མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར།
ཟླ་འདིའི་ཚེས ༣ ཉིན་མདོ་སྨད་གསེར་རྟར་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་བཞིན་དངོས་གནས་ཡིན་མིན་ཐད། ཟླ་སྔོན་མའི་ཚེས ༢༤ ཉིན་གྱི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་དང་བརྒྱུད་ལམ་སོགས་གཏན་འགོག་གིས་ཞིབ་རྩད་བྱ་ཐབས་བྲལ་ཡང་། ཕྱི་ཚེས ༨ ཉིན་ས་གནས་གསེར་རྟའི་མི་རེ་ཟུང་ལ་འབྲེལ་གཏུག་སྐབས་དོགས་གཞིར་གྱུར་སྟེ་གསལ་བསྒྲགས་སྔོན་སོང་ལྟར། ཁ་སང་ཕྱི་ཚེས ༩ ཉིན་མེར་བསྲེགས་གཏོང་མཁན་དུ་མིང་འཁོད་གཉིས་ལ་དངོས་སུ་འབྲེལ་གཏུག་ཐུབ་སོང་ན། རྒྱ་ནག་གཞུང་གིས་ཆེད་བཟོས་རྒྱུད་ལམ་གང་རུང་ཞིག་སྤྱད་ནས་མེར་བསྲེགས་ལས་འགུལ་ཐད་ཀྱི་ཕྱི་ཕྱོགས་ཀྱི་ཁྱབ་བསྒྲགས་ནུས་མེད་དུ་གཏོང་ཐུབ་ཁོ་ན་རེད་འདུག་པས། མེར་བསྲེགས་རྫུན་བཟོའི་སྐོར་གྱི་ཞྭ་མོ་དེ་བཞིན་རྒྱ་ནག་གཞུང་རང་གིས་བཞེས་དགོས་པ་ཆགས་ཀྱི་འདུག་པས་ཐ་ཚིག་ནན་བསྒྲགས་སུ།
ཨོ་ད་འདི་རེད། རྒྱ་གུང་ཁྲན་ཚང་ང་ད་རློམ་རྒྱུ་ཟིག་ཡོད་ནི་མ་རེད། ད་དུང་ཞིབ་འཇུག་བྱ་དགོས་པ་རེད། ལུག་ཤ་རེད་ཅེས་ཟ་རྐྱང་དང་། ཁྱི་ཤ་རེད་ཅེས་གཡུགས་རྐྱང་ག་ལ་ཡིན། འདི་ནི་ཕྱོགས་གཉིས་ཀྱི་ཉམས་མྱོང་ཞིག་རེད། ད་ནི་མི་དེ་གསུམ་གྱིས་ཁྲིམས་གཏུགས་བྱ་དགོས་པ་རེད། མྱི་མ་ཤི་གོང་ང་འདི་མོ་ཁྱབ་བསྒྲགས་བྱས་ནས་དངོས་གནས་བྱ་རྩོག་གི། བྱ་རྩོག་གི་ཡ།
འདི་རྒྱ་གོང་ཁྲན་གཞུང་གིས་ཁྱབ་བསྒྲགས་བྱས་པ་རེད་དམ་་་་་་རང་མི་ཁ་ཤས་ཀྱིས་ལབ་པ་རེད། དེང་སང་རང་ཉིད་ཀྱི་ཁྱད་དུ་གནས་ཚུལ་གསལ་ལ་མི་གསལ་བའི་རིགས་བསྒྲགས་མཁན་དྷ་སིའི་རི་ལུང་ཆུང་ཆུང་དེ་ན་མང་གི་ཡ།
དངོས་ནས་བྱ་རྩོག་གི་ཡ། གནས་ཚུལ་དེ་བདེན་པ་ཡིན་ན་འུ་ཚོའི་གསར་འགྱུར་བཀོད་མཁན་དེ་དག་གིས་སྐྱོན་རེད། སྤྱིར་ཡིན་ན ངེད་ཚང་གི་དུས་བབས་དང་ཁ་བརྡ་ སྤྱི་ཚོགས་མེ་ལོང་སོགས་གསར་འགོད་པ་གང་ལ་བལྟས་ན་སྐྱོན་ཆེན་པོ་ཞིག་ཡོད་པ་ནི། གསར་འགྱུར་གང་ཡང་རུང་པ་ཞིག་བཀོད་ཡོད་ན་དེ་ནི་བདེན་པར་ཡིན་མིན་མི་བལྟ་བར་སྤེལ་རྐྱང་བྱས་པ་ འུ་ཚང་གི་གསར་འགོད་པ་དེ་ཚོ་ཁྲིམས་ལུགས་ཀྱི་སློབ་སྦྱོང་མ་རག་པས་སྐྱོན་དུ་མཐོང་།
གནད་དོན་འདིས་ང་ཚོའི་བྱ་སྤྱོད་ལ་སྡོམ་ཚིག་ཅིག་རྒྱབ་པ་ཡིན་པས་་་་མ་འོངས་པར་ད་དུང་འདི་ལྟར་བྱུང་ན་རྒྱལ་སྤྱིའི་ཁྲོད་དུ་ང་ཚོས་ལས་བྱས་ནུས་པ་ཆུང་དུ་འགྲོ་བའི་ཉེན་ཁ་ཡོད། དེ་ན་བོད་གནས་འབྲེལ་མཐུད་པའི་གནས་ཚུལ་མཁོད་སྤྲོད་བྱེད་སྐབས་ངེས་པར་དུ་དོན་དོན་ཏན་ཏན་གྱིས་དངོས་བྱུང་ཡིན་མིན་ལ་ཞིབ་འཇུག་ལེགས་པོ་ཡོང་བའི་རེ་བ་སྙིང་དབུས་ནས་ཆེ།
རྒྱ་མིས་ཆེད་བཟོས་བྱེད་པ་རེད་ཅེས་ཆུང་ཆུང་ཆེན་པོ་བཟོ་དོན་ནི་གསར་འགྱུར་དེ་དང་པོ་བང་ཆེན་ནང་བཀོད་པས་ཡིན་གྱི་རེད། སྤྱི་མཐུན་གྱི་མིང་ཁུར་མྱོངས་མཁན་ཞིག་གིས་རྒྱ་མིས་དག་སེལ་ལ་རྒྱབ་སྐྱོར་གྱི་ཕྱོགས་བཟུང་ནས་བཤད་ན་གཏན་གཏན་ལྡོག་ཕྱོགས་ཀྱི་ནུས་པ་སྨིན་སྲིད་པ་རེད། དེ་མིན་༡༩༥༩ དང་རིག་གནས་གསར་བརྗེའི་སྐབས། ཉེ་ས་ནས་༢༠༠༨ བཅས་ལ་བོད་པས་བཤད་པ་དང་རྒྱ་མིས་བཤད་པའི་བོད་པ་བསད་གྲངས་དེ་ལྡབ་མང་པོའི་ཁྱད་པར་ཡོད་པ་ཡོངས་གྲགས་རེད། དེ་ལ་ཧང་སང་དགོས་པ་གང་ཡང་མི་འདུག མ་གཞི་ཚང་མས་གསེར་རྟ་དང་བྲག་འགོ་ན་ཁ་དཔར་སོགས་བརྒྱུད་ལམ་ཚང་མ་བཀག་འདུག་ཟེར་བཞིན་དུ་ཁྱེད་ཀྱིས་ཁོང་ཚོ་སུ་ལ་ཡིན་ཀྱང་འབྲེལ་བ་བྱེད་ཐུབ་ག་རེ་ཡིན་ནམ། དེ་ཆེན་པོ་བཟོ་དགོས་དོན་གང་ཡིན་ནམ། བདེན་དོན་ག་ལེ་གསལ་ཡོང་གི་རེད་ལ། དེ་རྫུན་པ་ཡིན་ན་རྒྱ་མིས་དག་སྐྱེལ་མུ་མཐུད་བྱེད་ཀྱི་རེད། ཁྱེད་རང་གིས་དེ་གོ་སྐབས་ཟིན་ནས་ནང་ཁུལ་འཇོམས་ཐབས་བྱེད་པ་དེ་ཐབས་སྐྱོ་པོ་རེད། སྤྱི་དོན་བསམ་དང་སྒེར་ནད་རྩོད་དེ་ནས་ཤེས་ཀྱི་འདུག