགོ་མ་འཁོར་བར་བོད་རང་གི་བཅུ་ཕྲག་རིག་གནས་དེ་དག་དར་སྤེལ་ཡང་དག་གིས་གཏོང་བ་ལ་སྙིང་ནས་རེ་སྐུལ་ཞུ་བ་ཡིན་ནོ། སྙིང་ནད་པས་་་
ལེགས་སོ།
དྲ་གྲོགས་ལགས། རྫ་ཚེ་རིང་བཀྲ་ཤིས་ནི། ཆབ་སྲིད་བཙོན་པ་སྐད་གྲགས་ཅན་རྫ་ཆུ་ཁའི་མཁན་པོ་ཚེ་བཀྲ་ཤིས་རེད།
དྲ་གྲོགས་བཀྲ་ཤིས་ལགས། ཁོང་ངོ་སྤྲོད་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
དཔལ་དགྱེས་པ་རྡོ་རྗེ་།
ངས་ཁྱེད་ལ་སེམས་གཏམ་ཞིག་བཤད་།ང་ཡང་ཆོས་སྒར་ལ་འགྲོ་མྱོང་ཞིང་།ཆེད་དུ་ཆོས་སྒར་དེའི་སློབ་གཉེར་སོགས་ཀྱི་ཐད་ལ་ཞིབ་མཇུག་བྱས་མྱོང་བ་ཞིག་ཡིན་།སྤྱིའི་ཆ་ནས་ཡག་པོ་རེད་།དེ་བཞིན་མཁན་པོ་ཟེར་བའི་མིང་ཁུར་མཁན་འགའ་ཤས་ད་ལྟ་ཡང་ཁ་པར་སོགས་ཀྱི་ཐད་ནས་འབྲེལ་བ་བྱ་གིན་ཡོད་།།སློབ་གཉེར་ཕྱོགས་ནས་འདྲ་།འཛིན་སྐྱོང་སྤེལ་གསུམ་ཕྱོགས་ནས་འདྲ་གང་ཅིའི་ཐད་ནས་ཆོས་སྒར་འདི་དམིགས་གསལ་ཞིག་རྩ་བ་ཉིད་ནས་མ་རེད་།དེ་བས་ངས་ཁྱོད་ལ་སྐད་ཆ་འགའ་བཤད་།སྙིང་ཐག་ལ་འདི་ལ་བསམ་བློ་ཐོངས་།
༼༡༽་དེང་དུས་བོད་ས་ཡོངས་རྫོགས་རྒྱ་ནག་གྱི་དམག་ཁྲིམས་ཀྱི་གནར་ཡོད་པ་དང་།རྒྱ་ནག་གི་ཁ་ནས་གང་བཤད་ཆབ་སྲིད་ཀྱི་ཆེད་རེད་།བོད་མི་ཞིག་གིས་ཁ་ནས་གང་ནས་བཤད་ཀྱང་།དོན་གྱིས་རྒྱ་ནག་ཚང་གིས་དེ་ཆབ་སྲིད་ཤིག་ལ་ངོས་འཛིན་བྱ་བཞིན་ཡོད་པ་རེད་།དེ་བས་བོད་ཀྱི་ཆོས་བ་འགའ་ཞིག་གིས་ང་ལ་ཆབ་སྲིད་མེད་ཟེར་བ་དོན་གྱི་ཆབ་སྲིད་རླབས་ཆེན་འཁྲབ་པ་ཞིག་རེད་།
༼༢༽ལོ་བཞིའི་རྗེས་སུ་མཁན་པོའི་མིང་བཏགས་པ་ཚོས་།ཆབ་སྲིད་ཀྱི་ལས་ཀ་མ་བྱས་པ་དང་།དེ་མིན་རྒྱ་ནག་ལ་ཕོག་ཐུག་མ་བཏང་ན་།ཆོས་ཀྱི་སློབ་གཉེར་སོགས་ཡོང་ཐུབ་པ་དང་།ཆོས་སྤེལ་བ་རང་དབང་ཡོད་ཅེས་བསྒྲགས་དང་སྒྲོག་བཞིན་མོད་།དེ་ཡང་ཁྱོད་ཚོས་སེམས་ན་དྲན་པའི་སྟོང་བསམ་རེད་།ང་བརྒྱད་ལོ་ཡང་མི་མང་པོའི་དེ་ལྟར་བསམ་པ་རེད་།མཇུག་འབྲས་ང་ཚོའི་ཤེས་བ་ནང་བཞིན་རེད་།རྒྱ་གཞུང་གིས་ག་རེ་བསམ་ན་བྱ་ཆོག་ཆོག་རེད་།ཁྲོམ་སྐོར་བྱས་ཡོད་མིན་དང་།རྒྱ་གཞུང་ལ་ཕོག་ཐུག་བཏང་ཡོད་མེད་ཀྱི་སྐད་ཆ་ཤིག་རྩ་བ་ཉིད་ནས་མ་རེད་།
༼༣༽་ཁྱེད་ཚོས་ཁ་ནས་བཞན་དོན་དང་སེམས་ཅན་ཟེར་།གནད་ལ་ཐུག་དུས་སྐད་ཆ་དྲང་མོ་ཞིག་བཤད་པའི་སྙིང་སྟོབས་ཤིག་ཀྱང་མེད་དམ་།དགེ་འདུན་པ་འདི་གཉིས་ཀྱི་མཚེ་མེད་ཞི་བའི་ལམ་ནས་།སྙིང་སྟོབས་གོ་ཆ་ཆེན་པོ་རྒྱུད་ལ་བཅིངས་ཏེ་།གཞན་གྱི་ཆེད་དུ་སྐད་ཆ་ཤིག་བཤད་པ་རེད་།ང་ཚོ་ལ་འདི་ལྟར་ཕྱི་ལ་ཁྱབ་བསྒྲགས་པའི་རང་དབང་ཞིག་ཀྱང་མེད་དམ་།མི་འདི་གཉིས་ལ་འདི་འདྲའི་རང་དབང་ཞིག་ཀྱང་མེད་དམ་།མི་འདི་གཉིས་ཀྱིས་ཆོས་སྒར་ལ་ག་རེ་བཟོས་སོང་།ཁ་ནས་སྐད་ཆ་ཆེན་པོ་མ་བཤད་།མིག་རྒྱ་རིང་པོའི་ཕྱོགས་ཡོངས་ལ་བསམ་བློ་ཐོངས་།རྒྱ་མིའི་ཡོན་བདག་ཆ་རེ་འགུགས་རྒྱུའི་ཕྱོགས་ལ་བསམ་བློ་མ་གཏོང།
༼༤༽རེད་།ཕྱི་ཕྱོགས་ཀྱི་བོད་མི་ཚོ་ལ་ག་རེད་ལབ་ཀྱང་འགྲིག་གིན་རེད་།ཡིན་ནའང་བོད་ནང་གི་ཆོས་སྡེ་དེ་ཚོ་ལ་ག་རེ་བྱས་པ་རེད་།ཁོ་ཚོའི་དགེ་འདུན་པོ་ཚོས་ཁྲོམ་སྐོར་བྱས་།བཙོན་དུ་སོང་།དཀལ་ལས་རྒྱབ་།འགའ་ཤས་ཀྱི་ཆོས་སྲིད་གཉིས་གང་ཐད་ནས་བསྡུར་ཀྱང་ཆོས་སྒར་ལ་མི་དམན་པ་འདུག་།དེ་ཚོ་ལ་ག་རེ་བྱུང་བ་རེད་།སྐད་ཆ་དྲང་མོ་ཤོད་།རང་གི་དགོན་པ་དང་།བླ་མ་།ཡུལ་ལུང་ཆུ་གསུམ་ཁོ་ནས་ཐོག་ཏུ་བསམ་བློ་མ་གཏོང་།བོད་སྤྱི་བའི་ཐོག་ལ་བསམ་བློ་ཐོག་ལ་བསམ་བློ་ཐོངས་།ཡང་ཁྱོད་ཀྱིས་བོད་ནང་དུ་སྤེལ་བའི་ལས་འགུལ་འདི་དག་་དོན་གྱི་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་གནོད་པ་འདུག་བསམ་ན་།རྒྱུ་མཚན་དང་ཤོད་།དེ་མིན་ངའི་ཆོས་སྡེ་དང་།ངའི་བླ་མ་ཞེས་དམིགས་གསམ་ཞིག་མ་བྱས་།བོད་ཀྱི་ས་ཁུག་ལུང་ཀྱོག་ཚང་མ་བླ་མ་རེད་དང་།མཁན་པོ་རེད་ཡོད་སྲིད་པས་།ཡ་མཚར་དགོས་ཅི་ཡང་མི་འདུག་།རྩ་བའི་ཆ་ནས་སྐད་ཆ་དྲང་བོ་ཞིག་བཤད་རྒྱུའི་ཆེད་དུ་འབད་པ་བྱོས།
གསེར་རྟ་མཁན་པོ་ཆོས་དབྱིངས་དང་ཟླ་རྒྱུད་མཁན་པོ་ཚེ་རིང་བཀྲ་ཤིས་གཉིས་གནས་འདིར་མཇལ་བ་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ། བཀྲ་ཤིས་བདེ་ལེགས་ཞུ། དམ་པ་ཁྱེད་གཉིས་ཀྱང་དྲ་བའི་དུར་ཁུང་འདི་ནས་ཕེབས་ཀྱིན་འདུག་གྰ དངོས་གནས་བྱེད་ན་ཁྱེད་གཉིས་ལ་ཡང་དྷ་སྰར་ནས་སི་ཏུའི་ཀརྨ་པ་སོགས་ཀྱི་གོ་ས་བཞག་ཀྱང་ཤེས་ཡོན་དང་ལྷག་བསམ་ཁྱད་ཚོ་ལྷག་ཀྱང་དྲྭ་སྟོང་རེ་ནས་ང་འདྲ་བོ་རྒྱུགས་འདུག་པ་སྐྱོ་བ་ལ། དེ་ཡང་བོད་དོན་ཡིན་ནམ།
ལ་རྒྱ་ཅན་གྱི་ཕོ་རྒོད་ཁྱེད་གཉིས་ཀི་བསྭོ་བརྗོད་བཞིན་དྷ་སྰར་བཞུགས། །
ལ་རྒྱ་མེད་པའི་བན་འཁྱམ་བདག་ནི་གྲོང་མཐའ་རྣམས་སུ་ཁྱི་བཞིན་ཉུལ། །
ལ་ལུང་རྒྱ་མཚོས་བསྐལ་བར་གྱུར་ཀྱང་ལ་རྒྱའི་བུ་རྒོད་ཁྱེད་གཉིས་ལ། །
ལ་རྒྱ་མེད་པའི་རྒྱ་དགའ་ང་ཡང་བརྩེ་དུང་དམ་ཚིག་གཙང་མ་ལགས། །
ཡ། རྒྱ་ནག་ཉམས་ཞིབ་པའམ་བོད་ནག་ཁ་རྫུན་སུ་ཡིན་ཡང་།ཁྱོད་ལྟ་བུ་ཆོས་སྒར་དུ་འགྲོ་མྱོང་ཙམ་དང་ཁ་སྤར་རྒྱགས་མྱོང་བ་ཙམ་གྱི་བླ་རུང་ཆོས་ཀྱི་གྲོང་ཁྱེར་ཆེན་པོ་འདི་ཡོན་ཏན་ཤེས་ཀྱི་མ་རེད། གང་ཡིན་ན་ནང་པ་སངས་རྒྱས་པའི་ཆོས་ཡང་དག་མཛད་མཁན་དང་། བོད་རང་གི་ཆོས་དཔལ་རིག་གསུམ་ལ་ཁྱོད་དང་ངེད་གཉིས་ལས་མི་དམན་པ་ཤར་ཏག་རེད། ཁ་སང་ཅོལ་ཆུང་མིང་གྲགས་ལ་རེ་བའི་རྫ་སྟོད་གྲྭ་བ་དེ་གཉིས་ལ་ཡང་ཁྱོད་ལ་འབྲེལ་བ་ཟབ་མོ་ཡོད་པ་འདྲ། ཁྱོད་ཀྱིས་ཆོས་སྒར་འདི་དམིགས་གསལ་(བསལ)བ་ཞིག་མ་རེད་ཟེར་བ་དེས་ཁྱོད་རང་གི་ག་རེ་ཤེས་ཀི་ཡོད་ཧ་གསལ་བོ་བསྟན་འདུག སྙིང་པ་ཐག་པ་བཤད་པ་མིན་པ་ཡང་ཧ་གོ་སོང་། ཁྱོད་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་བསམ་བློ་གཏོང་ཤེས་ན་བོད་ནང་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཐབས་ཤེས་སྟོན་པ་ལས་རང་ཕུང་རོགས་བརླགས་བྱེད་པའི་ཁ་ཕོ་དེ་སྟོང་འུར་བཤད་པ་ལས་ཁ་ཁོག་མི་མཚུངས་པའི་འཚེ་མེད་ཞི་བ་རེད། ཁྱེད་ཉིད་བོད་ཡིག་ཙམ་འབྲི་ཤེས་པ་དང་མི་ཞིག་རེད་བསམ་ནས་ངས་ལན་དུ་གཏོང་བ་ཡིན་ལགས། ད་བདེ་མོ་གྱིས།
དཔལ་དགྱེས་པ་རྡོ་རྗེས་སོ།
དཔལ་དགྱེས་པ་རྡོ་རྗེ་ལགས། ༼དམ་པ་ཁྱེད་གཉིས་ཀྱང༽དམ་པ་ཟེར་བའི་ཚིག་འདི་དབུས་སྐད་གཞིར་བཞག་བྱས་ན་ཚེ་ཕྱི་མར་སོང་ཟིན་པ་མ་གཏོགས་བེད་སྦྱོད་བྱེད་ཀྱི་མི་འདུག་ལགས། དཔེར་ན། རྒན་དམ་པ་ཞེས་བརྗོད་དུས་གཤེགས་ཚར་བ་ཞིག་གི་མིང་རེད་འདུག་ལགས། ཧ་ཧ་ཧ་ཧ
དཔལ་དགྱེས་པ་རྡོ་རྗེ་།
ཁྱོད་ཀྱིས་རང་གིས་རང་ལ་མིང་འདོགས་སྟངས་དང་།དེ་བཞིན་གཞན་ལ༼བོད་ནག་ཁ་རྫུན༽ཟེར་བ་སོགས་ལ་ལྟོས་ན་ཁྱོད་ཀྱིས་ཁོག་ནང་དུ་ཅི་ཡོད་ཀྱང་གསལ་བོ་ཧ་གོ་གིན་འདུག་།ས་མཐའི་བླུན་པོ་རྣམས་ཀྱིས་རང་གིས་བླ་མ་ཁོ་ན་དང་།དགོན་པ་ཁོ་ན།ཆོས་བརྒྱུད་ཚང་མ་དམིགས་གསལ་ཅིག་ཡིན་ཟེར་བ་འཇིག་རྟེན་འདིའི་མི་བཤིས་རྒྱུད་རང་དུ་ངེས་།དེ་ལ་ཡ་མཚར་རྒྱུ་ཅི་ཡང་ཡོད་པ་མ་རེད་།ངའི་ཁོག་ལ་ཡོན་ཏན་གང་ཡོད་དེ་ཁྱེད་ལ་བབས་མེད་པ་ཞིག་དང་།ངའི་ཁོག་ཏུ་གསལ་བོ་འདུག་།ཁྱེད་ལྟར་གྲུབ་ཆེན་གྱི་མིང་དང་།ལོ་བཞིའི་རྗེས་སུ་མཁན་པོའི་མིང་བཏགས་པ་སོགས་མེད་ཀྱང་།ཁྱེད་རང་གིས་བཤད་པ་ལྟར་བོད་ཡིག་སོགས་འབྲི་ཤེས་བ་ཙམ་ཡོད་།ཁྱེད་ཅག་ལྟར་གཞན་ཐར་ལམ་དུ་འདྲེན་པ་དང་།རང་དམྱལ་བ་འགྲོ་བའི་ཕོད་པའི་སྙིང་སྟོབས་ཤིག་རྩ་བ་ཉིད་ནས་མེད་ནའང་།གཞན་གྱི་གཞན་དོན་ཀུན་ནས་བསླངས་ནས་ལུས་ངག་ཡིད་གསུམ་གྱིས་མཚེ་མེད་ཞི་བའི་ལས་ཤིག་སྒྲུབ་པ་ལ་བསྟོད་བསྔགས་དང་།དགའ་བ་སྒོམ་པའི་དད་པ་ནི་ཡོད་།ལྟོས་དང་།ངས་དྲིས་བའི་བསམ་འཆར་ཅིག་ལ་ལན་བཏབ་མི་འདུག་སྟེང།ཁྱེད་རང་གིས་བཤད་པ་ལྟར་ཁ་ཕོ་སྟོང་འུར་ནི་བྱས་ཚར་འདུག་།ད་དུང་མི་ཤིག་མི་ཡིན་མིན་དོགས་པ་འགོད་པ་དང་།གཞན་ལ་བསླབ་བྱ་འདྲ་རྒྱག་བཞིན་ཡོད་པ་འདིས་ཀྱང་།ཁ་དོག་ཉིད་ལས་བྲོ་བ་ཤེས་།ཟེར་བ་ལྟར་རེད།
ང་ཆོས་སྒར་ལ་འགྲོ་མྱོང་།མི་འགའ་ཤས་ངོ་ཤེས་ཀྱིན་ཡོད་།ཁྱེད་ཚོས་ཡང་རྩེ་རུ་འཛིན་བཞིན་པའི་མཁན་པོ་མིང་ཐོགས་པ་འགའ་ཤས་ཀྱང་ངོ་ཤེས་བཞིན་ཡོད་།ཁ་པར་ཀྱང་རྒྱག་གིན་ཡོད་།སྤྱིའི་ཆ་ནས་ཡག་པོ་འདུག་མོད་།སྐབས་འགལ་ཨུ་ཚུགས་དང་ས་མཐའ་བླུན་པའི་རང་མཐོང་ཆེ་བའི་རྟགས་ཤིག་ཀྱང་མཐོང་སོང་།བསམ་ཚུལ་འདི་འདྲ་ང་གཅིག་པོ་མ་རེད་།ཨ་རིའི་བོད་རིག་པའི་མཁས་དབང་David Germanoཟེར་བས་ཀྱང་དེ་ལྟར་བཤད་འདུག་།ཁོས་ཀྱང་ཆོས་སྒར་གྱི་སློབ་གཉེར་ཐད་ལ་ཆེད་དུ་ཞིབ་མཇུག་གནང་འདུག་།དེའི་སྐོར་གྱི་ཆེད་རྩོམ་ཞིག་ཀྱང་བྲིས་འདུག།མཐུན་སྣང་དུ་གྲུབ་པའི་གཞི་ཞིག་གི་སྟེང་ནས་རྩོད་།དེ་མིན་ཡོད་མིན་རྣམ་བཞག་ཐམས་ཅད་འཁྲུག་འགྲོ་བས་།དབང་བོ་ལྔའི་ནང་དུ་ཤོངས་བའི་སྐད་ཆ་འདྲ་ཤོད་།དེ་མིན་གཞན་གྱིས་འཕྱ་ཡོང་།ད་རེབ་འདི་ཙམ།
ལགས་སོ། མཆོག་གི་དགོངས་པ་གཞིར་བཞག་ནས་བཤད་ན། དམ་པའི་སྐྱེས་བུ་མཆོག་ཉིད་ཀྱི་ཞལ་ནས་དཔལ་དགྱེས་པ་རྡོ་རྗེ་ལགས། ༼དམ་པ་ཁྱེད་གཉིས་ཀྱང༽དམ་པ་ཟེར་བའི་ཚིག་འདི་དབུས་སྐད་གཞིར་བཞག་བྱས་ན་ཚེ་ཕྱི་མར་སོང་ཟིན་པ་མ་གཏོགས་བེད་སྦྱོད་བྱེད་ཀྱི་མི་འདུག་ལགས། དཔེར་ན། རྒན་དམ་པ་ཞེས་བརྗོད་དུས་གཤེགས་ཚར་བ་ཞིག་གི་མིང་རེད་འདུག་ལགས། ཧ་ཧ་ཧ་ཧ། ཞེས་པ་ལ་འགྲེལ་ན་དམ་པའི་ཆོས་ལ་སྤྱོད་པའི་སྐྱེས་བུ་དམ་ཁྱེད་གཉིས་སྔོན་རང་ཡུལ་དུ་ཡོད་དུས་མི་གསོན་པོ་ལྟ་བུ་དང་ད་ལྟ་དེ་ནས་རྒན་པ་ཞིག་དུ་གྱུར་འདུག་ལགས་སྙམ་མོ། ། ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
འོ་ད་རུང་གོང་གི་གྲུབ་ཆེན་དེ་ལ།
ངས་ཁྱེད་རང་གིས་གཞན་ལ་ཅོལ་ཆུང་ཞེས་བཏགས་པའི་མི་དེ་ཚོ་ངོ་མི་ཤེས་།ཅོལ་ཆུང་ཞེས་གང་ཟག་ཤིག་གི་ཚད་གང་ཟག་ཞིག་གིས་བླངས་ཚུལ་ལ་བལྟས་ན་།སྤྱོར་བ་ཡན་ལག་དྲུག་ལ་མཐར་ཕྱིན་པའི་གྲུབ་ཆེན་ཡ་མཚར་ཅིག་ཡིན་སྲིད་པས་།ཅོལ་ཆུང་དེ་དག་གི་མིང་དང་།མི་ཚེའི་ལོ་རྒྱུས་དེ་ཚོ་བདག་ཅག་འཁོར་བའི་ཀློང་དུ་འཁྱམས་བཞིན་པའི་བོད་ནག་ཁ་རྫུན་དག་ལ་ཕན་ཤིན་ཏུ་ཐོགས་པས་ཅིས་ཀྱང་གསུངས་བར་ཞུ་ཞེས་གསོལ་བ་འདེབས་།
ངོ་ཤེས་དང་མཐོང་རྒྱ་ཅན་གྱི་རྒྱ་ནག་ཉམས་ཞིབ་པ་ལགས། ཁྱོད་ཀྱི་ཡིག་ཟམ་ཁ་བྱང་འདིར་བྲིས་དང་། མགོ་སེར་ལུང་ཙམ་གྱི་རྗེས་སུ་འབྲང་མི་དགོས་པར་ཡིག་ཟམ་རྒྱུད་ནས་བླ་རུང་ཆོས་སྒར་འདི་ཉིད་ཀྱི་བདེན་དཔུང་ལོ་རྒྱུས་དང་བོད་རང་གི་ཆོས་དཔལ་རིག་གསུམ་ལ་འཛིན་སྐྱོང་སྤེལ་ཚུལ་རྒྱས་པར་ཐུན་མིན་བོད་ཡིག་ཐོག་ནས་སྐུར་ཆོག
དཔལ་དགྱེས་པ་རྡོ་རྗེ་ལ།
ཐུགས་རྗེ་ཆེ་།ཡིན་ནའང་རང་གིས་རང་ལ་བསྟོད་ནས་གནམ་དུ་གཡུགས་བཞིན་པ་བོད་ཀྱི་ལུང་ཀྱོག་དང་ཁུག་ཀྱོག།དེ་ཐམས་ཅད་ན་འདུག་།དེ་མིན་ང་ཚོ་ཕ་ཡུལ་དེ་ན་ཆོས་རྒྱལ་ཨ་ཤོ་ཀས་བཞེངས་བ་ཡིན་ཟེར་བའི་མཆོད་རྟེན་ཞིག་ཀྱང་ཡོད་།དེ་བདེན་པར་འཛིན་ན་།བོད་གངས་ཅན་གྱི་ལྗོངས་སུ་ཆོས་དར་ཆེས་སྔ་ཤོས་ནི་ང་ཚོ་ཕ་ཡུལ་རེད་འདུག་།དེ་མིན་ང་ཚོའི་བྲག་ཕུག་ཅིག་ན་རྣམ་འབྱོར་བ་རྡུལ་ཕྲན་མཚོན་ཆ་ལས་ཤེས་མཁན་ཞིག་ཀྱང་ཡོད་སྐད་ཐོས་།ང་རང་ཆུང་དུས་ནས་སྒྲོ་བཏགས་ཀྱི་གཏམ་རྒྱུད་དེ་དག་ལ་དགའ་བ་རྩ་བ་ཉིད་ནས་མེད་ལ།གང་ལ་བརྩི་བཞིན་མེད་།ངས་ཆོས་སྒར་ལ་འགྲོ་མྱོང་།དེ་རུ་ཞག་ཁ་ཤས་ཀྱང་བསྡད་མྱོང་།ད་དུང་མཁན་པོ་མང་པོ་ངོ་ཤེས་ཀྱིན་ཡོད་།ཆོས་དང་རིག་གཞུང་གི་དེ་འདྲ་ཐད་ལ་དེ་འདྲ་ཧ་ལས་བ་ཤིག་མ་རེད་བསམ་བྱུང་།ཡིན་ནའང་འཇིག་རྟེན་གྱི་སྲིད་དོན་དང་།གྲོང་ཆོག་།དེ་བཞིན་མི་རིགས་གཞན་གྱི་ཆོས་མི་ཤེས་བ་དག་ལ་ཆོས་སྤེལ་མཁན་ཤིན་ཏུ་ནས་ཡག་པོ་རེད་བསམ་བྱུང་།ངས་གོང་ནས་བཤད་པ་བཞིན་།ཆབ་སྲིད་པ་མིན་ཟེར་ནས་།དཔལ་འབྱོར་དང་།གྲོང་ཆོག་ཉུལ་བ་ནི་ཆབ་སྲིད་པ་བཟང་ཤོས་ཤིག་གི་རྟགས་རེད་།ཆབ་སྲིད་པ་མིན་ཟེར་བ་ཙམ་གྱིས་ཆབ་སྲིད་པ་མ་ཡིན་པར་མི་འགྲོ་།བོད་ཀྱི་བསྟན་སྲིད་གཉིས་ཀྱི་ཐོག་ནས་སྐད་ཆ་དང་ལས་ཀ་རེ་བྱོས་ཅི་ཐུབ་བྱོས་།ལུང་ཀྱོང་ནང་གི་སྐད་ཆ་ཡུན་ཙམ་ལ་གཞན་བསླུ་ཐུབ་པ་ཡོང་སྲིད་ཀྱང་།མཐར་ཆོས་སྲིད་གཉིས་ཀྱི་ཐོག་ནས་གནོད་པ་ཤིག་ཡོང་གིན་རེད་།བོད་སྤྱི་འཇིག་སོང་ན་།ཆོས་སྒར་གཅིག་པོ་བསྡད་ཀྱང་ཕན་ག་ལ་ཐོགས་།
ངས་མིའི་སྐད་ཆ་གནས་ལུགས་ཡོད་མེད་དཔྱད་དུས་།མགོ་སེར་པོ་དང་ནག་པོ་ཡིན་མེད་ལ་བལྟ་བཞིན་མེད་།་སྐུ་ཞབས་ད་བེ་རྟི་ཕྱི་རྒྱལ་གྱི་བོད་རིག་པའི་མཁས་དབང་ཁྲོད་དུ་ཅུང་ཟད་སྙན་གྲགས་ཡོད་པའི་མི་རེད་།ཁོ་རང་གིས་དཔྱད་པ་དང་།ང་རང་གིས་མཐོང་བ་གབཉིས་ཅུང་ཟད་མཐུན་པ་བྱུང་སྙམ་།དེ་བས་ཁྱེད་ལ་བཤད་པ་ཡིན་།
དྲ་གྲོགས་རྒྱ་ནག་ཉམས་ཞིབ་པ་ལགས། ཁྱེད་ཀྱིས། ༼༼སློབ་གཉེར་ཕྱོགས་ནས་འདྲ་།འཛིན་སྐྱོང་སྤེལ་གསུམ་ཕྱོགས་ནས་འདྲ་གང་ཅིའི་ཐད་ནས་ཆོས་སྒར་འདི་དམིགས་གསལ་ཞིག་རྩ་བ་ཉིད་ནས་མ་རེད་།༽༽ཟེར་བ་འདི་ལ་ངས་ཚིག་ཁ་ཤས་ཞུ་འདོད་ཡོད། ངས་ཕྱོགས་མང་པོ་ཞིག་ནས་བཤད་འདོད་མེད། ཕྱོགས་གཉིས་ཀྱི་ཐད་ནས་བཤད་ན་ཆོས་སྒར་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་སོ་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་གི་སྲུང་མཚམས་ཧ་ལས་པའི་ཚད་ལྡན་ཅིག་ཡོད་པ་དེ་རེད། དེའི་ཕྱོགས་ནས་བསམ་ན་དེང་སང་གི་དུས་ཚོད་འདི་ལྟ་བུ་ལ་ངོ་མཚར་སྐྱེ་དགོས་པ་ཞིག་ཏན་ཏན་ཡིན། དཔེར་ན་སོ་སོར་ཐར་བའི་ཕམ་པ་བཞིའི་སྲུང་མཚམས་ལྟ་བུ་ལ་མཚོན་ན་མ་བྱིན་ལེན་གྱི་ཕམ་པའི་སྲུང་མཚམས་ཀྱི་ཞིབ་ཕྲ་ཤེས་ནས་སྲུང་མཁན་བླ་རུང་ཆོས་སྒར་ནང་བཞིན་ངས་རྒྱ་བོད་གཉིས་ནས་མཐོང་མ་མྱོང་། ཆུང་ས་ནས་བཤད་ན་དགོན་པའི་ལས་སྣེ་བ་དང་གཉེར་བ། ཚོང་པ་འདི་ཚོ་གྲས་ལ་བསམ་ན་དགེ་འདུན་པའི་དཀོར་གྱི་ཉེས་དམིགས་ཤེས་ནས་སྲུང་མཁན་ཆོས་སྒར་འདིའི་དགེ་འདུན་པ་ནང་བཞིན་ཞིག་རྩ་བ་ཉིད་ནས་མེད། རྒྱ་གར་ལ་མཚོན་ན་དགོན་པའི་ཕྱག་མཛོད་ཟེར་བ་འདི་ཚོ་མང་ཆེ་བ་ལ་ཡིད་ཆེས་ཁྱོན་ནས་མེད།
དེ་བཞིན་གསང་སྔགས་ཀྱི་ཆོས་སྒོར་ཞུགས་མཁན་ནམ་གསང་སྔགས་ཉམས་བཞེས་གནང་མཁན་ཞིག་ཡིན་ཚེ་དམ་ཚིག་ཟེར་རྒྱུ་ཞིག་སྲུང་རྒྱུ་ཡོད་རེད། སྔགས་ཀྱི་དབང་ཞུས་ཏེ་དམ་ཚིག་མ་བསྲུང་མ་ན་སྔགས་གཞུང་ནས་བཤད་པའི་དངོས་གྲུབ་ཟེར་རྒྱུ་ཞིག་ཐོབ་ཀྱི་ཡོད་མ་རེད། བྱས་ཙང་དམ་ཚིག་གི་སྲུང་མཚམས་ལ་ཞིབས་ཕྲའི་སྒོ་ནས་ཤེས་ཤིང་ལག་ལེན་ལ་འདེབས་མཁན་ཆོས་སྒར་འདི་ནང་བཞིན་ཞིག་དེང་སང་གི་དུས་ཚོད་ལ་ཤིན་ཏུ་དཀོན་པོ་རེད། དེང་སང་དབང་ཞུ་མཁན་མང་པོ་ཡོད་ཀྱང་དམ་ཚིག་སྲུང་མཁན་ཉུང་ཉུང་རེད།
གཉིས་པ། ཞི་གནས་དང་ལྷག་མཐོང་གཉིས་རེད། ཞི་ལྷག་གཉིས་སྒོམ་ཤེས་མཁན་དང་སྒོམ་མཁན་དེང་སང་ཉུང་ཉུང་དུ་གྱུར་ཡོད་ན་ཡང་། ཆོས་སྒར་འདིའི་དགེ་འདུན་གང་མང་ཞིག་གིས་ཞི་གནས་དང་ལྷག་མཐོང་ལ་མཉམ་པར་བཞག་སྟེ་སྒོམ་བྱེད་པ་དང་། སྒོམ་བྱས་པའི་གྲུབ་འབྲས་གང་ལ་གང་མཚམས་ཐོན་ཡོད་པ་དེ་འདྲ་ཡང་མང་པོ་ཡོད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། དེར་བརྟེན་ཆོས་པ་ཞིག་གི་ངོས་ནས་ཆོས་ཀྱི་གཞུང་ལུགས་དང་མཐུན་པའི་ཐོག་ནས་སློབ་སྦྱོང་དང་ཉམས་བཞེས་གནང་མ་གནང་དང་། གཞུང་ལུགས་ནས་བཤད་པའི་གྲུབ་འབྲས་ཐོན་མ་ཐོན་བཙོ་བོར་འཛིན་དགོས་པ་རེད་མ་གཏོགས་ཕྱོགས་གཞན་ཞིག་ནས་འབྲེལ་བཤད་རྒྱག་གྱི་ཡོད་མ་རེད།
ཡང་ཁྱེད་ཀྱིས་༼སྐབས་འགར་ཨུ་ཚུགས་དང་༽ཟེར་བ་འདི་སྤྱིར་བཏང་བཤད་ན་བོད་པའི་གྲྭ་པ་ཆོས་པ་མང་ཆེ་བ་ཨུ་ཚུགས་ཚ་བོ་རེད། དགོན་པ་རང་གི་ནང་ནས་སློབ་སྦྱོང་བྱས་ནས་བསྡད་བསྡད་མཁན་དེ་ཚོའི་གཤིས་ཀ་ཞིག་ཡིན་གྱི་རེད། དེ་ལ་ཧ་ལས་དགོས་པ་གང་ཡང་མེད། དཔེར་ན་གདན་སའི་ཆོས་རའི་ནང་ཡིག་ཆ་ལ་ཁྱབ་མེད་ཀྱི་ལན་བཏབ་ན་ཧང་སང་མདོག་བྱེད་ཀྱི་རེད། དེ་དང་གཅིག་མཚུངས་རེད།
ཆོས་སྒར་འདི་ནས་གྲོང་ཆོག་ལ་འགྲོ་མཁན་ཞིག་ད་ལྟ་བར་མཐོང་མྱོང་ཞེས་བརྗོད་ཕལ་ཆེར་ཆོག་ཡོད། རྒྱ་ནག་ཉམས་ཞིབ་པས་གང་ནས་མཐོང་ཡོད་མིན་མི་ཤེས།
ན་མོ་གུ་རུ།
ཚེ་རབས་མ་ལུས་པའི་བསོད་ནམས་འདི། །
ཆོས་ཚུལ་བཞིན་བྱས་པས་ཡིན་པ་ལ། །
དད་པ་མེད་པ་འདི་ཡ་རེ་ཆ། །
རང་སེམས་སངས་རྒྱས་སུ་རྟོགས་པ་འདི། །
བླ་མའི་བྱིན་རླབས་ཡིན་པ་ལ། །
རྟག་ཆད་ལ་དགའ་བ་འདི་ཡ་རེ་ཆ། །
ཐ་མལ་ཤེས་པ་རང་ག་འདི། །
སངས་རྒྱས་ཀྱི་དགོངས་པ་གཅིག་ཏུ་ཡིན་པ་ལ། །
དམིགས་པ་ལ་དགའ་བ་འདི་ཡ་རེ་ཆ། །
རྟོགས་ཤིང་གཏན་ལ་དབབ་རྒྱུ་དེ། །
རང་གི་སེམས་ཉིད་ཡིན་པ་ལ། །
ཁ་ཕྱིར་ལ་ལྟ་བ་འདི་ཡ་རེ་ཆ། །
ཚེ་གཅིག་གི་སངས་རྒྱས་འབྱུང་བ་དེ། །
སངས་སྔགས་ཀྱི་ཐེག་པ་ཡིན་པ་ལ། །
འཇིགས་ཤིང་སྐྲག་པ་འདི་ཡ་རེ་ཆ། །
འཁོར་འདས་མཉམ་པར་རྟོགས་པ་འདི། །
བློ་དང་བྲལ་བ་གཅིག་ཡིན་པ་ལ། །
བློ་ཡུལ་དུ་འདོད་པ་འདི་ཡ་རེ་ཆ། །
ཇི་སྐད་གསུངསམབཞིན་བསྒྲུབས་ལགས་ན། །
འབྲས་བུ་སངས་རྒྱས་འབྱུང་བ་ལ། །
སངས་རྒྱས་མི་སྒྲུབ་པ་འདི་ཡ་རེ་ཆ། །
དད་པ་དང་ཡིད་ཆེས་བརྟན་པོ་འདི། །
གདམས་ངག་གི་སྣོད་དུ་འདུག་པ་ལ། །
ཕོ་རང་ཚོད་ཀྱིས་མཇལ་བ་འདི་ཡ་རེ་ཆ། །
འཆི་བ་མི་རྟག་སྒོམ་པ་འདི། །
ཆོས་ཀྱི་རྩ་བ་ཞིག་འདུག་པ་ལ། །
འཆི་བསམ་མི་བྱེད་པ་འདི་ཡ་རེ་ཆ། །
ཐོས་བསམ་སྒོམ་གསུམ་གྱི་འབྲས་བུ་དེ། །
རང་སེམས་འདུལ་བ་འདུག་པ་ལ། །
ཁེ་གྲགས་ཀྱི་རུ་དཔོན་འདི་ཡ་རེ་ཆ། །
སྙིང་ནས་ཆོས་བཞིནབྱེད་པ་འདི། །
འཇིག་རྟེན་དཀོན་པར་འདུག་པ་ལ། །
སྲེད་ཅན་དུ་བྱེད་པ་འདི་ཡ་རེ་ཆ། །
རང་ཉིད་ལ་ཉམས་མྱོང་མ་མཆིས་པར། །
གདམས་ངག་ཟབ་མོའི་ཚིག་ཟིན་གྱིས། །
གཞན་འཁྲིད་པར་བྱེད་པ་འདི་ཡ་རེ་ཆ། །
ཡ་རེ་ཆེའི་མགུར་གླུ་དེ། །
རྒྱ་ནག་ཉམས་ཞིབ་པ་ལ་ཕུལ། །
བོད་ཡུལ་བདེ་སྡུག་རི་མོ་དེ། །
མཐོང་རྒྱ་ཡོད་ན་འདི་ལ་གཟིགས། །
ན་མོ་གུ་རུ།
ཚེ་རབས་མ་ལུས་པའི་བསོད་ནམས་འདི། །
ཆོས་ཚུལ་བཞིན་བྱས་པས་ཡིན་པ་ལ། །
དད་པ་མེད་པ་འདི་ཡ་རེ་ཆ། །
རང་སེམས་སངས་རྒྱས་སུ་རྟོགས་པ་འདི། །
བླ་མའི་བྱིན་རླབས་ཡིན་པ་ལ། །
རྟག་ཆད་ལ་དགའ་བ་འདི་ཡ་རེ་ཆ། །
ཐ་མལ་ཤེས་པ་རང་ག་འདི། །
སངས་རྒྱས་ཀྱི་དགོངས་པ་གཅིག་ཏུ་ཡིན་པ་ལ། །
དམིགས་པ་ལ་དགའ་བ་འདི་ཡ་རེ་ཆ། །
རྟོགས་ཤིང་གཏན་ལ་དབབ་རྒྱུ་དེ། །
རང་གི་སེམས་ཉིད་ཡིན་པ་ལ། །
ཁ་ཕྱིར་ལ་ལྟ་བ་འདི་ཡ་རེ་ཆ། །
ཚེ་གཅིག་གི་སངས་རྒྱས་འབྱུང་བ་དེ། །
སངས་སྔགས་ཀྱི་ཐེག་པ་ཡིན་པ་ལ། །
འཇིགས་ཤིང་སྐྲག་པ་འདི་ཡ་རེ་ཆ། །
འཁོར་འདས་མཉམ་པར་རྟོགས་པ་འདི། །
བློ་དང་བྲལ་བ་གཅིག་ཡིན་པ་ལ། །
བློ་ཡུལ་དུ་འདོད་པ་འདི་ཡ་རེ་ཆ། །
ཇི་སྐད་གསུངས་བཞིན་བསྒྲུབས་ལགས་ན། །
འབྲས་བུ་སངས་རྒྱས་འབྱུང་བ་ལ། །
སངས་རྒྱས་མི་སྒྲུབ་པ་འདི་ཡ་རེ་ཆ། །
དད་པ་དང་ཡིད་ཆེས་བརྟན་པོ་འདི། །
གདམས་ངག་གི་སྣོད་དུ་འདུག་པ་ལ། །
ཕོ་རང་ཚོད་ཀྱིས་མཇལ་བ་འདི་ཡ་རེ་ཆ། །
འཆི་བ་མི་རྟག་སྒོམ་པ་འདི། །
ཆོས་ཀྱི་རྩ་བ་ཞིག་འདུག་པ་ལ། །
འཆི་བསམ་མི་བྱེད་པ་འདི་ཡ་རེ་ཆ། །
ཐོས་བསམ་སྒོམ་གསུམ་གྱི་འབྲས་བུ་དེ། །
རང་སེམས་འདུལ་བ་འདུག་པ་ལ། །
ཁེ་གྲགས་ཀྱི་རུ་དཔོན་འདི་ཡ་རེ་ཆ། །
སྙིང་ནས་ཆོས་བཞིནབྱེད་པ་འདི། །
འཇིག་རྟེན་དཀོན་པར་འདུག་པ་ལ། །
སྲེད་ཅན་དུ་བྱེད་པ་འདི་ཡ་རེ་ཆ། །
རང་ཉིད་ལ་ཉམས་མྱོང་མ་མཆིས་པར། །
གདམས་ངག་ཟབ་མོའི་ཚིག་ཟིན་གྱིས། །
གཞན་འཁྲིད་པར་བྱེད་པ་འདི་ཡ་རེ་ཆ། །
ངས་བལྟས་ན་མགུར་བཞེངས་མཁན་གྱི་རྟོགས་ལྡན་འདི་དང་། རྟོག་ཅིང་དཔྱོད་པའི་རྟོག་གེ་ཉམས་ཞིབ་འདི་གཉིས་དུས་ནམ་ཡང་ལྟ་བ་མཐུན་གྱི་ཁག་པོ་རེད་དྲན་གྱི་ཡོད།
ཉམས་ཞིབ་པ་འདི་
༄༅། །དེང་དུས་གྲོགས་པོ་རྒྱ་ཉམས་ཞིབ་པ་ལ།
ཀྱེ་ཀྱེ། །
དེང་དུས་ཆོས་མེད་གཟུགས་བརྙན་རྗེས་སུ་རྒྱུགས། །
གྲོང་དགོན་སྤེལ་བས་ཡ་རབས་སྤྱོད་པ་དཀོན། །
གང་ལ་བལྟས་ཀྱང་མཛེས་པ་ཤིན་ཏུ་དཀོན། །
དཀོན་ནམ་མི་དཀོན་རང་རང་སོ་སོས་ལྟོས། །
དེང་དུས་ཆོས་མེད་སྙན་གྲགས་རྗེས་སུ་རྒྱུགས། །
གྲོང་སྔགས་འདྲེས་པས་གཟུངས་མཆོག་བསྙེན་པ་དཀོན། །
གང་ལ་ཉན་ཡང་སྒྲ་སྙན་ཤིན་ཏུ་དཀོན། །
དཀོན་ནམ་མི་དཀོན་རང་རང་སོ་སོས་ཉོན། །
དེང་དུས་ཆོས་མེད་དྲི་ཞིམ་རྗེས་སུ་རྒྱུགས། །
སྐྱ་སེར་མཉམ་པས་དྲི་ཞིམ་ཐུལ་བ་དཀོན། །
བསླབ་ལྡན་ཚུལ་ཁྲིམས་དྲི་བཟང་ཤིན་ཏུ་དཀོན། །
དཀོན་ནམ་མི་དཀོན་རང་རང་སོ་སོས་སྣོམ། །
དེང་དུས་ཆོས་མེད་རོ་སྲེད་རྗེས་སུ་རྒྱུགས། །
ཤ་ཁྲག་སྤྱོད་པས་ཆོས་བཞིན་མཛད་པ་དཀོན། །
གང་ལ་རོལ་ཡང་བཞེས་ལེགས་ཤིན་ཏུ་དཀོན། །
དཀོན་ནམ་མི་དཀོན་རང་རང་སོ་སོས་ཟོས། །
དེང་དུས་ཆོས་མེད་རེག་འཇམ་རྗེས་སུ་རྒྱུགས། །
འདོད་ཡོན་རྒྱས་པས་འདོད་ཆུང་བྱེད་པ་དཀོན། །
གང་ལ་བསམ་ཡང་དགྲ་བཅོམ་ཤིན་ཏུ་དཀོན། །
དཀོན་ནམ་མི་དཀོན་རང་རང་སོ་སོས་ཚོར། །
གང་ཤར་དུ་གྲོགས་རྒྱ་ཞིབ་པ་ལ་ཤྲྰིས་ཕུལ།། །།
ད་ཁྱེད་གཉིས་ཀྱིས་ཤག་འདྲ་འགྱེད་ནས་སྡོད་དང་ལྟད་མོ་འདུག་ཡ།
བོད་ནང་གི་གནས་ཚུལ་འདི་ཚོ་ཁྱབ་བསྒྲགས་བྱེད་ཀྱི་གལ་ཆེན་པོ་རེད།
རྩོམ་ཡིག་མང་པོ་བྲིས་འདུག་ཡ།
རྒྱ་ཞིབ་ཁྱོད་ཀྱིས་ཤེས་སའི་བླ་རུང་ཆོས་སྒར་ཡིན་སྣང་སྐྱེ་མཁན་ཚོ་དང་ཁ་པར་གྱི་གྲོགས་པོ་མཁན་པོ་དག་ལ་ལོ་རྒྱུས་ཤེས་པའི་བསྟོད་པ་ཡག་པོ་ཞིག་བྲིས་འདུག གསེར་རྟ་རྫོང་ཐོག་ནས་ཀི་ཅོ་འདོན་མཁན་ཚོ་ཡང་དེ་འདྲ་རེད། རྩ་བ་ཁྱོད་རང་གི་བཤད་འདོད་པ་དེ་བྲིས་འདུག
དཔལ་དགྱེས་ལགས། ཁྱེད་འདི་མཁས་པ་འཆུགས་ན་འདོམ་གང་ཟེར་བ་དེ་རེད། གྲྭ་པ་དེ་གཉིས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་ཁྲོམ་སྐོར་བྱས་པ་དེ་མ་འགྲིགས་པ་མ་རེད། གྲྭ་པ་དེ་གཉིས་གཙོས་པའི་བོད་མི་ས་ཡ་དྲུག་ལ་རང་རང་གི་སེམས་ནང་གི་སྡུག་བསྔལ་ཁ་ནས་སྒྲོག་པའི་ཐོབ་ཐང་ཙམ་ཡང་མེད་སོང་བ་དེ་ལན་པ་རེད། ནང་པ་དངོས་གནས་ཤིག་ཡིན་ན། ཁ་ནས་མར་གྱུར་སེམས་ཅན་སྤྱི་དང་བྱེ་བྲག་སྡུག་བསྔལ་ལས་གྲོལ་བར་ཤོག་ཅེས་ཤབ་ཤུབ་ཏུ་སྨོན་ལམ་འདེབས་པ་དང་སྐད་གསེང་མཐོན་པོས་ཁྲོམ་སྒྲོག་བྱེད་པ་གཉིས་ཀ་ནང་པའི་ལྟ་སྒོམ་སྤྱོད་གསུམ་དང་མཐུན་ཀི་ཡོད་ནི་རེད་ཀྱང་། མི་མཐུན་ས་དེ་རྒྱ་ནག་དམར་པོའི་གཞུང་ལ་མཐུན་གི་ཡོད་ནི་མ་རེད། ཁྱོས་འདི་གཉིས་ཀྱི་ཁྱད་པར་ལོས་ཤེས་ཏེ་ཁྱོས་ཁ་ནས་མ་རྒན་སེམས་ཅན་ཤབ་ཤུབ་ཏུ་ཟེར་བ་མ་གཏོགས་དོན་ངོ་མར་མ་རྒན་སེམས་ཅན་ཐམས་ཅད་ཕར་ཞོགས་མ་རྒན་སེམས་ཅན་བྱེ་བྲག་པ་བོད་མི་ས་ཡ་དྲུག་པོའི་བདེ་སྡུག་ཙམ་ལ་ཡང་སེམས་ཁུར་བྱེད་ཐུབ་ཀི་མེད་པ་མངོན་གི་འདུག བོད་ཁམས་ཡོངས་ན་ས་དགེ་བཀའ་རྙིང་གི་ཆོས་སྡེ་དྲུག་སྟོང་ཙམ་ཞིག་ཡོད་པས་ཁྱོས་འདི་ཚང་མའི་བདེ་སྡུག་གླེང་ན་བཟང་བ་མ་གཏོགས། གསེར་རྟ་ཆོས་སྡེ་འདྲ་ཞིག་འཛམ་གླིང་ན་མེད་འདི་ལ་ཅིག་མ་བྱུང་ན་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཡོངས་སུ་རྫོགས་པ་ཕོ་ཟད་མོ་ལ་ཐུག་སོང་ན་ཡང་སྡུག་གྱོང་རེད་ཅེས་གསོན་མིག་ཤི་བོར་བཙུམས་ནས་འདུག་རྒྱུ་ཡིན་ནམ། ངའི་ཆོས་གྲོགས་དམ་པ་ལགས། ཁྱོས་དེ་ལྟར་གནང་ན་ངོ་མ་ཆོས་རྗེ་འཇིགས་ཕུན་ཡིད་བཞིན་ནོར་བུས་རང་གི་སྐུ་སྲོག་ཚུན་ཆད་ཐུགས་བློས་བཏང་ནས་བོད་ཁ་བ་ཅན་པའི་རྒྱལ་ཁམས་སྤྱི་ཡི་བདེ་སྡུག་གསུངས་པ་དེ་ལ་ཐུགས་བསམ་མ་གནང་བ་ཞིག་ཏུ་མཐོང་བས། ངའི་མཛའ་ཞིང་བརྩེ་བའི་ཆོས་གྲོགས་དམ་པ་པ་ཁྱེད་ཀྱིས་དེ་ལྟར་མི་གནང་བའི་གསོལ་བ་འདེབ་ཀི་ཡོད། སྙིང་ཁུང་རུས་པའི་གཏིང་ནས་སོ།།
འདིར་ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ཐེ་ཝན་པར་མའི་ཤོག་ངོས་༦༨པའི་མར་ཞབས་ཡིག་ཕྲེང་༡༩བར། བོད་མི་དམངས་སྤྱིའི་འཚོ་བ་ཡར་རྒྱས་མ་བྱུང་ན་གང་ཟག་འགའ་རེ་བདེ་བ་ཙམ་གྱིས་མི་འོང་བས་ཐུན་མོང་དུ་འབད་བརྩོན་བྱ་དགོས་སོ།།ལར་གནས་སྐབས་ཐམས་ཅད་དུ་བོད་མི་རིགས་སྤྱིའི་དོན་ལ་བསམ་བློ་གཏོང་རྒྱུ་འདི་ཅི་བས་ཀྱང་གལ་ཆེའོ།།།ཞེས་པ་འདི་ཆོས་གྲོགས་ཁྱེད་ལ་མཐའ་སྡོམ་པའི་ལེགས་སྐྱེས་སུ་ཕུལ་བའོ།།
གྲྭ་པ་རྒྱལ་ཞེན་པ་དེ་གཉིས་ཀྱི་དཔའ་བོའི་གད་རྒྱངས་ཀྱི་ཁྲོད་དུ་གསེར་རྟ་ཆོས་སྡེས་གཙོས་པའི་བོད་གངས་ཅན་པའི་ཆབ་དཔལ་རིག་གསུམ་གྱི་བསྟི་གནས་ཡོངས་སུ་རྫོགས་པའི་ཆགས་འཇིག་གནས་གསུམ་ཡོད་པ་དེ་ཡང་འདིར་གསལ་འདེབས་ཀྱི་ཚུལ་དུ་བརྗོད་པ་ལགས།
ཟུར་ཞུ་གཞན་ཞིག་ལ། ཆོས་རྗེ་ཡིད་བཞིན་ནོར་བུའི་སྙིང་གཏམ་སྤྲིན་གྱི་རོལ་མོ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་གི་བདེན་རྫུན་གསལ་བའི་སྒྲོན་མེ་དང་བག་ཆགས་དོང་སྤྲུག་གི་ལན་རྨོངས་པའི་མུན་འཇོམས་དང་། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་གསར་རྩོམ་དཔྱོད་ཤེས་རྒྱང་འབོད་ལ་ཆེ་ལོང་དུ་བརྟགས་པ་ལོག་རྟོག་དོང་སྤྲུག་རྣམས་ཀྱང་གསེར་རྟ་ཆོས་སྡེ་གཅིག་པོའི་ཆོས་ལུགས་སློབ་གཉེར་ཙམ་ཞིག་སྲུང་སྐྱོབ་ཀྱི་ཆེད་དུ་གཞར་ཡང་མ་ཡིན་པར། བོད་ཁ་བ་གངས་ཅན་པ་སྤྱིའི་ཆོས་ལུགས་དང་ཆབ་སྲིད་དཔལ་འབྱོར་རིག་པ་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་ནི་དཔེ་ཆ་འདི་དག་གི་གསེར་ཞལ་དྲོན་པོ་ཕྱེས་ནས་མཇལ་ཁ་ཞུས་ན་ཤེས་ཐུབ་ཀི ཆོས་གྲོགས་ཁྱེད་ཀྱིས་གསེར་རྟ་ཆོས་སྡེ་གཅིག་པོའི་ཆེད་དུ་ཡིན་ཁུལ་གྱིས་བོད་རིགས་དཔའ་བོ་དག་གིས་རང་རང་གི་ཚེ་སྲོག་བློས་བཏང་གིས་བསྒྲགས་པའི་དཔའ་བོའི་གད་རྒྱངས་རིང་མོ་དག་ལ་དམའ་འབེབ་པའི་བཀའ་མོལ་གནང་བ་དེས་བོད་རིགས་རྒྱལ་གཅེས་པ་གྲགས་ཅན་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞབས་ལ་ཐག་པ་མི་འདོགས་པའི་ངེས་པ་མེད་ན། སླད་མར་བོད་གངས་ཅན་པ་སྤྱི་ལ་དམིགས་པའི་བཀའ་སློབ་ཆུ་བོའི་རྒྱུན་བཞིན་ལྷུག་སྩོལ་ཡོང་བར་ཅི་གནང་། དགོན་གསར་བླ་གཟུགས་དེ་ལ་ངོ་རྒོལ་བྱེད་རིན་ཅང་མེད་པ་དང་། བྱས་ཀྱང་བོད་རིགས་ནང་ཁུལ་གྱི་འགལ་བ་ཙམ་ཞིག་རེད། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པ་འདི་ནི་བོད་མི་ས་ཡ་དྲུག་གི་ད་ལྟ་དང་མ་འོངས་པའི་བདེ་ཐབས་ཀྱི་ཆེད་དུ་རེད།
ཡ་ལགས་སོ། མགོ་རུལ་འདི་གཟུར་གནས་ཤིག་འདུག ཆོས་རྗེ་དམ་པའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ཆ་ཚང་འདིར་བཀོད་ཀྱང་ཁ་བརྡ་དྲ་བདག་གིས་གསུབ་སོང་། གང་ལྟར་བཀའ་དྲིན་ཆེ་མགོ་རིལ་དང་གཞན་དག་གིས་གཡོ་རྫུན་གྱིས་ཆར་བ་འབེབས་པ་དག་ལ་བོད་དོན་ལ་མིང་རྫུན་གྱིས་ཆོས་སྒར་ལ་མཐོང་ཆུང་དང་བན་རྒན་ང་ལ་ཡང་སྒྲོ་བཀུར་འདེབས་པ་ལ་བཀྲ་ཤིས་བདེ་ལེགས། འདི་འདྲ་བརྗོད་པ་ལ་སྐྱིད་པོ་ཞིག་གཏན་ནས་མེད་ཀྱང་། ཕལ་ཆེ་བས་རང་རྣ་རང་གིས་འགབ་ཀི་འདུག་པས་བལ་ཡུལ་གྱི་ལྟ་རྙིང་མཁན་ཞིག་ཡིན་ཁུལ་དང་མཁན་པོ་ཆོས་དབྱིངས་ཡིན་པ་ཤེས་ནས་ཚོད་འགམ་ཕྱིར་ཞུས་པ་ཡིན་དགོངས་དག་མགོ་རུལ་དང་མཁས་བཙུན་བཟང་གསུམ་ལྡན་པའི་གསེར་རྟ་མཁན་པོ་ཆོས་དབྱིངས་ལགས། །དྲང་མོ་ཞུས་ན་དངོས་ཡོད་གནས་ཚུལ་གྱིས་ཞུས་ན་དགེ་རྒྱས་རྫ་སྟོད་རྫོང་གི་གྲྭ་བ་བཀའ་བརྒྱུད་འཛིན་གྲྭ་འདུག་ཙམ་ལས་གཏན་སྡོད་ཅིག་གཏན་ནས་མ་རེད་ཟེར། མ་ཚད་རྫ་སྟོད་དགོན་པ་རང་ནས་སྤྲུལ་སྐུ་རྫུན་མ་ཡིན་མིན་བཤད་ས་ནས་དགོན་པ་རང་ནས་ཕུད་པ་རེད་ཟེར། དེ་གསང་ནས་གསེར་རྟ་ཆོས་སྒར་དུ་ཡོང་བ་ཞིག་རེད་ཟེར། གསེར་རྟ་རྫོང་ཉེན་རྟོག་པས་རྒྱུན་ལས་མཁན་སྤྲུལ་ཚོ་ལ་བཤད་རྒྱུར། ཝེ་འུར་རྒྱག་མི་ཆོག གལ་ཏེ་དེ་འདྲ་ཡིན་ན་གསེར་རྟ་ལས་གཞན་གྱི་དགོན་སྡེ་གྲྭ་བ་ཡོང་མི་ཆོག་ཅེས་ལབ་འདུག མ་ཚད་ཞིབ་ཤེར་དགོས་ཟེར་ནས་རྒྱ་མི་ཇེ་མང་རེད་ཅེས་དང། གྲྭ་རྐྱང་ཞིག་གི་གསུངས་དོན་དེ་འདྲ་གོ་དུས་གནོད་ཆེན་པོ་སྐྱལ་གི་འདུག་ཅེས་དང་། གཞན་དགེ་བསྙེན་ཞིག་གིས་ཧ་བོ་གྲྭ་བ་འདི་ཆས་ཆོས་སྒར་ལ་བར་ཆད་བྱེད་ཀི་གོ་ཞེས་སོགས་ཁ་སྤར་རྒྱུད་ལས་ཐོས་སོ།
གཟིམ་ས་བདེ།
དཔལ་དགྱེས་པ་རྡོ་རྗེ་།
ངས་ཁྱེད་ལ་སྙིང་གཏམ་ཞིག་བཤད་།དེ་ནི་ང་བརྒྱད་ལོ་རེད་།ང་ཚོ་སྡེ་བ་མ་གཏོགས་།བོད་ཀྱི་ས་ཡོངས་རྫོགས་འཐབ་འཁྲུག་ནང་ཞུགས་འདུག་།ང་ཚོ་མ་ཞུགས་པ་ནི་།དགེ་བཤེས་ལོ་མང་པོར་རྒྱ་ནག་ཏུ་བཞུགས་པ་ཞིག་ཁྱོད་ཀྱིས་བཤད་པ་ཇི་བཞིན་མ་ཞུགས་པ་རེད་།ཟླ་འགའ་ཤས་ལ་རྒྱ་མིས་ཀྱང་བསྟོད་པ་བྱས་འདུག་།དེ་བཞིན་རྒྱལ་གཅེས་རེད་ཅེས་ཆོ་ལོ་ཡང་སྤྲད་འདུག་།ཡིན་ནའང་ཉི་མ་ཞིག་ལ་རྒྱ་གཞུང་གི་ལས་བྱེད་དམག་མི་ཚོ་ཡོངས་ཏེ་།བསམ་བློ་འཐབ་རྩོད་དང་གྲལ་རིམ་འཐའ་རྩོད་ཀྱི་མིང་ཐོགས་ནས་དགོན་པ་ཚང་མ་གཏོར་ནི་མི་ཚད་།འཐབ་འཁྲུག་ཏུ་མ་ཞུགས་ཞེས་དགེ་བཤེས་ཞིང་བདག་གི་ཞ་བསྐོན་མཐར་བཙོན་ནས་དཀྲོངས་བ་རེད་།ལོ་རྒྱུས་ཀྱི་གང་གི་ནང་དུའང་མི་ཁྱོད་འདྲ་མ་བྱུང་བ་མ་རེད་།མང་པོ་ཡོད་པ་རེད་།ལུང་ཀྱོག་ནང་གི་སྐད་ཆ་དེ་ཚོས་རང་གི་གཙུགས་སུ་འཛིན་པའི་བླ་མ་དག་དང་།སྐད་འབོད་བྱས་པའི་དགེ་འདུན་པོ་ཚོ་ལ་ཞོར་གྱི་མཐོང་ཆུང་བྱས་སོང་།བརྩི་བཀུར་དང་དད་པ་ཟེར་བ་རང་བཞིན་གྱི་ཡོང་དགོས་བ་ཞིག་རེད་།བཙན་གྱིས་སྐུལ་ན་ཅི་ཡང་ཡོང་གིན་མ་རེད་།བོད་སྤྱི་བའི་དོན་དུ་ཆོས་སྒར་འདྲ་བ་བརྒྱ་འཇིག་ན་སྐྱོན་མེད་ཅེས་སྐད་ཆ་བཤད་ན་།ཚང་མས་ཆོས་སྒར་གྱི་དད་པ་ཆེ་རུ་འགྲོ་ལ་།དེའི་མཁན་པོ་ཚོ་ལ་གཞན་དོན་ཁུར་ཁྱེར་གྱི་སྙིང་སྟོབས་ཅན་ཅན་དད་ཞེན་ཆེ་རུ་འགྲོ་ངེས་ཡིན་།དེ་མིན་ཆོས་སྒར་ཁོ་ན་ནི་ཡ་མཚར་བ་ཤིག་དང་།ཆོས་སྒར་ལས་གཞན་གང་བྱུང་ཡང་སྐྱོན་མེད་འདོགས་འདྲ་བ་ཞིག་བཤད་ན་།ཁྱོད་ཚོ་ལུང་ཀྱོང་སྐམ་པོ་ནང་དུ་ཡོད་པའི་རང་མདོགས་་བསྟན་པ་དང་།ཁོག་ཏུ་ག་རེ་ཡོད་པ་གསལ་བོ་ཧ་གོ་འགྲོ་དགོས་རེད་།དེ་བས་སྐད་ཆ་གང་ཡིན་ཀྱང་།དཔྱད་པ་ཐོངས་།མིང་བསྲིང་བསྐྱེད་།དེ་ནས་སྐད་ཆ་རེ་ཤོད་།དེ་མིན་གཞན་གྱིས་བལྟས་ན་དགོད་བྲོ་བ་དང་།རང་གིས་བལྟས་ན་ངུ་བྲོ་བ་ཞིག་འདུག་།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ནངས་དགོང་གཉིས་ལ་ྐློག་མཁན་ཚོའི་མཆན་བུ་རྣམས་ལ་བརྟག་ཞིབ་བྱེད་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ད་ལྟའི་ཆར་ཤེས་པ་ལྟར་ན། བླ་རུང་ཆོས་སྒར་གཅིག་ནས་ཉིས་སྟོང་བརྒྱད་ཀྱི་ལོ་ནས་ད་བར་དུ། རྒྱ་མིས་གྲྭ་བ་བརྒྱད་ཙམ་བཟུང་ཡོད། དེའི་ནང་ནས་ཁྲིམས་ཐག་་རིང་ཤོས་ལ་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་པ་རེད། ཐུང་ཤོས་ལ་ལོ་ལྔ་ཙམ་གྱི་ཁྲིམས་ཐག་བཅད་པ་ཡིན་པ་འདྲ། ད་དུང་གཅིག་གཉིས་ཤིག་གསང་བའི་སྒོ་ནས་བཟུང་བ་རེེད། མཚན་མོར་ཡོང་ནས་བཟུང་བ་རེད། དེ་ཚོ་གར་སོང་དང་ཅི་སོང་རྩ་བ་ནས་ཤེས་ཡོད་པ་མ་རེད། ད་ལྟའི་ཆར་ཡང་་ཤེས་ཀྱིན་ཡོད་པ་མ་རེད། གནས་ཚུལ་འདི་འདྲ་བ་སུས་ཀྱང་གོ་རྒྱུ་གལ་ཆེན་པོ་རེད་ལ། ཁོ་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཡང་གལ་ཆེན་པོ་རེད།
དཔལ་དགྱེས་པ་རྡོ་རྗེ་ལགས། གྲྭ་པ་དེ་གཉིས་ཕ་ཡུལ་ཡུ་ཤུལ་ཁུལ་རྫ་སྟོད་རྫོང་གི་རྫ་སྟོད་དགོན་པ་ཡིན་ངེས་པ་ཡིན་ན་ཁྱེད་དང་འབྲེལ་བ་ཆེན་པོ་འདུག་པས་གྲྭ་པ་དེ་གཉིས་ཀྱི་མིང་དང་ལོ་ཚོད་གསལ་བོ་ཞིག་རྩ་གཅོད་གནང་རོགས། ཨ་རི་ནས་ཁ་པར་ཡག་པོ་འགྲོ་གི་ཡོད་ས་རེད། ད་དུང་དེ་འདྲ་མང་པོ་འདུག ཁ་སང་ཁ་པར་བརྒྱུད་དེ་གོ་ཐོས་ ལ་ ༢༠༠༨ ནས་ད་བར་བླ་རུང་ཆོས་སྒར་རང་གི་གྲྭ་པ་ཡིན་པ་ཆབ་སྲིད་བཙོན་པ་བཅོ་ལྔ་ཙམ་ཡོད་རེད་ཟེར། དེ་ཚོའི་ལོ་རྒྱུས་ཞིབ་ཕྲ་ཁྱོན་ཤེས་ཀྱི་མི་འདུག མི་ལ་ལ་ཞིག་ཁྱེད་ནང་ནང་བཞིན་སྙིང་ཆུང་ཆུང་རེད། བྱས་ཙང་བཤད་ཕོད་ཀི་མི་འདུག
དཔལ་དགྱེས་པ་རྡོ་རྗེ་ལགས། གྲྭ་པ་དེ་གཉིས་ཕ་ཡུལ་ཡུ་ཤུལ་ཁུལ། རྫ་སྟོད་རྫོང་། རྫོ་སྟོད་དགོན་པ་ཡིན་ངེས་ཡིན་ན་ཁྱེད་དང་འབྲེལ་བ་ཆེན་པོ་རེད། ཁོང་གཉིས་ཀྱི་མིང་དང་ལོ་གྲངས་གསལ་བོ་ཞིག་རྩད་གཅོད་གནང་རོགས། ཨ་རི་ནས་ཁ་པར་ཡག་པོ་འཕྲོད་ཀི་ཡོད་ས་རེད། འདི་ནས་གསལ་བོ་ཞིག་མི་གོ་གི ཁ་སང་ཁ་པར་བརྒྱུད་དེ་གོ་ཐོས་ལ་ ༢༠༠༨ ནས་ད་བར་བླ་རུང་ཆོས་སྒར་རང་གི་གྲྭ་པ་ཡིན་པ་ད་སྐབས་ཆབ་སྲིད་ཀྱི་ནག་ཉེས་འོག་བཙོན་ཁང་དུ་བཞུགས་ཡོད་པ་གྲྭ་པ་བཅོ་ལྔ་ཙམ་ཡོད་རེད་ཟེར། དེ་ཚོའི་ལོ་རྒྱུས་ཞིབ་ཕྲ་ཁྱོན་ནས་རག་གི་མི་འདུག མི་ལ་ལ་ཞིག་ཞིག་ཁྱེད་ནང་བཞིན་སྙིང་ཆུང་ཆུང་དེ་འདྲ་རེད། བྱས་ཙང་བཤད་ཀི་མི་འདུག
ད་བལྟས་ན་དཔལ་དགྱེས་པ་རྡོ་རྗེ་དང་ཡུ་ཤུལ་གྱི་གྲྭ་པ་དེ་གཉིས་དགོན་པ་གཅིག་པ་མ་རེད་དམ། འོ་ད་རྟེན་འབྲེལ་བཟང་གི་རྫ་སྟོད་དགོན་པས་གསེར་རྟ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པའི་དཔའ་སྐད་བསྒྲགས་པ་རེད། དེ་བཞིན་དཔལ་དགྱེས་པ་རྡོ་རྗེ་རིན་པོ་ཆེས་ཀྱང་གཟེངས་བསྟོད་ཀྱིས། དཔལ་དགྱེས་རྡོ་རྗེ་འདི་ཚང་ལ་ལ་རྒྱ་དང་སེམས་ཤུགས་ཡོད་རེད། ཡིན་ན་ཡང་གློ་གོག་ཆུང་ཆུང་རེད། ཧ་ཧ་ཧ་ཧ་
དེའི་གྲ་རྫུན་དེ་གཉིས་ཀྱི་ས་སྟེང་ལ་མི་ཤོང་བའི་ལྔ་རིག་ནང་བསྟན་སློབ་གླིང་ལ་བར་ཆད་བྱས་སོང་། དེ་སྔོན་འདྲ་ཡིན་པ་ན་བླ་རུང་ཆོས་ཀྱི་གྲོང་ཁྱེར་ཆེན་པོ་དེ་ལ་ཧ་ཅིང་གི་ཕུན་སུམ་ཚོགས་པོ་བྱུང་ཡོད། ཡིན་ན་འང་རྒྱ་དམར་གྱི་སྒོ་གང་ཐད་ནས་ཐབས་སྣ་ཚོགས་གི་སྒོ་ནས་གནོད་པའི་བྱ་བ་ཞིག་གང་འདྲ་བྱས་ནས་རྩམས་དགོས་བསམ་ནས་འདུག་ཡོད་པ་རེད། ད་ནི་གྲ་ལོག་སྡོམ་ཤོར་དེ་གཉིས་ཀྱི་གནོད་པ་ལ་རྟེན་ནས་བར་ཆད་བརྩམས་སའི་གཞི་རྩ་གཙོ་བོ་ཞིག་རག་པ་རེད། དེ་ནི་དངོས་གནས་ཀྱི་གནས་ཚུལ་ཡག་པོ་མ་རེད། གཅིག་བྱས་ན་གྲ་ངན་དེ་གཉིས་རྒྱ་དམར་གཞུང་གི་གསང་བའི་ལས་དཀའ་བྱེད་ས་ལ་གཏང་ནི་ཡིན་པ་མི་སྲིད་པ་མ་རེད། མདོར་ན་ཡིད་དུ་འོང་བའི་ཞིང་ཁམས་དེ་ལ་ཡང་མི་མཐུན་པའི་གནས་ཚུལ་ངན་པ་དེ་ཐོས་པའི་སྐབས་སུ་སྐྱིད་པོ་མ་བྱུང་།
འོ། སྔ་གྲོ་བདེ་ལེགས། མཁན་རིན་པོ་ཆེ་དང་ཁ་ཞེ་གཉིས་མེད་ཀྱིས་ཆོས་སྒར་ལ་ཐུག་ཁུར་བཞེས་པ་བཀའ་དྲིན་ཆེ། ང་རྒྱལ་གཅེས་ཡིན་རྒྱ་གཅེས་པའི་གྲྭ་གཟུགས་དེ་ཚོ་ལ་འབྲེལ་བ་གཏན་ནས་མེད། ས་ཡུལ་དགོན་སྡེ་གསར་པོ་མ་ཤེས་ན་འུར་སྒྲོགས་མ་བྱས་ན་དགའ་འདུག འདི་ནས་ཁ་སྤར་ལེགས་པོ་འགྲོ་གི་འདུག་ཀྱང་ཁབ་སྲིད་ལས་འགན་སྐོར་ནས་སྐད་ཆ་བཤད་མེད་ཟུར་ནས་བརྡ་ཙམ་གྱིས་བྲིས་པ་ལས་ཁ་སྤར་མི་གཅིག་ལ་གཏོང་ན་ཉེན་རྟོག་བརྒྱ་ཕྲག་མང་པོས་ཉན་ནས་འདུག མཚམས་མཚམས་སུ་མི་གཞན་གྱི་སྐད་ཆ་བཤད་པ་ཡང་གོ་གི་འདུག རྒྱ་ཞིབ་བམ་རྒྱོ་ཞིབ་ཀྱིས་འདོད་པའི་ཆོས་སྒར་དེ་ཚོ་ལ་ང་འབྲེལ་གང་ཡང་མེད། དང་དུས་རྒྱ་ནང་དང་ཕྱི་རྒྱལ་ཁག་ནས་སེར་གཟུགས་འགའ་རེའི་རྒྱལ་བསྟན་ལ་རྨ་འདོན་པ་དེ་ཚོ་བླ་རུང་ཆོས་སྒར་གྱི་དབུ་ཐོག་བཞག་ནས་ཚང་མ་དེ་འདྲ་ཧ་ལས་རྒྱ་མེད་འདོག་སྟོན་པ་ཚང་མ་ཆོས་སྒར་དང་མཁན་སྤྲུལ་དམ་པ་དེ་ཚོའི་ཡོན་ཏན་མ་ཤེས་མ་མཐོང་བའི་རྟགས་རེད། སྤྱིར་ཞུས་ན་༧གོང་ས་ལྷ་མིའི་རྣམ་འདྲེན་བོད་ལ་ཕེབས་ཐུབ་པ་དང་བོད་རང་གི་རྒྱལ་ཁབ་ཡོང་བ་ལ་མི་འདོད་མཁན་བོད་མི་མེད་དོ་ལབ་ཀྱང་མི་འགྲིག་རྒྱུ་མེད་མོད། ཀུན་གཟིགས་པན་ཆེན་རིན་པོ་བཅུ་པ་༧ཆོས་ཀྱི་རྒྱལ་མཚན་མཆོག་དང་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཐུགས་རྗེ་ལ་བསམ་ན་ངུ་བྲོ་ལས་ཅི་འདུག རང་ལ་མཚོན་ན་ཡང་སྔོན་ཞུས་པ་བཞིན་རང་སྲོག་མི་འཛེམས་པའི་རྒྱལ་གཅེས་པ་ཞིག་བཤད་ན་མི་འགྲིག་རྒྱུ་མེད་མོད། རང་གི་རང་ལ་བསྟོད་པ་ནི་རྒྱལ་བྱིན་ཡང་མཛེས་མི་འགྱུར་གསུངས་པ་རེད། ད་ལྟ་ང་ཚོ་ཕྱི་ཕྱོགས་པ་ཚོས་སྐད་འབོད་བྱེད་པའི་དུས་རེད། བལ་ཡུལ་དང་རྒྱ་གར་ནས་སྐད་འབོད་ལ་ཡི་རང་ཡོད། བོད་ནང་འཁོར་ནས་ཡེ་འུར་མ་རྒྱག་ན་དགའ་མི་འགྲོ། ས་གནས་ཡུལ་ལུང་དེ་སྡུག་བསྔལ་དུ་ཚུད་ཀི་འདུག ང་རང་གི་ཉེ་རྒྱུད་དུ་གྱུར་པ་དུ་མ་ཡང་དུ་དུང་བཙོན་ཁང་དུ་ཡོད། ཧ་མ་གོ་ན་འུར་མ་རྒྱགས་ན་དགའ་འདུག་སྙམ་མོ། ང་ཡོད་སའི་རྫ་སྟོད་དང་དགེ་རྒྱས་རྫ་སྟོད་གཉིས་ཤར་ནུབ་རེད། རྫོང་ཁག་ཁ་ཁ་རེད། དཔེར་ན། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ནང་ཆེན་རྫོང་། ཡུལ་ཤུལ་རྫོང་། ཆུ་དམར་རྫོང་། ཁྲི་འདུ་རྫོང་དང་བཅས་ལས་ད་ཐང་སེར་གཟུགས་དེ་གཉིས་རྫ་སྟོད་རྫོང་སྔོན་རྫོགས་ཆེན་པདྨ་རིག་འཛིན་དང་རྫོགས་ཆེན་དཔོན་སློབ་ཀྱིས་རྫོགས་ཆེན་དགོནཔ་ཐོག་མ་བཏབ་ས་དེ་རེད། དེའི་ཉེ་འཁོར་སྤྱི་ལེ་བརྒྱ་ཕྲག་གི་བར་ན་ཡོད་པ་རེད་འདུག ང་འགྲོ་ཡང་མ་མྱོང་། བཀའ་བརྒྱུད་འཛིན་གྲྭ་བསྡད་ལུགས་བལྟས་ན་བཀའ་བརྒྱུད་དགོན་པ་ཞིག་ཡིན་མིན་འགྲོ། རྩ་བར་བླ་རུང་ཆོས་སྒར་ལ་ཡག་དགའ་ཉེས་སྡུག་གིས་བྲིས་པ་ཡིན། ད་ནི་ཁྱབ་སྲིད་པ་མཁན་རིན་པོ་ཆེ་དང་སྙིང་གྲོགས་ཚོའི་ངོ་ལ་བལྟས་ནས་ལོ་རྒྱུས་གསལ་བོ་ཞིག་ཤེས་ན་ཡང་སྐྱར་བཀོད་ཆོག ལས་ག་ལེ་བྱས་ན་རྒྱལ་ཁ་ཐོབ། གཏམ་ག་ལེ་བཤད་ན་བདེན་པ་རྒྱལ་ཞེས་པ་ལྟར་ཐབས་ཤེས་ལེགས་པོའི་སྒོ་ནས་ཕན་བདེས་ཐབས་ཤེས་སྟོན་ནས་ཉིན་མ་གཅིག་ལ་ཕྱི་ནང་གི་་བོད་མི་མདོ་དབུས་ཁམས་གསུམ་དེ་མཉམ་ཤི་འམ་མཉམ་གསོན་བྱས་ན་དེ་གོ་རྒྱུ་ཞིག་ཡོད་རེད། དེ་མིན་རང་མིང་ཙམ་དྲ་ཁང་དུ་བཞག་མི་ཕོད་པ་ཚོ་ཡ་ཆའོ། །
དྲ་གྲོགས་ཡ་གེ་མ་མཆུ་ལགས། ཞེད་སྣང་དགོས་མ་རེད། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༠ ཉིན་ཕ་ཡུལ་གོ་འཇོ་ནས་ཡིན་པའི་གྲྭ་འབུམ་དགའ་ཟེར་བ་ཞིག་གིས་གསེར་རྟ་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་ཕྱར་ཏེ་སྐད་འབོད་བྱས་འདུག ཁོང་གསེར་རྟ་ནས་ཟླ་བ་བཞི་དང་དཀར་མཛེས་ཁུལ་ནས་ཟླ་བ་དྲུག་བཀག་ཉར་བྱས་རྗེས་ཁྲིམས་ཐག་བཅད་པ་རེད། ཡིན་ན་ཡང་དེ་ཙམ་སྐྱོན་མི་འདུག དེ་འདྲ་གནས་ཚུལ་ཙག་ཙིག་མང་པོ་ཡོད་རེད།
ལེགས་སོ། དཔལ་དགྱེས་པ་རྡོ་རྗེ་རིན་པོ་ཆེ། གསལ་བཤད་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
ཁམས་ཡུ་ཤུལ་ནས་ཡིན་པའི་བསེར་རྟ་བླ་རུང་ཆོས་སྒར་དུ་བཀའ་བརྒྱུད་འཛིན་གྲྭའི་ནང་སློབ་སྦྱོང་བཞིན་པའི་རྫ་སྟོད་རྫོང་གནས་མདོ་དགོན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་རང་ལོ་ ༡༦ ཡིན་པ་དང་། རྫ་སྟོད་རྫོང་རྗེ་དྲུང་དགོན་པའི་གྲྭ་མགར་བ་དབང་ཆེན་སྟོབས་རྒྱལ་རང་ལོ་ ༡༥ ཡིན་པ་གཉིས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་ཐོན་འདུག
གསེར་རྟ་ཆོས་དབྱིངས་ལགས་ཐུགས་རྗེ་ཆེ། གནས་ཚུལ་མཁོ་སྤྲོད་བྱས་པ་འདིས་ཚུལ་མཐར་ཟེར་བ་དང་དཔལ་དགྱེས་སོགས་ཀྱི་རྫུན་ཕུགས་བརྟོལ་འདུག བདེན་དང་ལུང་པ་ཕུ་ཐག་རིང་། །རྫུན་དང་ཨ་བྲ་རྔ་མ་ཐུང་། །
ལགས་སོ། བཀྲ་ཤིས་བདེ་ལེགས། དེ་རིང་ཁ་སྤར་རྒྱུད་ནས་སྐད་ཆ་གསར་ཞིག་ཐོས་ཀྱང་། མཁན་རིན་པོ་ཆེས་སྔོན་ནས་བཀོད་ཚར་འདུག ཚུལ་ཁྲིམས་མཐར་ཕྱིན་གྱི་གསུངས་པ་ཡང་བདེན་པ་རེད། དེ་ལ་རིགས་གཉིས་འདུག དང་པོ་ཆོས་ལུགས་ཆགས་སྡང་གིས་འཛིན་པའི་དོལ་རྒྱལ་དམ་སྲི་ཚོགས་པའི་བཀོད་བསྒྲིགས་བྱས་པ་ཞིག་དང་། གཉིས་པ་རང་རིགས་གངས་ལྗོངས་ཆོས་སྲིད་དོན་ལ་སྲོག་དམར་དབེན་དུ་བཞག་པ་གཉིས་རེད། དང་པོ་དེ་བཤད་ན་ཁྱེད་ཚོ་ཡིད་ཀྱང་ཆེས་ས་མ་རེད། གཉིས་པ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཡུལ་ནས་ཡིན་པའི་གྲྭ་བ་དྲུག་འདུག སྙིང་སྟོབས་ཅན་གྱི་དཔའ་བོ་དྲུག་དེས་བོད་ཆོས་སྲིད་ཀྱི་དོན་ལ་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱི་དམ་བཅའ་དང་ཡི་གེ་བྲིས་ནས་གཉིས་གསེར་རྟ་རྫོང་དང་། གཉིས་ཡུལ་ཤུལ་རྫོང་། གཉིས་རྫ་སྟོད་རྫོང་ཐོག་རང་ནས་སྐད་འབོད་བྱས་པས་ད་ལྟ་གྲྭ་བ་དྲུག་དེ་འཛིན་བཟུང་བྱས་ཚར་འདུག ཡུལ་ཤུལ་ཁུལ་ནས་སྐད་འབོད་ཀྱི་གྲུ་བ་གཉིས་དེ་སྐད་འབོདཐང་གསུམ་པའི་སྐབས་འཛིན་བཟུང་བྱས་སོང་འདུག གཙོ་བོ་ངས་ཀྱང་ངོ་དམར་པོ་དང་སོ་སེར་པོས་བླ་རུང་ཆོས་སྒར་ལ་དམིགས་བསལ་བྱས་ནས་བཤད་པ་དེ་༧གོང་ས་ཐམས་ཅད་མཁྱེན་པ་གངས་རིའི་ལྗོངས་ལ་ཕེབས་དགོས་ན་བོད་ཆོས་སྲིད་གཉིས་ཀྱི་དོན་རེད། ཆོས་ཀྱི་སྙིང་པོ་བཤད་སྒྲུབ་གཉིས་རེད། དེ་གོང་ས་མཆོག་གི་སྙིང་རེད། དེ་བླ་རུང་ཆོས་སྒར་འདི་ཉིད་གཅིག་པུ་རེད། །དེ་མེད་ཐབས་བྱས་ནས་ཕེབས་ན་ཇི་འདྲའམ། ཕེབས་ན་དགོས་པ་ཡོད་དམ། ༧གོང་ས་མཆོག་གི་གསུང་ཆོས་ཚོ་ལ་གཟིགས་དང་ཤིན་ཏུ་གསལ། བདག་ཅག་གི་བཀའ་དྲིན་མཚུངས་ཟླ་དང་བྲལ་བ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་ཞུས་ན༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་དཔལ་བཟང་པོ་མཆོག་གིས་ཀྱང་སྙིང་གཏམ་སྲིན་གྱི་རོལ་མོ་ལས། གང་གི་ཚེ་མི་རིགས་རང་ཉིད་ཀྱི་ཡོན་ཏན་ལ་བརྩི་འཇོག་ཅི་ཡང་མེད་ པར་དགོས་མེད་དུ་གཞན་གྱི་ལད་མོ་ཁོ་ནར་འཆེལ་བ་དེའི་ཚེ་མི་རིགས་དེ་ཉིད་ཀྱི་རིག་གཞུང་སོགས་ཕལ་ཆེར་ས་གོ་ལ་འདིའི་སྟེང་ནས་ཡལ་བའི་མགོ་རྩོམ་པ་དང་རྟགས་བསྟན་པ་ཡིན། །འཛམ་གླིང་ཐོག་མི་རིགས་སུ་འདྲ་ཞིག་ཡིན་ཡང་རང་རིགས་ཀྱི་ཡོན་ཏན་ལ་ཤ་ཚ་མི་བྱེད་པ་སུ་ཞིག་ཡོད་དེ། གལ་ཏེ་ཡོད་ན་བླུན་པོ། ཅོལ་ཆུང་། ཀླད་མེད་སྤྲེའུ་ལྟ་བུ་ཞེས་བྱ། ཉེ་དུས་སུ་ཝོས་པའི་ཁུའི་སྐད་ཡིག་རྒྱུན་ཆད་དེ་ས་ཆེན་པོ་འདིའི་སྟེང་ན་སྐད་ཡིག་དེ་ཤེས་མཁན་རྒན་པོ་ལོ་བརྒྱད་ཅུ་ལྷག་ཏུ་སོན་པ་གཅིག་པུ་ཞིག་ལས་མ་ལྷག་པས་པཱ་ལུའུ་སྐད་ཡིག་ཞིབ་འཇུག་ཁང་གིས་ཀྱང་སྐྱོབ་ཐབས་མ་བྱུང་བ་དེ་འདྲ་ཞིག་བྱུང་ན་མི་རིགས་སུ་ལའང་དེ་ལས་བློ་ཕམ་ཆེ་བ་ཅི་ཞིག་ཡོད། མི་རིགས་གང་ཡང་རང་གི་སྐད་ཡིག་སོགས་རིགས་གཞུང་དང་། ཡུལ་སྲོལ་གོམས་གཤིས་ཐམས་ཅད་ནུབ་ཟིན་པའི་འོག་ཏུ་མི་རིགས་དེ་ཉིད་ཀྱང་གཞན་ཞིག་ ཏུ་འགྱུར་ཚར་བ་རེད། དེས་ན་རང་རིགས་དང་རང་རིགས་ཀྱི་ཡོན་ཏན་རྣམས་ལ་ཐམས་ཅད་ཀྱིས་ཕངས་སེམས་ཆེས་ཆེར་བྱ་རྒྱུ་འདི་ནི་རིགས་དེ་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་ཅི་བས་ཀྱང་གལ་ཆེའོ། །དེའི་ཕྱིར་ང་ཚོ་བོད་ཆོལ་ཁ་གསུམ་གྱི་མཐོ་གདུགས་ཞབས་ཀྱི་བླ་མ། །ཁྲི་ཐོག་གི་དཔོན་པོ། ན་གཞོན་ཤེས་ཡོན་ཅན་རྣམས་དང་། དམའ་སློབ་ཆུང་གི་སློབ་མ་ཡན་ཆད་ཀྱིས་བློ་སེམས་ཆིག་སྒྲིལ་གྱིས་ང་ཚོའི་ཕ་མེས་བཟང་པོས་བཞག་པའི་རིག་གཞུང་། ད་ལྟ་བོད་གངས་ཅན་ཙམ་དུ་མ་ཟད་མཚན་ཉིད་རིག་པ་དང་། ཚན་རིག་གི་ཤེས་ཡོན་ཡང་རྩེར་སོན་པའི་འཛམ་གླིང་སྔོན་ཐོན་གྱི་རྒྱལ་ཁབ་རྣམས་ ཀྱི་ནང་ནའང་ཕན་པ་ཅི་རིགས་པ་ཐོན་དང་ཐོན་བཞིན་པའི་གཟི་བརྗིད་དང་ལྡན་པ་འདི་དང་། འཛམ་གླིང་གི་གྲོགས་པོ་རྣམས་ཀྱིས་གདེངས་འཇོག་གནང་བའི་ཡ་རབ་ཚུལ་མཐུན་གྱི་གཤིས་ཀ་ཕ་མེས་ཀྱི་རིང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་རྣམས་རྒྱུད་འཛིན་དར་སྤེལ་གྱི་ཆེད་དང་། མ་འོངས་པའི་བོད་མི་རིགས་ཀྱི་མདུན་ལམ་གྱི་དོན་དུ་ཇི་མི་སྙམ་དུ་མི་འཇོག་པར་ལྷག་བསམ་ཟོལ་མེད་བྱ་རྒྱུ་འདི་ནི་མི་རིགས་ཀྱི་འཚོ་བ་དང་རིག་གནས་ཡུན་ནས་ཡུན་དུ་དར་རྒྱས་སུ་འགྲོ་བ་ལ་ཡོད་ན་གཅིག་ཆོག་མེད་ན་ཐབས་ཆག་ཡིན་པས་ན་ནམ་ཡང་རྩིས་མེད་བཏང་སྙོམས་སུ་བཞག་པའི་འོས་མ་ཡིན་ནོ།།
ཞེས་གསུངས་པ་རྣམས་ལ་གཟིགས་དང་ཤིན་ཏུ་གསལ། ད་ལྟ་ང་རང་ལ་མཚོན་ན་ཡང་བླ་རུང་ཆོས་སྒར་གྱི་བྱ་བྱེའུ་ཚོའི་ཡོན་ཏན་མེད་རུང་ད་སྔོན་མཇལ་མྱོང་བ་རྒྱུ་མཚན་བྱས་ནས་ཞུས་པ་ཡིན། རྒྱ་ཞིབ་སོགས་ཀྱིས་གཡོ་རྫུན་ཧམ་བཤད་དང་མིང་མེད་དྲ་རྐུན་རིགས་ལ་དོགས་ཟོན་དགོས་པར་སྣང་ངོ་། གསེར་རྟ་ཆོས་དབྱངས་མཆོག་ཉིད་གློ་གོད་ཆེ་དྲག་ནས་འཆི་མེད་དགའ་བའི་སྐྱེད་ཚལ་ན་བསྡད་དེ་ཕ་ཡུལ་འཆི་བདག་བདུད་པོ་ཁ་རུ་ཇེ་ཉེ་རུ་འདུག་ཅེས་པའི་ཁྱབ་བསྒྲགས་བྱས་པ་ལ་ཡི་རང་དང་སེམས་ཁྲལ་གཉིས་ཀ་འདུག་གོ། གང་ལྟར་ཤར་ཆ་འདི་དག་ང་མི་སྒེར་ཞིག་གི་སྐྱོན་རེད་མ་གཏོགས་ཆོས་སྒར་དང་ཆོས་བརྒྱུད། ཆོལ་ཁ་དང་རྒྱ་བོད་ཕྱོགས་འཐེན་ཁྱེར་བྱས་པ་ཚང་མ་གང་ཟག་བདག་ལྟ་བུ་ལ་གོ་རྒྱུ་ལས་གཞན་དུ་མི་འཛིན་པར་མཁྱེན་ནོ།
གོང་དུ་རེ་བསྐུལ་ཚོ་དང་བདག་དང་སྐལ་བ་མཉམ་པ་རྣམས་ལ་ཕན་དུ་རེ་ནས་ཞུས་པ་ཡིན་ལགས།
དྲ་གྲོགས་བཟང་ངན་ཀུན་པོ་ཚེ་རིང་ལོ་བརྒྱ་སོ་སོས་བཞེད་དོན་འགྲུབ་པའི་སྨོན་བཅས་རྒྱ་ཕྲུག་དཔལ་དགྱེས་པ་རྡོ་རྗེས་གུས་ཕུལ། །
དཔལ་དགྱེས་ཁྱོད་ཀྱིས་ངེས་པར་དུ་གྲྭ་བ་དེ་ཚོ་ལ་དགོངས་དག་ཞུ་དགོས། ཁྱོད་ཀྱིས་དམ་ཉམས་ཟེར་བ་དང་། རྐུབ་སེར་ཟེར་བ་དང་སེར་གཟུགས་ཟེར་བ་སོགས་དོན་ཅི་ཡང་མ་གོ་གོང་ནས་གཞན་ལ་བརྙས་བཅོས་དང་ཁྱད་གསོད་དེ་བཞིན་དུ་ཕྱིན་ཅི་ལོག་གི་འགྲེལ་བཤད་བྱེད་པ་སོགས་ནི་ཅི་འདྲའི་ཐབས་སྡུག་ཅིག་རེད། རང་གི་ནང་ཆ་ངོ་མ་དེ་བསྟན་མི་འདུག་གམ། ཞོར་དུ་ཞུ་རྒྱུ་ཞིག་ལ་སྙིང་གཏམ་སྤྲིན་གྱི་རོལ་མོ་འདིར་བཀོད་པ་ཁ་བརྡ་དྲ་བདག་གིས་བསུབ་ཡོད་ན་དེ་ནི་ཆེས་བྱ་ངན་ཐབས་སྡུག་ཅིག་རེད། རྙིང་མའི་གྲུབ་དབང་རིན་པོ་ཆེ་སོགས་ལ་མཚན་སྨོད་བྱས་པ་མི་བསུབ་པ་ཙམ་དུ་མ་ཟད། གཞན་གྱིས་བཤད་ན་ཁོ་ཚོས་མིང་རྫུན་གྱི་འོག་ནས་མཆན་འདྲ་མིན་བཏབ་པ་རེད་ཟེར་མཁན་ཡང་བྱུང་ཡོད། དེས་ན་དེ་འདྲའི་ཕྱོགས་རིས་དང་སྡང་ཞུགས་བྱེད་པ་ནི་ཆེས་སྐྱོ་གར་རེད། ཧ་ཅང་ཐབས་སྡུག་རེད། དངེས་གནས་བློ་གཟུ་བོར་གནས་ཏེ་བཤད་པ་ཡིན་པས་དགོངས་འཇགས་འཚལ།
འོ་ད་དུང་ཞུ་རྒྱུ་ཞིག་ལྷག་སོང་། ཁྱོད་ཆོས་པ་ཞིག་ཡིན་པའི་ཆ་ནས་བཤད་ན། ཆོས་ཀྱི་གྲོགས་པོ་རྡོ་རྗེའི་མཆེད་གྲོགས་དག་ལ། བརྟག་དཔྱད་གང་ཡང་མེད་པའི་སྒོ་ནས། དམ་ཉམས་དང་རྐུབ་སེར་དང་སེར་གཟུགས་ཟེར་བ་སོགས་དམ་པའི་ཆོས་ཀྱི་ནང་དོན་དང་འགལ་གི་ཡོད་མེད། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་དམ་ཚིག་དང་འགལ་གི་ཡོད་མེད་བསམ་བློ་གཏོང་རོགས་ཞུ།
དཔལ་དགྱེས་པ་རྡོ་རྗེ་།
འདི་ནའང་ཁྱོད་ཀྱིས་རྫུན་བཤད་གིན་འདུག་།ངས་ཁྱོད་ལ་ཐོག་དང་པོ་ནས་ལན་འདེབས་དགོས་རྒྱུ་མཚན་ནི་དོན་གྱིན་རྡོག་རྡོག་འདི་དག་ཡིན།
གཅིག་།ཁྱོད་ཀྱིས་གཞན་དོན་ཁུར་འཁྱེར་དགེ་འདུན་པ་དེ་དག་ལ་མཚན་བསྟོད་རྗེས་སུ་ཡིད་རངས་དང་།གསེར་སྒར་ནས་འདི་འདྲ་སྙིང་སྟོབས་ཅན་བྱུང་བ་ལ་དངོས་གནས་བླ་མ་གོང་མ་རྣམས་ཀྱི་དྲིན་ཡིན་ཞེས་དགའ་བ་སྒོམ་རྒྱུ་ཕར་ཞོག་།ཁམས་ཕྲུག་གིས་བཤད་པ་བཞིན་།སེར་གཟུགས་དང་དམ་ཉམས་།དོན་གྱིས་བསྟན་དགྲ་མིང་བཏགས་པ་ལ་རྩ་བ་ཉིད་ནས་དགའ་བོ་མ་བྱུང་།དེ་བས་ཁྱེད་ལ་སྐད་ཆ་གོ་རྒྱུ་ཅན་དེ་དག་བཤད་པ་ཡིན་།
གཉིས་།ཁྱོད་ཀྱིས་འདི་ནའང་རྫུན་མང་པོ་བཤད་གིན་འདུག་།ངས་འཇིགས་མེད་ཕུན་ཚོགས་འབྱུང་དཔལ་བཟང་པོ་རིན་པོ་ཆེ་ལ་ངན་སྨོད་དང་།མཚན་སྨད་ཞུ་བ་ཞིག་ཕར་ཞོག་།ཐ་ན་རྨི་ལམ་དུའང་རྨིས་མྱོང་མེད་།
གསུམ་།བོད་དུ་གསེར་རྟ་གཅིག་པོ་མི་ཚད་པར་།ཆོས་སྡེ་མང་པོ་རེད་།དེའི་ཐམས་ཅད་ཀྱིས་སློབ་གཉེར་དང་།ཉམས་ལེན་།གང་ཅིའི་ཐད་ནས་བོད་ཀྱི་བསྟན་སྲིད་གཉིས་ལ་ཞབས་འདེགས་ཞུ་བཞིན་པས་།ཆོས་སྒར་གཅིག་པོ་དམིགས་གསལ་དང་།ཁྱད་པར་བ་ཞིག་ཏུ་བརྩིས་ན་དེ་ཐམས་ཅད་སྨད་དུ་འགྲོ་བ་ཞིག་འདུག་པས་།ཆོས་སྒར་གཅིག་པོ་དམིགས་གསལ་ཞིག་མ་རེད་ཅེས་ལབ་པ་ཡིན་།
བཞི།དྲ་བདག་གིས་ངས་ཀྱིས་ཁྱེད་ལ་བཏབ་པའི་ལན་མང་པོ་ཞིག་བསུབ་འདུག་།རྒྱུ་མཚན་ནི་ཁྱེད་རང་ལ་ཕོག་ཐུག་བཏང་བ་དང་།མི་འགའ་ཤས་ཀྱིས་ངས་བཤད་པའི་སྐད་ཆ་ཐམས་ཆ་ལོག་སྒྲུབ་བྱེད་མི་འགྲོ་སྙམ་པའི་དོགས་པ་ཤིག་གིས་བསུབ་པ་ཡིན་འགྲོ་སྙམ་།དེ་ཤིན་ཏུ་ནས་འཐད་པ་མི་འདུག་།ང་ཚོའི་རྒྱུ་མཚན་ཡོད་པའི་སྐད་ཆ་ག་རེ་གླེང་ཀྱང་གླེང་ཆོག་པ་ཤིག་ཡོད་པ་ཞིག་ཞུ།ངས་མཆན་བཏབ་པ་དེ་དག་གི་ནང་དུ་མི་སྒེར་ལ་གནོད་པ་སོགས་ཀྱི་སྐད་ཆ་གཅིག་ཀྱང་མེད་།
བཀྲ་ཤིས་བདེ་ལེགས། དྲང་པོ་ཞུས་ན་དང་པོ་ངས་བཤད་པའི་དོལ་རྒྱལ་དམ་སྲི་ཚོགས་པའི་ཆོས་སྒར་ལ་མཚན་སྨད་དེ་ཚོ་ལ་༧གོང་ས་མཆོག་ལ་དགོངས་དག་ཞུས་དང་། ང་ལྟ་བུ་ཁྱེད་ཚོས་དམར་གསད་བྱས་ཀྱང་ཆོག གཟུར་གནས་བློ་ལྡན་ཞིག་ཡིན་ན་ཁམས་ཕྲུག་དང་རྒྱ་ཞིབ་ཅེས་མིང་ཡང་བརྟགས་མི་རིགས་ཏེ་ཁམས་ཕྲུག་ཅེས་ཆོལ་ཁའི་ཕྱོགས་ཞེན་གྱིས་མིང་ཞིག་དང་རྒྱ་ཉམས་ཞིབ་པ་ཞེས་རྒྱ་བོད་རིས་ཆད་ཀྱི་མིང་རྫུན་གཉིས་ཁུར་ནས་སྔོན་གདོང་དམར་སོགས་ཀྱིས་བཤད་པ་ནང་བཞིན་རེད། འབག་མགོ་རང་གི་གྱོན་འཇིགས་བསྐྲག་མི་ངོམས་པའི་དཔེ་དོན་བསམ་བློ་གཏོང་དགོས་པ་འདུག གོང་གི་ཨང་གྲངས་བདུན་པ་ཡིག་གེ་མེད་པ་དེ་སྙིང་གཏམ་སྤྲིན་གྱི་རོལ་མོ་ཆ་ཚང་ཡོད་ཀྱང་གསུབ་པ་རེད། ཡང་ན་འདིར་མི་བཀོད་པའི་རྒྱུ་མཚན་ཤོད། ༡ ཐོག་མར་ཁམས་ཕྲུག་ཁྱོད་ཀྱིས་ཁམས་པ་ཡོངས་ཀྱིས་འགན་ཁུར་ནས་ང་ལ་དགོངས་དག་ཞུ་དགོས། ཁྱོད་ཀྱིས་(དཔལ་དགྱེས་ཟེར་བའི་རྒྱ་དགའ་མ་འདི། ཟླ་ཤས་ཀྱི་སྔོན་དུ་རྒྱ་ནག་གི(东北)ཏུང་པེ་ཞིག་ན་བླ་རྫུན་འདི་འགྲོ་གི་འདུག ཧི་གཟུགས་ཟིན་བྲིས་ནས་ཡ་ཆེན་ཆོས་སྒར་ལ་མཚན་སྨད་བྱེད་མཁན་དེ་རེད། )ཟེར་བ་ངན་རྫུན་དེ་འདི་ཞིག་ལ་གོ ། ༢ རྒྱ་ཞིབ་ཁྱོད་ཀྱིས་ཆོས་རྗེ་དམ་པའི་དབུ་བྱས་པའི་བླ་རུང་སྒར་ལ་ཧ་ལས་པའི་རྒྱུ་མཚན་དང་དོན་མེད་པའི་བསྐུར་འདེབས་ལ་བཤགས་པ་བྱེད་དགོས། དཔེར་ན་སྔོན་བལ་ཡུལ་ནས་བོད་མིང་འཛིན་པ་འགས་ཀུན་གཟིགས་པན་ཆེན་བཅུ་བ་མཆོག་ལ་ཚོང་པ་རྒྱག་པོ་དང་རྒྱ་དགའ་མ་ཟེར་ནས་ཁ་ངན་གཏོང་བ་དང་བོད་དར་ཁུག་ཏུ་སྐྱག་པ་གཡུགས་པ་ནང་བཞིན་རེད། དེ་དག་བཟོད་གསོལ་དང་། ༣ ཁྱེད་གཉིས་ཀྱི་དངོས་མིང་དེ་འདིར་བཀོད་དགོས། ང་ཡིན་ན་དངོས་མིང་བཟང་ངན་ཇི་ལྟར་རུང་མིང་འདི་ང་རང་འཇིག་རྟེན་འདི་མཐོང་མ་ཐག་ཏུ་དམ་པ་ཞིག་གིས་བརྟགས་ནས་བྱུང་ཞིག་རེད་གཏན་ནས་ཁྱེད་གཉིས་དང་མི་འདྲ། དགོད་བྲོ་ཞིག་ལ་༧ཆོས་རྗེ་དམ་པ་ཉིད་ལ་མཚན་རྨི་ལམ་དུ་ཡང་ངན་སྨོད་དྲན་མ་མྱོང་མཁན་ཞིག་ཡིན་ན་ཆོས་སྒར་ལ་འདི་འདྲའི་སྒྲོ་བཀུར་བཤད་པ་དང་ཆོས་ཀྱི་བོད་བརླགས་པ་ཡིན་བཤད་པ་ལ་སྐྱིད་པོ་ཡོད་སྲིད་དམ། དྲང་པོ་བཤད་དུས་རྫུན་པ་ཉིན་སྣང་བཤད་དུས་རྨི་ལམ་བཤད་མཁན་ཁྱེད་ཚོས་ཅི་ཞིག་བསམ་ཁུ་ཡོད་དམ།
འོ་ཡ། མཁན་པོ་ཆོས་དབང་ངམ་ཆོས་ཀྱི་དབང་ཕྱུག་ཁྱེད་ཀྱིས་ཀྱང་མཚན་དངོས་དེ་བེད་སྤྱོད་ལས་ཆོས་དབྱིངས་བརྗོད་ན་མི་འཐད་དེ་གསེར་རྟ་བ་ཀུན་སྤངས་ཀྱི་བྱ་བྲལ་དམ་པ་ཆོས༵་དབྱིངས༵་ཁྱབ་བརྡལ་དང་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་སོགས་ནོར་ཉེན་དང་ལྷན་སྐྱེས་དངོས་མིན་པས་བདེན་པ་དངོས་ཞིག་ཆགས་མེད། ཡང་ཆོས་དབྱིངས་དེ་སུས་བརྟགས་པ་སོགས་རང་བཟོ་མིན་པ་སྙིང་སྟོབས་ཀྱིས་དངོས་མིང་དངོས་ཡོད་ཀྱི་སྒོ་ནས་བོད་ཆོས་སྲིད་ལ་ཞབས་ཞུས་དང་་་་་
དཔལ་དགྱེས་པ་རྡོ་རྗེ་།
༼ རྒྱ་ཞིབ་ཁྱོད་ཀྱིས་ཆོས་རྗེ་དམ་པའི་དབུ་བྱས་པའི་བླ་རུང་སྒར་ལ་ཧ་ལས་པའི་རྒྱུ་མཚན་དང་དོན་མེད་པའི་བསྐུར་འདེབས་ལ་བཤགས་པ་བྱེད་དགོས། དཔེར་ན་སྔོན་བལ་ཡུལ་ནས་བོད་མིང་འཛིན་པ་འགས་ཀུན་གཟིགས་པན་ཆེན་བཅུ་བ་མཆོག་ལ་ཚོང་པ་རྒྱག་པོ་དང་རྒྱ་དགའ་མ་ཟེར་ནས་ཁ་ངན་གཏོང་བ་དང་བོད་དར་ཁུག་ཏུ་སྐྱག་པ་གཡུགས་པ་ནང་བཞིན་རེད། དེ་དག་བཟོད་གསོལ་དང༽
འདིའི་ནང་དུ་རྒྱུ་མཚན་གཉིས་འདུག་།གཅིག་།ཆོས་སྒར་ཧ་ལས་ཤིག་མ་རེད་ཅེད་ལབ་པ་ཡིན་།རྒྱུ་མཚན་འགའ་ཤས་ཡོད་།བསླབ་པ་སློབ་གཉེར་དང་།ཆོས་སྲིད་འདུ་འཛོམས་གང་གིས་ཆ་ནས་ཀྱང་ཧ་ལས་བ་ཞིག་མ་རེད་ཅེས་ལབ་པ་ཡིན་།འདི་ཡང་རྒྱུ་མཚན་མེད་པར་ལབ་པ་མིན་།རྒྱུ་མཚན་དང་བཅས་ལབ་རྒྱུ་ཡོད་།སྤྱིར་བཏང་ངས་ཧ་ལས་བ་ཞིག་མ་རེད་ཅེས་ལབ།ཁྱེད་ཀྱིས་ཧ་ལབ་པ་ཤིག་རེད་ཅེས་ལབ་ན་།རང་རང་གི་སེམས་ཀྱི་སྐད་ཆ་ཤིག་བཤད་བཞིན་པ་ལས་།རིགས་པ་དང་སྒྲུབ་བྱེད་མེད་པ་འདྲ་འདྲ་རེད་།ང་ཚོ་བོད་ཀྱི་དགོན་སྡེ་རྣམས་ནི་ཁ་ཆེའི་ཆོས་གྲ་དག་དང་མི་འདྲ་བར་།བཟང་ན་བཟང་དང་།ངན་ན་སྐྱོན་འདི་འདུག་ཅེས་དགག་པ་རྒྱག་ཆོག་པ་ཤིག་ཡིན་ནམ་བསམ་བྱུང་མོད་།ཁྱོད་རང་གིས་བཤད་ཚུལ་ལྟར་ན་།དེ་ལྟར་བྱ་མི་ཆོག་པའི་བཟོད་དུ་འདུག་།ཁྱེད་ཀྱིས་ཤེས་གསལ་ལྟར་།དེང་དུས་བོད་ཀྱི་་གང་ཡིན་ཀྱང་།སྔོན་ཆད་དང་བསྟུར་ན་བསླབ་པ་སློབ་གཉེར་གང་གི་ཐོག་ནས་ཧ་ལས་དགོས་བའི་རྒྱུ་མཚན་ཅི་ཡང་ཡོད་པ་མ་རེད་།དེང་དུས་དགེ་བཤེས་ཡིན་ཟེར་བ་དང་།མཁན་པོ་ཡིན་ཟེར་བ་།དེ་དག་གི་སྤྱོད་པ་དང་།གསུང་རྩོམ་དག་ལས་མཐོང་རྒྱུ་མི་འདུག་གམ།ཡིན་ནའང་རི་ཡི་ཚོད་ཀྱི་གཅན་གཟན་ཡིན་ཞེས་ལབ་ན་འགྲིག་གིན་རེད།
གཉིས།་ཁྱོད་ཀྱིས་”དོན་མེད་པའི་བསྐུར་འདེབས་ལ་བཤགས་པ་བྱེད་དགོས”་ཞེས་བཤད་འདུག་།དེ་ལྟར་་བྱས་བ་ནམ་ཡང་མེད་།རྒྱུ་མཚན་ནི་ཁྱོད་ལ་ལྟོས་ནས་སྐད་ཆ་ཤིག་བཤད་པ་ཡིན་།དོན་གྱིས་རྡོག་རྡོག་པོ་ནི་འདི་ལྟར་ཡིན་།ཆོས་བ་ཤིག་དང་།ལྷག་པར་ཏུ་ལས་རྒྱུ་འབྲས་ལ་ཡིད་ཆེས་མཁན་ཤིག་ཡིན་ན་།གང་གི་སྐབས་སུ་སྐད་ཆ་དྲང་བོ་དང་བདེན་པ་བཤད་པ་གལ་ཆེ་།དེ་བས་སྐབས་འཕྲལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མགོ་འཁོར་ན་།དོན་རྩ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་།ཐར་ལམ་དུ་འགྲོ་བ་དགེགས་སུ་འགྱུར་བས་།སྐབས་འཕྲལ་གྱི་སྲིད་དོན་གཅིག་པོ་ལ་བསམ་བློ་མ་གཏོང་ཞེས་ལབ་པ་ཡིན་།ངས་ཁྱེད་ལ་ཁ་སང་ཤིག་ལ་ལབ་ཡོང་།གལ་སྲིད་ཁྱེད་རང་གིས་ཐོག་དང་པོ་ནས་།སྐྱབས་སུ་མཆི་།གསེར་རྟ་ཟེར་བའི་ཆོས་སྒར་འདི་འཇིག་རྟེན་ན་བླ་ན་མ་མཆིས་བ་དང་།གོང་ན་མེད་པ་།དེར་གནས་བའི་རིགས་ལྡན་གྱིས་སྐྱེ་བ་དག་ཡང་བྱང་ཆུབ་སེམས་དཔལ་ཆེན་པོ་།གཞན་ཕན་སྙིང་རྗེ་ཆེན་པོ་དང་ལྡན་པ་།ད་ཅི་ཆོས་སྡེ་ཆེན་པོ་ལེགས་ལམ་དུ་འདུག་མོད་།ཉེ་ལམ་ཆོས་སྡེ་ཆེན་པོ་འདི་ལས་བྱུང་བའི་སྐྱེས་བའི་སྙིང་སྟོབས་ཆེན་པོ་དག་གིས་རང་གི་ལུས་དང་།ལོངས་སྤྱོད་དང་།གཉེན་དུ་ལ་སོགས་པའི་འཇིག་རྟེན་གྱི་འཁོར་འདུས་རྣམས་རྩ་བ་ནས་ཉིད་ནས་ཆགས་པ་མེད་པར་།ཇི་ལྟར་བོད་ཀྱི་ཆོས་སྲིད་།དོན་རྩ་འགྲོ་བ་སེམས་ཅད།ཁྱད་པར་བསྟན་པ་རིན་པ་ཆེ་འདི་ཆེད་དུ་ལས་ཀ་མཐུ་བོ་འདི་ལྟར་སྤེལ་བ་ལ་ཡ་མཚར་།ངོ་མཚར་ཆེ་།བླ་མ་རིན་པོ་ཆེའི་དྲིན་མ་གཏོགས་གང་ནས་བྱུང་ཞེས་དགའ་བ་སྒོམ་།དེ་བཞིན་དེ་ལྟར་བྱས་བ་ལ།བླ་མ་དང་།དགེ་འདུན་གྱི་སྡེ་བཅོམ་པ་ལ་གོམས་པའི་རྒྱ་དམར་གྱིས་དེ་གནར་གཅོད་དང་།འཇིགས་སྐུལ་།དེ་བཞིན་ཆོས་སྡེ་ཆེན་པོ་འདི་ཡང་རྩ་བ་ཉིད་ནས་གཏོར་སྲིད་མོད་།ཡིན་ནའང་བདེན་པ་རིན་པོ་ཆེ་དང་།བོད་ཁམས་ཡོངས་ཀྱི་བསྟན་སྲིད་ཀྱི་ཆེད་དུ་ཆོས་སྒར་གྱི་ཕྱིའི་བཀོད་པ་དེ་དག་འཇིག་སྲིད་མོད་།ཆོས་སྒར་འདི་བཙུགས་པའི་དམིགས་ཡུལ་གཞན་དོན་འབའ་ཞིག་གིས་ཆེད་དུ་ཡིན་པས་།དེའི་དོན་དུ་འཇིག་ཀྱང་ཅི་ལ་ཕམ་།ཞེས་བརྗོད་པ་ཡིན་ན།ང་ཚོ་རྣམས་ཀྱི་ལེགས་སོ་ལེགས་སོ་ཟེར་བ་ལས་གཞན་ཅི་།ཉིད་ཀྱིས་དེ་བས་ལྡོག་ཏེ་།སྐྱེས་བུ་སྙིང་སྟོབས་ཅན་།བདེན་པའི་གོ་ཆ་ཡོད་པ་དག་ལ་བསྟན་དགྲ་ཞེས་བཏགས་།་ཆོས་སྡེ་ལ་གནོད་བཟོ་མཁན་ཡང་ཁོ་ཚོ་ཡིན་པ་འདྲ་བ་ཞིག་བྱས་།དེ་ནས་ཁ་ཆེ་ཆོས་དཔོན་དག་གིས་ཚུལ་ལྟར་།ཁྱེད་རང་གིས་ཆོས་སྒར་ལའང་ཧ་ལས་རྒྱུ་མི་འདུག་ཟེར་གྱིན་འདུག་གམ་ཞེས་ཧ་ལས་ལས་མདོག་བྱས་བ་དག་གིས་གང་ཞིག་མཚོན་གྱིན་འདུག་གམ་།མིག་བསྲིང་རིང་པོ་བསྐྱང་ནས་བླང་དོར་སྒོམ་དགོས་བའི་དུས་སུ་སླེབས་མི་འདུག་གམ་།
གསུམ།དྲ་རྒྱ་ཟེར་བ་འདི་འདྲ་རེད་།དེང་དུས་ཀྱི་སྤྱི་ཚོགས་ཟེར་བའང་འདི་།སྐད་ཆ་འདྲི་མིན་སྣ་ཚོགས་གོ་རྒྱུ་ཡོད་པ་རེད་།ཆོས་ལུགས་ཀྱང་འདྲ་མིན་ཡོད་པ་རེད་།མི་རྣམས་ཀྱིས་ཀྱང་སྐད་ཆ་འདྲ་མིན་གོ་ཡོང་གིན་རེད་ལ་།འདྲ་མིན་བཤད་ཡོང་གིན་རེད།དེ་བཞིན་ཆོས་སྒར་གཅིག་པོ་ཕར་ཞོག་།བསྟན་པ་སྤྱི་ལ་སྐད་ཆ་འདྲ་མིན་བཤད་ཡོང་གིན་རེད་།དེ་བས་བདེན་པ་དང་།གནས་ལུགས་ཅན་དག་བཤད་ནས་བར་སྐབས་ཀྱི་ཕན་མི་ཐོགས་པ་དང་།སྙིང་ན་བ་འགའ་འདུག་ཀྱང་།ཕུགས་སུ་ཡག་པོ་ཡོང་གིན་རེད་།དགེ་ཆོས་ཀྱིས་སྐད་ཆ་འདི་འདྲ་ཤིག་བཤད་ཡོད་པ་རེད།ཁང་པ་ཞིག་ཡིན་ན་།ཚིག་རྒྱུ་ཐམས་ཆ་འཚིགས་།འབར་བ་ཐམས་ཅད་འབར་ཚར་ན་།ཤུལ་དུ་ལུས་རྒྱུ་ནི་ཤུལ་དུ་ལུས་ཡོད་པ་བཞིན་།ག་རེ་ལབ་ཀྱང་བདེན་པ་ནི་བདེན་པ་རང་རེད་།རྫུན་ག་རེ་བཤད་ཀྱང་ཕན་ཐོགས་ཀྱི་མ་རེད་།དེ་བས་ཁྱེད་བ་དད་ལྡན་བ་ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞིག་ལ་།ང་རྟོག་གེ་སྨྲ་བ་མཚན་མོ་ཆུ་མཐུང་བ་ཞིག་གིས་ཕུལ་བ་འདི་ཡང་འགྲོ་ཀུན་ཕན་བདེ་དཔལ་ལ་སྤྱོད་གྱུར་ཅིག་།
དཔལ་དགྱེས་པ་རྡོ་རྗེ་དང་མཁན་པོ་ཆོས་དབྱིངས་སོགས་ཆོས་གྲོགས་རྙིང་པ་རྣམས་ལ་འཚམས་འདི་ཙམ་ཞུ་རྒྱུའི་ཆེད་དུ་གཅར་བ་ཡིན། གཞན་ངས་དེ་རིང་བགྲོ་གླེང་གི་ཆ་ཤས་ལེན་འཆར་མེད།
བདེ་མོ།
འཚམས་འདྲི)
ད་ཆོག་གི་ཡ། དོན་རྩ་གཅིག་པ་རེད་འདུག ཁྱེད་རྣམ་བསམ་དོན་འགྲུབ་པའི་སྨོན་འདུན་ཡོད།
ཨོཾ་ཨྰཿཧྰུྃ་ཧྲྰིཿ ཤྲྰི་སརྦ་ལོ་ཀེ་ཤྭ་ར་བི་ཛ་ཡནྟུ། །
ད་མཚམས་འཇོག་བྱེད། ཟུག་རྔུའི་རྩོད་པ་སྒྲ་དང་སྒྲ་བརྙན་བཞིན། །མང་པོ་འཕེལ་ཞིང་རང་ཉིད་ངལ་བའི་རྒྱུ། །ཐོག་མེད་དུས་ནས་ད་བར་བརྩད་པ་ཡི། །དུབ་པའི་སེམས་ཉིད་དེ་རིང་ངལ་གསོ་བྱ། །གྲོགས་པོ་ཚོ། ང་ཚོས་འཛམ་གླིང་ཤར་ནུབ་ཀྱི་བར་ལ་དོན་མེད་ཀྱི་ཁ་རྡུང་གཏོང་བཞིན་གནས་ན་བོད་རིགས་ཀྱི་རུས་ཞེན་ཟེར་བ་མིང་ཙམ་རེད། དེས་ན་མཚམས་འཇོག་བྱས་པ་ཡིན། ཞོར་དུ་ཞུ་རྒྱུ་ཞིག་ལ་རྒྱ་ཞིབ་པས་ཚེག་འཇོག་སྟངས་ནོར་འདུག ཚིགས་བཅད་རྐང་མཐར་ཉིས་ཤད་དང་། །ཚིགས་ལྷུག་ལ་ཆིག་ཤད་འཇོག་དགོས་པ་རེད། ཁྱེད་ཀྱིས་ཚེག་རེ་དང་ཤད་རེ་འཇོག་གི་འདུག དེ་ཙམ་ཡིན། དཔལ་དགྱེས་པ་རྡོ་རྗེ་ལགས། བདེ་མོ། ཨོཾ་བཛྲ་ས་ཏྭ་ཧྰུཾ།
འཇང་གཡུ་ལྷ་ཐོགས་འགྱུར་ལགས་བདག་གི་ཁ་བྱང་འདི་ཡིན་ལགས། འདིས་ཐོགས་ལ་གཏོང་རོག
lhag_sam@yahoo.com
དྲ་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
དྲ་གྲོགས་རྒྱ་ནག་ཉམས་ཞིབ་པ་ལགས། ཁྱེད་ཀྱིས་བསམ་ཚུལ་མང་པོ་བྲིས་འདུག་པ་ལས་ལོ་བཞིའི་རྗེས་ལ་མཁན་པོའི་མིང་བཏགས་པའི་ལྟ་ཚུལ་དེ་ལ་ངས་གསལ་བཤད་ཕྲན་བུ་ཞུ། སྤྱིར་བླ་རུང་ཆོས་སྡེ་འདི་ཕྱག་བཏབས་ནས་ལོ་སུམ་ཙམ་མ་གཏོགས་སོང་མེད། དེ་ཡང་ཆོས་སྡེ་འདི་ཚུགས་ནས་ཡིན་རིང་མ་སོང་བའི་སྐབས་སུ་ལོ་དྲུག་གི་མཚམས་ནས་ལག་ཁྱེར་སྤྲོད་ཀྱིན་ཡོད་པ་རེད། ཡིན་ན་ཡང་དེ་ནི་ཆོས་སྒར་གསར་བ་ཡིན་པའི་སྐབས་སམ་སྔོན་མའི་ལོ་རྒྱུས་རེད། སྐབས་དེ་དུས་གྲྭ་པ་ཡང་དེ་ཙམ་མང་པོ་མ་རེད་ལ་ཆོས་སྡེ་ཡང་གསར་བ་རེད། དེ་བཞིན་དགོན་པའམ་ཆོས་སྒར་གཞན་ནས་སློབ་སྦྱོང་ཡིན་རིང་བྱེད་མྱོང་མཁན་གྱི་རིགས་ལ་ལོ་གསུམ་བཞི་ནས་ལག་ཁྱེད་གནང་ཡོད་པ་རེ་ཟུང་ཡོད་པ་རེད།
དེ་ནས་རིམ་པས་རིམ་པས་ཆོས་སྒར་འདི་ཡར་རྒྱས་སུ་སོང་བ་དང་གྲ་བཙུན་གྱི་གྲངས་འབོར་ལོ་རེ་བཞིན་མང་རུ་མང་རུ་་སོང་བ་དང་ཆབས་གཅིག་སྒྲིག་གཞི་ལ་ཡང་འགྱུར་བ་ཕྱིན་ཏེ་ད་སྐབས་ཡིན་ན་ལོ་བཅུ་དྲུག་ལ་སློབ་སྦྱོང་བྱས་ནས་སློབ་མཐར་ཕྱིན་རྗེས་གཞི་ནས་ལག་ཁྱེར་སྤྲོད་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་ཟིན་པ་རེད། དེར་བརྟེན་ཆོས་སྒར་འདིའི་གནས་སྟངས་ཡར་རྒྱས་སུ་སོང་མཉམ་དུ་ལག་ཁྱེར་སྤྲོད་ཕྱོགས་དང་གཞན་ཡང་གནས་སྟངས་མང་པོ་ཞིག་ལ་འགྱུར་བ་ཕྱིན་ཡོད་པ་རེད།
འདི་ངས་ཁྱེད་ལ་གསལ་བཤད་བྱས་པ་ལས་དགག་ལན་བྲིས་པ་མིན།
སྐུ་མཁྱེན། ད་མཚམས་འཇོག་རོགས་གནང་། མཆན་འདི་ཚོའི་གཅིག་ཀྱང་ྐློག་ན་མི་འདོད་གི། ངོ་མས་ཡིན།
ད་འཁྲུག་པ་མ་རྒྱག་རོགས་གནང་། ཁྱོད་དང་ང་ལབ་ནས་མ་རྩོད་རོགས་གནང་། ཁྱོད་ནོར་དང་ང་བདེན་ལབ་ནས་མ་འཛིངས་རོགས་གནང་།
དཔལ་དགྱེས་བ་རྡོ་རྗེ་ལགས་ནས་རྙོག་དྲའི་སྒམ་ཆུང་གི་ཁ་མ་ཕྱེས་ན་། རྒྱ་ནག་ཉམས་ཞིབ་པས་འཁྲུགས་འཛིང་ཁ་སྣོན་རྒྱག་གི་མ་རེད།
གསེར་རྟ་ཆོས་དབྱིངས་ནས་གསལ་བཤད་ཀྱང་བྱེད་དགོས་ཡོད་མ་རེད། ད་མཚམས་འཇོག་རོགས་གནང་།
རིག་འབྱུང་ལགས། ལེགས་སོ་ཞུ།
ཡ། ལྷག་བསམ་དང་རྒྱལ་ཞེན་ཅན་གྱི་མཁན་པོ་ཆོས་དབང་དང་རྒྱ་ཉམས་ཞིབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། རིན་འབྱུང་སོགས་ཀྱིས་ཁ་མཚམས་བཅོད་པ་ལེགས་མོད། རང་ངོས་ངོས་ནས་ཆགས་སྡང་མེད་པས་དོགས་སློང་བྱས་ན་ཤིན་ཏུ་ལེགས། དཔེར་ན་ས་ཕྱོགས་དང་དམིགས་ཡུལ་དེ་རིགས་ལ་དོན་སྣང་འགྲོ་གི་ཡོད་པ་དང་། །བསམ་བློ་གཏོང་གི་རེད་མ་གཏོགས། དེ་མིན་རྒྱགས་རྩེད་དང་ངོ་དགའ་ཁོ་ནས་དུས་འདས་ན་ཕན་ཐོག་དེ་ཙམ་རེད། ཁྱབ་བསྒྲགས་རེ་ཡོད་དུས་ཨ་ཁ་ཟེར་བ་དང་རྒྱ་ངན་ཟེར་ནས་དམོ་ངན་ཁོ་ནས་མི་ཕན་པར་ཐབས་ཤེས་རེ་སྟོན་པ་གལ་ཆེན་པོ་རེད། རྒྱ་ཞིབ་སོགས་ཀྱི་བསམ་བློ་འཆར་མཁན་ཡང་མང་དུ་ཡོད་སྲིད་པ་དང་བྱེད་སྲིད་མཁན་ཡང་རེད། ལྐོག་ནས་དེ་འདྲ་བཤད་མཁན་དང་ལས་མཁན་ཡང་ཡོད་པ་རེད། ངས་བཤད་པ་དེ་འདྲ་མི་སྲིད་པ་ཡང་མ་རེད་རྟོག་དཔྱོད་མཛོད་དང་ཧ་གོ་ངེས་རེད། རིན་འབྱུང་སོགས་མཁས་པ་ཁྱེད་ཚོས་མཐོང་ཆུང་བྱས་ན་བླུན་པོ་ང་ལྟ་བུས་ཤེས་ཀྱིན་མ་རེད། དེས་ན་མཁན་པོ་ཆོས་དབང་མཆོག་གིས་གསལ་བསྒྲག་ཡང་ཡང་གནང་བ་དང་། མིང་ལ་རྒྱ་ཞིབ་བཏགས་ཀྱང་དོན་ལ་བོད་ཆོས་སྲིད་ལ་དོན་གཉེར་དང་ཞིབ་འཇུག་བྱེད་མཁན་ཁྱེད་ཚོ་ཁ་བརྡ་དྲ་བ་ཕེབས་ནས་ང་དང་ང་འདྲ་བ་དག་ལ་ངན་སྨོད་དང་ལམ་སྟོན་ཡང་ཡང་གནང་དང་ཕན་ས་རེད། ཞུ་དགོས་པ་ཞིག་ལ་གཞི་མེད་ཀྱི་སྒྲོ་འདོགས་མེད་པར་ལོ་རྒྱུས་ཤེས་པས་དྲང་བདེན་གྱིས་མི་སྒེར་ངོ་ལ་མི་ལྟ་བར་སྤྱི་ཕན་དོན་གཉེར་གྱི་ཆེད་དུ་འབད་པར་རེ་སྐུལ་ཞུས་པ་ལགས་སོ།
ཨ་ཁ། ཡང་ཕོག་འདུག ད་ཐབས་ཤེས་མི་འདུག
ངའི་བསམ་ཚུལ་ལ། ཁྱེད་ཚོས་གང་ཟག་བརྩད། དེ་ནས་དགོན་པ་བརྩད། དེ་ནས་གྲུབ་མཐའ་བརྩད། དེ་ནས་ཆོལ་ཁ་རྩོད་ཀྱི་རེད།
མཐའ་མ་དེར་རྙོག་དྲ་ལུང་བ་གང་ཆགས་འགྲོ་ས་རེད། དེ་ལས་རྩོད་དེ་མཚམས་བཞག་ན་ཡག་གི་རེད་འདོད།
ང་ལ་གཞན་པ་ཅང་བཤད་རྒྱུ་མེད།
ལགས་སོ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ཨ་ཁ་རང་རེད། ངེད་ཚོའི་མགོ་བཟུང་ནས་མཐར་བསྔོ་སྨོན་གྱིས་མཚམས་འཇོག་ཚར་དུས་ཁྱེད་ཀྱིས་མཆན་དེ་བཀོད་པ་རེད། མཁན་པོས་ལགས་སོ་ཟེར་ཀྱིན་འདུག རྒྱ་ཞིབ་སོགས་གོ་རྒྱུ་མི་འདུག རྙོག་དྲ་འདོད་མཁན་དང་དགའ་མཁན་སུ་གཅིག་མེད་མོད་རྙོག་དྲ་དེ་སེལ་ཐབས་ཤེས་པ་དཀའ་མོ་རེད། མ་བྱེད་མ་རྩོད་བརྗོད་པ་ཙམ་གྱིས་ཕན་པ་མི་འདུག ཁྱི་ལ་རྡོ་གཡུགས་པ་ནང་བཞིན་སོང་ན་མི་ཕན། དང་པོ་གང་ཟག་གི་སྐྱོན་ཡོན་ཤེས་པ། བར་དུ་སྐྱ་སེར་གྱི་མཚན་ཉིད་དང་གྲོང་དགོན་གྱི་ཁྱད་པར་ཤེས། མཐར་ལྟ་གྲུབ་ཀྱི་རྣམ་གྲངས་མཁྱེན་ན་བཟང་བྱེད་དང་ངན་བྱེད། ཁ་ཟས་དང་རེག་དུག་གོ་མ་ནོར་བ་ཞིག་ཡོང་བར་རེད་སྙམ་ཡོད། །རྩོད་པ་འདིའི་སྐབས་སུ་ཡང་རྨོངས་པ་བདག་གི་འཆར་ཆ་ཞིག་གོང་དུ་མཆན་བཀོད་ནོར་དུ་སོང་བ་ཞིག་འདིར་ཞུ་འདོད་བྱུང་།
༄༅། །སུམ་ཚན་བརྟག་དཔྱད་ཀྱི་རིགས་པ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
མཆོག་གསུམ་རྒྱལ་བའི་སྤྱི་གཟུགས་བཅོམ་ལྡན་འདས། །
རྩ་གསུམ་ཆོས་སྐྱོང་ཀུན་འདུས་པདྨ་འབྱུང་། །
སྐུ་གསུམ་སྟོན་པའི་མངའ་བདག་ཆོས་རྗེ་མཆོག །
ཁམས་གསུམ་འགྲོ་བའི་བླ་མ་རྟག་ཏུ་དྲན། །
ལྟོ་རྒྱག་ཆོས་པའི་གཟུགས་བརྙན་བསྟན་འཛིན་གཅིག །
ལྟར་སྣང་ཆོས་མེད་སྨྲ་བའི་བསྟན་བཤིག་གཉིས། །
ལྟ་སྒོམ་ངེས་ཤེས་ཅན་གྱི་བླ་མ་གསུམ། །
ཡང་དག་རིགས་པས་གཞལ་ན་སོ་སོར་ལགས། །
བག་ཡོད་དམ་ཆོས་སྒྲུབ་པའི་དགེ་འདུན་གཅིག །
བག་མེད་ལོངས་སྤྱོད་འཚོ་བའི་སྣང་མཐོ་གཉིས། །
བག་ཕེབས་རིག་པ་མཇལ་བའི་སྐལ་བཟང་གསུམ། །
དངོས་དོན་ཆོས་ཉིད་མཐོང་ལ་ཁྱད་པར་ཆེ། །
འཁོར་བའི་ཆོས་བརྒྱད་སྒྲུབ་པའི་འཇིག་རྟེན་གཅིག །
མྱང་འདས་ཡོན་ཏན་མཐོང་བའི་ངེས་འབྱུང་གཉིས། །
ཆགས་སྲེད་བདེ་སྟོང་སྨྲ་བའི་ཀུ་རེ་གསུམ། །
གོ་མྱོང་རྟོགས་པས་ཆོས་དང་ཆོས་མིན་འགྱེད། །
འཆི་བ་མི་རྟག་སྒོམ་པའི་ངང་ཐུང་གཅིག །
འཆི་ཁ་ཆོས་མེད་འཆི་བའི་བློ་རིང་གཉིས། །
འཆི་ཆོས་རྣམ་དག་སྒྲུབ་པའི་ཆོས་པ་གསུམ། །
ཡང་དག་བརྟག་དཔྱོད་མཛོད་དང་གོ་བ་སླ། །
སྔོན་བྱོན་མི་རྟག་སྒྱུ་མའི་ལོ་རྒྱུས་གཅིག །
ད་ལྟ་མི་རྟག་སྐྱིད་སྡུག་སྣང་བ་གཉིས། །
མ་འོངས་མི་ཤེས་འཁྲུལ་བའི་ཡོ་ལོང་གསུམ། །
ཡང་ཡང་སོམས་དང་ངེས་འབྱུང་བསྐུལ་མ་ལགས། །
གཡོ་སྒྱུ་ཐབས་ལ་མཁས་པའི་མི་ངན་གཅིག །
དྲང་བདེན་གཟུར་གནས་ལྡན་པའི་མི་རབ་གཉིས། །
འཁོར་འདས་བཟང་ངན་མཁྱེན་པའི་དཔྱོད་ལྡན་གསུམ། །
རྟོན་བཞི་གོ་ལོག་མེད་ན་རང་སེམས་བདེ། །
གངས་ལྗོངས་ལས་དབང་བསམ་པའི་བོད་མི་གཅིག །
དཀོར་ནག་ཅི་དགར་སྤྱོད་པའི་སྤྲེལ་ལད་གཉིས། །
གུང་བྲན་འདུག་ཆོས་སྒྲུབ་པའི་ཏང་ཡན་གསུམ། །
གངས་ཅན་མི་རིགས་བརྟགས་ཀྱང་ཁྱད་པར་ཆེ། །
ཁ་བཤད་སྟོང་པ་ནེ་ཚོའི་འདོན་པ་གཅིག །
ལག་ལེན་སྟོང་པ་རྨི་ལམ་ནོར་བུ་གཉིས། །
ཁ་ཁོག་མི་མཉམ་གཡོ་སྒྱུའི་མཁན་པོ་གསུམ། །
འཇིག་རྟེན་ཁམས་སུ་སྣང་བར་མ་གྱུར་ཅིག །
ཅི་དྲན་དུ་ཤྲྰིས་སོ། །
ཁ་ཉུང་ཙམ་བྱས་སྤྱི་ཚོགས་ནང་དུ་གཟིང་ཅ་ཡོང་གི་དི་མིན་གང་བྱུང་ལབ་རྒྱུ་མང་དྲག་ཡག་པོ་མི་འདུག།
སྐུ་གཅེས་ཡུལ་ཤུལ་ཁུལ་གྱི་དྭ་ཕྲུག་དེ་དག་བོད་རང་གི་བདག་རེ་རྒྱབ་ཐབས་རེ། ཤིན་ཏུ་གལ་ཆེན་པོ་འདི་དག་གི་མི་ཚེ་བོད་མི་རང་གི་ལྟ་སྤྱོད་གཙང་མ་ཞིག་གནང་ཐབས།དེ་ཡོད་བོད་དོན་སེམས་མཁན་ཚོ། ༧གོང་ས་མཆོག་གིས་ཀྱང་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐབས་ཞེས་པའི་དོན་དག་མདོར་བསྡུས་ན་དེང་དུས་ཚབས་ཆེན་འདི་འདྲའི་སྐབས་སུ་ཆོལ་ཁ་དང་གྲུབ་མཐའ་ཕྱོགས་རིས་མེད་པར་གོད་ཆགས་ཞིག་རལ་གྱི་བོད་མི་ཤི་གསོན་སྡུག་བསྔལ་ལ་ཚུད་པ་འདི་དག་འདི་ཕྱི་བར་དོའི་ཕྲེང་ལས་སྐྱོབ་ཐབས་དང་། བོད་རིགས་གཅིག་འགྱུར་ཀུན་མཐུན་ཞིག་དགེ་འདུན་པས་སྣ་དྲངས་ནས་མཛད་པ་འདིས་རང་ཆོས་བསྟན་པ་འཛིན་པ་ཞིག་ལ་འབད་ན་ཤིན་ཏུ་གལ་ཆེན་པོའི་དུས་ཚོད་རེད་སྙམ་མོ། བཀའ་དྲིན་ཆེ་ཨ་མདོ་དང་དབུས་གཙང་། ཁམས་ཕྱོགས་སྟོད་སྨད་ནས་ཕེབས་པ་དང་རྒྱལ་ཕྱི་ནང་གྱི་གྲོགས་པོ་ཚོས་རོགས་སྐྱོར་ལ་སྙིང་ཐག་པ་ཡི་རང་ཞུ།
སྙིགས་དུས་བསམ་སྦྱོར་ལོག་པའི་འགལ་རྐྱེན་གྱིས། །
ཕྱི་ནང་འབྱུང་བ་འཁྲུག་པའི་གནོད་རྐྱེན་རིགས། །
རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའི་ཐབས། །
མཁྱེན་པའི་ཤེས་རབ་ཀུན་ལ་ཐོབ་གྱུར་ནས། །
ཞི་བདེའི་བསྟན་སྲིད་ཟིན་པའི་རྒྱུ་རུ་སྨོན། །
སྙིང་ནད་པས
རྗེས་སུ་ཡི་རང་ཡོད་ཁྱོད་ཀྱིས་གསུངས་པ་དེ་ངའི་སེམས་ལ་ཧ་ཅང་བབས་སོང་ཁྱོད་ཁ་དྲོ་བཀྲ་ཤིས
རྒྱང་རིང་གི་སྙིང་གཏམ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཁམས་གསུམ་འཁོར་བ་མ་རིག་མུན་ནག་གིས་སྒྲིབ་པས། །མཆོག་གསུམ་ཀུན་འདུས་རིག་པའི་ཡེ་ཤེས་དེ་མ་མཇལ། ། དུག་གསུམ་གཞན་དབང་ཤོར་བའི་རྒྱལ་ཁམས་འདི་མཐོང་ཚེ། ། སྐུ་གསུམ་ཞིང་ཁམས་སྦྱང་བའི་སྙིང་གཏམ་འདི་ཤོར་ཐལ། །
རྣམ་གྲོལ་བྱང་ཆུབ་མཆོག་བརྙེས་བདག་ཅག་གི་སྟོན་པ། ། ཐུགས་རྗེ་གདུལ་བྱ་འཛིན་པའི་སྐལ་བཟང་དུ་ཤར་ཡང་། ། ལས་ངན་རླུང་གིས་བསྐྱོད་པའི་ཀླ་ཀློ་དག་མཐོང་ཚེ། ། ཀུན་མཁྱེན་རྒྱལ་བ་རྒྱ་མཚོར་སྙིང་དབུས་ནས་འབོད་དོ། །
བྱིན་རླབས་ཆུ་འཛིན་ཀློང་ནས་སྦྲང་ཆར་ཞིག་འཇོ་ནས། ། ཟག་བཅས་ཟག་མེད་སྨིན་པའི་འབྲས་དཀར་ཅིག་ཞུ་བས། ། མྱང་འདས་རིན་ཆེན་གླིང་གི་སྨིན་གྲོལ་དེ་ཐོབ་ཏེ། ། ལས་ཉོན་བགས་ཆགས་གཞི་མེད་རྩ་བྲལ་དུ་སྨོན་ནོ། །
རྙེད་དཀའི་དལ་འབྱོར་རྟེན་གྱི་སྙིང་པོ་ལ་སོམས་དང་། །
མཇལ་དཀའི་རྒྱལ་བསྟན་དྲི་མེད་རིན་ཆེན་དང་འཕྲད་པས། ། བདེ་ལེགས་འདོད་པའི་སྐྱེ་བོ་དོན་གཉེར་གྱི་ཚོགས་ལ། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
མི་རྟག་སྒྱུ་མའི་དུས་འགྱུར་ལས་རླུང་གི་ཁྲོད་དུ། ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བར་མེད་ཀྱི་ངང་ལ། ། དོན་ཆེན་མི་ཚེ་ཟད་པའི་སྣང་ཚུལ་འདི་མཐོང་ཚེ། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཀྱེ་མ་འགྲོ་དྲུག་སོ་སོའི་བཟང་ངན་གྱི་ལས་དབང་། ། སྐྱིད་སྡུག་འཁོར་བའི་ཚོར་བ་སྣ་ཚོགས་ཀྱི་སྣང་བ། ། བསླུ་མེད་དགེ་སྡིག་རྒྱུ་འབྲས་རྣམ་སྨིན་ལ་བསམ་ཚེ། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཐར་ལམ་བྱང་ཆུབ་སྒྲུབ་པའི་དེད་དཔོན་གྱི་སྤྲུལ་སྐུ། ། དམ་ཆོས་ཚུལ་བཞིན་མཛད་པའི་བཤེས་གཉེན་གྱི་བླ་མ། ། མཁས་བཙུན་གྲུབ་པའི་དབང་ཕྱུག་དམ་པ་རྣམས་མཇལ་ཚེ། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཕན་བདེ་འདི་ཕྱིའི་སྐྱབས་གནས་ཡིད་བཞིན་གྱི་ནོར་བུ། ། གཏན་བདེ་ཐར་བ་སྒྲུབ་པའི་མཆོག་གསུམ་གྱི་ངོ་བོར། ། དཀོན་མཆོག་མི་ཕྱེད་དད་པའི་སྐྱབས་འགྲོ་ལ་འབད་ན། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཐོག་མེད་འཁོར་བ་འཁྱམས་པའི་མ་གྱུར་གྱི་འགྲོ་ལ། ། མ་ཤེས་དྲིན་དྲན་དྲིན་ལན་བཟོ་འདོད་ཀྱི་བྱམས་བརྩེ། ། ལྷག་བསམ་རྣམ་དག་རང་འབྲས་བླ་མེད་ལ་དམིགས་ན། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཡེ་ནས་རྣམ་དག་རང་རྒྱུད་བདེ་གཤེགས་ཀྱི་སྙིང་པོ། ། གློ་བུར་སྒྲིབ་གཉིས་དྲི་མ་ཀུན་རྟོག་རྣམས་བསལ་ཕྱིར། ། སྣང་གྲགས་རིག་གསུམ་བསྐྱེད་རྫོགས་དབྱེར་མེད་ན་བརྩོན་ན། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
སྒོ་གསུམ་ལོངས་སྤྱོད་ཞེན་མེད་མཆོག་གསུམ་ལ་འབུལ་ནས། ། དཔལ་ལྡན་དགོས་འདོད་ཀུན་འབྱུང་ཚོགས་གཉིས་ཀྱི་བསགས་པ། ། དཀོན་མཆོག་བཞི་བ་མཆོད་པའི་དམ་རྫས་སུ་སོང་ན། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་བླ་མ་ཡི་རྣལ་འབྱོར། ། རིག་འཛིན་པདྨ་རྒྱལ་པོའི་གསང་གསུམ་གྱི་སྒྲུབ་པ། ། ཁྱེར་སོ་རྣམ་གསུམ་དབྱེར་མེད་རྩེ་གཅིག་ཏུ་འབད་ན། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཁྱད་པར་སྙིགས་དུས་འདུལ་བའི་གཉེན་གཅིག་གི་ཐེག་རྩེ། ། ཡང་ཟབ་རྫོགས་ཆེན་ཆོས་བཟང་ཚེ་གཅིག་གི་སངས་རྒྱས། ། ཀ་ལྷུན་ཟུང་འཇུག་ངང་དུ་རང་ཚུགས་གཅིག་ཟིན་ན། ། དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
འདིར་སྨྲས་དགེ་བས་བདག་གཞན་མ་གྱུར་གྱི་སེམས་ཅན། ། གསང་གསུམ་དམ་ཆོས་གནས་ལ་ངོམས་མེད་དུ་སྤྱོད་ནས། ། མཐོ་རིས་ཐེམ་སྐས་མིག་འཕྲུལ་ཟློས་གར་བཞིན་བགྲོད་དེ། ། རང་ཞལ་ཆོས་སྐུའི་དབྱིངས་སུ་སངས་རྒྱས་སུ་སྨོན་ནོ། །
ཞེས་པ་འདི་ནི་༢༠༠༩ ༡༡ ༡༦ ཉིན་དབྱིན་ཡུལ་བུདྡྷ་ཛྙྰ་ནའི་ཡང་དབེན་དུ་ངལ་གསོའི་སྐབས་སུ་རང་ཡུལ་གསེར་རྟ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་ཁ་སྤར་རྒྱུད་དེ་བསྐུལ་བ་བཞིན་ཅི་དྲན་དུ་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།། །།
༄༅། །གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སྒྲིགས་ཁྲིམས། །
༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ། །
སྙིགས་ལྔས་ལྷག་པར་མནར་བའི་འགྲོ་ཚོགས་རྣམས། །
ཐུགས་རྗེས་བདག་གིར་བཞེས་པའིབཀའ་དྲིན་ཅན། །
སྟོན་པ་མཚུངས་མེད་ཐུབ་པའི་དབང་པོ་ཀྱེ། །
ཉམ་ཐག་གདུང་བས་འབོད་ལ་དགོངས་སུ་གསོལ། །
དེང་འདིར་བདག་དང་བདག་འདྲའི་བཙུན་གཟུགས་འགས། །
ངེས་འབྱུང་ཚུལ་ཁྲིམས་གཙང་མ་གྱི་ནར་བོར། །
ངན་སྤྱོད་སྣ་དགུ་རྒྱན་དུ་འཆང་བ་འདི། །
མཁྱེན་ལྡན་ཁྱེད་ཀྱིས་ཡལ་བར་འདོར་ཕོད་དམ། །
ཐབས་མཁས་ཐུགས་རྗེའི་རྣམ་འཕྲུལ་དཔག་མེད་ཀྱིས། །
འགྲོ་ཀུན་མོས་བློ་བྱང་ཆུབ་ལམ་དུ་སྒྱུར། །
བསྟན་འཛིན་ཚོགས་ཀྱང་ཐུགས་མཐུན་ཁྲིམས་གཙང་ཞིང་། །
ཕན་བདེའི་འབྱུང་གནས་བསྟན་པ་དར་བར་མཛོད། །
དེ་ལ་འདིར་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ན་འཁོད་པའི་འདུས་སྡེ་དང་དེའི་ཡན་ལག་གི་སློབ་གྲྭ་རྣམས་ཀྱི་སྒྲིགས་ཁྲིམས་སྙན་ཞུར་བགྱིད་པ་ལ་དགག་སྒྲུབ་གནང་གསུམ་ལས། དང་པོ་ལ། རྩ་བ་དང་ཡན་ལག་གི་བསླབ་བྱ་གཉིས་ལས། དང་པོ་ལ། ཡན་ལག་ཚང་བའི་ཕམ་པ་འཆབ་བཅས་ཀྱིས་གོས་པ་དང་། །ཆང་འཐུང་བ། ཐ་མ་ཁ་འཇུབ་མཁན་གླིང་འདིར་བསྡད་མི་ཆོག་ལ། དེ་བཞིན་དུ་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་པ་གསོར་མི་རུང་བ་རྣམས་གསང་སྔགས་ཀྱི་དབང་དང་ཚོགས་གྲལ་དུ་འཚོགས་མི་རུང་། །སྤོང་ཀློག་གི་བྱ་བ་ལ་རང་གིས་མི་བརྩོན་ཞིང་། གཞན་ལ་བར་གཅོད་བྱེད་པའི་རྣམ་གཡེང་མཁན་རྣམས་ནི་ནམ་ཞིག་རྣམ་པ་གཞན་དུ་གྱུར་ཏེ་བཟང་སྐྱེད་མ་ཐོན་གྱི་བར་གཞན་དུ་འགྲོ་དགོས་ལ། དགེ་འདུན་ནང་དུ་འཁྲུག་ལོང་འཚབ་ཆེན་དང་། འཁོན་འཛིན་རྒྱུན་རིང་བ། །ངན་སྤྱོད་བཅོས་སུ་མི་བཏུབ་པ་རྣམས་དང་། །ས་ཕྱོགས་གཅིག་པ་དང་། ཉེ་འབྲེལ་རྣམས་དཔུང་བསྒྲིགས་ཏེ་འཁྲུག་ལོང་བྱེད་པ་དང་། །ཕྲ་མ་བྱེད་པ། །རྩོད་པ་ཞི་ཟིན་པ་སླར་ཡང་འབྱེད་པ་རྣམས་ནི་གནས་དབྱུང་གི་ལས་ལ་སྦྱོར་དགོས། །གཉིས་པ་ཡན་ལག་གི་བསླབ་བྱ་ལ་ལྷག་ལྟུང་གི་སྐྱོན་གྱིས་གོས་པ་རྣམས་ལ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་ཕྱག་བཞེས་བཞིན་ནན་ཏུར་དྲག་པོ་བྱེད་པ་དང་། དེ་བཞིན་དུ་བླ་མའི་བཀའ་མི་བརྩི་ཞིང་། མཆེད་ལྕམ་ལ་བརྩེ་གདུང་ཆུང་བ། བག་མེད་ཀྱི་སྤྱོད་པ་འབའ་ཞིག་གིས་དུས་འདའ་བ། སྡིག་པའི་གྲོགས་པོ་ལ་བརྟེན་པ། གཞན་གྱི་སྲོག་ལ་རྒོལ་བའི་མཚོན་ཆ་དུས་རྟག་ཏུ་འཆང་མཁན་སོགས་བཟང་སྐྱེད་མེད་ཅིང་ངན་སྐྱོན་གོང་དུ་འཕེལ་བའི་རིགས་ཅན་རྣམས་ལ་འཇམ་པོའི་བསླབ་བྱ་བཏང་སྟེ་རི་ཁྲོད་དང་དགོན་སྡེ་གཞན་དུ་མངག་དགོས། ཆགས་སྡང་གིས་ཀུན་ནས་བསླང་པའི་གྲུབ་མཐའ་གཞན་དང་བསྟན་འཛིན་གཞན་ལ་ལོག་ལྟས་སྐུར་འདེབས་བྱེད་པ་དང་། དགོན་སྡེ་གཞན་ལ་འགྲན་སེམས་ཕྲག་དོག་གི་རྒྱུ་རྩོམ་མི་ཆོག་ལ། ཕྱོགས་བཅུའི་དགེ་འདུན་པ་གཞན་གྱིས་གནས་དབྱུང་བྱས་པའི་གང་ཟག་རྣམས་གནས་འདིར་བསྡད་མི་རུང་། ཡང་ཁག་ཁུར་བ་མེད་པའི་ཇོ་སེར་གསར་བ་ཡིད་མི་ཆེས་པ་དང་ངོ་མི་ཤེས་པ་རྣམས་གླིང་རང་རང་གི་དགེ་བསྐོས་རྣམས་ཀྱིས་འགན་ཁུར་བས་ཟླ་བ་བཞིའི་བར་དུ་འདུལ་བའི་གཞུང་བཞིན་བརྟག་དཔྱད་མ་བྱས་པར་དགེ་འདུན་པ་དཀྱུས་མའི་གྲལ་དུ་མི་གཟུང་ལ། གོས་བགོ་བ་དང་། འགྲོ་འདུག་གི་སྤྱོད་ལམ། གསོ་སྦྱོང་ཚོགས་མཆོད་སོགས་ལ་འཚོགས་ཚུལ། གསུང་ངག་སྡོམ་ལུགས། ཀུ་རེ། ཧ་བགད། འཚངས་ཀ རྩེད་མོ། རྩལ་འགྲན། མིང་འདོགས། མཚང་འབྲུ། འཁྲིག་ཚིག་སྨྲ་བ་སོགས་ཇི་ལྟར་འཆོས་པའི་ཚུལ་དགེ་བསྐོས་ཀྱི་བསྒོ་བ་ལས་འདའ་མི་རུང་། ཁྱད་པར་ཆོས་འཆད་ཉན་གྱི་ཚེ་མཁན་པོ་དང་སྐྱོར་དཔོན་སོགས་ཀྱི་བཀའ་གནང་ལེགས་པར་མ་ཐོབ་བཞིན་དུ་སྐེད་པ་བཅད་དེ་འགྲོ་བ་སོགས་གཏན་དུ་སྤོང་དགོས། དགེ་བསྐོས་ནི་དགེ་འདུན་པ་སྤྱིའི་ཞལ་ཚབ་ཡིན་པས་བཀའ་གཅོག་པ་དང་། ཐུགས་དཀྲུག་པ། འཕྱ་སྨོད་བྱེད་པ། འགྲན་རྒོལགབྱེད་པ་སོགས་ནི་དགེ་འདུན་པ་དག་ལ་བྱས་པར་ཡིན་པར་གསུངས་པས་གནས་བརྟན་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་པ་ཐམས་ཅད་ཀྱིས་ཐུགས་ཁུར་བཞེས་ཏེ་མཐོལ་བཤགས་འགྱོད་སྡོམ་བྱེད་དུ་གཞུག་པའམ། སྨད་པ་དང་། བསྡིག་པ། གནས་དབྱུང་གི་ནན་ཏུར་ཅི་དགོས་ཀྱང་བྱེད་དགོས། བླ་མ་དང་དགེ་བསྐོས་སོགས་ཀྱིས་ཀྱང་དགེ་འདུན་གྱི་སྒྲིག་ཁྲིམས་དང་། བླང་དོར་གྱི་བསླབ་བྱ་སྟོན་སྐབས་སངས་རྒྱས་ཀྱི་གསུང་ཁོ་ན་ལས་གཞན་དུ་གྱུར་པའི་བབ་ཅོལ་གྱི་གཏམ་སྣ་ཚོགས་སྨྲ་མི་རུང་། གཞན་ཡང་ཇོ་སེར་རྣམས་ཀྱང་རྟག་ཏུ་འབྲེལ་གཏུག་བྱེད་པ་དང་། ངག་འཆལ་སྣ་ཚོགས་སྨྲ་བ་སོགས་མཚན་མི་མཐུན་པ་ལ་བརྟེན་པའི་ལྟུང་བ་རྣམས་དགག་དགོས་སོ། ཡུལ་གྲོང་སོགས་སུ་འགྲོ་སྐབས། ཁྱིམ་པ་སུན་འབྱིན་བྱེད་པ་དང་། འཁྲུག་རྩོད་སློང་བ། དགེ་འདུན་གྱི་དབུ་འཕང་སྨད་མཁན་གྱི་སེར་གཟུགས་རྣམས་ལ། དུས་ཐོག་ཏུ་དགེའདུན་པ་རྣམས་ཀྱིས་བཀའ་བགྲོས་ལེགས་པོ་བྱས་ནས་ཉེས་བབ་དང་བསྟུན་པའི་ཆད་པ་གཅོད་དགོས་ལ། ཇོ་སེར་སུ་ཡིན་ཀྱང་། ཁྲིམས་གྲོགས་མེད་པར་མཚན་མི་མཐུན་པ་དང་མཉམ་དུ་རླངས་འཁོར་སོགས་སུ་ཞུགས་ཏེ་འགྲོ་བ་དང་ཁྲིམས་གྲོགས་ཡོད་རུང་ལུས་ཀྱིས་ལུས་ལ་རེག་བཞིན་དུ་བསྡད་དེའགྲོ་མི་རུང་། དེ་བཞིན་དུ་། ཉོན་མོངས་པ་དང་བག་མེད་ཀྱིས་ཀུན་ནས་བསླངས་ཏེ་མིག་འཕྲུལ་གྱི་ལྟད་མོ་སྣ་ཚོགས་ལ་བལྟ་བ་དང་། མི་མང་པོའི་ཁྲོད་དུ་འགྲོ་བ། རྒྱན་པོ་འགྱེད་པ། གླུ་ལེན་པ། བྲོ་འཁྲབ་པ། གར་བྱེད་པ། དམག་གི་ཡོ་བྱད་དང་། རྩེད་ཆས་སྣ་ཚོགས་ལ་ལོངས་སྤྱོད་པ། གྲོང་དང་གྲོང་ཁྱེར་རྣམས་སུ་ཉུལ་ཏེ་འགྲོ་བ་སོགས་སྤང་དགོས། གཞན་ཡང་བླ་མ་དང་དགེ་འདུན་གྱི་མཚན་སྙན་ལ་བེད་སྤྱད་དེ་རྒྱུ་ཟ་ཟས་འཇང་། མགོ་གཡོག་མགོ་སྐོར་སོགས་ཆོས་དང་ཁྲིམས་ཀྱི་བྱ་བ་དང་འགལ་བ་རྣམས་དང་། རབ་ཏུ་བྱུང་བའི་གོས་སྤངས་ཏེ་ཁྱིམ་པའི་ཆས་གོས་དང་དུ་ལེན་པ་དང་། ཁྱད་པར་དུ་ཕ་མེས་ཀྱི་ལུགས་སྲོལ་བཟང་པོ་དང་འགལ་བའི་གོས་རྒྱན་སྤྱོད་ལམ་སོགས་གཞན་མ་དད་པ་བྱེད་པ་རྣམས་གཏན་དུ་དགག་དགོས། འདི་དག་གིས་མཚོན་དགག་དགོས་ཀྱི་ཉེས་པ་གཞན་རྣམས་ལའང་སྤྲོ་བ་ཕྱིར་བཅོས་ཀྱི་གཞི་དང་མི་སྤྲོ་བ་ནན་ཏུར་གྱི་གཞི་ལས་ཇི་སྐད་གསུངས་པ་ལྟར་ཕྱག་ལེན་དུ་ཐེབ་ངེས་བྱེད་དགོས་སོ། །གཉིས་པ་སྒྲུབ་པའི་བསླབ་བྱ་ནི། གྲོས་འདེབས་བདུད་རྩིའི་ཐིག་ལེ་ལས་བསྟན་པ་ལྟར་མི་གཞི་བཟང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཤེས་རབ་དྲི་མེད་པའི་གནས་ལ་ལེགས་པར་སློབ་པ་གསུམ་གྱིས་བསྡུས་པ་ལྟར་ཉམས་སུ་བླང་བར་བྱའོ། ། གསུམ་པ་གནང་བའི་བསླབ་བྱ་ནི། སྤྱོད་ལམ་གང་གང་ལའང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་འདུལ་བའི་གཞུང་ལས་ཇི་སྐད་བཤད་པའི་དགག་དགོས་ནང་འདོམ་པར་གྱུར་ན་དགག་བྱ་མི་གཙོ་དགོས་པ་གཙོ་ཚུལ་དང་། ཡུལ་དུས་ཀྱི་ཁྱད་པར་དང་འབྲེལ་ཏེ་སོར་བྱང་སྔགས་གསུམ་གྱི་བསླབ་སྡོམ་ཉམས་སུ་ལེན་ཚུལ་དང་འདུལ་བ་མདོར་བསྡུས་སྦྱར་ཏེ་བཅོམ་ལྡན་འདས་ཀྱི་བཅས་ཁྲིམས་དང་དགེ་འདུན་གྱི་སྒྲིགས་ཁྲིམས་སུ་མ་འཁོད་པ་རྣམས་ཀྱང་རང་བློས་དཔགས་ཏེ་བག་ཡངས་སུ་སྤྱད་པར་བྱ་ལ། དེ་ལྟར་དཔོག་མི་ནུས་པའི་བློ་དམན་དག་གིས་ནི་མཁན་སློབ་དགེ་བསྐོས་སོགས་ལ་བཀའ་འདྲི་དང་གནང་བ་ཞུས་ཏེ་སྤྱོད་ལམ་སྣ་ཚོགས་ལ་འཇུག་པར་བྱའོ། །དེ་ལྟར་ཇི་སྐད་བསྟན་པའི་གནད་མཐའ་དག་གཅིག་ཏུ་བསྡུས་ཏེ་བསྟན་ན། ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་མིག་བཞིན་དུ་སྲུང་བ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསམ་དཔྱོད་ཁུར་དུ་ཁྱེར་ནས་ཐེག་པ་ཆེན་པོའི་ཆོས་འཆད་ཉན་ལྷོད་མེད་དུ་བྱེད་པ་དང་། སྲིད་པ་ཐ་མར་བྱེད་པའི་ཆོས་ཚུལ་དྲི་མ་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་ངོ་འཕྲོད་པ་གདེང་དུ་བྱས་ཏེ་ཉམས་ལེན་ལ་རྒྱུན་ཆགས་སུ་བརྩོན་པར་བྱ་བ་གསུམ་པོ་འདི་ལས་ལྷག་པའི་ཆོས་ཟབ་མོ་དུས་གསུམ་སངས་རྒྱས་གདན་གཅིག་ཏུ་འཚོགས་ཀྱང་སྟོན་དུ་མེད་པས་ཀུན་གྱི་ཐུགས་ལ་འཆང་བར་ཞུ། ཆབ་སྲིད་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། ཆོས་ལུགས་ལ་འཛིན་པའི་སྲིད་ཇུས་སོགས་ནི་གཞན་དུ་བསྟན་པ་ལས་ཤེས་པར་བྱའོ། །
སྨྲས་པ།
འདི་ནི་སྟོན་པའི་བཅས་ཁྲིམས་ཡིན། །
དགེ་འདུན་གཙང་མའི་སྒྲིག་ཁྲིམས་ཡིན། །
སྙིང་གྲོགས་རྣམས་ཀྱི་བསླབ་བྱ་ཡིན། །
ཡལ་བར་མ་དོར་ཉམས་སུ་ལོངས། །
ཞེས་ཨ་བྷྱ་ལཀྵཾ་ཀ་རས་སོ།། །།
དཔལ་དགྱེས་རྡོ་རྗེ་རིན་པོ་ཆེ་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ། ངོ་མ་སྒྲིག་ཡིག་དེ་འདིར་བཀོད་པས་དགའ་བོ་ཞེ་དྲག་བྱུང་།
དགྱེས་རྡོར་ལགས། ཐུགས་རྗེ་ཆེ།
མཁས་གྲུབ་རྰ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ། །
ཨོཾ་ཨ་མི་དྷེ་ཝ་ཧྲྰིཿ འདི་ཉིད་ཆགས་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམ། །དཔེ་གཅོད་འདོན་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བར་མེད། །འདི་བས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་བསྐྱུར་ཉམས་སུ་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། །
ཨེ་མ་ཧོ།
འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གིས་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རྰ་གིའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་དཔྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་ཟད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ་། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨུ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤང་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་བ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པར་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀའ་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོར་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་དང་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེ་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བ། །ངག་གི་མི་དགེ་བཞི་བོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་དག་པས། །ཕྱི་ཆད་སྲོག་ལ་བབས་ཀྱང་མི་དགེའི་ལས། །ད་ནི་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབ་ཀུན་ལ་ཡི་རང་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྣངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དུལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་འདོད་པ་ཆུང་། །བྱམས་པ་སྙིང་རྗེ་སྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པ། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བར་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གངྒྰ་ལྟར། །བདུད་དགྲའི་འཚེ་བ་མེད་ཀྱང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོག་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་བའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ལ་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མའི་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བར་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་ཕྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་སོགས་མི་འབྱུང་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་ཕྱེ། །འོད་དཔག་མེད་པའི་ཞལ་མཐོང་ནས། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱང་ནས་མགོ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་རླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབས་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་དུ་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབས་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་བའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་བ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་བའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུ་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་བའི་སངས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེའི་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྭན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་བའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་བྱུང་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྫིང་བུ་ཆུ་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒྰི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་འཛིན་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་བ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དྲུག་ཅུ་རྩ་དྲག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བསྐུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་བ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབའ་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་རྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་བ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐྰ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭྰ་ཧྰ། །སྨོན་ལམ་འགྲུབ་པའི་གཟུངས་་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲྰི་ཡེ། ན་མཿསུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭྰ་ཧྰ། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། །དེ་ནས་རབ་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། །རབ་འདི་མ་ཆགས་པ། འབྲིང་ལོ་ཟླ་ཙམ་མ་ཆགས་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་་འཁོར་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། །པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རྰ་ག་ཨ་སྱས་སྦྱར་བས་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལྃ། །
ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གི་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཞིང་༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདིན་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ། ། སྨོན་ལམ་བསྡུས་པ་ནི།
ཨེ་མ་ཧོ༔
ངོ་མཚར་སངས་རྒྱས་སྣང་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་ཅན་ཞེས་བྱ་བའི་ཞིང་ཁམས་དེར་༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐྰ༔ པཉྩནྡྲ་ཡ་ཨ་ཝ་བོ་དྷ་ནི་སྭྰ་ཧྰ༔ ཞེས་པ་འདི་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ།། །།
༄༅། །རྨི་ལམ་ནང་གི་མི་ཆོས་བླ་མ། །
སྤྱི་བོར་བླ་མ་མགྲིན་པ་ཨ་ཡིག་བཀྲ །
སྙིང་ཀར་ཡི་དམ་གསང་གསུམ་སྒྱུ་འཕྲུལ་ཤིས། །
དུས་གསུམ་བརྟག་པར་རིག་པའི་ཡེ་ཤེས་བདེ། །
མི་རྟག་མྱང་འདས་ངང་དུ་གཟིམ་པར་ལེགས། །
གླིང་དཀར་བསོད་ནམས་འཕེལ་བའི་ཤར་རིའི་རྩེར། །
སྐུ་རྗེའི་འཛམ་གླིང་རྒྱལ་མཆོག་ཉི་མ་ཤར། །
མ་སྲུ་སྤུན་ཟླ་སྐྱིད་པའི་སྐྱ་རེངས་ཚེས། །
ལྷ་སྡེའི་དགའ་བའི་མེ་ཏོག་འདབ་རྒྱས་རྨིས། །
ཨ་ཁུ་སྤྱི་དཔོན་བསམ་དོན་འགྲུབ་པའི་ཐབས། །
ཤེས་རབ་ཡུམ་ཆེན་གླུ་དབྱངས་ལེན་པའི་ཚེ། །
ཁྲོ་ཐུང་རྒྱ་བོའི་ནང་དམེ་བྱེད་པའི་མཐུས། །
ཕུ་ནུ་དགའ་བའི་གྱེས་བརྡའ་སྟོན་པ་རྨིས། །
མི་ནག་ཁྲོ་གཉེར་ལུས་བོང་ཆེ་བ་ཞིག །
ཚིག་རྩུབ་ངན་སྨོད་གངས་ཅན་ཡུལ་ལ་བྱས། །
བདེན་པའི་ངེས་ཤེས་ཉི་མ་ནུབ་པ་རྨིས། །
བོད་དང་ཙི་ནར་ས་འགུལ་ལྷོག་ལྷོག་རྡོལ། །
ཁང་བརྩེགས་ཕལ་ཆེར་གས་ཆག་ཐལ་ཐལ་ཐོར། །
ཨེ་ཁུང་མེ་དཔུང་འབར་བའི་ཀློང་ཞིག་ན། །
པོ་ཏ་ལ་ཡང་གས་ཆག་ཤོར་བ་རྨིས། །
གངས་རིའི་ལྗོངས་ལ་ཁྲག་གི་ཆར་བ་འབབས། །
དོལ་རྒྱལ་འདྲ་བའི་དཔུང་ཁག་གྲངས་མང་པོས། །
སོད་སོད་རྒྱོབ་རྒྱོབ་སྒྲ་དང་མེ་རྒྱོགས་འཕོངས། །
མཆོད་རྟེན་དཀར་པོའི་ཆོས་འཁོར་གཏོར་བ་རྨིས། །
འགོང་བོ་ཐེའུ་རང་དམ་སྲིའི་ཆོ་འཕྲུལ་ལམ། །
ཡུལ་ཤུལ་སྟོད་ནས་ཡིན་འདྲའི་སེར་གཟུགས་འགས། །
ཆོས་མིན་སྤྱོད་པ་ཡ་མ་ཟུང་ཞིག་གིས། །
ཆོས་སྒར་གྲུ་བཞི་རྩ་ནས་གཏོར་བ་རྨིས། །
དམ་སྲིའི་དར་ལྕོག་གངས་རིའི་ངོགས་སུ་སྒྲོན། །
ངན་སྔགས་འཁོར་ལོ་ཉིན་མཚན་བར་མེད་བསྐོར། །
དྲང་བདེན་མེད་པའི་བསྟན་དགྲ་ཆོམ་རྐུན་རིགས། །
ཆོས་བརྒྱད་ཇག་པ་ས་སྟེང་གང་བ་རྨིས། །
སྣང་བ་དགྲ་ལངས་འཁྲུལ་བ་རྒྱ་འབྱམས་པས། །
རྨི་ལམ་མ་ཤེས་རང་སྣང་བདེན་པར་བཟུང་། །
སྡུག་བསྔལ་སྙིང་ནད་དྲག་ཏུ་འཕེལ་བའི་མཐུས། །
དགེ་འདུན་དམ་པ་མཇལ་བའི་བཀའ་དྲིན་རྨིས། །
བསྟན་འཛིན་རྒྱ་མཚོར་འཁྱུད་ནས་ངུས་པའི་ཚེ། །
རྨི་ལམ་སད་པས་སྙིང་སྒྲ་ཀིག་ཀིག་འདུག །
གློག་སྒྲོན་འོག་ནས་ཆུ་ཚོད་ལྟས་པའི་ཚེ། །
ཆུ་ཚོད་གསུམ་དང་སྐར་མ་ང་བརྒྱད་རེད། །
ཐན་རྟགས་བསམ་ནས་བཟློག་བསྒྱུར་མང་བྱས་ཀྱང། །
སྙིང་གི་ན་ཚ་ད་དུང་ལྷག་པར་འཕེལ། །
ཅུང་ཟད་ངལ་གསོས་ཡང་སྐྱར་གཉིད་དུ་སོང་། །
སྔོན་མའི་འཕྲོ་འཐུད་རྨི་ལམ་རིམ་གྱིས་རྨིས། །
ལྕགས་པོ་རི་ལ་ཁྲག་གི་དར་ཡུག་གཡུག །
གཙང་པོའི་ཆུ་ལ་དུག་གི་རླངས་པ་ཐུལ། །
མདོ་དབུས་ཁམས་ལ་ལྕགས་ཀྱི་སེར་བ་འབབ། །
སྐྱ་སེར་ཚང་མ་སྡུག་གིས་མནར་བ་རྨིས། །
སྐྱིད་པའི་ཉི་མ་ནུབ་ཀྱི་རི་ལ་བརྒལ། །
དགའ་བའི་ཟླ་བ་ལང་ཚོ་གནམ་གང་ཚེས། །
བདེ་བའི་སྐར་ཆ་ཉམས་པའི་ཐན་རྟགས་འཆར། །
སད་རྨིས་བར་ནས་སྡུག་གི་ཚོར་བ་མྱོང་། །
དེ་དུས་ཟང་ཟིང་སད་རྨིས་སྣང་བ་ལ། །
གཉིས་མེད་རྒྱུད་རྒྱལ་དུས་འཁོར་བཀའ་གཏེར་གཞུང་། །
བསྙེན་སྒྲུབ་རྟགས་རྫོགས་ཞི་དྲག་ལས་འབད་ན། །
ཞི་བདེའི་ཉི་མ་སླར་ཡང་འཆར་བ་རྨིས། །
དགེ་སྡིག་བླང་དོར་རང་གཞན་ལེགས་འབད་ནས། །
ཐ་མག་མི་འཐེན་བྱམས་བརྩེ་དྲང་བདེན་ངང་། །
སིདྡྷི་མ་ཎིར་རྩེ་གཅིག་འབད་པ་ན། །
འཇིག་རྟེན་འཚེ་མེད་ཞི་བདེ་འབྱུང་བར་རྨིས། །
༢༠༡༠ ༤ ༣ ལ་ཅི་རྨིས་ཤྲྰིས་བྲིས་པས་དོན་ལྡན་དུ་སྨོན་ནོ། །
ཝེ། བཀྲ་མི་ཤིས་རྒྱུ་བོ། མཆུ་ཐོ་ཚུམ། ༼༼ཆོས་སྒར་གྲུ་བཞི་རྩ་ནས་གཏོར་བ་རྨིས། ༽༽ཚིག་འདི་འདྲ་ག་རེ་རེད།
ད་ཁྱེད་ཚོས་མི་ཆོས་བླ་མའི་རྫུན་བཤད་མ་ཡོང་། ལུང་རྫུན་འདི་རིགས་ཀྱིས་ལུང་བསྟན་དག་མ་ཚང་མ་ལ་ཐེ་ཚོམ་སྐྱེ་གཞི་ཡོང་གི་རེད། སྐྱེ་བོ་ཟོག་པོ་འདི་ཚོས་ནམ་ཡང་མི་ཚོ་མགོ་སྐོར་གཏོང་གིན་ཡོད་རེད། ངོ་ཚ་མེད་པའི་སྐད་ཆ་བཤད་མ་ཡོང་རོགས། སོ་སོ་སུ་དང་འབྲེལ་བ་ཡོད་པའི་ལྟ་བ་མངོན་ཡོང་གིན་འདུག བོད་དོན་ཐོག་ལ་ལྷག་བསམ་མེད་པའི་ཁར་ལུང་རྫུན་རྐྱང་རྐྱང་བཟོས་ཏེ་ད་ག་རེ་རེད། ཁྱེད་ཚོ་བོད་གཞུང་ལ་མ་ན་དགའ་མ་དགའ་བ་རེད། བོད་དོན་བཤད་པ་ལ་ཉན་འདོད་མེད་ན་མེད་རེད། འདྲ་མི་འདྲ་བཤད་མ་ཡོང་། རྙིང་མ་པ་དང་བཀའ་བརྒྱུད་པ་བླ་རུང་དགོན་པ་སོགས་ཀྱི་མྱིང་ཁུར་ཏེ་བོད་རྒྱ་ཆེའི་མི་མང་གི་ནང་ཞབས་འདྲེན་བྱེད་མ་ཡོང་རོགས། ང་ཚོའི་ལོ་རྒྱུས་ལ་ནག་ཐིག་མ་བཟོ་རོགས། སྐུ་མཁྱེ། སྐུ་མཁྱེན། མཁྱེན། །
How are yuo?
ཐུབ་བསྟན་ལགས། །དོན་རབས་དང་རིམ་པ་ཚིག་བཟང་དང་ངན་པ་ཀུན་ལ་བརྟག་དཔྱད་དགོས་འདུག ཁ་ཚུམ་ལབ་ན་ཁྱེད་ཚོ་ཁ་ལུད་ཀྱིན་འདུག འདི་ང་མི་སྒེར་ཞིག་གི་རྨི་ལམ་ངན་པ་ཞིག་རྨིས་པ་རེད། དང་པོ་རྐྱེན་དེ་འདི་འདྲ་ཞིག་གི་མགོ་བཟུང་ཡོད། འདི་དག་འགྲེལ་བཤད་ང་རང་གིས་ཤེས་ཀྱིན་མི་འདུག མི་ཆོས་བླ་མ་རེད་ཀྱང་རྫུན་མིན་དངོས་སུ་རྨིས་པ་ཞིག་རེད། ཉེ་འཁོར་གྲོགས་པོ་འགའ་ལ་སྔོན་ནས་བཤད་ཡོད། ད་དུང་གོ་རྒྱུ་མང་པོ་འདུག་སྙམ་ཡོད། པོ་ཏ་ལ་ཡང་་་་སྙིང་ནད་ཀྱང་འདི་འདྲ་ཞིག་གིས་འཕེལ་སོང་། ངས་བཤད་མ་བཤད་ལ་ཁྱད་པར་མི་འདུག རྐྱེན་ངན་འཕྲད་དུས་ཆོས་པ་བཟོད་ལྟ་ཤོར་ན་ཆོས་དོན་མ་གོ་བའི་རྟགས་རེད། དེང་དུས་སྤྲུལ་སྐུ་འདི་ཡིན་དེ་ཡིན་ངོས་འཛིན་བཤད་པ་ལས་བསྟན་འགྲོ་སྤྱི་ཕན་དང་ཆགས་འཇིག་གི་མོ་རྩིས་རྨི་ལམ་རེ་བརྟག་ན་དགའ་མི་འགྲོ་བསམ་གྱིན་ཡོད། ཁ་བརྡ་དྲ་བ་བསྐུར་ཡང་བཀོད་མ་སོང་། དེས་ན་འདིར་བཀོད་པ་ཡིན། མ་ཚད་་་་་་་་
དཔལ་དགྱེས་པ་རྡོ་རྗེའི་རྨི་ལམ་ལ་ངོ་སོར་བསྟོད།
ད་རུང་་་་་་་བོད་གཞིས་བྱིས་གཉིས་ཀ་རྣམ་ཞིག་ལ་ལྷན་འཛོམས་ཡོང་གིན་ཡོད་མེད་སྐོར་ལ་རྨི་ལམ་དང་ལུང་བསྟན་རེ་ཡོད་ཚེ། ཁ་གསལ་དོན་གསལ་ཐོག་ནས་གསུང་རོགས་ཞུའོ།
རྩམ་དགའ་ལགས། ངོ་སོ་ཅི་ཞིག་བསྟོད་སེམས་ནད་ཀྱིས་ཤི་ཐལ། །སྔོན་ཆད་ཀྱི་རྨི་ལམ་དག་དང་གཏན་ནས་མི་འདྲ་བར་ཡང་བལྟ་བྱས་ན་ཡང་གོ་རྒྱུ་འདུག་མོད། བྱ་བརྒྱ་ཁ་ཤར་དང་ཕུ་ཁང་སྐྱ་ལེབ་ཀྱི་ཁ་ནུབ་ཟེར་བ་ལྟར་གྱུར་འདུག་པས་འདི་དག་བཤད་པ་དག་ཤིན་ཏུ་དཀའ་ངལ་ཆེ་བ་ཞིག་འདུག ཁ་ངོས་ལྐོག་མེད་པར་༧གོང་ས་མཆོག་གི་གསུང་བཞིན་བོད་བསྟན་སྲིད་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ནས་བཟུང་།འདི་རིགས་ལ་བསམ་བློ་གཏོང་དགོས་འདུག །
སྤྱིར་བཤད་ན་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་སྙིགས་མའི་དུས་ཀྱི་རང་མཚན་མི་རྟག་སྣོད་བཅུད་ཀྱི་ཆགས་འཇིག་སོགས་གསལ་བོར་གསུངས་ཟིན་པ་དང༌། ཁྱད་པར་རྒྱལ་དབང་པདྨ་ཀ་རའི་བརྒྱུད་པ་དང་བཅས་པའི་མཁས་གྲུབ་ཡབ་སྲས་དུ་མས་འབྱུང་འགྱུར་ལུང་བསྟན་སོ་སོ་ནས་མ་འདྲིས་པ། མ་འཛེངས་མ་ནོར་བ་གསུངས་ཡོད་པ་དེ་དག་ལ་གཟིགས་དང་། ང་འདྲ་བའི་བན་འཁྱམས་ཞིག་གི་འཆལ་གཏམ་གྱི་རྨི་ལམ་ལ་ཆགས་འཇོག་དགོས་དོན་ཅི་ཞིག་ཡོད། དེ་དག་ལས་ཀྱང་དེང་དུས་འཛམ་གླིང་སྤྱིའི་གནས་བབས་ལ་བལྟས་ན་ཡང་ང་ཚོའི་རང་ཐོག་ཏུ་བབས་མ་བབས་ཀྱིས་ཤ་ཐོག་དང་གོས་ཐོག་གི་མེ་སྟག་གི་ཁྱད་པར་ཙམ་ལས་འཛམ་གླིང་གི་རྒྱལ་ཁབ་ཁ་ཤས་ལ་རང་བྱུང་འབྱུང་བཞིའི་གནོད་པ་ཐེབ་དང་འཐེབ་བཞིན་པ་མངོན་གསལ་རེད། མི་དམངས་ཁྲི་ཕྲག་གི་ཚེ་སྲོག་ཤོར་བ་དག་ལ་བལྟས་ན་ལས་འབྲས་ཀྱི་རྣམ་སྨིན་ངན་པ་ཤར་ཏག་རེད། རང་ཡུལ་གངས་ལྗོངས་ལ་མཚོན་ན་ཡང་མཁའ་དབུགས་ཀྱི་དྭངས་མ་ས་བཅུད་ཡུལ་བཅུད་ལ་གནོད་པ་གཙོ་བོ་དེ་ནི། ཕྱི་རྫས་ངན་དང་ལུད་ཕུང་དག་མདོ་དབུས་མཐོ་སྒང་ལ་གཡུག་པ་དང་། །ནང་ཕྱོགས་ཞེན་ཆགས་སྡང་གིས་ཆོས་ལུགས་འཐེན་ཁྱེར་ཞིག་ལ་བསྟེན་ནས་འབྱུང་གི་འདུག ཕྱི་ལྟར་འཛམ་གླིང་གི་གོ་ལའི་རང་བྱུང་ཁམས་ལ་གནོད་འཚེ་བྱས་ནས་བྱུང་བ་ཞིག་རེད དཔེར་ན་རང་བྱུང་རིགས་ཀྱི་གཏེར་ཁ་སྔོག་པ། ནགས་ཚལ་གཅོད་པ། སྐྱེ་དངོས་རྩ་ཆེན་བརླགས་པ། རི་བྲག་གཏོར་བ། ཆུ་ཆེན་དང་མཚོ་ཆེན་ལ་མི་གཙང་གཡུགས་པས་འབྱུང་བའི་ནུས་ཤུགས་ཀྱི་བླ་སྲོག་ཉམས་པ་རེད། གཟིགས་དང་དེང་དུས་ཕལ་ཆེ་བས་ཁང་ཁྱིམ་ཁོ་ནར་འབད་ནས་ས་རྡོའི་བསྟན་པ་འཛིན་པའི་དུས་ཞིག་ཤར་འདུག དཔེ་ཐབས་སྐྱོ་བོ་རེད་བསམ་གྱིན་ཡོད། སྔོན་དབེན་གནས་དགོན་པ་དག་ད་ལྟ་གྲོང་ཁྱེར་དུ་བཟོས་། སྔོན་འབྲོག་ལས་དག་ད་ཐང་ཚོང་ལས་སུ་བསྒྱུར་། སྔོན་རྩ་ཐང་དང་སྤང་རི་སྤང་མཛོད་དག་ད་ལྟ་བྱེ་ཐང་ས་ནག་ཏུ་ཕབས་པས་སྣོད་བཅུད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་འབྱུང་བར་དངོས་པོའི་ཆོས་ཉིད་ཅིག་རེད། །ནང་ལྟར་ཀུན་སློང་བསམ་པ་ལ་ཡང་ལས་རྒྱུ་འབྲས་ལ་བརྩི་མཐོང་མེད། ཕ་མགོ་བུ་གཡོག་གི་དཔེ་བཞིན་ཕྱི་དཔལ་འབྱོར་ཙམ་གྱི་ཁྱེད་ཙམ་དུ་རྐུན་ཇག་གི་སྤྲུལ་སྐུ་བཟོ། རང་ཆོས་རྩ་ནས་གཏོར་བའི་ངན་སྤྱོད་ཀྱི་རྣམ་སྨིན་ལ་མི་འཛེམས་མཁན། །མིང་བྱང་ལ་བོད་མི་རིགས་བརྟགས་ཀྱང་དོན་ལ་རྒྱ་ཀླ་ཀློ་ལས་ཀྱང་ཐ་ཆད་པའི་མི་ངན་དག་གིས་སྐྱོན་ཀུན་ཟད་ཡོན་ལྡན་ཀུན་གྱི་བླ་མ་དམ་པ་ཚོ་ཡང་ཚོང་ལས་ཙམ་དུ་བཞག་ནས་དཀོན་མཆོག་དཀོར་འཕྲོག་གི་ཉེས་པ་འདི་ཚོ་ལ་བལྟས་ན་ང་ཡི་རྨི་ལམ་དེ་ཡང་འབྱུང་འགྱུར་གྱི་ལུང་བསྟན་མིན་པར་མངོན་གསལ་གྱི་བསྟན་དོན་ཞིག་ཀྱང་ཡིན་པ་འདྲ། ད་ཐང་འདི་འཛམ་གླིང་དང་རང་ཡུལ་ལ་སྔོན་བརྡ་ཙམ་ཞིག་བཏང་བ་རེད་སྙམ་ཡོད། ང་ཚོས་བསླུ་མེད་དཀོན་མཆོག་དབང་པོ་བཞག་ནས་ཚན་རིག་དང་ལས་འབྲས་ལ་རྩི་འཇོག འཁོར་ཡུལ་ལ་སྲུང་སྐྱོབ། ཕྱོགས་ཞེན་བཟོ་བཅོས་བྱེད་མ་ཐུབ་ན། ས་ཡི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས། དཀར་ཕྱོགས་ཀྱི་དབུ་འཕང་དམའ། ནགས་ཕྱོགས་ཀྱི་མཐུ་སྟོབས་འཕར་ནས་མི་དམངས་སྡུག་གིས་མནར། རྟེན་འབྲེལ་གྱི་སྣ་སེལ། བསྟན་འཛིན་གྱི་སྐུ་ཚེ་ཐུང་། བསྟན་གཤིག་གི་མགོ་བོ་མཐོ་བའི་དུས་སུ་བབས་ན་འཇིག་རྟེན་འདི་ཡང་ཡུན་རིང་ཞིག་མི་བརྟན་པར་སྣང་ངོ། ། དཔེར་ན་རྒྱལ་ངན་དམ་སྲིར་ལྷ་རུ་འཛིན་ནས་དེའི་དར་ལྕོག་གི་རི་ལུང་བསྐང་མིང་བྱང་གི་འཁོར་ལོ་བསྐོར། སེམས་ནག་ཁོག་ཏུ་འཛིན་ཆོས་ནག་གཞན་ལ་སྤེལ་བ་འདི་ཚོ་བསྟན་པའི་མཐའ་ལ་ཐུག་རྟགས་རེད་འདུག །གང་ལྟར་ང་ཡིས་རྨི་ལམ་དངོས་དེ་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན། ད་དུང་རིམ་པ་བཞིན་མི་འདོད་པའི་སྡུག་བསྔལ་དག་མགོ་ཐོག་ཏུ་མི་འོང་པའི་ངེས་པ་མེད་པས་སྒེར་དོན་ཕྱོགས་ཞེན་ཙམ་མིན་པར་བོད་སྤྱི་ཕན་གྱི་བསམ་བློ་ལ་ཀུན་གྱིས་ཐུགས་བལྟད་པར་ཞུ་ཞེས་སྙིང་ནས་ཞུས་པ་ཡིན།
ཞུ་དགོས་པ་ཞིག་ལ་འདི་ང་མི་ཞིག་གི་སྣང་བ་ལས་ཆོས་ལུགས་དང་མི་རིགས་ལ་ཕྱོགས་ཞེན་དང་སྒེར་མི་ལ་གནོད་བྱེད་ཀྱི་རྙེད་རྐོས་པ་སོགས་བྱས་པ་ཡང་གཏན་ནས་མིན་ནོ།
སྙིང་ནད་པས་སོ
རྩམ་དགའ་འདི་དག་སྣང་ཅན་ཞིག་རེད་མོད། ཨོ་རྒྱན་ཆེན་པོའི་ལུང་བསྟན་འཁྲུལ་མེད་རྣམས་ལ་ཡིད་ཆེས་མི་བྱེད་པར་་་་་་་་
བོད་པའི་མྱི་འདི་ཚོ་ཁེ་མཚར་རེད། དོན་རྐྱེན་བྱུང་ཚར་རྗེས་ལུང་བསྟན་བཤད་ཀི་འདུག དེ་འདྲ་ཡིན་ན་ང་ལ་ཡང་ལུང་བསྟན་མང་པོ་བཤད་ཀྱི་ཡོད། ཕལ་ཆེར་རྒྱལ་རབས་ཚད་ལྡན་དེ་ཚོ་ཀློག་ནས་གཅིག་རྩོམ་ན་གང་འདྲ་ཡིན།
དཔལ་དགྱེས་པ་རྡོ་རྗེ་ལ་ངས་ཚིག་ངན་ཁ་ཤས་ཤོར་སོང་། ཡིན་ན་ཡང་ཁྱེད་ཀྱི་ལུང་བསྟན་ལ་ང་ཡིད་ཆེས་མེད།
དྲྭ་གྲོགས་ཚང་མས་ཐུགས་བསམ་ཡག་པོ་བཞེས་རོགས། འགན་ཁུར་མེད་པའི་སྐད་ཅ་མ་བཤད། ཆོས་མིན་སྲིད་མིན་འདྲ་མི་འདྲ་མང་པོ་གསུང་རོགས། བོན་དོན་ཐོག་ལ་ལྷག་བསམ་རྣམ་དག་སྒོ་ནས་སྐད་ཆ་རེ་ཡོད་ན་ཤོད། རྒྱལ་བ་རིན་པོ་དང་ཟམ་གདོང་བླ་མའི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་ཀྱིས། དེང་སང་བལ་ཡུལ་ན་བློ་མཐུན་ཚོགས་པ་ཟེར་བ་ཞིག་ཡོད་རབས་འདུག དེ་ལ་སོགས་པ་ལ་གཟབ་གཟབ་ཀྱིས།
༄༅། །སྐྱོ་གདུང་གི་མྱ་ངན། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཀྱེ་མ་ཀྱེ་ཧུད་བདག་ཅག་སྐལ་བ་ལ། །
དམ་པའི་སྐྱེས་བུ་མྱང་འདས་ཞིང་དུ་གཤེགས། །
ས་གཡོས་འཇིག་པས་རང་ཡུལ་ཐལ་བ་གཏོར། །
སྡུག་བསྔལ་འདི་འདྲ་སུ་ཡིས་བཟོད་ནུས་སམ། །
རིན་ཆེན་ནོར་བུའི་རིན་ཐང་མ་ཤེས་པས། །
བདེན་པའི་ལུང་ལ་རྫུན་གྱི་འཁོར་ལོ་བསྐོར། །
གནམ་རྒན་ཤོབ་ལ་ཆོས་ཀྱི་དྭངས་མ་རྩིས། །
ས་གཞིས་མ་ཐེག་གད་པའི་ཐན་རྟགས་འདིས། །
མཛའ་བཤེས་ཁ་བྲལ་གཏོང་བར་ཨེ་བདེན་ནམ། །
ཀྱེ་ཧོ་དགོངས་ཤིག་མགོན་པོ་སྤྱན་རས་གཟིགས། །
དཀོན་མཆོག་ཀུན་འདུས་ཁྱེད་ཉིད་གང་དུ་བཞུགས། །
གཞིས་བྱེས་བསྐལ་བའི་གདུང་བ་ཁྱེད་ལ་ཕྱོགས། །
སྐྱེ་རྒུའི་བླ་སྲོག་ཤོར་བ་མཐོང་ལགས་སམ། །
རྒན་པ་བྲོས་པའི་གོམ་པ་ཤིན་ཏུ་དལ། །
གཞོན་པ་བརྩེ་བའི་གདུང་སེམས་གཉེན་ལ་འཁྲིས། །
བྱིས་པ་ན་ཚོད་མ་སྨིན་སྲོག་དང་བྲལ། །
གཤིན་ཐང་སྐྱ་མོ་འདི་འདྲ་སྲིད་ན་དཀོན། །
ཁ་སང་དགོད་པའི་སྒྲ་དབྱངས་ལྷང་ལྷང་སྒྲ། །
དེ་རིང་ངུ་ཅོ་འུར་འུར་སྨྲེ་ངག་སྐད། །
མི་རྟག་སྒྱུ་མའི་གྲོང་གི་གཤིས་ར་འདི། །
ཁྲེལ་མེད་འཇིག་རྟེན་བྱེད་པོ་སུ་ཡིས་བྱས། །
དགོན་པའི་མཛེས་ཆོས་ས་རྡུལ་ཕུང་པོས་གཡོག །
གཅེས་པའི་སྒྱུ་ལུས་མི་འདོད་ཤུལ་དུ་བཞག །
བསགས་པའི་དངོས་ཆས་རལ་བའི་ཚོར་བ་འདིས། །
ནོར་གྱིས་ཉོས་པའི་སྤྲུལ་རྫུན་གྱེས་བརྡ་སྟོན། །
བརྩེ་གདུང་སྲོག་ལས་གཅེས་པའི་ཕུ་ནུ་དང་། །
ཚེ་གང་དཀའ་བས་སྒྲུབ་པའི་ནོར་རྫས་ཀུན། །
དབང་མེད་བྲལ་ནས་ཕྱི་མའི་འཕྲང་ལ་འགྲིམས། །
ཉམས་རྒུད་སྣོད་བཅུད་གཉིས་ཀར་སྙིང་རེ་རྗེ། །
སྙིང་གྲོགས་བྲལ་བའི་སེམས་ཀྱི་སྡུག་བསྔལ་གཅིག །
དངོས་འབྱོར་བརླགས་པའི་ཡིད་ཀྱི་སྐྱོ་གདུང་གཉིས། །
རང་ཡུལ་བསྐལ་བའི་བློ་ཡི་འགྱོད་པ་གསུམ། །
མི་འདོད་སྙིང་གི་ན་ཚ་ལྷག་པར་འཕེལ། །
རང་མགོ་རང་མྱིས་སྐོར་བའི་ལས་ངན་གྱིས། །
ཕྱོགས་ཞེན་སྨོན་ལམ་འཚོགས་པའི་གྲུབ་འབྲས་ཞིག །
ལས་ཉོན་སྤྲུལ་བ་མོད་པའི་བྱ་བྱེད་འདིས། །
འབྱུང་བས་མ་ཐེག་གཡོ་བ་ཀྱེ་མ་ཧུད། །
སློབ་ཆུང་བྱིས་པའི་ཁང་ཆེན་གོད་ཆག་འོག །
ན་ཆུང་ཚེ་སྲོག་ཤོར་བའི་ཕུང་པོ་དག །
མཐོང་ཚེ་དབང་མེད་ཡིད་ཀྱི་མཆི་མ་བཀུ། །
ལས་ཉོན་སྡིག་སྒྲིབ་དག་པའི་སྨོན་ལམ་འདེབས། །
དབང་མེད་ལས་ཀྱི་གྲུ་ཁ་ཆེན་པོ་འདིར། །
ཆ་མེད་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམས། །
འཇིགས་སྐྲག་འཁྲུལ་བའི་གནས་ལ་བྱིང་བ་དག །
རྒྱལ་དང་རྒྱལ་བའི་སྲས་ཀྱིས་ལམ་སྣ་དྲོངས། །
བརྒྱ་ཕྲག་ཤི་བའི་སྡུག་བསྔལ་བརྗོད་པར་དཀའ། །
སྟོང་ཕྲག་ན་བའི་ཟུག་གཟེར་དེ་ལས་ཆེ། །
ཁྲི་ཕྲག་གཉེན་བཤེས་བྲལ་བའི་སྐྱོ་གདུང་འདིས། །
འབུམ་ཕྲག་འགྲོ་བའི་སེམས་པར་སྡུག་ལ་སྦྱར། །
བྱམས་བརྩེའི་རྒན་པ་མ་དབང་གཤིན་ཡུལ་འགྲིམས། །
སྙིང་རྗེའི་དྭ་ཕྲུག་ཟུག་ངུས་སྐྱོ་བས་གདུང་། །
དགའ་བའི་སྙིང་གྲོགས་འབྲལ་བའི་སེམས་ནད་འདི། །
འགྲོ་བ་ཀུན་གྱིས་མྱོང་བར་མ་གྱུར་ཅིག །
བདེ་སྡུག་ལས་ཀྱི་འབྲས་བུ་བསུབ་ཐབས་མེད། །
ཆགས་སྡང་དགྲ་གཉེན་འཛིན་པ་བྲལ་ཐབས་དཀའ། །
ཤ་རུས་བོད་ལས་མཆེད་པའི་དགའ་ཞེན་འདིས། །
མ་ལུས་འགྲོ་བའི་སྡུག་བསྔལ་བསལ་ནུས་ཤོག །
རྒྱལ་བས་བདེན་གསུང་བདེན་བཞིའི་ལམ་སྟོན་ཡང་། །
འཁོར་བ་རྫུན་པའི་འཁྲུལ་བ་གཏིང་ཟབ་པས། །
བསགས་བསྲུང་བརླགས་པའི་སྡུག་བསྔལ་མྱོང་བ་ཚོར། །
མི་རྟག་རྣལ་མ་རྒྱུད་ལ་སྐྱེ་བར་སྨོན། །
དགོན་གྲོང་བ་གམ་འཇིག་པའི་མི་རྟག་གཅིག །
དངོས་ཆས་ཡོ་བྱད་ཆག་པའི་མི་རྟག་གཉིས། །
རྒན་བྱིས་ན་གཞོན་འཆི་བའི་མི་རྟག་གསུམ། །
ཡང་ཡང་བསམ་ཚེ་མི་རྟག་བསྐུལ་མ་ལགས། །
བཀའ་དྲིན་མཉམ་མེད་སྟོན་པ་མཆོག་གིས་ཀྱང་། །
འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བ། །
ཆོས་ཀུན་སྟོང་པ་མྱང་འདས་ཞི་བདེ་ཞེས། །
གསུངས་པའི་དོན་བཞིན་ཀུན་གྱིས་རྟོགས་གྱུར་ཅིག །
མི་རྟག་སྒྱུ་མའི་འཕྲུལ་གྱིས་བསྐུལ་མ་འདིས། །
དལ་འབྱོར་རྟེན་ལ་སྙིང་པོར་རྟག་བརྩོན་པའི། །
སྐལ་བཟང་སྐྱེ་བོ་ས་ཆེན་འདི་འགེངས་ནས། །
ཞི་བདེ་དམ་ཆོས་སྣང་བས་ཁྱབ་གྱུར་ཅིག །
འདི་ཕྱི་བར་དོའི་ཡུལ་གྱི་སྡུག་བསྔལ་ཀུན། །
ཞི་བྱེད་སྨན་མཆོག་རྒྱལ་པོ་རྫོགས་པ་ཆེ། །
སྨིན་གྲོལ་གདམས་པའི་སྣོད་དུ་ལེགས་གྱུར་ནས། །
འགྲོ་ཀུན་ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག །
ཅེས་པ་འང་རང་ཡུལ་ཁུལ་དུ་ས་འགུལ་གྱིས་གནོད་པའི་སྡུག་བསྔལ་མཐོང་བ་ལ་རྐྱེན་བྱས་ནས་ཅི་དྲན་དུ་༢༠༡༠ ༤ ༡༤ ལ་དཔལ་དགྱེས་པ་རྡོ་རྗེས་བུདྡྷ་ཛྙྰ་ནའི་ཆོས་ཚོགས་ནས་བྲིས་པ་དགེའོ།
རྩམ་དགའ་མཆོག་གི་རེ་བ་དང་ཐུབ་བསྟན་ཟེར་བས་སོ་ཟིན་མེད་པའི་ངན་སྨོད་དང་། བཀྲ་ཤིས་ཡིད་མ་ཆེས་པ་གང་ལྟར་ཡང་འདི་རྨི་ལམ་ཞིག་རེད། འགའ་རེ་ལ་ཕོག་ཡོད་ས་རེད་བ་རྐུན་མའི་སུག་པ་རེད། ཧ་གོ་སོང་ངམ། འདི་ན་གོ་དགོས་པ་ཞིག་ལ་སྔོན་བླ་རུང་ཆོས་སྡེ་ལ་ཡག་དགའ་ཉེས་སྡུག་ཡོད་ནས་ཞུས་པ་རེད་མ་གཏོགས་བླ་རུང་གི་མྱིང་ཁུར་ཏེ་དད་ལྡན་མི་དམངས་ཚོ་ལ་ང་ཚོ་ལ་མགོ་སྐོར་བཏང་བ་ཞིག་དེ་བས་ཀྱང་མིན་ནོ། ཡང་འགའ་རེའི་བསྟོད་མ་ཤེས་པར་བསྟོད་འདོད་དང་མ་ཤེས་ཤེས་འདོགས་སྟོན་ནས་མཁན་པོ་ཨེ་མ་ཧོ་ནི་བོད་ཀྱི་མཁན་རབས་ཆེན་པོ་ཡིན་པ་དང་།མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་བླ་ཆེན་ཚུལ་ཁྲིམས་གྲོས་བཅས་ཀྱིས་ཐེལ་དང་ཐམ་ཀ་གནང་བའི་ཡང་སྤྲུལ་འཁྲུལ་མེད་རེད།ཅེས་བཤད་འདུག་ཀྱང་༧ཆོས་རྗེ་དམ་པ་བཀའ་དྲིན་ཅན་དང་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་དང་བླ་རུང་ཆོས་སྒར་གྱི་ཁྱད་ཆོས་དང་ལོ་རྒྱུས་མ་ཤེས་པའི་དོན་རྟགས་ཞིག་རེད། ང་ནི་ཅི་ཡང་མི་ཤེས་པའི་བན་རྒན་སྙིང་ནད་མཁན་ཞིག་ཡིན་ཡང་ང་རང་གི་རྨི་ལམ་དང་སྐད་ཆ་བཤད་ཆོག་པའི་རང་དབང་ཡོད་བསམ་གྱིན་ཡོད།
རྨི་ལམ་ནི་རྨི་ལམ་རང་རེད།
བྱམས་བརྩེ་དང་དྲང་བདེན་ཅན་གྱི་སྤུན་ཟླ་ལགས། །
ཁ་ཁོག་མ་མཚུངས་བརྗེད་པ་མ་ཡིན་མོད། །
སྙིང་སྟོབས་དད་བརྩོན་ཅན་གྱི་བུ་རབ་ཁྱེད ། །
མྱ་ངན་ཐང་དུ་བཞུགས་པའི་སྣང་བར་འཆར། །
ང་ཡིས་མཆོག་གསུམ་རྒྱལ་བ་བདེན་པ་བརྡར། །
སྤུན་ཟླ་ཁྱེད་རྣམས་འཆི་གསོན་ཅི་བྱུང་ཡང་། །
དཀོན་མཆོག་གསུམ་གྱི་སྣང་བ་རྟག་འགྲོགས་ནས། །
འདི་ཕྱི་བར་དོའི་སྡུག་བསྔལ་མི་འབྱུང་སྨོན། །
ཁྱད་པར་ནུ་བོ་དུག་གྲི་གང་དུ་ཡོད། །
ཤི་གསོན་མ་གོ་ཕུ་བོ་སྙིང་མ་བདེ། །
ད་ནང་འཕྲད་པའི་རྨི་ལམ་ཟང་ཟིང་རྨིས། །
བདེན་རྫུན་མ་ཤེས་འཕྲིན་ཐུང་ཕུལ་བ་ལགས། །
མཇལ་འཛོམ་ཡོང་བའི་རེ་བ་སྙིང་ལ་བཅངས། །
བདེ་སྐྱིད་འབྱུང་བའི་སྨོན་ལམ་རྒྱུན་མ་ཆད། །
འོན་ཀྱང་རྐྱེན་ངན་ལས་ཀྱི་སྣང་བ་ཚོར། །
ཡིད་ཆད་མ་གནང་དབུ་མཆོག་ཡར་ལ་ཅོག ། །
སྙིང་སྟོབས་མ་ཞེན་དམ་བཅའི་གོ་བགོ་བགོས་ནས། །
རང་ཆོས་བསྟན་སྲིད་འཛིན་པའི་དཔའ་བོ་ཚོ། །
ཐུགས་བསྐྱེད་ལྷག་པར་བསྐྱེད་པའི་དུས་ལ་བབས། །
མཐུ་རྩལ་མེ་དཔུང་སྦར་བའི་དུས་ལ་བབས། །
གཞིས་བྱེས་བརྩེ་གདུང་མཆེད་པའི་དུས་ལ་བབས། །
མི་རྟག་སྒྱུ་མའི་འཕྲུལ་གྱིས་བསྐུལ་མ་འདིས། །
མི་ཆོས་གཙང་མའི་རང་བཞིན་ལྷང་ངེར་སྟོན། །
མི་འགྱིང་ངེད་ཅག་མཉམ་འཛོམ་ཡོང་བར་སྨོན། །
རང་བྱུང་གནོད་པས་གོད་ཆག་བཏང་བའི་འོག །
འཆི་གསོན་བར་གྱི་སྡུག་བསྔལ་ཅི་ཡོད་ཀུན། །
བསལ་བའི་མཐུ་སྟོབས་བདག་ལ་མྱུར་ཐོབ་ནས། །
ཞི་བདེའི་འོད་སྣང་ས་གསུམ་ཁྱབ་པར་ཤོག །
གོང་གི་དྲ་གྲོགས་ཐུབ་བསྟན་ལགས། བལ་ཡུལ་ན་ཡོད་པའི་བློ་མཐུན་ཚོགས་པ་ཟེར་བ་ཅི་ཞིག་རེད། ཁ་གསལ་ཙམ་གསུངས་དང་།
གཞིས་ལུས་བོད་པ་ལགས་བལ་ཡུལ་བློ་མཐུན་ཚོགས་པ་ཞེས་པ་དེ་བོད་ཕྱི་ནང་གཉིས་ཀྱིས་མ་ཤེས་པ་ཡོད་ཀྱི་མ་རེད་ཁྱོད་ཀྱི་དངོས་གནས་མི་ཤེས་ཚོགས་པ་དེ་རྒྱ་མེའི་གསང་མྱུར་བ་དངས་གནས་ཞིག་རེད།
གཞི་ལུས་བོད་པས་དྲི་བ་དེ་དག་ལ་གོ་དགོས་རྒྱུ་ཅན་ཞིག་དང་གླེང་རིན་ཡོད་པ་ཞིག་རེད། རྣམ་དཔྱོད་ལྡན་པའི་ཐུབ་བསྟན་གྱིས་བརྡ་བརྒྱུད་ཙམ་མ་ཡིན་པར་དྲང་བདེན་གྱི་ལོ་རྒྱུས་ཤིག་མུ་འཐུད་དུ་ཁོད་ཅིག ང་ཚོས་ལྟ་ཡ།
དཀོན་མཆོག་རིན་ཆེན་རྣམ་གསུམ་ནི།།
ཡེ་ནས་དྲན་ནི་མི་ཤེས་པས།།
གྲོངཆེན་ཕྱུུག་པོ་ཐམས་ཅད་ལ།།
མ་ཤི་བར་དུ་སྐྱབས་སུ་མཆི།།
ཕཊཕཊཕ
གཞན་དག་རྣམས་ཀྱིས་མང་སྟེར་བས།།
བདག་ལ་ལྟོ་གོས་འཛོམས་པ་དང།།
ཅི་འདོད་ཅི་མཁོ་བྱིན་ན་ཡང།།
ད་དུང་ལོན་པར་སེམས་སྐྱེད་དོ།།
ཕཊཕཊཕཊ
ཤ་ཆང་རྙེད་པས་ལྟོ་འགྲངས་ཏེ།།
྄འདིར་ཚོགས་ཕོ་མོ་མཛེས་པ་ཡི།།
ལུས་ཀྱི་བ་སྤུ་གཡོ་ནུས་ཤིང།།
འདོད་ཆགས་རྒྱས་པར་བྱིན་གྱིས་རློབས།།
ཕཊཕཊཕཊ
མི་བགྲད་ལྟ་སྟངས་ཧྲིགས་སེ་ཧྲིག།།
སེམས་འཁྲུག་ཅི་དྲན་འདི་འདྲན་མེད།།
྄འདྲེ་འདྲ་ཡོད་སྲིད་མེད་སྲིད་ཀྱང།།
ཅི་མཁོ་རྙེད་པའི་ཁ་མགོན་གྱིས།།
ཕཊཕཊཕཊ
དབྱར་དུས་འོ་ཞོ་མར་ཆུར་གྱིས།།
སྣོད་ཁུག་ཅི་ཡོད་གང་བ་དང།།
ཞིམ་ཞིམ་མངར་མངར་ཟ་བ་ལ།།
ནད་མེད་ཕོ་བས་ལེན་པར་ཤོག།།
ཕཊཕཊཕཊ
བདག་གི་ལུས་འདིས་ཚེར་མ་ཙམ།།
བཟོད་ནུས་མེད་ཀྱང་སེམས་ཅན་གྱི།།
ཤ་ཁྲག་ཟ་བའི་ཁ་ཕོ་ནི།།
ང་ལས་ཆེ་བ་སུ་ཡང་མེད།།
ཕཊཕཊཕཊ
ཤ་ཟོས་ཞིམ་ལ་རྐན་སྒྲ་སྒྲོག།
རྒྱུ་མ་ནུས་པས་ངམས་སེ་ངམ།།
ཁྲག་རྗེན་མི་འཐུང་དམ་བཅའ་ཡིན།།
གྱོན་པའི་པགས་པ་དྲོ་བར་ཤོག།
ཕཊཕཊཕཊ
དེ་རིང་གཤིན་པོའི་དགེ་རྩ་དང།།
སྦྱིན་བདག་ཁྱེད་ཅག་སྐུའི་རིམ་གྲོ།
འདོན་ནུས་ང་བས་འཇིགས་པ་མེད།།
འབུལ་བ་ལོངས་སྤྱོད་ང་ལ་སྔོས།།
ཕཊཕཊཕཊ
རེ་ཞིག་ཁྱེད་རྣམས་ཁྱིམ་དུ་སོངས།།
རྟོགས་ལྡན་ང་ཡང་འཁྱམ་ནས་འགྲོ།།
དགོས་པ་བྱུང་ན་ང་རྒྱུག་ཡོང།།
རེ་དོགས་བྱེད་པའི་བཀྲ་ཤིས་ཤོག།ཐུབ་བསྟན་ལགས་དེ་ཉམས་ལེན་རེ་གནང་ནས་དབེན་པའི་གནས་ཤིག་སྡན་མེ་ལེགས་སམ།།
སྡད་ན་མི་ལེགས་སམ།།
བལ་ཡུལ་བློ་མཐུན་ཚོགས་པ་འདི་ལ་སྤྱི་ཚོགས་གླེང་རྙོག་ཧ་ཅང་ཆེན་པོ་ཡོད། དེའི་སྐོར་ང་ཚོ་ལ་བཤད་འདོད་དང་ཤེས་འདོད་གང་ཡང་མེད། ཡིན་ན་ཡང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་མིང་བེད་སྤྱོད་བཏང་ཡོང་དུས་དེ་ལ་བལྟ་ཚུལ་དང་བསམ་ཚུལ་ངེས་པར་དུ་ཡོད། བློ་མཐུན་ཚོགས་པ་ཁོ་རང་ཚོས་ལས་ཀ་རེ་བྱེད་མིན་ལ་ང་ཚོས་བྱུས་གཏོགས་བྱེད་ཀྱི་མེད། རྙིང་མ་པའམ་ཡང་ན་ཆོས་བརྒྱུད་གཞན་པ་གང་རུང་གི་མིང་བེད་སྤྱོད་མ་གཏོང་རོགས་ཞུ་རྒྱུ་ཡིན། ད་སྐབས་ཡིན་ན་ཉེན་བརྡ་ཙམ་ཡིན། རྗེས་མ་འདིའི་སྐོར་མང་པོ་གླེང་མ་དགོས་ན་བསམ་ཡོད།
རྒྱ་ནག་གཞུང་ངན་དེ་དག་ལ་བློ་གཏད་མེད་པར་མངོན་གསལ་རེད་མོད། བློ་ཕམ་པ་ཞིག་ལ་བཙན་བྱོལ་གཞུང་གིས་བཀོད་སྒྲིག་ནན་མོ་མི་བྱེད་པ་དེ་ཡིན། ད་རིས་མི་ཤི་རྒྱུ་བརླགས་ཁང་ཁྱིམ་ཞིག་པའི་སྐབས་སུ་ཐབས་ཤེས་བཀོད་སྒྲིག་ཅིག་མེད་ན་གཞན་དུ་ཡ་རེ་ཆ། ༧གོང་ས་མཆོག་ཡར་ཕུད་ནས་གཞན་དག་ཕྱི་བཞུགས་བོད་ཀྱི་བླ་ཆེན་གྱི་མིང་འཛིན་པ་འགའ་རེས་དངུལ་གྲངས་བརྗོད་པ་སོགས་ཁ་བསྔོ་ས་ཡུལ་ཤུལ་ཁུལ་དུ་བསྔོས་རུང་དོན་ཉམ་ཐག་གི་མི་དམངས་ལ་མི་སྦྱིན་པར་ཕྱོགས་ཞེན་གྱི་དགོན་སྡེ་རེ་གཉིས་ཀྱི་སླར་གསོ་རུ་སྦྱིན་འདུག་ཟེར་བ་ཐོས་སོང་ཤིན་ཏུ་ཐ་་ཆད་པ་ཅིག་རེད་སྙམ་ཡོད། ང་ཚོ་ཕྱི་ཡུལ་ཕྱོགས་ནས་ཤུགས་ཆེན་པོ་ཅི་རྒྱག་འདི་རྒྱག་ཡེ་མེད་ཀྱང་དངུལ་བསྐུར་བ་དང་ཁ་ཕན་ཚིག་ཕན་གྱིས་ཐབས་ཤེས་རེ་འཐེན་རྒྱུ་དང་རྒྱུ་འབྲས་ལ་བསམ་བློ་གཏོང་ནས་ཤུལ་ལྷག་གི་དྭ་ཕྲུག་དང་ནད་པ་ཉམ་ཐག་དེ་དག་གི་ཁ་ལག་སྤྱོད་གསུམ་དུ་སྦྱིན་པ་སྨིན་ངེས་རེ་བྱེད་རྒྱུ་ཡོད་པས་དེ་འདྲ་ཞིག་ཐབས་རེམ་རེམས། ། དཔེར་ན་ས་ཡོམ་བྱུང་ནས་ཉིན་གཉིས་པ་ནས་བཟུང་བླ་རུང་ནས་ཕེབས་པའི་དགེ་འདུན་པ་མཁན་སྤྲུལ་རྣམ་པས་རོགས་སྐྱོར་གནང་ནས་དངུལ་སྒོར་རྣམས་ཀྱང་ཉམ་ཐག་མི་དམངས་རེ་རེ་བཞིན་དུ་ལག་ཏུ་འཕྲོད་ངེས་བྱས་འདུག ཟས་གོས་སྦྱིན་པ་ཡང་དེ་བཞིན་རེད། རྒྱ་གཞུང་ལ་ངོ་གཡར་དགོས་དོན་མི་འདུག དེ་འདྲའི་རྒྱུ་འབྲས་ཕྲ་ཞིབ་ཅིག་དང་མཆོད་སྦྱིན་རེ་གནང་བར་མཁྱེན་ནོ། །
་དགྱེས་རྡོར་རིན་པོ་ཆེའི་གསུངས་པ་དེ་མིན་རྒྱུ་མི་འདུག་མོད་འོན་ཀྱང་ད་ལྟ་ང་ཚོའི་བལ་ཡུལ་བློ་མཐུན་ཚོགས་པའི་བསྐོར་གླིང་བཞིན་དུ་དོན་གཞན་ཁ་མ་གཡར་རོགས་ཞུ་རྒྱ་ཡིན།
གསེར་རྟ་དཔའ་རྒོད་རྣམས་ཧ་ཅང་ཡག་པོ་རེད།།
དུས་བབ་དྲྭ་ཐོག་ནས་ཕབས་བཤུས་བྱས།
འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣༠ ཉིན་ཡུལ་ཤུལ་རྫ་སྟོད་གནས་མདོ་དགོན་པ་ནས་ཡིན་ཞིང་། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་བཀའ་བརྒྱུད་འཛིན་གྲྭའི་ནང་སློབ་སྦྱོང་བྱེད་ཀྱིན་པའི་རང་ལོ་ ༡༦ ཡིན་པའི་གྲྭ་བསྟན་འཛིན་རྒྱ་མཚོ་དང་། རྫ་སྟོད་རྫོང་རྗེ་དྲུང་དགོན་པའི་རང་ལོ་ ༡༥ ཡིན་པའི་གྲྭ་མགར་བ་དབང་ཆེན་སྟོབས་རྒྱལ་གཉིས་ཀྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་བཙན་དགོས་ཞེས་འབོད་ཚིག་བསྒྲགས་ཡོད་པ་དང་། དེར་ཡོད་ཀྱི་གྲྭ་པ་དང་མི་མང་གིས་རྒྱབ་སྐྱོར་གྱི་སྐད་འབོད་བྱས་ཡོད་ཀྱང་། ལག་ཏུ་རྒྱལ་དར་ཐོགས་པའི་ཁོང་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཕྱི་ཚེས་ ༣༡ ཉིན་གསེར་རྟ་མཆོག་ཚང་སྡེ་བའི་དགེ་འཕན་འཇིགས་ཐུབ་ཀྱི་བུ་ཨོ་རྒྱན་རྣམ་རྒྱལ་གྱིས་ཀྱང་༸རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་གདན་འདྲེན་དགོས་པ་དང་། བོད་ལ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་གནང་།
གོང་གསལ་གྱི་གནས་ཚུལ་འདི་དག་དང་འབྲེལ་ཏེ་གནས་ཚུལ་གཞན་ཁག་ཅིག་མཁོ་སྤྲོད་གནང་དོན། གོང་གི་གནས་ཚུལ་དེ་དག་བྱུང་རྗེས་ཀྱི་ཕྱི་ཚེས་ ༢ ཉིན་གསེར་རྟ་སྟག་རྩེ་དགོན་པའི་དགེ་འདུན་པ་གཉིས་ཀྱིས་གསེར་རྟ་རྫོང་དུ་ངོ་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པར་མ་ཟད། མཆོག་ཚང་སྡེ་བའི་རང་ལོ་ ༡༩ ཡིན་ཞིང་དགོན་པའི་སློབ་གྲྭའི་དགེ་རྒན་སྤྲུལ་སྐུ་རྣམ་རྒྱལ་གྱིས་གསེར་རྟ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་པའི་ཡི་གེ་གཏོར་བར། དེ་འཕྲལ་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་མི་སྣས་ཁོང་གིས་བཀྲམས་པའི་ཡི་གེ་དེ་དག་ཉིན་གཉིས་གསུམ་གྱི་དུས་ཚོད་བེད་སྤྱད་དེ་ལག་བྲིས་བྱས་པ་ཞིག་ཡིན་ཚུལ་སོགས་བརྗོད་དེ། ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་བཞིན། ཕྱི་ཚེས་ ༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ སྟེང་མཆོག་ཚང་སྡེ་བའི་རང་ལོ་ ༢༠ ཡིན་པའི་མི་སྐྱ་ཐེག་མཆོག་འབོད་པ་ཞིག་གིས་བོད་ཀྱི་རྒྱལ་དར་ཐོགས་ཏེ་ངོ་རྒོལ་སྐད་འབོད་དང་མཉམ་དུ་ཡི་གེ་གཏོར་མཐར། ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། ཕྱི་ཚེས ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༢ བར་གསེར་རྟ་རྫོང་དུ་བསྟུད་མར་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་མོད། ད་ལྟའི་ཆར་དམག་མི་འབོར་ཆེན་སླེབས་ཏེ་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་གསེར་རྟ་རྫོང་དུ་བོད་མི་ཚོར་དམ་དྲག་ཤུགས་ཆེར་བྱེད་ཀྱིན་ཡོད་པ་དང་། བརྒྱུད་ལམ་ཁག་ལ་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད།