ཁ་སང་གཟའ་པ་སངས་ཉིན་་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་རུ་བོད་མི་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། ཁོང་ཚོའི་ཁྲོད་བོད་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག
འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་ཞོ་སང་སྡེ་བའི་རང་ལོ་ ༦༠ ཡས་མས་ཡིན་པའི་ཚབ་ཚའི་ཚེ་རིང་ལགས་དང་། འབུམ་ཤུལ་སྡེ་བའི་རང་ལོ་ ༣༠ ཡས་མས་ཡིན་པའི་སྐྱ་རིས་ལགས། དེ་བཞིན། མིང་དང་ས་གནས་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པའི་གཞན་གཅིག་བཅས་བོད་མི་ ༣ གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་ཚོའི་ཁྲོད་ཀྱི་མིང་དང་ས་གནས་གསལ་བོ་ཤེས་ཐུབ་མེད་པའི་བོད་མི་དེ་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། ཉིན་འདི་གར་གསེར་རྟ་རྫོང་དུ་རྒྱ་དམག་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་པ་དང་། བརྒྱུད་ལམ་སོགས་ཀྱང་བཀག་སྡོམ་བྱས་ཡོད་སྟབས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག
གཞན། ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གསེར་རྟ་རྫོང་ཕུའུ་ཤང་དུ་རླུང་རྟའི་རྒྱབ་ངོས་སུ་བོད་ཀྱི་རྒྱལ་དར་དང་། དེའི་མཐའ་སྐོར་དུ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ་སོགས་བཀོད་ཡོད་པའི་ཡིག་ཆ་དེ་བསྐྱར་དུ་ས་གནས་གང་སར་གཏོར་འགྲེམས་བྱས་ཡོད་འདུག
བོད་ཀྱི་དུས་བབ་ལས་དྲངས།
ད་ཅི་བྱེད་ང་ཚོའི་་་་་་་་ཡང་བོད་མི་གསུམ་གྱིས་རང་ལུས་མེ་བསྲེགས་ལ་ ཅི་འདྲའི་སེམས་ཕམ་བྱུང་།
བསྔོ་སྨོན་གང་ཟབ་གནང་རོགས་གྱིས།
ངོས་གནས་དཔའ་རྒོད་རེད། ང་ཚོའི་གོ་སྐབས་སྒུག་རྒྱུ་ཤིན་ཏུ་གནད་དུ་མཐོང་།
ད་འཛམ་གླིང་ཁྱོན་གྱི་བོད་མི་སྤྱི་སྡེབ་གཅིག་ཏུ་ཡར་ལངས་བྱས་ཏེ་རྒྱ་ནག་གཞུང་ལ་གང་གནོད་གནོད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་དུས་སུ་སླེབས་འདུག
ཡང་མིན་ན་བོད་ནང་གི་བོད་མི་ཚོར་ལས་འགུལ་འཚམས་འཇོག་རོགས་ཞེས་བོད་གཞུང་དང་འགོ་ཁྲིད་ཚོས་འབོད་སྐུལ་བྱེད་རན་རེད།དེ་མ་གཏོགས་བོད་མི་མང་པོ་ཅིག་གི་ཚེ་སྲོག་ཆུད་ཟོས་སུ་འགྲོ་ངེས་གཏན་རེད།
ཨ་ཁ། ད་ང་ཚོའི་བོད་མི་མང་པོ་ཞིག་གི་ཚེ་སྲོག་འདི་ལྟར་མེར་བསྒྲོན་དུས་ཡིད་སེམས་སྐྱོ་བས་ངལ་ནས་འདུག་པ་ལས་ཐབས་མི་འདུག ཁོང་རྣམ་པའི་དཔའ་ངར་ལ་ཧ་ལས་པ་དང༌། འདི་ལྟར་མི་མང་པོ་ཞིག་གིས་ཚེ་སྲོག་མེར་སྒྲོན་དུས་ཕངས་སེམས་ཤིན་ཏུ་ཆེ། ཁྱེད་རྣམ་པ་དུས་ནམ་ཡང་བདེ་བ་ནས་བདེ་བའི་ཞིང་དུ་སྐྱེས་པར་སྨོན།
བོད་ས་ཡོང་ནས་ཉིན་གཅིག་ཏུ་ངོ་རྒོལ་བྱས་ན་བསམ་དོན་འགྲུབ་ངེས་རེད།
བསླུ་མེད་༧སྐྱབས་ཀྱི་མཆོག་གྱུར་རིན་ཆེན་གྱི་རྣམ་གསུམ།
རིང་ནས་མཆོད་བསྟོད་འབུལ་ཡུལ་པུར་རྒྱལ་གྱི་ཆོས་སྲུང་།
འུ་ཐུག་ཐབས་ཟད་ཉམ་ཐག་གངས་ལྗོངས་ཀྱི་འགྲོ་རྣམས།
སྐུ་ལུས་ཞུགས་མེར་འབུལ་བའི་གདུང་བ་ལས་སྒྲོལ་རོགས།
ཉིན་མཚན་ཐུན་དྲུག་དགྲ་བོས་མཉའ་བ་ནས་མནན་ཞིང་།
འགྲོ་སྡུག་བྱ་སྤྱོད་ཀུན་ལ་རང་དབང་རང་མེད་པའི།
དུས་རབས་ཉི་ཤུའི་མཉའ་ཁམས་པུར་རྒྱལ་གྱི་ལྗོངས་དེ།
མཐུ་ཆེན་ལྷ་སྲུང་རྣམ་པས་བཟོད་པ་རང་འདུག་གམ།
ད་རང་ལུས་མེ་སྲིག་བཏང་མཁན་ཉིན་རེ་ནས་ཉིན་རེ་ཇེ་མང་རེད་་ཐབས་ཇུས་གསར་པ་འདྲ་མེད་ན་་དངོས་ནས་དཀའ་ལས་ཁག་པོ་ཡོང་ས་རེད་་་་་་
ང་ཚོས་ཉི་མ་རེ་ལ་བོད་མི་འདི་འདྲ་མང་པོ་ཞིག་གི་ཚེ་སྲོག་ཤོར་དགོས་ཀྱི་ཡོད་ན། མུ་མཐུད་འཚེ་མེད་ཞི་བའི་ལམ་དུ་ཞུགས་པའི་དགོས་པ་མི་འདུག གལ་སྲིད་སྐུ་སྲོག་བློས་གཏོང་དགོས་ཐུག་ན་རྒྱ་མི་ག་ཚོད་ཅིག་གསོད་ཨེ་ཐུབ་ལྟ་འོས་པ་རེད། ང་ནི་སྲོག་བློས་གཏོང་བའི་དུས་ཤིག་ཤར་ན་རང་ཤི་བརྒྱག་མི་ཕོད་སེམས་ཐག་རེད། དེ་ལས་ཕར་ལ་གསོད་ཨེ་ཐུབ་ལྟ་ས་རེད། དགྲ་བོས་བསད་བཞག་ན་ནི་ཐབས་ཤེས་མེད་རེད། དེ་མིན་ཨེ་ཐར་ཨེ་ཐར་དང་ཕར་ཨེ་སོད་ཨེ་སོད་ལྟ་བ་ན་འདོད།
རྒྱ་མི་གཅིག་བསད་ན་བཅུ་འདྲོགས་ཀི་རེད། བོད་མི་བཅུ་ཤི་ན་ཁེ་ཕན་གཅིག་མེད། རྒྱལ་ཁའི་ཆེད་ཤི་དགོས་པ་ལས། ཕམ་ཁའི་ཆེད་ནམ་ཡང་ཤི་མི་རུང་།