—–ཅོག་མྱི།
དེ་རིང་ཨེ་རླུང་གི་ལེ་ཚན་ནང་ཨ་དཀོན་རིན་པོ་ཆེའི་སྲས་འཇིགས་མེད་རྟ་རབ་ལགས་ཀྱིས་ཁོང་གི་ཡབ་དགྲོངས་མཁན་གྱི་བོད་པ་གཉིས་ལ་རང་ངོས་ནས་ཉེས་ཆད་ཆག་ཡང་དང་བཟོད་བསྲན་གྱི་འབོད་བསྐུལ་གནང་རྒྱུ་ཡིན་ཟེར། རྒྱལ་བོ་སྲོང་བཙན་གྱི་ཁོད་སོ་དྲུག་གི་ཁྲིམས་ཆེན་བདུན་གྱི་ནང་ནས་བསད་པ་སྟོང་གི་ཞལ་ལྕེ་དར་བ་ནས་བཟུང་། ཕག་གཙང་དགའ་ཕོ་སོགས་ཀྱི་ཞལ་ལྕེས་ལྟ་བ་དེ་རྒྱུན་བསྐྱངས་ཏེ་བོད་མི་བྱིངས་ནས་སྲོག་ཁྲིམས་གཅོད་པའི་སྔ་སྲོལ་གྱི་མཚམས་ཆད་ཅིང་སྟོང་འཇལ་བའི་ལུགས་སྲོལ་དེ་ལོ་ངོ་སྟོང་ལྷག་ལ་དར། དེའི་དགེ་བའི་ཡོན་ཏན་དང་མི་དགེ་བའི་ཉེས་དམིགས་འདིར་སྤྲོ་བྱ་མིན་པས་ཀློག་མཁན་རྣམས་ཀྱིས་རང་མོས་ཀྱིས།
ཡིན་ནའང་བོད་ཀྱི་ལུགས་སྲོལ་དང་ཁྲིམས་སྲོལ་སོགས་བོད་མི་རིགས་ཀྱི་ཐུན་མིན་དང་ཁྱད་འཕགས་ཀྱི་ཡོན་ཏན་ལ་དམིགས་ནས་སྲས་འཇིགས་མེད་རྟ་རབ་མཆོག་གིས་འབོད་བསྐུལ་འདི་གནང་རྒྱུ་ཡིན་པ་དེ་ལ་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་ཡོད་པ་མ་ཟད། བླ་ན་མེད་པའི་མི་གཞིའི་ཡོན་ཏན་ཡོད་པ་དེ་གང་ཟག་རང་ག་བ་ཞིག་དང་ཁྱོད་ཤི་ང་གསོན་གྱི་ལྟ་ངན་འཆིང་བའི་སོར་སྐྱེ་རྣམས་ཀྱི་གཞལ་བྱ་ག་ལ་ཡིན། འོ་སྐོལ་གྱི་ཁ་དཔེར་བཤད་རྒྱུ་ཕ་བསད་བུ་ལ་ཡོད་ཅེས་པ་ལྟར་བླང་དོར་དང་དགེ་སྡིག་འབྱེད་པའི་རྩལ་རྒྱུད་ལ་མ་འབྱོངས་པའི་བོད་མི་བྱིངས་ཆེ་བ་ལ་འདི་འདྲའི་སེམས་ངན་ནམ་སྡུག་ཡུས་ཤིག་ཡོད་པ་མ་གཏོགས། ས་ཐོབ་དང་རྟོགས་པ་བརྙེས་བའི་གང་ཟག་རྣམས་ནི་འདི་འདྲ་ཞིག་ག་ལ་ཡིན།
དེའི་ཕྱིར་ཉིན་མ་མང་བོ་ལུས་མེད་ཅིང་འཇིགས་རུང་གི་ངང་ནས་འཚོ་ཙམ་བྱེད་པའི་ལག་དམར་འདི་གཉིས་རྒྱ་ནག་སྲོག་ཁྲིམས་ཀྱི་ཆག་སྒོ་ལས་ཐར་བར་བྱེད་སྤྱད་ནི་ང་ཚོའི་རིག་གནས་དེ་ཁོ་ན་ཡིན་པས། ང་ཚོས་མཉམ་རུབ་ཀྱིས་རིག་གནས་དང་ཆོས་ལུགས་ཁར་འཁྱེར་ནས་འབོད་བསྐུལ་བྱས་ན་མ་གཏོགས་ལག་དམར་འདི་གཉིས་དེ་རིང་གནིངས་ཀའི་མྱིར་གྱུར་ཡོད། ཚང་མས་བསམ་བློ་བཏང་ནས་བཀོད་པ་ཞིག་འཐེན་དུས་རེད།
་་་་་་་་་་་་ཨ་དཀོན་རིན་པོ་ཆེའི་སྲས་འཇིགས་མེད་རྟ་རབ་ལགས་ཀྱིས་ཁོང་གི་ཡབ་དགྲོངས་མཁན་གྱི་བོད་པ་གཉིས་ལ་རང་ངོས་ནས་ཉེས་ཆད་ཆག་ཡང་དང་བཟོད་བསྲན་གྱི་འབོད་བསྐུལ་གནང་རྒྱུ་ཡིན་་་་་་་་་
མིའི་སྲོག་བསླུ་བ་ལས། ལྷག་པའི་ཚེ་སྲིང་བའི་ཐབས་གཞན་མེད་ཅིང་། མིའི་སྲོག་བསླུ་བྱས་ནས། སྲོག་བསླུ་བྱེད་ཐུབ་ན་ནི། དགེ་བའི་སྟོབས་ཤིནད་ཏུ་ཆེ་བས། འབྲེལ་ཡོད་ཀུན་གྱིས་བྲེལ་ཟིང་ངང་ལ། བརྩོན་པར་འོས་སོ།།
ཁམས་པའི་ནང་མི་གསོད་ཁྲོག་སྦྱོར་བར་མ་ཆད་པར་བྱུང་ཡང་། ལྷག་བསམ་དང་ཆོས་དད་ཅན་ཨ་དཀོན་རིན་པོ་ཆེ་དང་ཁོང་གི་སྲས་འདི་ལྟ་བུ་བྱུང་བ་འདིས་བྱས་རྗེས་དང་མིག་ལྟོས་ཡོག་པོ་བཞག་ཡོད། འདི་ལ། འཇུ་ཆེན་དང་ཨོ་རྒྱན་སྟོབས་རྒྱལ་སོགས་ཀྱིས་ཡི་རོངས་བྱ་འོས་པ་མ་ཟད། གྲ་གཟུགས་ཚོས་ཀྱང་ལན་གཅིག་གཟིགས་ན་ལེས།
སྲས་ཁྱོད་ལ་རྗེས་སུ་ཡིད་རང་དང་ལྷག་པར་དུ་གསར་ཆེ་དྲགས་བརྒྱུད་ནས་རྒྱ་ནག་ལ་འབོད་སྐུལ་ཞུས་ན་ཧ་ཅང་ཡག་པོ་ཡོད་ས་རེད།།
ཨ་ཀོང་ཚོང་གི་སྲས་སྲས་མོ་སུ་ཡིན་ཀྱང་བདེན་པའི་སྒོ་ནས་རྒྱ་ནག་དུ་འགྲོ་ནས་གསོད་ལ་ཉེ་བའི་ལྷ་བཟོ་བ་དེ་གཉིས་སྲོག་བསླུ་མ་བྱས་ན་གསར་འགྱུར་གསར་བསྒྲག་གིས་གང་ཡང་མི་ཕན། ཨོ་ཉི་ཟེར་བའི་དམ་ཉམས་དེ་དང་བླ་ཡེ་དང་ནག་རིལ་སོགས་སྤྲུལ་རྫུན་དེ་ཚོས་ད་རིས་ཆོས་ཚུགས་མ་ཤོར་ན་ངོས་ནས་མངོན་པར་བསྟོད་ཆོག་གོ གལ་ཏེ་རང་རྒྱུས་ཆེད་དུ་རང་སྲོག་གཅོད་ན་རྒྱ་དམར་ལས་ལས་ངན་དང་ཐ་ཆད་ཡིན་པར་ཡོངས་ནས་ཤེས་པར་གྱིས།།
དབུས་གཙང་ཀརྡོ་འདི་ལ་གཟིགས་ནས་བཟམ་བློ་ཐོངས།
https://www.facebook.com/100009655669756/videos/246437669021420/?pnref=story
བླ་མ་གསོད་མཁན་ཚོ་ཅི་བྱེད་དགོས་མིན་བསམ་བློ་ཡག་པོ་གཏོང་དགོས་ས་རེད། བཙན་བྱོལ་སྤྱི་འཐུས་ཚོགས་གཙོ་ལས་ཐོགས་སྤེན་པ་ཚེ་རིང་ཡང་བླ་མ་བསད་པའི་དོགས་གཞི་ཅན་ཞིག་མ་རེད་དམ།
སྙིང་རྗེ། ཁོ་གཉིས་ལ་མ་ཉེས་ཁག་གཡོག་ཕོག་པ་ཡིན་རྒྱུ་རེད།
སྲས་ལགསཟཀྱིས་ལག་དམར་གཉིས་ཀློད་གྲོལ་གཏོང་དགོས་བའི་སྙན་ཞུ་གནང་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ།
i don’t feel any empathy for Akong because he led double life
གང་ལྟར་རྗེས་སུ་ཡི་རིང་ངོ་།།