ཐུབ་བསྟན་ཕུན་ཚོགས། ༼འོས་སྦྱོར་བ། གཡུ་ལོ་ཚང་འབྱོར་ལྡན།༽
གསེར་རྟའི་བླ་རུང་གི་རྩིས་རམས་པ་ལ་བརྒལ་ལན་སྦྲང་རྩིའི་མཆོད་སྤྲིན།
ན་མོ་གུ་རུ་དྷརྨ་ཀ་རཱ་ཡེ།
གཟའ་ཆེན་བརྒྱད་དང་གོ་ལའི་རང་འགྲོས་སོགས། །
བཅུ་གཉིས་ཁྱིམ་དུ་རླུང་གིས་བསྐྱོད་པའི་ཚེ། །
དུས་བཞིའི་ཁམས་དང་མུན་སྣང་རྣམ་འགྱུར་སོགས། །
རང་བཞིན་ཆོས་ཉིད་གངས་ཅན་རྒན་པོས་རྟོགས། །
དགག་ལན་མཛད་ན་འདི་མོ་རེད། ཚིག་ཐོག་ཚིག་འགྲེལ་གནང་འདུག།
ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་འགོ་བརྗོད་སྙན་ངག་དེར་བཀླགས་སྤྲོ་པོ་བྱུང་། མྱི་ཡོན་ཏན་ཅན་ཞིག་དང་རྟོགས་སད་པ་ཞིག་ཡིན་ཟོལ་འདུག་པས་དགའ་པོ་བྱུང་།
སྦྱང་པའི་ཡོན་ཏན་དང་སྐྱེས་པའི་ཤེས་་རབ་སགས་པའི་ཉམས་མྱོང་མཐོང་འཐོས་
ཀྱི་དྲན་པ་འབྲི་རྩོམ་གྱི་རིག་རྩལ་་སོགས་གང་ལ་བལྟས་ཀྱང་མཁས་པ་གཅིག་ནི་
ཡིན་ས་རེད་(སེར་རྟའི་་རྩོམ་དེ་མ་མཐོང་སྟབས་་རང་གི་བསམ་ཚུལ་ཆ་ཚང་་
འདིར་གླེང་ཐུབ་མ་སོང་)
གསེར་རྟ་སྒར་གྱིས་རྒྱ་མིའི་ཕོག་གཟན་དེ་ཚོ་བསམ་བློ་ལེགས་ལམ་ལ་བསྒྱུར་ནུས་པ་དཔེ་ཡག་པོ་མཐོང་སོང་། ཡིན་ན་ཡང་ནང་ཆེན་ལྷ་དབང་གིས་འདི་ལ་མཐུ་འདྲ་ཞིག་བཏང་འདུག ཧ ཧ
དགག་ལན་ཡག་པོ་བྲིས་འདུག་ད
བློ་གྲོས་ཞིབ་མོའི་གཏམ་གྱིས་ཕྱུག་པའི་གདངས། བློ་གྲོས་མི་ཟད་རྒྱན་གྱིས་སྙན་ངག་སྤུད། བློ་གྲོས་ཅན་གྱིས་རྒོལ་ངན་འཇོམས་པའི་ཚུལ། བློ་གྲོས་མིག་གི་ལྟད་མོའི་རྒྱན་དུ་ཆེ།
དགག་ལན་ཡིན་ནའང། གང་ལྟར་རྩོམ་ཀྱི་དྲོད་ལ་བལྟས་ན་གསེར་རྟ་ཚང་ལ་ཕྲག་དོག་དང་། མི་དགའ་མཁན་ཞིག་རྣམ་པ་བསྟན་འདུག དེ་ན་ཐབས་སྡུག་པོ་དང་། སྙིང་རྗེའི་ཡུལ་ལས་མ་འདས། ཡིན་ནའང་གཞུང་ལུགས་ལ་ཇི་ལྟེ་མ་བྱང་དང་། ཁྱད་པར་དུ་ནང་བསྟན་ལ་བརྩི་མཐོང་ཡིན་མི་ཐེ་ཚོམ་མོ།
ཐུབ་བསྟན་ཕུན་ཚོགས་ཀྱི་རྩོད་པ་འདིར་དོན་གསུམ་འདུག། ༡༽ བླ་རུང་སྒར་གྱིས་དགེ་བཅུའི་ཁྲིམས་སོགས་བྱ་བ་ཐམས་ཅད་ལོག་པར་བལྟ་བ། འདི་ཞིབ་མོར་བཤད་ན་རྟོགས་སླ། ༢༽ཉི་ནག་སུ་ཡི་ལུགས་ཡིན་པ། འདི་ལ་སྙོག་འཛིང་ཆེ། དམངས་ཁྲོད་ཀྱི་འཛེམས་བྱ་མང་པོ་ཞིག་རྣམ་རྟོག་གིས་བཞག་པ་ཡིན་པས་མི་རིགས་དང་རྒྱལ་མཚམས་མེད་པར་དོགས་པ་འདི་ཀུན་ལ་འགོ་སླ་བས་ཐུག་མེད་རེད་སྙམ། རྒྱ་ནས་བོད་དུ་དར་བའམ་བོད་ནས་རྒྱ་ལ་དར་བ་གང་ཡིན་བཤད་དཀའ། འདི་ལ་རྒྱ་བོད་ཀྱི་རིག་གཞུང་གཞིར་བཞག་གིས་དཔྱད་པ་དང་རྩོད་པ་བྱེད་ས་འདུག ༣༽དགོངས་འདུས་སྐར་མཛོད་མ་དག་པ་ཡིན་ཚུལ། འདི་ནོར་འཁྲུལ་བྱུང་འདུག་སྙམ། བོད་དུ་དར་བའི་རྩིས་གཞུང་གསལ་སྒྲོན་སྐོར་ལ་སྔ་ཕྱི་དུ་མ་འབྱུང་བའི་ལོ་རྒྱུས་ཡོད་ལ། ནོར་བ་དེ་ཨོ་རྒྱན་གླིང་པ་དང་སངས་གླིང་པ་གཉིས་ཀས་དག་པར་མི་འདོད། ཀུན་གྱིས་དགག་ཡོད་པ་དེ་རྒྱ་ནག་དུ་ཧར་ནག་པོའི་ལུགས། གསལ་སྒྲོན་ལེའུ་བརྒྱད་པར། སྲོག་ནི་ཤིང་ཕོ་བྱི་བ་གཅིག །ལུས་ཀྱི་ཤིང་ཕོ་བྱི་བ་གཉིས། །དབང་ཐང་ཤིང་པོ་བྱི་བ་བདུན། །མི་གསུམ་གཉེར་བ་རེས་མོས་བཞིན་། །ཟེར་བ་སོགས་གསལ་སྒྲོན་དྲུག་ཅུའི་སྐོར་འགའ་ཞིག་རེད། །དགོངས་འདུས་རྣམ་དག་ཏུ་སྒྲུབ་མཁན་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་། འཇམ་མགོན་ཀོང་་སྤྲུལ་སོག་སགཙོ་བོ་རེད། ཐོབ་ཡིག་མཇལ་བས་ཤེས། དགོངས་འདུས་ཀྱི་དབང་ལུང་ཁྲིད་བཅས་བརྒྱུད་འཛིན་གཙོ་བོ་ཀཾ་བླ་མ་རྣམས་རེད། ཀརྨ་པ་སྐུ་པྲེང་རིམ་བྱོན་གྱིས་དགོངས་འདུས་སྐོར་བཀག་མེད་པར་མ་ཟད་ཐུགས་རྩིས་རྒྱ་ཆེར་གནང་ཡོད། སངས་རྒྱས་གླིང་པ་ནི་ཀརྨ་པ་རོལ་བའི་རྡོ་རྗེ། ཞྭ་དམར་མཁའ་སྤྱོད་དབང་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པཎ་ཆེན་སོགས་སྐབས་དེའི་བོད་ཀྱི་མཁས་གྲུབ་ཆེ་རྒུ་ཕལ་མོ་ཆེའི་བླ་མར་གྱུར་པས་གཏེར་སྟོན་རྩོད་མེད་དུ་གྲུབ་པ་ཞིག་རེད། ཏཱ་མིང་རྒྱལ་པོས་གུ་རུ་པདྨའི་གཏེར་ཆོས་རྩོད་མེད་ཅིག་གདན་དྲོངས་ཞུས་དུས། ཀརྨ་པ་པ་དེ་བཞིན་གཤེགས་པས་དགོངས་འདུས་ཡོངས་རྫོགས་གདན་དྲངས་པའི་ལོ་རྒྱུས་རྣམ་ཐར་ཏུ་བཞུགས། དགོངས་འདུས་སྲུང་མའི་ཡ་གྱལ་ཤ་ཟ་ཁ་མོ་ཆེ་བཀག་པར་མ་ངེས་ཏེ། ཀཾ་ཚང་སྲུང་མའི་གཙོ་བོ་བེར་ནག་ལྕམ་དྲལ་གྱི་གཙོ་བོ་དང་། དེ་འཔྲོས་མཁར་ནག་དང་རྡོར་རྒྱལ་སོགས་དྲེགས་པ་དུ་མ་བཞུགས་པས་སོ། །སྤྱིར་དགོངས་འདུས་བཀའ་སྲུང་གཙོ་བོ་རྟ་མགྲིན། དེ་འཔྲོས་བདུད་བཙན་ཤ་ཟ་སོགས་འཁོར་དུ་གཏོགས་སོ། །འདིའང་དྲི་མེད་ལྷག་བསམ་གྱི་རྟོགས་འགྱུ་ཞིག་གོ། །
མཁས་བ་ཡིན་ས་རེད།
བཅོས། ༢༽ངན་པ་དགུ་འཛོམས་དང་ཉི་ནག་གི་ཁུངས་གང་ཡིན་རྩོད་པ་རེད།
ཡང་། ཐུབ་བསྟན་ཕུན་ཚོགས་ཀྱིས། ༡༽ཉི་མ་ནག་ཆེན་དང་། 土地爷་གཅིག་ཏུ་འཛིན་པའང་དོ་ཟླ་ཞིག་བཙལ་བ་ཙམ་ལས་ཁུངས་ཡོད་པར་མ་མཐོང་། 土地爷་ནི་རང་རེའི་ཡུལ་ལྷ་བཞིན་རྒྱ་ནག་གི་ས་གནས་སོ་སོ་དང་ཁྱིམ་ཚང་ཚོས་ཀྱང་མཆོད་ལ་ནོར་ལྷར་བརྩི། ཉི་ནག་ནི་ལྟས་ངན་དང་བཀྲ་མི་ཤིས་པར་འཇོག་པས་སོ། ། ༢༽དགག་པ་བྱེད་ས་བླ་རུང་ཡིན་ནམ། མདའ་འཕེན་ས་རྒྱ་རྫོང་ནག དོན་དམ་པར་རྒྱ་སྟག་སྙིང་ཟེར་བ་ལྟར། རང་གི་སྐྱབས་གནས་དཔལ་སྤུང་བླ་མ་ཚོ་ལ་དགག་པ་བྱེད་མ་བདེ་བར་བླ་རུང་ལ་ཁ་གཡར་བ་ཙམ་དུ་ཟད་དེ། ། དཀར་ཟས་སྤེལ་མཁན་གཅིག་ནི་རྒྱལ་བ་ཀརྨ་པ་ཨོ་རྒྱན་རྡོ་རྗེ་རེད། ལོ་ནག་བཅོས་ཐབས་ཀྱི་བུམ་པ་དང་། ས་བཅོས་བུམ་པ་སོགས་འཇིག་རྟེན་རྣམ་རྟོག་སེལ་བའི་ཐབས་མངཔོས་ཚོངབྱེད་མཁན་ནི་དཔལ་སྤུང་དགོན་པ་ཡིན་པ་ལས་བླ་རུང་དགོན་མིན་པ་གསལ་ཐག་ཆོད་ཡོད་པས་སོ། །ཚོང་ལས་བྱས་པ་དེ་སྤྱི་ཚོགས་ཀྱི་བདེ་ཐབས་ཡིན། དེ་ལ་སྐྱོན་ཡོད་ན་ཐུབ་བསྟན་ཕུན་ཚོགས་ཀྱིས་སྐར་རྩིས་དཔེ་ཚོང་དང་མཚུངས་པས་སོ། །
དཔའ་སྤུང་ཐུབ་བསྟན་ཕུན་ཚོགས་ཀྱིས།
མེས་པོའི་སྲོལ་ལུགས་འབྲོག་པའི་སོ་ནམ་འགོག །
རྒྱ་ལུགས་ཆོས་སྲོལ་སྔོ་ཟས་བོད་ལ་སྤེལ། །
བོད་མོར་འདྲེ་མཐོང་རྒྱ་མོ་ལྷ་རུ་བཀུར། །
གསེར་རྟར་དར་ཡང་བོད་ཀྱི་རང་ལུགས་མིན། །
༼མཆན། ཞིང་འབྲོག་ཕ་སྐད་སློབ་སྦྱོང་། དཀར་ཟས། རྒྱ་ནག་གི་སྦྱིན་བདག འབྲོག་མོའི་འཕྲོད་རྟེན་སོགས་དགག་པ༽
ཞིང་འབྲོག་འཚོ་བ་དགེ་བཅུའི་ཁྲིམས་ཀྱིས་བཅུན།།
བཙུན་པ་ཕོ་མོ་གདན་ཁྲི་གཅིག་ཏུ་འཚོགས། །
སེར་གོས་གྱོན་ཞིང་འབངས་ལ་མནར་གཅོད་གཏོང་།།
གསེར་རྟར་དར་ཡང་འདུལ་བའི་རང་ལུགས་མིན། །
༼དགེ་བཅུའི་ཁྲིམས། སྨོན་ལམ་ལ་སྐྱ་སེར་ལྷན་གཅིག་འཚོགས་པ་དགག་པ། ༽
སྲིད་དོན་ཆེད་དུ་སྤྱི་ཚོགས་སྒྲིག་ལམ་སྤེལ། །
རང་འདོད་ཆེད་དུ་བོད་འབངས་སྐྱབས་འོག་ཕུད། །
མཐུན་སྒྲིལ་ཆེད་དུ་བྱམས་བརྩེས་རྒྱ་སློབ་བསྐྱངས། །
གསེར་རྟར་དར་ཡང་སངས་རྒྱས་ཆོས་ལུགས་མིན། །
༼མཚོན་མི་འཆང་བ། ཞི་བདེའི་དཔུང་རྟགས། ཆོས་ལུགས་མཐུན་སྒྲིལ། རྒྱ་རིགས་ལ་ནང་ཆོས་སློབ་སྟོན་དགག་པ༽
སློབ་དཔོན་ཐུབ་ཕུན་གྱིས་འཇོན་མི་འདུག པེ་ཅིང་ལ་མི་རིགས་གཞན་གྱི་སློབ་དཔོན་ཆེན་མོ་ཚོས་རང་རང་གི་མི་རིགས་ཀྱི་སྐུ་ཚབ་བྱས། གསུང་ཚབ་བྱས། ཐ་ན་རང་གི་ལུས་སྲོག་བཟའ་ཚང་གི་ལྟོ་རྒྱབ་བློས་བཏང་ནས་བཙོན་ཁང་ནང་ལ་འགྲོ་གི་ཡོད་དུས་སློབ་དཔོན་ཐུབ་ཕུན་ཟེར་བ་འདིས་བོད་ནང་གི་སྲོལ་རྒྱུན་གྱི་ཆོས་རྩོད་ན་ན་ཚ་ཚ་སྐྱག་པ་ལ་ལག་པ་འཆངས་མཁན་དུ་གྱུར་པ་ཧ་ཅང་ཐབས་སྐྱོ་པོ་རེད། གལ་སྲིད་རྩོད་དགོས་ན་སྐབས་སུ་བབ་པའི་བརྗོད་བྱའི་གནད་ལས་མི་འཇུ་བར་ཕག་གིས་ཐག་པ་དྲུད།ཐག་པས་སྐྱག་པ་དྲུད་པའི་དཔེ་བཞིན་དུ་མཚངས་འབྲུ་རེས་དང་སྐྱོད་འདོན་རེས་བྱེད་པ་འདི་མཁས་པའི་བགྲོ་གླེང་ཞིག་དང་གཏན་ནས་མི་འདྲ།་ལྷག་པར་དེངས་རབས་ཀྱི་མཁས་པའི་བགྲོ་གླེང་བྱེད་སྟངས་ཤིག་གཏན་ནས་མ་རེད། ད་འདི་ལ་ལན་འདེབས་རན་མི་འདུག
ཀྲུང་དབྱང་མི་རིགས་སློག་གྲྭ་ཆེན་མོའི་བོད་རིག་པའི་མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་དང་། གསེར་རྟའི་བླ་རུང་སྒར་གྱི་རྩིས་རམས་པ་དགེ་དཔལ་ལགས་རྣམ་པ་གཉིས་ཀྱི་དབར་དུ། བོད་རང་ལུགས་ཀྱི་རྩིས་གཞུང་རིག་པའི་རྣམ་བཞག་གི་སྐོར་ལ། བགྲོ་གླེང་ཧ་ལས་པའི་ཡག་པོ་གནང་བཞིན་འདུག་པས། བགྲོ་གླེང་འདི་ལྟ་བུ་མུ་མཐུད་ནས་རྒྱུན་སྐྱོང་གནང་གལ་ཆེ། །
ཅིས་ན་ང་ཚོ་གཞོན་སྐྱེས་ཚོས་བོད་ཀྱི་རིག་གནས་ཆེ་བ་ལྔ་ཡི་ནང་ཚན། ཕྱི་རིག་པའི་བྱུང་རབས་སྐོར་ལ་ཚུལ་བཞིན་དུ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན། དེ་འདྲ་ཡིན་དུས་རྣམ་པ་གཉིས་ཀྱི་དབར་དུ་སྔར་ལུགས་ལུང་དང་རིགས་པ། དེང་ལུགས་དངོས་ཐོག་བདེན་འཚོལ་བཅས་ཀྱི་ལམ་ནས། ཚ་ཚ་འུར་འུར་གྱིས་བགྲོ་གླེང་ཁ་ཡོད་ལག་ཡོད་འདི་འདྲ་གནང་ཐུབ་ན། སྐོམ་པ་ཆུ་འདོད་ལྟར་གྱི་བོད་རིགས་གཞོན་སྐྱེས་ཡོངས་ལ་སྣང་བ་གསར་པའི་དགའ་སྟོན་གྱ་ནོམ་པ་རེ་ཏན་ཏན་སྦྱིན་ནུས་པར་སེམས་སོ། །
གཞན་དུ་རྣམ་པ་གཉིས་ཀས་དཔའ་དང་དཔུང་པ་ངོམ་རེས་དང་། མཐུ་དང་སྲུང་མ་བསྐུལ་རེས་གནང་ནས་རིན་ཐང་ཅན་གྱི་བགྲོ་གླེང་འདི་ཅོལ་ཆུང་དུ་མི་གཏོང་བའི་སྐྱབས་འཇུག་སྙིང་ནས་ཞུ་བ་ཡིན། སྤྱིར་སྟངས་རིན་ཐང་ཅན་གྱི་བགྲོ་གླེང་འདི་འདྲ་གནང་དུས་ཕན་ཚུན་ཏོག་ཙམ་ཏོག་ཙམ་སྡིག་རེས་བྱས་པ་ཡིན་ན་ལས་སྐྱོན་ཆེན་པོ་རང་ཨ་ཡོད་སྙམ། །
དཔེན་ན་ས་པན་གྱིས། མཁས་པ་རྩད་ཅིང་མ་དྲིས་པ། དེ་ཡི་བར་དུ་གཏིང་མི་དཔོགས། རྔ་ལ་དབྱུག་གུས་མ་བསྣུན་པ། དེ་སྲིད་གཞན་དང་ཁྱད་ཅི་ཡོད། ཅེས་གསུངས་པ་ལྟར། ཕན་ཚུན་གྱི་རྔ་གོག་ལ་དབྱུག་གུས་བསྣུན་རེས་ཏོག་ཙམ་གནང་ན་སྒྲ་ག་འདྲ་ཡོད་རང་དབང་མེད་པར་གྲགས་ཡོང་བ་་ལུང་གིས་ཀྱང་ཟིན། འོན་ཀྱང་ང་ཚོའི་རེ་བ་ལ་བོད་ནང་ལོགས་ཀྱི་མཁས་དབང་རྣམ་པ་གཉིས་ཀྱི་བགྲོ་གླེང་རིན་ཐང་ཅན་འདི། བོད་གཞི་བྱེས་གཉིས་ཀྱི་བསྐལ་ལྡན་སློབ་བུའི་ཚོགས་རྣམས་དྭངས་བ་འདྲེན་པའི་ཞིང་སུ་ཞིག་ཏུ་འགྱུར་བའི་རེ་བ་ཅིས་ནས་ཀྱང་ཆེ་བ་ཡིན་ནོ། །
བོན་པོས་བཤད་པ་ལེགས། ཕན་ཚུན་སྨོད་པ་ཙམ་མིན་པར་དངོས་དོན་དང་འབྲེལ་བའི་བགྲོ་གླེང་བྱས་ན་བདེན་རྫུན་གྱི་དཔང་པོར་འཛམ་གླིང་གི་མཁས་དབང་རྣམས་བཞུགས་པ་ཡིན། །ཉན་འདོད་དང་། ལྟ་འདོད་ཤིན་ཏུ་ཆེ། །
རྒན་ཐུབ་བསྟན་ཕུན་ཚོགས་མཆོག་ནི་བོད་ཀྱི་མཁས་དབང་ཞིག་ཡིན་པར་མ་ཟད། སྐུ་ཚེ་ཧྲིལ་བོ་བོད་ཀྱི་རིག་གཞུང་ཐད་བསྟིམས་ཡོད་པས། བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་གདོང་རུས་ངོ་མ་དེ་བོད་མི་ཀུན་ལ་བཤམས་འདུག་ན། ཡོད་ཚད་རྒྱ་དཀར་ནག་ནས་མཆེད་པར་སྨྲ་མཁན་ཚོར་ཕོག་ཐུག་ཏུ་སྲིད་ཀྱང་དོན་ལ་བོད་ནི་ཨེ་ཤི་ཡའི་དཔལ་ཡོན་གྱི་འབྱུང་ཁུངས་ཤིག་ཡིན་པ་བསྟན་ཡོད།
་གནམ་སྡེ་ལོ་ཡང་སྐུ་ཚེ་ངང་རྒྱུ་བོ། ཁྱོད་ཀྱིས་བོད་ཡུལ་མདོ་དབུས། ཁྱད་པར་མདོ་སྨད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་འགྲོ་མྱོང་གསུངས་སོང་། ཡིན་རྒྱུ་རེད་སྙམ། འོན་ཀྱང་བོད་ནང་གི་སྤྱི་ཚོགས་ལ་རྒྱུས་དེ་ཙམ་མེད་པའི་བཟོ་འདུག །བོད་རིག་པ་སྨྲ་བ་ལ། ༡བོད་ཀྱི་རིག་གནས་མ་གཏོགས་འཚོ་བ་སྐྱེལ་བའི་ཆ་རྐྱེན་མེད་པ་དང་། ༢བོད་ཀྱི་རིག་གནས་ལ་དགའ་ཞེན་གྱིས་འཚོ་བ་སྐྱེལ་བ། ༣བོད་ཀྱི་རིག་གནས་གཏོར་ཆེད་བོད་ཡིག་ལ་བརྟེན་ནས་འཚོ་བ་སྐྱེལ་བ་སྟེ་རིགསགསུམ་ཡོད། ཕྱི་མ་རྒྱ་མི་ཝང་ཡོ་ལྟ་བུ་རེད། དེ་ལྟ་བུ་ཡོད་པའི་བགྲོ་གླེང་དུ་གཞན་པ་རྣམས་ཀྱིས་ཞལ་དེ་ཙམ་གྲགས་མི་ཕོད། རང་རེ་བོད་པའི་ནང་དུ་ཝང་ཡོ་ལྟ་བུ་མེད་པའི་སྨོན་ལམ་འདེབས། བོད་རིག་པའི་མཁས་པའི་སྡེ་ཚན་དུ། ཐུབ་ཕུན། དཔའ་འབར་རྡོ་རྗེ། འབྲོང་བུ་ཚེ་རིང་རྡོ་རྗེ་གསུམ་གྲགས་ཅན་རེད། རྒྱ་དཀར་ནག་དགག་མཁན་གྲས་མ་རེད། གཞུང་འབྲེལ་གྱི་གསུང་བཤད་རྙན་འཕྲིན། བརྙན་འཁོར་སོགས་ལ་སྐབས་རེར་གཟིགས་ཙམ་རེ་གནང་ནས་དཔྱད་བརྗོད་སྤེལ་ན་དཔྱོད་ཤེས་ལགས་སོ། །
ཐུབ་ཕུན་ངོ་མ་འཇིག་གི ལན་ཚ་ཐག་ཆོད་བརྒྱབ་འདུག ༧གོང་ས་མཆོག་གིས་བླ་རུང་གི་རྒྱ་བླ་དེ་ཚོར་སེམས་ཁྲལ་གནང་བར་བྱེད། ལྟས་ངན་དེ་ཚོས་རྒྱ་རོའི་དངུལ་དང་རྒྱ་མོའི་སྟུ་མགོ་ལ་བཞག་ནས་གསེར་ལས་རིན་ཐང་ཆེ་བའི་བོད་པའི་ཕ་ཆོས་དེ་ཚོ་ཕམ་ཚོང་བྱེད་པ་མཐོང་དུས་ཡིད་རེ་སྐྱོ། བླ་རུང་གི་རྒྱ་བླ་དེ་ཚོས་རྒྱ་ཡུལ་ལ་ཕྱིན་ནས་ཁ་འབུ་དང་མི་བྲལ། མཇེ་རྒྱ་མོའི་རྐུབ་དང་མི་བྲལ་བར་བསྡད། ཕ་ཡུལ་ལ་འབྲོག་པ་ཉམས་ཆུང་ཚོར་ཟོག་བཤའ་མོ་ཆོག་པའི་བཀའ་བཏང་། ངོ་ཚ་རྒྱུ་མེད་པ།
དེ་བསམ་ན་༧རྒྱལ་དབང་ཀརྨ་པས་འདུལ་བར་གཙིགས་ཆེན་བྱེད་པ་འདི་ངོ་མ་སངས་རྒྱས་བསྟན་པར་ཞབས་འདེགས་རེད། ཉེ་ཆར་༧ས་སྐྱ་གོང་མ་རིན་པོ་ཆེས་རྒྱལ་དབང་ཀརྨ་པར་འདུལ་བར་གཙིགས་ཆེན་གནང་བ་དེར་དམིགས་བསལ་འབུར་འདོན་གནང་ནས་བསྟོད་པ་འབུལ་བ་དེ་ལ་དགོས་པ་འདུག རྒྱ་བླ་དེ་ཚོས་འདུལ་བ་འཛིན་པའི་ཆས་གྱོན་ནས་ནམ་ཡིན་རུང་རྒྱ་མོ་ཞབས་ཞུ་ཞིག་རྟག་ཏུ་མཉམ་དུ་ཁྲིད་འགྲོ་བ་དེ་ངོ་མ་་་་་་ད་མི་བཤད།
གོང་ལ་ངས་རྒྱ་བླ་རྣམས་འཐེར་འདོན་བྱེད་པའི་སྐབས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་གོང་ཕུད་ཡིན། བློ་གཟུ་བོར་གནས་ནས་བརྟག་ན། མཁན་པོ་ཁོང་གཉིས་ལ་ད་བར་ལེགས་སོ་ཞུ་རྒྱུ་ལས་གཞན་མེད།
་་་་་་་་་་་་་་ །བོད་རིག་པ་སྨྲ་བ་ལ། ༡བོད་ཀྱི་རིག་གནས་མ་གཏོགས་འཚོ་བ་སྐྱེལ་བའི་ཆ་རྐྱེན་མེད་པ་དང་། ༢བོད་ཀྱི་རིག་གནས་ལ་དགའ་ཞེན་གྱིས་འཚོ་བ་སྐྱེལ་བ། ༣བོད་ཀྱི་རིག་གནས་གཏོར་ཆེད་བོད་ཡིག་ལ་བརྟེན་ནས་འཚོ་བ་སྐྱེལ་བ་སྟེ་རིགསགསུམ་ཡོད། ཕྱི་མ་རྒྱ་མི་ཝང་ཡོ་ལྟ་བུ་རེད། ་་་་་་་་་་་་་་
མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས་མཛད་གནང་བའི།
གསེར་རྟའི་རྩིས་རམས་པ་ལ་བརྒལ་ལན་སྦྲང་རྩིའི་མཆོད་སྤྲིན།
ཞེས་པ་འདིའི་བྱུང་རིམ་ངོ་མ་དེ་འདི་ལྟར་ཡིན་པ་ཡང་དྲྭ་གྲོགས་ཚང་མས་མཁྱེན་དགོས་པར་སེམས་སོ། །
མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས་འདི་ལྟར་སྨྲས་པ།
༼ཉེ་ཆར་ཁོ་བོས་རང་གི་མི་རིགས་འདི་ཡུན་རིང་པོ་ཞིག་རྨོངས་པའི་གཉིད་ལམ་དུ་སོང་བའི་དོན་རྐྱེན་འདི་ལས་རིམ་བཞིན་སད་པའི་དུས་ལ་བབས་འོས་སྙམས་ཞིང་། གནའ་སྲོལ་གྱི་རིག་གནས་ནང་དུ་གང་ཞིག་ཚན་རིག་ཡིན་པ་དང་། གང་ཞིག་རྨོངས་དད་ཡིན་པ། གང་ཞིག་མི་རིགས་རང་གི་རིག་གནས་ཡིན་པ་དང་། གང་ཞིག་རྒྱ་དཀར་ནག་ནས་བསྒྱུར་བའི་རིག་གནས་ཡིན་པ་སོགས་རེ་རེ་བཞིན་གོ་བདེའི་ངག་གིས་གསལ་བཤད་ཅིག་འགོ་བཙུགས་ནས། བོད་ཀྱི་ལོ་ཐོའི་ནང་དུ་གནའ་བོའི་དུས་སུ་རྒྱ་ནག་ནས་བསྒྱུར་བའི་ཡན་ཀྭོང་དང་། ངན་པ་དགུ་འཛོམས་སོགས་དེང་དུས་རྒྱ་ནག་རང་གིས་ཡུལ་དུའང་བེད་སྤྱོད་སྲོལ་མེད་པ་ཆགས་ཟིན་པའི་རྨོངས་དད་ཀྱི་རིགས་འདི་དག་གསལ་བཤད་ཅུང་ཟད་བྱས་པ་ལ། གསེར་རྟ་བླ་རུང་སྒར་གྱི་རྩིས་པ་དགེ་དཔལ་ཞུ་བ་ཞིག་གིས་ཁོ་བོ་ལ་བཀའ་བཀྱོན་གནང་བའི་གུས་ལན་དུ་ཕུལ་བར།༽
གསེར་རྟ་བླ་རུང་སྒར་གྱི་རྩིས་པ་དགེ་དཔལ་ཞུ་བ་ཞིག་གིས་ཁོ་བོ་ལ་བཀའ་བཀྱོན་གནང་བའི་གུས་ལན་དུ་ཕུལ་བར། གསུངས་འདུག་པས་རིག་གཞུང་གི་རྩོད་པ་འདིའི་མགོ་འཛུགས་སྟངས་འདི་མོ་ཡིན་པ་ཡང་མཁྱེན་པར་མཛོད། །
ལྷ་སྡེ་གནམ་ལོ་ཡག་ལགས། རྫུན་བཤད། རྫུན་ལ་ཡིད་ཆེས་བྱས། རྫུན་ལ་ཁུངས་བཅོལ། རྫུན་གྱི་སྟེང་དུ་རྫུན་གྱི་རྣམ་བཞག་བྱས་བསྡད་ན་བོད་འདི་ཨེ་ཞེ་ཡའི་རིག་གནས་དཔལ་ཡོན་གྱི་འབྱུང་ཁུངས་ལ་འགྱུར་གི་མ་རེད། དེ་ལས་ལྡོག་སྟེ། རྒྱུ་མཚན་དང། དཔང་རྟགས། ཁུངས་སྐྱེལ། དངོས་མཐོང་གི་བདེན་པའི་རིན་ཐང་ལ་རྩིས་འཇོག་གྱིས་དང་བོད་འདི་ཡང་ཨེ་ཞེ་ཡའི་རིག་གནས་དཔལ་ཡོན་ཅན་གྱི་གྲས་ལས་ལྷུང་བའི་དོག་པ་དགོས་གི་མ་རེད།
དེར་མ་ཟད། མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས་འདི་ལྟར་གསུངས་པ།
༼ཞེས་པ་མཆོད་པ་བརྗོད་པའི་ཀུ་རེའི་ངག་རྩེད་ཀྱིས་སྣེ་དྲངས་ནས་་་དམ་པའི་གྲོགས་མཆོག་་་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྩིས་རིག་སྨྲ་བ་དགེ་དཔལ་ལགས་ལ་བཀའ་ལན་དུ་ཞུ་བར།༽ གསུངས་འདུག་པས་འདི་ཡང་མཁྱེན་དགོས། །
གོང་དུ་ང་དང་འབྲེལ་ནས་བསམ་ཚུལ་ཁ་ཤས་ཤིག་འདུག དེ་དག་མདོར་དྲིལ་ན་གཤམ་གསལ་ལྟར་རེད་འདོད།
༡ བོད་ནང་གི་མཁས་པ་ཚོ་ཁོར་ཡུག་གི་དབང་གིས་རྒྱ་ནག་གཞུང་འབྲེལ་ལས་བྱེད་ཆགས་པ་རེད་མ་གཏོགས་དང་བླངས་ཀྱིས་མགོ་འབུལ་ལུས་གནང་མཁན་རེ་གཉིས་ཤིག་རེད། དབྱུག་པས་ལེབ་རྡུང་བྱེད་ག་ལ་རུང་། ཐ་ན་ངྷ་རམ་ས་ལའང་རྒྱ་ནག་རྩ་ཁྲིམས་འོག་ལ་མཆོངས་རྐྱང་གནང་བཞིན་པ་མ་ཡིན་ནམ།
༢ ཝང་ཡོ་རྒྱ་མི་བོད་ཡིག་ཤེས་མཁན་རེད་ལ། བོད་ཡིག་བཀོལ་ནས་རྒྱ་གཞུང་གི་ལྟ་བ་བསྒྲགས་པའི་ཐོབ་ཐང་ཡོད་པ་རེད་འདོད། དྲི་བ་གང་རེད་ཅེ་ན། རྒྱ་གཞུང་གི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་ང་ཚོ་རེ་འགའ་ཞིག་བཙན་བྱོལ་ནང་དུ་མ་སླེབས་པར་དུ་ངྷ་རམ་ས་ལས་ཅིའི་ཕྱིར་ཐེ་ཝན་ནས་བོད་པ་ཝང་ཡོ་ལྟ་བུ་ཞིག་བསྐྱེད་བསྲིངས་གནང་མ་ཐུབ་པ་རེད་དམ། དེ་རིང་ད་དུང་གྲ་སྒྲིག་ཙམ་ཡང་མེད་དོན་ཅི།
༣ ལོ་ངོ༤༠༠༠ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་བོད་ཡིག་བརྙེད་ཟིན་པ་དང་། རྩེ་ཕོ་བྲང་པོ་ཏ་ལའི་ནང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཟུར་ལྟ་གནང་བའི་བོན་གྱི་རྩིས་གཞུང་ཁག་བཞུགས་ཀྱིན་པ། རྒྱ་ནག་གི་མ་ཡུམ་གཙང་བོ་ནི་བོད་ནས་འབབ་ཀྱིན་པའི་རྨ་ཆུ་ཡིན་པ། རྒྱ་གར་གྱི་མ་ཡུམ་གཙང་བོའང་བོད་ནས་འབབ་ཀྱིན་པར་མ་ཟད། གངས་རིན་པོ་ཆེ་དང་མཚོ་མ་ཕམ་ནི་རྒྱ་གར་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པ། དངོས་མཐོང་ཡོད་པའི་འཇའ་ལུས་འཐིམས་པའི་སྣང་ཚུལ་ནི་བོན་ཆོས་ཁྲོད་ཀྱི་ཉམས་ལེན་ཡིན་པ། ད་དུང་བོད་ཀྱི་དམངས་ཁྲོད་དུ་བགྲང་ལས་འདས་པའི་ཆོ་ག་དང་རང་བྱུང་ཁམས་ལ་དད་པའམ་མཆོད་གསོལ་བྱེད་སྟངས་སོགས་ནི་ཁུངས་སྐྱེལ་དང་མཐོང་དུ་ཡོད་པའི་དཔང་རྟགས། བགྲང་དུ་ཆོག་པའི་རྒྱུ་མཚན་ཅིས་མ་ཡིན།
༤ ངས་བོད་ལ་གདོད་མ་ནས་ངོམས་ཆོག་པའི་རིག་གཞུང་ཞིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་སྐྱོན་བརྗོད་རྩ་བ་ནས་བྱེད་ཀྱི་མེད། དེ་ལས་ལྡོག་ནས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་བོད་ནང་དར་འཕེལ་བྱུང་བའི་སྐབས་དེར་བོད་འདི་ཨེ་ཤ་ཡའི་ནང་གི་ཤེས་རིག་ཕྱི་ཚོང་གནང་བཞིན་པའི་རྒྱལ་ཁབ་ཉག་གཅིག་རེད་ཅེས་བརྗོད་ཀྱི་ཡོད་ལ། ཤེས་རིག་ཕྱི་ཚོང་གནང་སའི་རྒྱལ་ཁབ་ཁག་ནི་ཧོར་ཆེན་པོ། མཎ་ཇུ་ཆེན་པོ་སོགས་རེད། དེ་བས། བོད་ཀྱི་ཤེས་རིག་ལོ་རྒྱུས་གླེང་སྐབས། སྲོང་བཙན་སྒམ་པོའི་ཡར་སྔོན་གྱི་ཤེས་རིག་ལོ་རྒྱུས་གདེངས་འཇོག་ཡང་དག་ཅིག་ཡོང་དགོས་པ་བརྗོད་ཀྱི་ཡོད།
ལྷ་སྡེ་གནམ་ལོ་ཡག་ལགས། མི་ལོ་བཞི་སྟོང་སྔོན་གྱི་བོད་ཡིག་དེ་དེང་སང་གང་དུ་ཡོད་རེད་ལགས།
དཔེར་ན་མི་ལོ་༢༥༠༠ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སྐྱེས་པའི་མི་བུ་ཞིག་གི སྐྱེ་ས་དང་གནས་ས་ཤི་ས་བཅས་འདི་རེད་ཟེར་ནས། དེང་སང་གསལ་གསལ་དག་དག་ཞེ་བོ་ཡིན་མདོག་སྟོན་སྡོད་མཁན་འདི་ཚོ་ལ་སྐྱོན་མེད་པ་མ་ཡིན་ནོ། འདི་ཚོ་ཚང་མ་དད་ལྡན་མི་དམངས་མགོ་བསྐོར་གཏོང་ཆེད་ཡིན་པ་ལས་དངོས་གནས་ས་གནས་ས་ཐོག་སྟོན་རྒྱུ་ཞིག་སུ་ལའང་རྙེད་པར་དཀའ། ཁ་ཕྱོགས་དང་ཡུལ་ཕྱོགས་ཙམ་ནི་ཕལ་ཆེར་སྟོན་རྒྱུ་ཡོནའང་ཆོག གཞན་དངོས་གནས་མ་ཡིན་པ་ཞིག་སྟོན་སྡོད་པ་ལས། ལོ་རྒྱུས་ནང་དུ་གང་ཡོད་པ་དེ་རང་དེ་མུར་བཞག་པ་ཡིན་ན། དེ་བས་གཟི་བརྗིད་ཆེ་བར་སེམས་སོ། །
ཁ་ཆེ་རྒད་པོ་དང་། བོན་པོའི་བོན་སྟོན་གཉིས་ལ། ཆ་འདྲ་བ་མང་པོ་འདུག། ཅིག་ཡོད་པ་རེད། དེ་གསུངས་སོང་། དེ་བྱེད་དགོས་བ་རེད་ཟེར་བ་ཙམ་ལས། མི་མང་ནག་ཁུང་ཞིག་གི་ནང་ལ་བཅུག་ནས། ཁུང་གཏུག་ས་མེད་པ་ཞིག་ལ་ཁྲིད་ཁྲིད་པ་འདི་ཡག་རྟགས་ཤིག་གཏན་ནས་མ་རེད་ཞུ་འདོད་བྱུང་།
ཤེས་ས་དང་བཤད་རྒྱུ་ཡོད་ས་ཞིག་ནས་མགོ་བཙུག་ན། དེ་ནི་དོན་དངོས་ལ་མཁོ་བ་ལས། གཞན་ཡིད་ཆེ་ས་ཞིག་ནི་མི་འདུག་ཐལ། རྒད་པོ་མ་རབ་ཁྲོག་གི་མཆོད་པ་དགོས་ས་འདི་ཚོ། ཡོད་པ་ལས་མེད་ན་བཟང་བ་མངོན་ཐོག་རེད།
ལོ་ངོ་བཞི་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་གནའ་ཤུལ་གཅིག་དང་རིག་དངོས་ཁག་ཅིག་ཉེ་སྔོན་བརྙེད་པ་ལྟར་རེད། གནའ་ཤུལ་གཅིག་དེ་སྟོད་མངའ་རིས་ནས་བརྙེད་པའི་བྲག་བརྐོས་ཡི་གེ་རེད་ལ། ནང་དོན་ནི་གསོ་བ་རིག་པའི་ཤེས་བྱ་རེད། བྲག་རིས་དེའི་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ནང་པར་བསྐྲུན་གནང་བཞིན་པའི་སྙན་ངག་གི་དུས་དེབ༼གངས་རྒྱན་མེ་ཏོག༽གི་རྒྱབ་ཤ་ནང་མ་ཞིག་ཏུ་བཀོད་འདུག དུས་དེབ་ཧ་ལམ༡༩༩༦ལམ༡༩༩༧ལོའི་དུས་དེབ་ཅིག་རེད། དུས་ཚོད་ཏག་ཏག་ཅིག་དྲན་སོས་མ་སོང་། ཉེ་སྔོན་བརྙེད་པའི་རིག་དངོས་དེ་དག་ཚང་མས་མཐོང་གསལ་ལྟར་རེད། ཡི་གེ་ཡོད་པའི་རིག་དངོས་ལྔ་ལྷག་དང་། དེའི་ཁྲོད་ཀྱི་གཅིག་ནི་ཞགས་པ་འཕངས་ནས་སེམས་ཅན་རའམ་ལུག་གང་རུང་ཞིག་འཛིན་བཞིན་པའི་མི་དེའི་ཀླད་ཕྱོགས་སུ་༼མགོན༽ཞེས་བྲིས་ཡོད་པ་ལྟར་རེད། གཅིག་བྱས་ན་གདོད་མའི་དུས་སུ་ལྟོ་རྒྱབ་འཚོལ་ཐུབ་མཁན་ལ་༼མགོན༽ཟེར་གྱི་ཡོད་སྲིད་པ་ནི་ཞོར་འཕྲོས་ཙམ་ཡིན།
མི་བུ་འགའ་ཞིག་ག་དུས་ཡིན་ནའང་ཆོས་ལུགས་གཞན་ལ་ཟུར་ཟ་དང་དམའ་འབེབས་བྱེད་རྐྱང་གིས་གྲི་ཁ་ནང་དུ་བསྐོར་རྐྱང་བྱེད་སྟངས་འདི་ཚོ་ཡག་རྟགས་ཞིག་རྩ་བ་ནས་མ་རེད། ལྷག་པར་དུ་རང་མི་རིགས་ཀྱི་ལོ་རྒྱུས་ཕུག་ཐག་ཇི་ཙམ་རིང་དུ་གཏོང་དུས་དེ་ལས་ལྡོག་སྟེ་ལོ་རྒྱུས་ཀྱི་ཕུགས་ཐག་ཙི་ཙིའི་རྔ་མ་ལྟར་ཇེ་ཐུང་ནས་ཇེ་ཐུང་དུ་བསྒྲུབས་སྟངས་དེ་རིགས་ལ་བསམ་དུས་མི་དེ་རིགས་ལ་ཆབ་སྲིད་ཀྱི་སློབ་གསོ་ཞིག་ཐེབས་མེད་དམ་སྙམ་པའི་དྭོགས་པ་འདུག དེ་མིན་མི་རིགས་སུ་ཞིག་ཡིན་རུང་རང་མི་རིགས་ཀྱི་ལོ་རྒྱུས་ཇི་ཙམ་རིང་དུ་གཏོང་ཨེ་ཐུབ་སྟབས་བྱེད་པ་ལས་དེ་ལས་ཕྲག་དོག་སྡང་ཟུག་བྱེད་མཁན་ཧ་ལམ་མེད་པ་ལྟ་བུ་རེད། ཆོས་དད་དང་ལོ་རྒྱུས་སོ་སོ་རེད། ལོ་རྒྱུས་ནི་ལོ་རྒྱུས་རེད། ཆོས་དད་ནི་སོ་སོའི་འདོད་མོས་རེད། དེ་གཉིས་མཉམ་བསྲེས་བྱེད་པ་ནི་དངོས་དང་དངོས་མེད་ཐུག་པ་བཀོལ་བ་རེད། མི་བུ་འགའ་ཞིག་གི་སྣང་ངོ་དང་མཐུན་པར་བྱེད་དགོས་ན། བོད་འདི་གང་མེད་ཅི་མེད་ཀྱི་ཀླ་ཀློ་ཞིག་ཏུ་བསྒྲུབ་འདོད་ཡོད་པ་འདྲ། བོད་མི་རིགས་ཀྱི་ཡོད་དོ་ཅོག་རྒྱ་གར་ལ་ཁུངས་གཏུགས་འདོད་པ་འདི་རེད། རང་གི་བྱེད་དུས་སྣ་ཚ། མིས་བྱེད་དུས་མིག་ཚ། ཟེར་བ་ལྟར། བོད་སྨན་ཤེས་རིག་འདི་བཞིན་རྒྱ་གར་གྱི་ཡིན་ཟེར་དུས་མིག་ཚ། ཡང་རང་ཉིད་ཀྱི་ཡིན་ཟེར་དུས་བཙོག་ཏུ་ལྟས་ཏེ་སྣ་གཉེར་བྱེད་ཀྱི་རེད། མི་འདི་ཚོའི་བྱེད་བབས་ལ་ལྟས་ན་རྒྱལ་ཁབ་གཞན་ཞིག་གིས་གཡོ་ཇུས་མེད་པའི་དྭོགས་གཞི་སྐྱེ་མི་སྲིད་པ་མ་རེད།
ད་ལྟད་མོ་འདུག བོད་ནང་གི་ཤེས་ཡོན་པ་ཚོས་གནའ་ཤུལ་ཁག་ནས་བརྙེད་པའི་བོད་ཡིག་གི་ལོ་ཚད་ལོ་ངོ་བཞི་སྟོང་བརྒལ་ཡོད་སྲིད་མོད། རྒྱ་མིས་ཆེད་དུ་ལོ་ངོ་བཞི་སྟོང་མ་བརྒལ་བ་བྱེད་ཀྱི་འདུག་ཅེས་སེམས་ཚོར་ཤུགས་ཆེན་རེད། བཙན་བྱོལ་ནང་གི་མི་ཁག་ཅིག་གིས་ཐོན་མིའི་གོང་དུ་བོད་ཡིག་འདུག་ཟེར་བ་ཞིག་ཐོས་འཕྲལ་གདོན་ནང་བཞིན་བྱེད་ཀྱི་འདུག གཅིག་བྱས་ན་མི་འདི་དག་རྒྱ་མིས་གདན་དྲངས་ནས་བོད་ཡིག་ཐོན་མིས་བཟོས་ཚུལ། རྒྱ་བཟའི་ཡར་སྔོན་སྲོང་བཙན་སྒམ་པོས་སློག་པ་ལས་གྱོན་མི་ཤེས་ཚུལ་སོགས་ཡིག་ཐོག་ཏུ་འཁོད་དུ་འཇུག་མི་སྲིད་པའང་མ་རེད།
ལྷ་སྡེ་གནམ་ལོ་ཡག་ལགས། འོ་ན་མངའ་རིས་ཀྱི་བྲག་བརྐོས་ཡི་གེ་མི་ལོ་བཞིན་སྟོང་གི་སྔོན་ནས་ཡོད་པ་དེ་དེང་སང་མངའ་རིས་ཀྱི་ས་གནས་གང་དུ་ཡོད་པ་རེད། རྒྱལ་སྤྱིའི་ས་ཁམས་རིག་པའི་ཟླ་དེབ་སོགས་ཞིབ་འཇུག་གི་ཆེད་རྩོམ་དང་ཆེད་ལས་པའི་དྲ་བ་གང་དུ་ཐོན་པ་རེད། འདི་འདྲ་བ་ཁུངས་མི་འཁྱོལ་བ་ཤ་སྟག་བཤད་བསྡད་ན་ཕན་ཐོགས་ཅི་ཡོད།
ཉེ་སྔོན་རྙེད་པའི་ཡིག་གཟུགས་དང་ཅ་དངོས་དེ་ཚོ་ཡང་དེ་མཚུངས་རེད། ཚན་རིག་གི་བདེན་དཔང་(scientific proof)སྟོན་དགོས་པ་རེད། འཕྲུལ་ཆས་དང་རིགས་ལམ་ཟུང་དུ་འབྲེལ་བའི་ཐབས་ལམ་སྤྱད་དགོས་པ་རེད། དེའི་གྲུབ་འབྲས་སུ་གཟུ་དཔང་པས་བསྐྱར་དཔྱད་(Peer-reviewed report)བྱས་པའི་ཆེད་རྩོམ་འབྲི་དགོས་ཀྱི་ཡོད་པ་རེད། དེ་ལྟར་བྱུང་ན་གཞི་ནས་ཡིད་རྟོན་རུང་བ་རེད། རྗེ་ས་པཎ་གྱིས། ཁྱི་རྒན་ཀུ་ཅོ་འདོན་པ་ལ།།རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་གསུངས་པ་ལྟར། འུད་སྒྲོག་མཁན་གྱི་རྗེས་སུ་གཡམ་རྒྱུག་པ་འབྲངས་བསྡད་ན་བོད་འདི་ཨེ་ཞེ་ཡའི་རིག་གནས་དཔལ་ཡོན་གྱི་འབྱུང་ཁུངས་ལ་འགྱུར་བ་ལས་ལྡོག་སྟེ་བོད་འདི་རྫུན་མ་རྫུན་ནག་བཤད་མཁན་གྱི་རྗེས་སུ་འབྲངས་བསྡད་ན་ལྐུག་པ་ལྐུག་ནག་ཤ་སྟག་ལ་འགྱུར་འགྲོ་གི་རེད་ལགས།
བྲག་བརྐོས་ཡི་གེ་དེ་ནི་མངའ་རིས་རུ་ཐོག་ནས་བརྙེད་པ་ཞིག་རེད། སྐབས་དེར་རྒྱ་ནག་གི་རིག་དངོས་འཚོལ་བསྡུ་རུ་ཁག་ཅིག་གིས་བརྙེད་པ་དང་མཁས་པ་ཚོས་ཐཱན༡༤ཟེར་བའི་འཕྲུལ་ཆས་ཤིག་བཀོལ་ནས་ལོ་ཚད་གཏན་ལ་ཕབ་པ་ཞིག་རེད། དབྱིན་ཡིག་ནང་Carbon-14ཡིན་པ་འདྲ། གང་ལྟར་ཕྱི་ལོ ༡༩༩༦ལོའམ༡༩༩༧ལོསི་༼གངས་རྒྱན་མེ་ཏོག༽དུས་དེབ་ཅིག་ནང་དུ་ཞིབ་ཕྲ་བཀོད་འདུག འདུན་པ་ཡོད་མཁན་ཚོས་དུས་དེབ་དེ་བཙལ་རོགས་ཞུ། དེ་མིན་ཉེ་སྔོན་བརྙེད་པའི་རིག་དངོས་ཀྱང་བོད་ནང་གི་དྲ་རྒྱར་བཀོད་ཡོད་པ་ལྟར་རེད། ཞིབ་ཕྲའི་རྩོམ་ཡིག་སོགས་རིམ་པས་ཡོང་ངེས་རེད་འདོད། ང་ལ་པེ་ཅིན་དུ་བཞུགས་པའི་བོད་ཀྱི་ཤེས་ཡོན་པ་ཞིག་གིས་བཤད་དོན། གལ་སྲིད་རིག་དངོས་དེ་དག་བོད་པ་ཞིག་གིས་བརྙེད་པ་ཡིན་ཚེ་སྦས་ནས་སྟོན་ས་མ་རེད། སྟབས་ལེགས་ནས་རྒྱ་མིས་བརྙེད་པ་རེད་ཟེར། དེ་ལའང་བདེན་ཤེད་ཅིག་ཡོད་པ་ནི་དངོས་མཐོང་རེད་འདོད།
་་་་་་་་་་་་་ ང་ལ་པེ་ཅིན་དུ་བཞུགས་པའི་བོད་ཀྱི་ཤེས་ཡོན་པ་ཞིག་གིས་བཤད་དོན། གལ་སྲིད་རིག་དངོས་དེ་དག་བོད་པ་ཞིག་གིས་བརྙེད་པ་ཡིན་ཚེ་སྦས་ནས་སྟོན་ས་མ་རེད། སྟབས་ལེགས་ནས་རྒྱ་མིས་བརྙེད་པ་རེད་ཟེར། དེ་ལའང་བདེན་ཤེད་ཅིག་ཡོད་པ་ནི་དངོས་མཐོང་རེད་འདོད། ་་་་་་་་་་་
བོད་ལ་ཀོང་པོ་ཉིང་ཁྲི་དང་ཆབ་མདོའི་ཁ་རུབ་གྲོང་ཚོ་སོགས་སུ་གནའ་ཤུལ་སྔོགས་འདོན་ཁ་ཤས་བྱས་པ་རེད། ཡི་གེ་ཡོད་པའི་དཔང་རྟགས་ཡོད་ཚུལ་མི་འདུག མངའ་རིས་རུ་ཐོག་ནས་རྙེད་ན་དེང་སང་མཐོང་རྒྱུ་ཡོད་ཁྱེད་ཀྱང་ཡིད་ཆེས་ཀྱིན་མེད་པ་འདྲ། ཁྱེད་ཀྱིས་རྩོམ་རིག་དུས་དེབ་ཅིག་ཏུ་མཐོང་བ་མ་གཏོགས་གནའ་ཤུལ་སྔོགས་འདོན་དང་གནའ་རྫས་གསར་རྙེད་ཀྱི་ཆེད་དེབ་དུ་འཁོད་པ་སོགས་མིན་སྟབས་ཡིད་རྟོན་འོས་པ་ཆེར་མ་མཐོང་། རྒྱ་མིའི་འདི་འདྲ་ཞིག་མཐོང་ན་གསང་གི་མ་རེད། འདི་དང་འདི་འདྲས་ཡུལ་སྐོར་སྤྲོ་འཁྱམས་པ་འགུགས་ཐུབ་པ་དང་ཁོ་ཚོས་དངུལ་མང་པོ་འགུགས་ཐུབ་པས་ཆེད་དུ་ཁྱབ་བསྒྲགས་བྱེད་ཀྱི་རེད། ཡིན་ན་ཡང་གོ་ཐོས་ཆེར་མེད་སྟངས་དེས་འུད་སྒྲོགས་ཡིན་པའི་རྐུབ་བུད་པ་རེད། མི་ལོ་བཅུ་གྲངས་འདས་ནས་ཉི་ཤུ་ཟིན་གྲབས་ཡོད་པ་འདྲ་མོད་ད་དུང་མངའ་རིས་བྲག་བརྐོས་ཡི་གེ་སྐུ་འཚམས་ལ་བཞུགས་བསྡད་པ་ཡ་མཚན། ཏུན་ཧོང་གི་ཤོག་ཧྲུལ་དེ་ཚོ་ལ་ཞིབ་འཇུག་པས་རྩིས་ཐང་དེ་ཙམ་ཆེ། ཞིབ་འཇུག་གི་ཆེད་དུ་དཀའ་ལས་དེ་ཙམ་བྱས། སྐད་གྲགས་ཆེ་རུ་འགྲོ་བཞིན་འདུག མངའ་རིས་རུ་ཐོག་དུ་བྲག་གི་ངོས་ལ་ལོ་བཞི་སྟོང་སྔོན་གྱི་ཡི་གེ་བྲིས་ཡོད་པ་དེ་ད་དུང་ཡང་ཁྱེད་རྣམ་པ་མི་ཁ་ཤས་ཤིག་མ་གཏོགས་སུས་ཀྱང་གོ་ཐོས་མེད་པ་ངོ་མ་ཁྱད་མཚར།
་་་་་་་་་་་ ༣ ལོ་ངོ༤༠༠༠ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་བོད་ཡིག་བརྙེད་ཟིན་པ་དང་། རྩེ་ཕོ་བྲང་པོ་ཏ་ལའི་ནང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཟུར་ལྟ་གནང་བའི་བོན་གྱི་རྩིས་གཞུང་ཁག་བཞུགས་ཀྱིན་པ། རྒྱ་ནག་གི་མ་ཡུམ་གཙང་བོ་ནི་བོད་ནས་འབབ་ཀྱིན་པའི་རྨ་ཆུ་ཡིན་པ། ་་་་་་་་་་་་་ ཟེར།
མངའ་རིས་བྲག་བརྐོས་རི་མོ་དང་ཡི་གེ། ཆུ་ཀོང་ཟངས་མདེའུ་དང་སྤྲེལ་གདོང་འཁོད་པའི་རྫ་ཆས། ཆབ་མདོ་ཁ་རུབ་ཀྱི་རིག་དངོས། བྱང་ཐང་གི་རྡོ་ཆས་ཕྲ་མོ། མདོ་སྨད་ཀྱི་ཁ་རོ་རིག་དངོས་དང་མཱ་ཅ་ཡའོ་རིག་དངོས་སོགས་དེང་སྐབས་རྒྱ་ནག་རིག་དངོས་མཁས་པས་བརྩད་འཚོལ་དང་དཔྱད་འབྲས་རྒྱ་ཡིག་ནང་བྲིས་ནས་འབྲེལ་ཡོད་དུས་དེབ་ནང་སྤེལ་གྱིན་པ་དང་། དེ་ནས་བོད་པ་ཚོས་ཚུར་བསྒྱུར་ནས་རྩོམ་རིག་དུས་དེབ་ཁག་ནང་སྤེལ་གྱི་ཡོད་པ་རེད། བོད་ཡིག་ནང་ད་དུང་ཚན་རིག་དུས་དེབ་སོགས་ཡོད་པ་མ་རེད། དེ་མིན་ཡུལ་བསྐོར་སྤྲོ་འཆམ་བྱེད་ཡུལ་ནང་རིག་དངོས་ཐོན་ས་ཁ་ཁ་རེད།
་་་་་་་་་ མངའ་རིས་བྲག་བརྐོས་རི་མོ་དང་ཡི་གེ། ་་་་་་་་་་་་་
མཆན་འདེབས་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།
རྫུན་ཨ་བྲ་གཉིས་ཀའི་རྔ་མ་ཐུང་།།ཟེར་བ་དེ་འདི་འདྲ་རེད། ད་བཤད་ཀྱིན་བཤད་ཀྱིན་འབྲེལ་ཡོད་དུས་དེབ་ལ་བཀོད་འདུག་ཟེར་བ་ཙམ་མ་གཏོགས་ཁ་གསལ་པོ་གཅིག་ཀྱང་ལབ་ཐུབ་གིན་མེད་པ་རེད།
བྲག་བརྐོས་ཡི་གེ་སྐོར་དུས་དེབ་གང་ནང་བཀོད་ཡོད་པ་གོང་དུ་གསལ་བོ་ཞུས་ཡོད། དུས་དེབ་ནང་གང་ནས་དྲངས་པའང་རྒྱ་ཡིག་ནས་ཚུར་བསྒྱུར་ཚུལ་བཤད་ཡོད། ཡིན་ནའང་། དུས་དེབ་དེ་དག་དེང་སྐབས་ང་ལ་མེད། སྔར་བོད་ནང་ཀློག་པ་ཡིན། དེང་ཕྱིན་ལག་ལ་སོན་ངེས་རེད། དེ་མིན་ལོ་ཚད་གཏན་འཁེལ་མེད་པའི་བོད་གདོད་མའི་བྲག་བརྐོས་རི་མོ་དང་ཡི་གེ་ཡོད་པའི་པར་གཅིག་ངའི་ལག་པར་ཡོད། དེའང་ཐོན་གནས་མངའ་རིས་རུ་ཐོག་རེད། ཞེན་ཁོག་ཉི་ཚེ་བ་ཞིག་མ་ཡིན་པར་ཞིབ་་འཇུག་གི་ཆེད་དུ་རྩོད་པ་རྒྱག་གི་ཡོད་ན། དེ་དག་ཕྱི་ལ་བཏོན་ཆོག
བྲག་བརྐོད་རི་མོ་དང་ཡི་གེ་ཡོད་ན་ཕྱི་ལ་སྟོན་ནས་ཉམས་ཞིབ་བྱེད་དགོས་པ་ལས་ནང་ལ་ཉར་ཚག་བྱས་ནས་ཕྲུ་གུ་སྐྱེས་གི་མ་རེད་ལ་
ཕྲུ་གུ་སྐྱེས་རྒྱུ་མེད་པ་ཆ་ཚང་ཕྱི་ལ་སྟོན་དགོས་པས་ངེས་པ་ཨེ་ཡོད། ཧཧཧ
བྲག་བརྐོད་རི་མོ་དངཡི་གེ་ཕྱིར་བསྟོན་ན་
ཕྲུ་གུ་སྐྱེད་རྒྱུ་མེད་པ་ཆ་ཚང་བསྟོན་དགོས་པས་མ་ཁྱབ་
མིང་རྫུན་སྒྲོལ་མེ་ཆོས་ཅན་
ཨ་པ་སྤོབས་ཀྱི་སྐད་ཆ་ལ་ཉན་རྒྱུ་འདུག། དགྱས་བཤད་པའི་རྟོག་དཔྱོད་ལ་ཡིད་ཆེ་དེ་ཙམ་བྱེད་མི་ཉན། བོད་པ་རང་གིས་དེ་ལྟར་བྱེད་ཐུབ་ཚོད་མ་རེད། ཤེར་ཕྱོགས་པ་ཟེར་ན་འདྲ། བོད་རྒྱལ་ཁབ་ཀྱི་གཡས་གཡོན་ན་ཡོད་པའི་རྒྱལ་ཁབ་ཚོའི་ནང་ནས། ཉི་ཧོང་བ་ཚང་གི་བརྟག་དཔྱད་ཞིབ་འཇུག་ནི་རྩེ་ཐོག་འདྲ་བོ་རེད། ཡིན་ན་ཡང་། བོད་ཀྱི་སྲིད་པ་ཆགས་ལུགས་ལ་དེ་ཙམ་གྱིས་རྒྱུས་མངའ་ཡོད་པ་མ་རེད། དེ་ནས་དབྱི་མི་ཚོས་ནི་བོད་ཀྱི་གངས་རིན་པོ་ཆེ་ལྟ་བུ་ཡང་བརྙད་ནས་ཡུན་རིང་པོ་མ་རེད། གཟི་མིག་དགུ་པ་ལ་ཡང་གོང་གཅོད་མ་ཐུབ་པར་ཨ་རི་ན་ལྷག་བསྡད་ཡོད་པ་དེ་རེད།
ཤེས་དང་ཁུལ་དང་མཁྱེན་དང་ཁུལ་བྱས་ནས་གཡམ་རྒྱུག་བྱས་ན། ངོ་ཚ་སྤྱད་རེད། བོད་པ་རང་ལ། རྫ་ཆས། རྡོ་ཆས། ཟངས་ཆས། ལྕགས་ཆས་དར་ལུགས་ཀྱི་སྦྱང་བྱ་དམིག་ལ་བཞག་པའི་ཨ་ཕོ་རྐང་གཅིག་ཙམ་ཡང་ཡོད་ཚོད་མ་གོ་བས། ལྷ། བརྒྱ་རེད་ཟེར་ན་འདྲ། སྟོང་རེད་ཟེར་ན་འདྲ། བོད་པ་ཚོས། རྡུལ་ཁམས་སྐྱ་མོ་རྩིས་བཤེར་ལ་གཏོང་མ་ཐུབ་ན། བཤད་བསྡད་པ་ཞིག་ལ་བལྡབ་བཤད་བྱེད་རྒྱུ་ལས། རྟགས་དང་ས་ཆོད་པ་ཞིག་ནམ་ཡང་མི་ཡོང་ངོ་། སྐུ་ལོ་ཚོ།
བོད་མིའི་གཞུང་སྒེར་གང་གིས་ཀྱང་ད་བར་གདོད་མའི་བོད་ཡུལ་གྱི་ས་འོག་དངོས་རྫས་བརྟག་ཞིབ་སྡེ་ཚན་ཡག་པོ་ཞིག་འཛུགས་ཐུབ་མེད། དེ་ཅིའི་ཕྱིར་འཛུགས་མ་ཐུབ་པ་ཡིན་ནམ། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་འདི་ལ་གདོད་མའི་བོད་ཀྱི་archaeologyསྡེ་ཚན་འཛུགས་རྒྱུའི་འདུན་པ་ཡོད་དམ་མེད། མེད་ན་མེད་དགོས་པའི་རྒྱུ་ཚན་གང་ཡིན་ནམ། འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་ལ་གཞུང་གིས་འགྲོ་གྲོན་བཏང་བའི་archaeology་སྡེ་ཚན་ཡོད་པ་རེད། བོད་པ་ཚང་ལ་མེད་དགོས་པ་གང་ཡིན་ནམ། ཡང་མིན་ན་བོད་ཀྱི་ས་ཆ་འདི་ན་ལེན་ཊའི་ས་ཆ་དང་འབྲེལ་བ་མེད་པས་ན་ཞིབ་འཇུག་བྱེད་མི་ཕོད་གསུངས་ནས་བཞུགས་རྒྱུ་ཡིན་ནམ། །
བོད་ནང་ལོགས་སུ་ཀྲུང་གོའི་archaeology་སྡེ་ཚན་དེ་ཚོས་བོད་ཡུལ་གྱི་ས་འོག་དངོས་རྫས་སྔ་རྗེས་ཐོན་པ་ཁག་ལ་བརྟག་དཔྱད་བྱས་པའི་འབྲས་བུར་བོད་ཀྱི་ལོ་རྒྱུས་འདི་བོད་པ་ཚོས་དུས་རྒྱུན་བཤད་བསྡད་པ་ལས་ཀྱང་ཕུགས་ཐག་རིང་བ་བཟོས་ཡོད་པ་རེད།
ངོ་མ་ཡ་མཚན་མངོན་བྱུང་ཟེར་བ་དེ་འདི་འདྲ་མིན་ན་ཅི་ཡིན། །
སྒྲོན་མེ་མིང་རྫུན་ཡིན་ན།བདེན་པའི་ཕོ་ཉ།མིང་རྫུན་མ་ཡིན་པར་འབུལ། ཁྱབ་བ་འགྲིག
ལ་ད྄གས་རྒྱལ་རབས་ལྟར་ན། རྒྱ་བཟའ་ཀོང་ཇོས་བཀའ་དྲིན་ལ་བོད་འདི་མུན་པ་ལས་གྲོལ་ཞིང་། སློག་རྩག་བརྗེས་ནས་གོས་གྱོན་ཤེས་པར་མ་ཟད། འབྲུ་རིགས་བཏབ་ནས་ལོ་ཏོག་འདེབས་ཤེས་པར་གྱུར་བ་རེད། སྲོང་བཙན་སྒམ་པོ་ཟེར་བའི་མིང་གྲགས་ཅན་དེ་ཡང་སློག་རྩག་གྱོན་ནས་དམར་པོ་རི་སྒང་དུ་ཉི་མར་ལྡེ་ནས་ཤིག་ཟ་མཁན་ཞིག་རེད་དམ། ད་རེས་མཁས་དབང་ཚོས་སྐད་ཆ་དྲང་པོ་ཞིག་གསུང་རོགས།