དགེ་འདུན་རྒྱ་མཚོ།
སྔོན་ཆད་རྒན་གྱིས་རྟ་ལྕག་གཞུས་ནས་དགེ་ཕྲུག་བཏུལ་བ་རེད། དེ་སང་དགེ་ཕྲུག་གིས་སྟ་རེས་བརྒྱབ་ནས་རྒན་བཏུལ་བ་རེད། རྒན་གྱི་མཚན་ལ་མཁན་པོ་དགའ་བ་དང་དགེ་ཕྲུག་གི་མིང་རྒན་གྱི་མིང་ཟུར་ཆགས་ནས་གཞན་གྱིས་དགའ་ཕྲུག་ཟེར་ནས་འབོད། མཁན་པོ་དགའ་བ་ནི་ཞི་དུལ་བག་ཡོད་ཀྱིས་མཛེས་པའི་དགེ་སློང་ཚུལ་མཐུན་ཞིག་ཡིན་པས་ཁོ་རང་གསོན་འདྲེ་རེད་ཟེར་ན་སུའི་རྣ་ལ་འགྲོ་གི་རེད། ཡིན་ན་ཡང་མི་སུ་ཞིག་ཡིན་ཡང་རང་ཉིད་ལ་ཐུན་མོང་མ་ཡིན་པའི་གསང་བ་རེ་ཡོད་པ་ཆོས་ཉིད་ཡིན་པས་གང་བདེན་མིན་ལ་སུ་ཞིག་གིས་ཁ་ཚོན་བཅད་ནས་བཤད་ཐུབ།
རྒན་དགའ་བ་ནི་སྐུ་གཟུགས་ཆེན་པོ་དང་སྐུ་ཤ་ཚོན་པོ་ཡོད་པ་མ་ཟད་མགོ་ཡང་ཆེན་པོ་ཡོད། འགའ་ཤས་ཀྱིས་ཁོང་ལ་དགའ་བ་མགོ་སྟུག་ཞེས་ཀྱང་བཏགས། ཁོང་གིས་དུས་ཡུན་རིང་བོ་ཞིག་ནས་དམར་ཟས་སྤངས་པ་མ་ཟད་ཕྱི་དྲོའི་ཁ་ཟས་ཀྱང་བཅད་ནས་རྟག་ཏུ་དགོང་བཅད་ཡིན། ཡ་མཚན་པོ་ཞིག་ལ་མཚན་གུང་ལ་རྒན་ཁ་སྐོམ་ནས་ཆུ་ཡང་ཡང་འཐུང་དགོས་ཀྱི་ཡོད་རེད། ནམ་རྒྱུན་ཡིན་ན་རྒན་ལགས་གོང་གི་མཆོད་ཁང་འགྲམ་གྱི་གཟིམ་ཆུང་ནང་ཉལ་བ་དང་དགེ་ཕྲུག་དགའ་ཕྲུག་ནི་རྩང་སྤྱོད་ལམ་སྣེ་ཕྱོགས་ཀྱི་ཁང་ཆུང་དེར་ཉལ་གྱི་ཡོད། དགེ་ཕྲུག་གིས་ནུབ་ཚ་འཐུང་ནས་ཉལ་ཟིན་ན་ཡང་རྒན་གྱིས་སྒྲོན་མེ་ལ་བརྟེན་ནས་དཔེ་གཟིགས་ཡུན་རིང་གནང་ངེས་ཡིན།
དགོང་མོ་ཞིག་ལ་ནམ་རྒྱུན་དང་མི་འདྲ་བར་རླུང་འཚུབ་ཆེན་པོ་ལྡང་། གླིང་བར་ནས་ཁྱི་སྐད་ཀྱང་ཇེ་མཐོ་རེད། ཁྱི་རྒྱག་ནམ་མཁའི་སྐར་མ་ལ་ཡང་ཟུག་གི་རེད་ཟེར་སྲོལ་ཡོད། དོ་དགོང་གི་ཁྱི་རྒན་ཚོ་དམིགས་བསལ་ཞིག་རེད། དེ་ཙམ་གྱིས་ལྟོས་པ་མེད་མོད། ཁྱིས་ཟུག་སྟངས་ལ་ཉན་ན་རྒྱུན་ལྡན་ཞིག་གཏན་ནས་མིན། དགེ་ཕྲུག་ཡང་གཉིད་ལས་དཀྲོགས་པས་ཉལ་སར་འགྲེ་ལོག་ཡང་ཡང་བརྒྱབ། གད་གཏན་ནས་མ་ཁུག་པས་ཁོ་ཉ་ད་དུང་ཡར་ལངས་ཏེ་སྒེའུ་ཁུང་ནས་ཡར་ཅེར་ནས་བལྟས། རྒན་གྱི་ཕྱོགས་ལ་ལྟ་སྐབས་གོང་ན་མར་འཁོར་བའི་སྒེའུ་ཁུང་ལས་སྒྲོན་འོད་ཁྲ་ལམ་མེར་བསྡད་ཡོད། རྒན་གྱིས་ངག་ནས་ལྡབ་ལྡིབ་ཞིག་བསྐྱོར་བཞིན་འདུག་པས་ད་དུང་ཉལ་མེད་པ་ཤེས་ཐུབ།
དགའ་ཕྲུག་ཁོ་གཉིད་མི་ཡོང་ན་ཡང་རྒན་ལ་སྐྲག་ནས་གློ་ལུ་ཙམ་ཡང་བརྒྱག་མ་ཕོད་པར་ཁུ་སིམ་མེར་བསྡད། རླུང་མཚམས་བཞག་པ་དང་ཁྱི་ཡི་སྐད་ཅོར་ཡང་རེ་ཞིག་ཞི་འཇམ་དུ་སོང་། སྐབས་དེ་དང་བསྟུན་ནས་རྒན་དགའ་བ་མར་སྒོ་ཁར་བུད་ནས་ཁམས་གཡེང་བྱེད། བར་སྒོ་དེ་ཕྱེ་བའི་ཙུར་སྒྲ་ཡང་གྲགས་བྱུང་། དགའ་ཕྲུག་གིས་རྒན་ལགས་གང་དུ་འགྲོ་བ་ཡིན་ནམ་སྙམ། ལྐོག་ཏུ་སྒེའུ་ཡོལ་བཀྱགས་ཏེ་བལྟས་ན་རྒན་ཕྱི་ལ་བུད་པ་དང་ལྷས་ར་ཆུང་བའི་མདུན་ཐང་དེར་མར་བབས། ལག་གཉིས་ཕན་ཚུན་བསྣོལ་བ་དང་ཤད་ཀྱིས་གནམ་ལ་བརྐྱངས། ཁ་ནས་གླལ་སྒྱིང་ཞིག་ཀྱང་བྱས་བ་རེད། དགའ་ཕྲུག་གི་སེམས་ལ་རྒན་ལ་ཁག་ཡོད་མ་རེད། དགོང་ཟས་ཅི་ཡང་ཟས་མེད་པས་ད་ཅི་དྲག་སྙམ།
རྒན་དགའ་བས་ཡར་མར་ལ་ཞིབ་ལྟ་ཞིག་བྱས་པ་ན་ཕྱོགས་ཡོངས་སུ་ཟླ་འོད་ཀྱིས་ཁྱབ་ནས་དཀར་སང་སེ་ཡོད། ཡིན་ན་ཡང་དགའ་ཕྲུག་གི་སྒེའུ་ཁུང་དེ་དང་སྒེའུཁུང་འགྲམ་གྱི་གྲིབ་མ་དག་ད་དུང་ནག་ཡོར་རེ་འདུག རྒན་གྱིས་བསམ་བློ་རྒྱུན་རིང་བཏང་བ་དང་སླར་ཡང་དགའ་ཕྲུག་ཉལ་ཡོད་མེད་ལ་ལྐོག་ཉན་ཅིག་བྱས། དགའ་ཕྲུག་གིས་དབུགས་ཀྱང་ལེན་པ་ཐུབ་པར་ཁ་སྣ་ལག་པས་བཀབ་ནས་སྒེའུ་ཡོལ་གྱི་ཟུར་དུ་ཡིབ་ནས་བཞའ། རྒན་གྱིས་སེམས་ལ་དགའ་ཕྲུག་སྔར་ནས་གཉིད་ཟིན་འདུག་བསམ་པ་དང་ཡང་བསྐྱར་གླལ་སྒྱིང་ཅིག་བྱས། འགྱུ་ལོག་ཐེངས་གསུམ་བརྒྱབ་པ་དང་གཟུགས་པོ་སྤྱང་ཀིར་གྱུར།
རྒན་དགའ་བ་སྤྱང་ཀིར་གྱུར་བ་དེས་དགའ་ཕྲུག་ཧང་སང་བ་དང་ཁ་གདངས་དུ་བཅུག་པ་རེད། ཁོས་མིག་ཟུང་བགྲད་ནས་ཅེར་བ་ན་རྒན་དགའ་བ་བྲེལ་འཚུབ་དང་བཅས་མགོ་དཀྲིགས་བཞིན་ཆུ་ཁུང་ཞིག་ཡོད་པ་དེའི་ནང་དུ་འཛུལ་ནས་སོང་། དགའ་ཕྲུག་སྐྲག་ཐག་ཆོད་ནས་སྤྱང་ཀི་གར་སོང་ལ་ལྟ་བར་ཡང་འགྲོ་མ་ཐུབ། རྨི་ལམ་དང་ཆོ་འཕྲུལ་གང་ཡང་མི་ཤེས་བ་འདི་ལྟ་བུ་མཐོང་བ་དེས་དགའ་ཕྲུག་ལ་གོ་རྟོག་གསར་བ་ཞིག་བྱིན། ཁོས་སླར་ཡང་རྒན་གྱི་སྐོར་ལ་ཞིབ་འདང་མི་བརྒྱག་ཐབས་མེད་རེད། ཅི་ལྟར་བསམ་བློ་བཏང་ན་ཡང་སྒྲོ་འདོགས་ཀྱི་མཐའ་དེ་གཏན་ནས་གཅོད་མ་ཐུབ། དེ་ནི་ཅི་འདྲའི་གཏིང་ཟབ་ལ་རྒྱ་ཆེས་པའི་གསང་བ་ཞིག་རེད་ཨང་།
གང་ལྟར་ཁོས་བསམ་བློ་མང་བོ་བཏང་ནས་ཆུ་ཚོད་མང་བོ་སྐྱེལ། ནམ་གུང་གི་ཆུ་ཚོད་གསུམ་པ་དང་བཞི་བ་ཙམ་ལ་རྒན་དགའ་བ་ལགས་ཕྱིར་བསླེབས་བྱུང་། རྒན་མ་ཡོང་བའི་སྔོན་དེར་ཁྱི་སྡོམ་མང་བོ་རུབ་ནས་སྐད་ཅོར་བརྒྱབ་པ་དང་། དེ་ནས་ཅང་མ་འགོར་བར་རྒན་རྐ་ལམ་བརྒྱུང་ཕྱིར་ནང་དུ་བསླེབས། རྒན་དགའ་བ་ཡོང་ཚེ་སྔར་བཞིན་ཆུ་བཞུར་སའི་ཆུ་རྐ་དེའི་ནང་ནས་ཡར་འགྱུར་ནས་བྱུང་། ཅི་ཞིག་ཟས་པ་ལྟར་སྤྱང་ཀིས་ཁ་ཡང་ལྕེ་ཡིས་ལྡག་བཞིན་ཡོང་། ཉེ་སར་བསླེབས་དུས་མཆུ་ཏོ་དང་སྐེ་ཡི་རྔོག་མ་སོགས་ཀྱང་ཁྲག་དམར་གྱིས་སྦངས་ཏེ་རློན་པ་རེད། དགའ་ཕྲུག་གིས་དབུགས་ཀྱང་མ་བླངས་པར་སྒེའུ་ཁུང་ནས་མར་བལྟས་ཏེ་བསྡད་ཡོད།
རྒན་དགའ་བ་སྔར་གྱི་ས་དེར་ཡོང་ནས་ལངས་པ་དང་སྐོར་བ་དང་འགྱུ་ལོག་ཐེངས་གསུམ་བརྒྱབ། སྤྱང་ཀི་ཁོ་ནི་སྔར་བཞིན་རྒན་དགའ་བར་གྱུར། རྒན་དགའ་བ་ལགས་ནི་ཅི་ཞིག་ལ་ནོངས་པ་ལྟར་ཕར་ལྟ་ཚུར་ལྟ་བྱེད་ཀྱིན་གཟིམ་ཤག་ཏུ་འཛུལ། ནང་དུ་སོང་ནས་ཆུ་འཁྱག་ཕོར་བ་མང་བོ་འཐུངས། འཐུང་བཞིན་ཡོད་པའི་ཆུ་སྐྱོགས་གིས་ཕོར་ནང་ལ་བླུགས་པའི་ཤག་སྒྲ་དགའ་ཕྲུག་གི་རྣ་བས་ཀྱང་གོ་ཐུབ། དགའ་ཕྲུག་ནི་ཉལ་ཡང་གཉིད་ཁུག་རྒྱུའི་དཔེ་མི་སྲིད། བསམ་བློ་བཏང་བཏང་བའི་མཐར་ཁོ་ལ་བསམ་བློ་གསར་བ་ཞིག་འཁོར། དེ་ནི་རང་དང་ཕ་ཡུལ་གཅིག་པའི་རྒན་རྡོ་རྡོ་ཟེར་བ་ཞིག་ཡོད་པ་དེ་རེད། ཁོས་སང་ཉིན་རྒན་དེའི་འཁྲིས་ལ་སོང་ནས་རྒྱུ་མཚན་དང་གནས་ལུགས་ཞུས་དགོས་བསམ། ཞོགས་པའི་ཁར་རྔ་དེས་ཁོའི་བསམ་གཞིགས་ཀྱི་སྒོ་གླེགས་ཡོངས་སུ་ཕྱེས།
མང་ཇའི་འཚོགས་གྲོལ་བ་དང་དགའ་ཕྲུག་ཕྱིར་ཤག་ཏུ་མ་ཡོང་བར་རྒན་རྡོ་རྡོ་ཡོད་སར་སོང་། དེ་ནི་ཁོས་མདང་ནུབ་བསམ་བློ་ཡུན་རིང་བཏང་ནས་ཐག་བཅད་བའི་གནས་ཚུལ་བཅོལ་སའི་བླ་རྒན་དེ་རེད། ཁོས་ཕར་ལ་མ་ཞུས་གོང་རྒན་རྡོ་རྡོས་ཚུར་ཁ་གྲགས་སོང་། ཁྱོད་ཡོང་བ་ཧ་ཅང་བཟང་། འུ་གཉིས་མཉམ་འབྲེལ་བྱས་ཏེ་དོན་ཆེན་ཞིག་སྒྲུབ་དགོས། ངས་ཁྱོད་ཨེ་ཡོང་ལ་སྒུག་ནས་བསྡད་ཡོད། རྒན་རྡོ་རྡོ་ཡིས་སྔར་ནས་གྲ་སྒྲིག་ཡོད་པ་ལྟར་སྟ་རེ་ཞིག་ཡོད་པ་བརྡར་ནས་སྤུ་གྲི་ལྟར་རྣོན་པོར་བཏང་ཡོད། ད་དུང་དགའ་ཕྲུག་གི་སྐེ་ལ་ཕྱག་མདུད་ཞིག་བཞག་ཏེ་བསླབ་བྱ་བརྒྱབ། རྒན་དགའ་བ་འདི་ངས་སྔར་ནས་འདུལ་རྩིས་ཐེངས་འགའ་ཤས་བྱས་ཀྱང་ང་ལ་འདུལ་སྐལ་མེད།
དགྲ་ནང་ནས་བུད་ཡོང་ནི་རེད། སྔ་འདང་ཕྱི་འདང་མང་བོ་བརྒྱག་མི་དགོས། རྒན་དགའ་བ་ནི་ཁྱོད་ཀྱི་གདུལ་བྱ་དང་འདུལ་སྐལ་ཡིན། སྟ་གྲི་འདིས་གོ་སྐབས་དང་བསྟུན་ནས་རྒན་དགའ་བའི་མགོ་ཆོད་ཅིག དགའ་བ་དང་དགའ་ཕྲུག་གཉིས་ལ་སྔོན་བསགས་ཀྱི་ལས་འབྲེལ་ཡོད། ཁྱོད་སྐྲག་མི་ཉན། སྐྲག་ན་ང་ལ་གསོལ་བ་ཐོབས། ཕྱག་མདུད་འདི་སྐེ་ནས་འདོར་མི་ཉན། རྒན་རྡོ་རྡོ་ཡིས་བསླབ་བྱ་དང་མན་ངག་གང་ཡོད་དགའ་ཕྲུག་ལ་བསླབ། དགའ་ཕྲུག་གིས་རྒན་རྡོ་རྡོའི་ཕྱག་མདུད་དེ་སྐེ་ལ་བཏེགས་པ་དང་སྟ་རེ་མཆན་ལ་བཙིར་ཞིང་སྦས་ནས་ཕྱིར་ལོག་པ་རེད།
དགའ་ཕྲུག་ནི་ངོ་མ་མྱི་སྙིང་སྟོབས་ཅན་ཞིག་རེད་ལ། བསོད་ནམས་དང་དབང་སྡུད་ཅན་ཞིག་ཀྱང་རེད། ཁོས་རྒན་རྡོ་རྡོ་ཡིས་བཤད་པའི་སྐད་ཆ་རྣམས་སེམས་ལ་བཟུང་བ་དང་ཁྱད་པར་དུ་དགོན་པའི་གླིང་བར་དུ་ཟླ་རེ་དང་བདུན་ཕྲག་རེའི་བར་ནས་བནྡེ་རེ་བོར་གྱིན་ཡོད་པ་དང་། དེ་ཡང་སྤྱང་ཀི་ཞིག་གིས་ཟ་བཞིན་ཡོད་པ་ཡོངས་གྲགས་ཡིན། དེ་ཡང་དོན་ལ་རྒན་དགའ་བས་ཟ་བཞིན་ཡོད་པ་ངེས་ཤེས་རྙེད། ད་རེ་རང་ཉིད་ཀྱི་སྲོག་ཤོར་དགོས་ཀྱང་རྒན་དགའ་བའི་མགོ་གཅོད་ཨེ་ཐུབ་ལ་ལྟ་དགོས་བསམ་པའི་ཆོད་སེམས་བཅངས། འོན་ཀྱང་ཁོས་རང་གི་ངོ་གདོང་གི་རྣམ་འགྱུར་ཙམ་ཡང་རྒན་དགའ་བ་ལ་ཤེས་སུ་བཅུག་མེད།
ཉི་མ་མང་བོ་ཅི་ལྟར་སོང་བ་དེ་བཞིན་དགའ་ཕྲུག་གིས་དོ་སྣང་ཇེ་ཆེར་འགྲོ་གི་ཡོད། དགོང་མོ་ཞིག་ལ་ཡང་དགའ་བས་ཤ་ཟ་འདོད་ཀྱིས་འདུག་ཐུབ་ཀྱི་མེད། ནང་ནས་ཕར་འགྲོ་ཚུར་ཡོང་མང་བོ་བྱེད། ཆུ་ཚོད་ཅི་འགྲོ་ལ་སྒུག་ནས་བསྡད་ཡོད། དགའ་ཕྲུག་ལ་མཚོན་ན་ཡིད་གཟབ་བྱེད་དགོས་པའི་དུས་ལ་བབས་ཡོད། མཚན་གུང་གི་ཆུ་ཚོད་དང་པོ་ཙམ་ལ་བསླེབས་ཚེ་རྒན་དགའ་བ་སྔར་བཞིན་སྤྱང་ཀིར་བསྒྱུར་བ་དང་ཆུ་ཁུང་ནང་མཛུལ་ནས་སོང་། སྤྱི་བཏང་གི་ཆུ་ཁུང་དེ་དེ་ཙམ་གྱིས་ཆེན་པོ་མེད་ཀྱང་སྤྱང་ཀི་ནི་མགོ་ཆུད་ས་ནས་ལུས་ཀྱང་ཆུད་འགྲོ་བ་ཞིག་ཡིན་པས་ཆུ་རྐ་དེར་ཐོག་འདུག་མེད།
དགོང་མོ་དེར་དགའ་བ་ལ་ལྟས་ངན་བསྟན་རན་བསྡད་ཡོད་པ་འདྲ། ཁོ་ལམ་ན་འགྲོ་བཞིན་པའི་སྐབས་སུ་ཁྱི་རྒན་འགས་རྗེས་འདེད་ཀྱིན་སྐད་བརྒྱབ། དགོན་པའི་གླིང་བར་ནང་འུར་འུར་ཟང་ཟིང་དུ་བཏང་། ཁོ་འཚབ་བ་འཚུབ་བེར་གྱུར་ནས་སྤྲུལ་བ་ཡང་བཤིག་ལ་ཁད་བྱེད། ཅང་མ་འགོར་བར་བན་ཕྲུག་ཞིག་གིས་ཁྱི་ལ་རྡོ་བརྒྱག་བཞིན་བསླེབས། ཁོས་དེ་ནི་གོ་སྐབས་ཞིག་རེད་བསམ་ཏེ་བནྡེ་དེ་འཁུར་ནས་བྲོས། དགོན་པའི་མཐའ་ལ་འཁྱེར་ནས་ཤིང་སྡོང་ཞིག་གི་འོག་ནས་བནྡེའི་ཤ་གང་མགྱོགས་ཟོས་པ་རེད། ཚུལ་དེ་ཤེས་ནས་དགོན་པའི་གྲྭ་བ་སྐོར་ཅིག་གིས་ཁོ་དེད་ནས་ཡོང་། དགོང་མོ་དེར་ཁྱི་རྒན་ཚོས་ཀྱང་དོན་མེད་ལ་རྙོག་གྲ་མང་བོ་བཟོས། གང་ལྟར་ཁོས་ཕར་གཡོལ་ཚུར་གཡོལ་མང་བོ་བྱས་པ་དང་རྗེས་ལ་སྙེག་བཞིན་པའི་ཁྱི་དང་གྲྭ་བ་སུ་གང་ལ་ཡང་མཐོང་གི་མ་བཅུག་པར་རྐང་འཇབས་ལག་འཇབས་ཀྱིས་ཕྱིར་རང་གི་གྲྭ་ཤག་དུ་འཛུལ།
དགའ་ཕྲུག་གིས་སྔར་ཞིག་ནས་དཀོན་མཆོག་ལ་བདེན་པ་བརྡར་བཞིན་སྟ་རེ་ལག་ཏུ་བཟུང་ནས་ཆུ་ཁུང་ཁ་ན་དགའ་བ་ལ་སྒུག་ནས་ཡོད། དགའ་བ་ཆུ་སྦུག་ནས་ཡར་འགྱུར་ཡོང་བ་དང་དགའ་ཕྲུག་གིས་ལག་པ་གཉིས་ལག་གིས་སྟ་རེ་གནམ་ལ་ཕྱར་ནས་དགའ་བའི་མགོ་ལ་གཞུས། དགའ་བའི་མགོ་ཅི་ལྟར་མཁྲེགས་ན་ཡང་དགའ་ཕྲུག་གི་སྟ་རེའི་ཁ་ན་ཤིང་གཤག་པ་དང་ཨ་ན་མ་ན་རེད།
སྤྱང་ཀའི་མགོ་བོ་དུམ་བུ་གཉིས་སུ་བཏང་ནས་ས་ལ་ལྷུང་བ་དང་ཕྱི་ནས་གྲྭ་བ་ཚོས་ཀྱང་རྗེས་དེད་ནས་ནང་དུ་འཛུལ། ཁོ་ཚོ་མཉམ་རུབ་ཀྱིས་སྤྱང་ཀིའི་རོ་དེ་དྲུད་ནས་ལྷས་དཀྱིལ་ལ་བཞག ཚང་མས་ཅི་ཡིན་ལ་ཧང་སང་བཞིན་ལྟད་མོར་བལྟས། རྒན་དགའ་བའམ་སྤྱང་ཀའི་རྣམ་ཤེས་ནི་སྔར་ནས་ཕྱི་མར་ཆས་ཟིན་པས་དབུགས་ཙམ་ཡང་ལེན་རྒྱུ་མེད། ཡ་མཚན་པོ་ཞིག་ལ་སྤྱང་ཀའི་རོ་དེ་རྒན་དགའ་བའི་རོ་ལ་འགྱུར་མ་ཐུབ། རོ་དེ་ནི་སྤྱང་ཀིའི་རོ་ཡིན་པ་ལས་རྒན་དགའ་བའི་བེམ་པོ་མིན། དེ་ན་རྒན་དགའ་བ་གང་དུ་སོང་བ་རེད། རྒན་དགའ་བ་བརླགས་པའི་དུས་དེ་ནས་བཟུང་དགོན་པོའི་གླིང་བར་ནས་བན་ཆུང་བོར་བརླགས་བྱུང་བའི་ཚིག་ཟུར་ཙམ་ཡང་གོ་རྒྱུ་མེད། རྒན་ཕྲུག་གིས་དགེ་རྒན་བཏུལ་ནས་དགོན་པའི་ནང་ལྷིང་འཇགས་སུ་བཏང་།
གཏམ་རྒྱུད་འདི་གླིང་ལ་གྲགས་པ་དང་། དགེ་འདུན་རྒྱ་མཚོས་ཟིན་ཐོར་བཀོད། ་་་་
རྒན་ཕྲུག་གིས་དགེ་རྒན་བཏུལ་ནས་དགོན་པའི་ནང་ལྷིང་འཇགས་སུ་བཏང་།
འདི།
དགེ་ཕྲུག་གིས་དགེ་རྒན་བཏུལ་ནས་དགོན་པའི་ནང་ལྷིང་འཇགས་སུ་བཏང་།
༡༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣༡ གི་ཆུ་ཚོད་ ༣ སྐར་མ་ ༠༧
ཁྱེད་ཐུགས་མད།
ཐུགས་རྗེ་ཆེ
འདི་ནི་འདྲེ་སྒྲུང་སྙན་མོ་ཞིག་འདུག འོན་ཀྱང་བདེན་པ་རེད་དམ། རྟོག་བཟོ་རེད། ལན་ཅིག་གསུང་རོགས་ཞུ།།
སྔར་རྒྱ་གར་ལྷོ་ཕྱོགས་ནས་ཕྱི་རོལ་བའི་ཆོས་ཉམས་སུ་ལེན་མཁན་ཞིག་གིས་རྫས་འགྱུར་ལ་བརྟེན་ནས་རང་ཉིད་སྟག་གི་ལུས་པོར་གྱུར་བའི་ལོ་རྒྱུས་ཤིག་ཐོས་མྱོང་། དེ་ནི་བདེན་པ་ཡིན་ཚོད་འདུག །
རྒྱ་གར་གྱི་རྣལ་འབྱོར་བ་ཞིག་གིས་རང་ལུས་སྟག་ཏུ་བསྒོམས་མཐར་སྟག་དངོས་སུ་སྣང་བའི་སྐོར་ཞི་གནས་ཀྱི་སྐབས་སུ་ཡང་ཡང་འཆད་ཀི
ངས་གོ་ཐོས་ལྟར་ན་རྒྱ་གར་སྭཏོ་ཞིག་གིས་རྫས་འགྱུར་ལ་བརྟེན་ནས་སྟག་དངོས་སུ་གྱུར་ཐུབ་པ་དང་། སྐབས་ཤིག་སྭཏོ་དེས་གྲོགས་པོ་ཞིག་ལ་ང་སྟག་གི་འགྱུར་ནས་ཕྱི་ལོགས་སུ་འཁྱམས་འཁྱམས་ལ་འགྲོ་འདོད་འདུག ཕྱིར་ནང་དུ་འབྱོར་རྗེས་རྫས་འདི་སྟག་གི་སྒང་ལ་སྟོར། དེ་མིན་ང་ཕྱིར་མི་རུ་འགྱུར་ཐུབ་ཀྱི་མ་རེད་ཟེར་ནས་སོང་། སྟག་ཕྱིར་ནང་དུ་སླེབས་སྐབས་ཁོའི་གྲོགས་པོ་ཞེ་ཐག་ཆོད་ནས་རྫས་དེ་སྟག་གི་སྒང་ལ་སྟོར་ཐུབ་མ་སོང་བར་བྲོས། སྭཏོ་དེ་གཏན་དུ་སྟག་གི་ལུས་སུ་གྱུར་ཞེས་ཟེར། བདེན་མིན་མི་ཤེས་ཀྱང་འདི་འདྲ་ཞིག་ཐོས།།
སྒྲུང་གཏམ་སྙན་མོ་འདུག བདེན་མིན་མི་ཤེས་ཀྱང་འདྲེ་སྒྲུང་ཟེར་ན་འདི་འདྲ་དགོས་པ་རེད། འབྲས་སྤུངས་བོང་མགོ་ཅན་གྱི་ལོ་རྒྱུས་ཤེས་མཁན་ཡོད་ན་གསུངས་རོགས་ཞུ། ག་དུས་འདྲེ་རུ་སྐྱེ་ཚུལ་སོགས་འདིར་འགོད་ཐུབ་ན་བཀླག་འདོད་འདུག།
དགེ་ལུག་པ་ལ་དེ་འདྲ་མང་ནི་རེད། གསོན་འདྲེ་མ་རེད་གསོན་སྤྱང་རེད། དགེ་འདུན་རྒྱ་མཚོ་ཁོ་རང་ཡིན་པར་འདྲ།
ཀརྨ་བའི་ཕྱག་མཛོད་ཞིག་དགེ་ལྡན་པ་ལ་དམ་ཚིག་ལོག་ནས་ཤི་བ་དང་། ཤི་ཁར་དགེ་ལྡན་པ་ལ་ཞེ་འཁོན་རློག་པའི་སྨོན་ལམ་བཏབ་ནས་ཤི་བ་རེད། ཕྱིས་སུ་དོལ་རྒྱལ་ཟེར་བ་དེ་རེད་ཟེར། དོལ་རྒྱལ་གྱི་འབྱུང་ཁུང་ཀརྨ་བའི་ཕྱག་མཛོད་ཡིན་རབ་བཤད་འདུག འདིའི་སྐོར་དཔལ་རྒྱལ་ཞིབ་མཇུག་ཚོགས་པའི་བཏོན་པའི་དེབ་ན་འདུག
བདེན་པ་ཡིན་མིན་རྒྱུས་ཡོད་ཅིག་གིས་གསུངས་རོགས་གནང་།
རྒན་དགེ་འདུན་རྒྱ་མཚོ་ལགས།
དེའི་སྐོར་ཅིག་འབྲི་རོགས་གནང་། ཉན་འདོད་ཆེན་པོ་ཡོད་ལགས།
མི་ཚོས་བཤད་སྲོལ་ལ་དོལ་རྒྱལ་ཟེར་བའི་འདྲེ་འདི་ནི་ཀརྨ་བའི་ཕྱག་མཛོད་ཅིག་སྟོད་ལུང་ནས་ཡིན་པ་ཤི་ནས་འདྲེ་ལ་སྐྱེས་པ་རེད་ཟེར། ཁོ་ཤི་ཁར་དགེ་ལྡན་པ་དང་དགའ་ལྡན་ཕོ་བྲང་ལ་ཞེ་འཁོན་ཡོད་པས་སྨོན་ལམ་ལོག་འདེབས་བྱས་ཏེ་ཤི་བ་དང་། དགའ་ལྡན་ཕོ་བྲང་ལ་འཁོན་ལན་རློག་གི་ཡིན་ཟེར་ནས་སྨོན་ལམ་བཏབ་པ་རེད་ཟེར། དོལ་རྒྱལ་གྱི་འབྱུང་ཁུངས་དེ་འདྲ་ཞིག་ཡིན་པར་བཤད་འདུག འདི་ནི་དོལ་རྒྱལ་ཞིབ་འཇུག་ཚོགས་པའི་བཏོན་པའི་དེབ་ནང་ན་འདུག བདེན་པ་ཡིན་ནམ་མིན་རྒྱུས་ཡོད་ཅིག་གིས་གསུངས་རོགས་གནང་།
རྒན་དགེ་འདུན་རྒྱ་མཚོ་ལགས། དོལ་རྒྱལ་གྱི་སྐོར་ཅིག་འབྲི་རོགས་གནང་། ཉན་འདོད་ཆེན་པོ་ཡོད་ལགས།
མི་ཚོས་བཤད་སྲོལ་ལ་དོལ་རྒྱལ་ཟེར་བའི་འདྲེ་འདི་ནི་ཀརྨ་བའི་ཕྱག་མཛོད་ཅིག་སྟོད་ལུང་ནས་ཡིན་པ་ཤི་ནས་འདྲེ་ལ་སྐྱེས་པ་རེད་ཟེར། ཁོ་ཤི་ཁར་དགེ་ལྡན་པ་དང་དགའ་ལྡན་ཕོ་བྲང་ལ་ཞེ་འཁོན་ཡོད་པས་སྨོན་ལམ་ལོག་འདེབས་བྱས་ཏེ་ཤི་བ་དང་། དགའ་ལྡན་ཕོ་བྲང་ལ་འཁོན་ལན་རློག་གི་ཡིན་ཟེར་ནས་སྨོན་ལམ་བཏབ་པ་རེད་ཟེར། དོལ་རྒྱལ་གྱི་འབྱུང་ཁུངས་དེ་འདྲ་ཞིག་ཡིན་པར་བཤད་འདུག འདི་ནི་དོལ་རྒྱལ་ཞིབ་འཇུག་ཚོགས་པའི་བཏོན་པའི་དེབ་ནང་ན་འདུག བདེན་པ་ཡིན་ནམ་མིན་རྒྱུས་ཡོད་ཅིག་གིས་གསུངས་རོགས་གནང་།
རྒན་དགེ་འདུན་རྒྱ་མཚོ་ལགས། དོལ་རྒྱལ་གྱི་སྐོར་ཅིག་འབྲི་རོགས་གནང་། ཉན་འདོད་ཆེན་པོ་ཡོད་ལགས།
དོལ་རྒྱལ་ཟེར་བ་དེ་གདོན་འདྲེ་ཞིག་རེད། གདོན་གྱི་ནང་ནས་ཀྱང་འདྲེ་རྒོལ་དེ་འདྲའི་གྲས་རེད། དེའི་སྐོར་རྒྱལ་བ་རིན་པོ་ཆེས་ནས་མང་བོ་གསུངས་སོང་། ཆོས་སྲུང་བསྟེན་ཕྱོགས་སྐོར་གྱི་བཀའ་སློབ་མང་བོ་གནང་ཡོད་རེད། དེར་བལྟས་པ་ཡིན་ན་དོལ་རྒྱལ་གྱི་ངོ་བོ་དང་བྱེད་ལས་སོགས་གསལ་ཐང་ཐང་རེད། དེ་ལས་ལྷག་ཅིག་ང་ལ་བཤད་རྒྱུ་མེད་ལགས།
བཤད་དགོས་ན་ཕྲན་ཙམ་བཤད་ན་འགྲིག་གི་རེད། དེ་བཤད་པ་ཡིན་ན་རྙིང་མ་བ་ཚོས་གཅིན་པ་ཤོར་བ་མ་ཟད་སྐྱག་པ་ཡང་ཤོར་ཐག་ཆོད་ཡིན།
ཧ་ཧ་ཧ་།
ཁོམ་པོ་ཡོད་དུས་ཞིག་ལ་བཤད་ཡ། ང་འཛིན་གྲྭ་ལ་འགྲོ་རན་སོང་།
ཁྱད་མཚར་རེད། བོད་ཀྱི་གཤིན་འདྲེ་གསོན་འདྲེ་དེ་ཚོས་རང་གིས་ཇི་ལྟར་སྨོན་པ་བཞིན་དགའ་ས་ལ་རོགས་ཕན་དང་མི་དགའ་སར་གནོད་བསྐྱེལ་གདུག་རྩུབ་བྱེད་ཐུབ་ཀྱི་འདུག དེ་མིན་ཨི་རག་གི་སྲིད་འཛིན་ས་དྷམ་ཧུ་སིན་དམར་གསོད་གཏོང་མཁན་ལ་ས་དྷ་ཧུ་སིན་མི་དགའ་བ་ཐག་ཆོད་ཀྱང་དེ་ཚོར་གནོད་པ་སྐྱེལ་མི་ཐུབ་པ་རྒྱུ་མཚན་གང་ཡིན་ནམ།
བན་དེ་བ་ཁག་མེད། ལས་རྒྱུ་འབྲས་མ་ཤེས་པའི་སྐྱོན་རེད། སྨོན་ལམ་ལོག་པ་དང་བཟང་པོ་གང་བཏབས་ཀྱང་ཚོགས་བསགས་སྔོན་དུ་འགྲོ་དགོས་པ་དངོས། དེ་སོང་བས་བོད་འདྲེ་དང་གདོན་གཟུགས་དེ་ཚོ་ནུས་པ་བྱུང་བ་རེད། གླང་དར་ཀྱང་དཀའ་སྤྱད་མྱོང་བས་སྨོན་ལམ་ལོག་པ་བཏབས་ནས་རབ་བྱུང་བསྟན་པ་བསྣུབས་པ་རེད། དེ་སོགས་དང་། དོལ་འདྲེ་ཡང་ལས་མཐའ་ལོག་པའི་བན་ལོག་ཁྱོད་འདྲ་བོ་རེད། ཁྱོད་ཀྱིས་་་་་ཧ ཧ ད་མང་པོ་མི་བཤད། དགེ་བཤེས་ཆོས་འཁོར་སང་བདེ་མོ་གྱིས།
སྨོན་ལམ་གང་བཏབ་པ་ལྟར་འགྲུབ་སྲིད་ན། ང་སང་ཉིན་ནས་སངས་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ན་འགྲུབ་པ་ཐལ་ལོ།
དོལ་རྒྱལ་ཟེར་བ་དེ་གདོན་འདྲེ་ཞིག་རེད། གདོན་གྱི་ནང་ནས་ཀྱང་འདྲེ་རྒོལ་དེ་འདྲའི་གྲས་རེད། ་་་་ཟེར།
འདྲེ་མོའི་ཁ་ལ་ཉན་མི་རུང།
དོལ་རྒྱལ་འདི་ཀམ་ཚངགི་ལོག་སྨོན་འདྲེ་གོང་ཡིན་པའི་ཁུངས་གསལ་ཤོས་དེ་ཨུ་རྒྱན་གླིང་པའི་ལུང་བསྟན་ནས་ཡོང་བ་དང་། རྗེས་མ་རྩད་གཅོད་བཏང་ནས་དེ་ལྟར་ཡིན་པ་ཤོད་མཁན་མང་པོ་འདུག དཔེར་ན་རྡ་རམ་ས་ལའི་ཨ་མྱེས་རྨ་ཆེན་ཞིབ་འཇུག་ཁང་གི་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་དེ་ལྟར་གསུངས།
དོལ་རྒྱལ་འདི་ཀམ་ཚང་གི་ལོག་སྨོན་འདྲེ་གོང་ཡིན་ནམ།
ཡང་ན།
་་་་་་་ ཡང་། རྒྱལ་དབང་རྣམ་ཐར་ནང་དུ་གསལ་བགྱིད་ཡོད་མ་རེད་དེ། སྤྱིར་སྟངས་བཤད་རྒྱུན་ཞིག་ལདར་བརཛོང་རྒྱབ་ནས་བཀྲོངས་པ་རེད་ཅེས་ཤོད་བགྱིད་ཡོད་པ་རེད།
ཡང་། གྲགས་པ་རྒྱལ་མཚན་གྱི་སྐུ་སྐྱེ་གོང་མ་ཞིག་ལ་གནས་ཆུང་གིས་བསྐུལ་བ་རེད་ཅེསཟེར་རྒྱུན་ཞིག་ཡོད་པ་རེད། དེ་ཚོ་སྤྱི་བཏང་ཡིག་ཆའི་ནང་ལ་ཡོད་པ་སོང་ཙང་ངས་༼༸གོང་ས་མཆོག༽ཞིབ་བཤད་མ་དོས་པ་བྱས། གང་ལྟར་ཡོངས་གྲགས་ཀྱི་གནས་ཚུལ་ལ༸གོང་ལྔ་པ་ཆེན་པོ་དང་། གྲགས་པ་རྒྱལ་མཚན་གཉིས་འབྲེལ་བ་ཞིག་ཆགས། དེ་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དྲེགས་པའི་སཀྱུར་བཞེངས་པ་རེད་ཅེས་སྐད་ཆ་ཞིག་ཡོང་བགྱིད་ཡོད་པ་རེད། ་་་་་་་
༡༩༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣ གི་ཆུ་ཚོད་ ༡ སྐར་མ་ ༢༩
དོལ་རྒྱལ་འདི་ཀམ་ཚང་གི་ལོག་སྨོན་འདྲེ་གོང་ཡིན་ནམ
ཟེར།
ཀརྡོ་གཉེར་ཕྱག་པ་ལགས།
དེའི་སྐོར་གསུངས་རོགས་གནང་།
༡༨༽ བསམ་ཤེས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༠༦
དོལ་རྒྱལ་འདི་ཀམ་ཚངགི་ལོག་སྨོན་འདྲེ་གོང་ཡིན་པའི་ཁུངས་གསལ་ཤོས་དེ་ཨུ་རྒྱན་གླིང་པའི་ལུང་བསྟན་ནས་ཡོང་བ་དང་།
ལུང་བསྟན་དེ་འདིར་འདྲེན་ཡ་ཡོད་རེད་པས།
ཡོད་ན་གསུངས་རོགས་གནང་།
ལགས་འ་རྒྱལ་སེ་ཟེར་ན་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཨ་མ་ཡིན་ཞིང་བུད་མེད་དབང་གྲགས་ཅན་ཞིག་ཡོད་པ་དེ་ཡིས བཞི་བ་བསོད་ནམས་རྒྱ་མཚོ་སྐུ་འདས་ནས་སྤྲུལ་སྐུ་འཚོལ་བའི་སྐབས་དང་བསྟུན་ནས་དབང་རྩོད་རྣོ་ངར་ཅན་རྒྱབ་སྟབས། རང་གི་བུ་པན་ཆེན་བསོད་གྲགས་ཀྱི་སྤྲུལ་སྐུ་རུ་བཟོས་པ་རེད།
ད་དུང་མོ་རང་གི་ཡིད་མ་ཚིམ་པས་མུ་མཐུད་ནས་རྒྱལ་དབང་ལྔ་བ་དངོས་ཡིན་ཚུལ་གྱི་གླེང་ཕྱོགས་བཟོས་པ་རེད། རྒྱལ་དབང་ལྔ་བའི་རིས་མེད་ཀྱི་ཀུན་སྤྱོད་རེ་རེ་ལ་རྒོལ་ཕྱིར་དུ་རྒྱལ་དབང་ལྔ་བ་དགེ་ལུགས་པར་སྡང་ཚུལ་གྱི་གནས་ཚུལ་རབ་དང་རིམ་པ་སྤེལ་བས་འབྲས་སྤུངས་གཟིམས་ཁང་གོང་འོག་གི་མིང་འདོགས་ཚུལ་སོགས་བྱུང་བ་རེད། མཐར་མོ་རང་གི་བུ་ཕམ་ཏེ་འདྲེ་རུ་གྱུར་པ་རེད། དེ་ཡང་དགེ་ལུགས་པའི་དོན་དུ་ཡིན་རབ་སྒྲོགས་ནས་ད་ལྟའི་བར་དུ་ཡོང་བ་རེད། མདོར་བསྡུ་ན་༧གོང་ས་ལྔ་བ་མཆོག་བཞི་བ་བསོད་ནམས་རྒྱ་མཚོའི་སྤྲུལ་སྐུ་རུ་གཏན་ཁེལ་ཟིན་པ་དང་པན་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་འཚོལ་མ་ཐུབ་པ་རེད། རྗེ་བདག་ཉིད་ཆེན་པོ་དྲག་པོར་བཞེངས་པ་སོགས་གླེང་མཁན་བྱུང་མྱོང་།
བཤད་ཚུལ་འདི་དངོས་བྱུང་འདྲེ་སྒྲུང་ཡིན།
༸གོང་ས་མཆོག་གིས། ་་་་་་ སྤྱན་འདྲེན་ཞིག་གི་སྐབས་། གནས་ཆུང་གིས། ཨ་གསས་མཁན་པོ་བསྟེན་རྒྱུ་འདི། འགྲིགས་བགྱིད་མི་འདུག ཅེས་གསུང་བགྱིད་འདུག ་་་་་་
ཀརྡོ་དང་བསམ་ཤེས་དགེ་འདུན་རྒྱ་མཚོ་སོགས་དྲྭ་གྲོགས་རྣམས་ལ།
ངེད་ནས་ཤེས་འདོད་པ་ནི་སྤྲུལ་སྐུ་གྲགས་པ་རྒྱ་མཚན་དོལ་རྒྱལ་དུ་གྱུར་བ་རེད་དམ། ཡང་ན་སྔར་ནས་ཡོད་པའི་དོལ་རྒྱལ་ཞིག་ཕྱིས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཁོག་ཏུ་ཞུགས་པའམ། ཡིན་པར་རློམ་ནས་ལས་སྣ་ཚོགས་བྱས་པ་རེད། དེ་གཉིས་གང་ཡིན་པ་ཁ་གསལ་བོ་མི་འདུག དེ་ལ་ལེན་བརྒྱག་རོགས་གནང་།
དེ་འདྲ་མ་ཡིན་ན་ཡོངས་གྲགས་ཀྱི་བཤད་ཚུལ་དེ་དང་དོལ་རྒྱལ་འདི་ཀམ་ཚང་གི་ལོག་སྨོན་འདྲེ་གོང་ཡིན་པའི་ཁུངས་གསལ་ཤོས་དེ་ཨུ་རྒྱན་གླིང་པའི་ལུང་བསྟན་ནས་ཡོང་བ་དང་། ཞིབ་འཇུག་པ་ཚོས་བཤད་ཚུལ་སོགས་ཅུང་མཐུན་གྱི་མི་འདུག་ལགས།
ག་རེ་རེད་དམ།
བཤད་ཚུལ་མི་མཐུན་པ་མང་བོ་ཡོད་པ་བདེན་པ་རེད།
ཡིན་ན་ཡང་བཤད་ཚུལ་ཐམས་ཅད་མཐུན་དགོས་པ་མ་རེད།
མ་མཐུན་ན་གང་ཡང་ཡོད་མ་རེད།
ཐུགས་ཁྲལ་མ་གནང་རོགས།
བཤད་ཚུལ་མཐུན་ན་མཁས་པ་མིན།
དོལ་རྒྱལ་གྱི་སྐོར་བཤད་དགོས་ན་གཅིག་ལས་གཅིག་མཁས་པ་རེད་པ།
བསམ་གཏན་སྒྲོལ་མ་ལགས།་དེ་བས་རང་གིས་སྒོར་མོ་མང་བོ་བསགས་ནས་མའོངས་པའི་སྐོར་ལ་དགོངས་པ་བཞེས་རོགས་གནང་།ཧ་ཧ་ཧ
ཀམ་ཚང་གི་ལོག་སྨོན་འདྲེ་གོང་དེ་ནི། སྐད་ཆ་གསར་པ་ཅིག་ཡིན་ས་མ་རེད། འོན་ཀྱང་། གཟིམ་ཁང་གོང་མའི་སྤྲུལ་སྐུ་འཆི་དུས་ལྷ་འདྲེ་རྙིང་པ་ཅིག་གིས་གནོད་པ་གསལ་གསལ་ཐིང་ཐིང་རེད། དེས་ན། དགེ་ལུགས་པའི་སྤྲུལ་སྐུ་གྲགས་ཅན་ཅིག་བསྟོད་ན་གནས་ཆུང་གིས་བསྐུལ་ནས་དྲག་པོའིསྐུར་བཞེངས་པའམ། སྨད་ན་གདོན་འདྲེར་སྐྱེས་པ་གང་ལྟར་ཡང་། ལྷ་འདྲེ་འདི་ནི་༸རྒྱལ་དབང་ལྔ་པའི་སྐབས་ལ་བྱུང་བའི་ལྷ་འདྲེ་གསར་པ་ཅིག་ལས། དེ་ལས་རྙིང་པ་ཅིག་ཡིན་ཚོད་མི་འདུག
དོལ་རྒྱལ་འདིའི་དང་པོ་འབྱུང་ཁུངས་གང་ཡིན་མིན་ཤེས་འདོད་ཆེན་པོ་ཡོད། ཚད་མཐུན་ཞིག་བཤད་དུ་ཡོད་ན་བཤད་རོག་གནང་། དེ་མིན་ཁྱོད་གསར་མ་བ་དང་ང་སྙིང་མ་བ་མ་རྩོད་རོགས། ཆོས་ལུགས་ཀྱི་རྙོག་གྲ་འདིའི་སྔ་ཡང་བོད་ལ་གནོད་མང་པོ་བསྐྱལ་ཡོད་པ་རེད། དེ་ཁྱེད་ཚོས་ཤེས་ཚོར་རེད།
ལྟས་ངན་འདིའི་སྐོར་ཤེས་འདོད་ན་་་༧གོང་ས་མཆོག་གི་འདིའི་སྐོར་གྱི་བཀའ་སློབ་ཁག་དང་་་་མཚན་ཉིད་སློབ་གྲྭའི་འདས་པོ་དགེ་དམ་པ་བློ་བཟང་རྒྱ་མཚོས་འདིའི་སྐོར་ལ་ལུང་དང་རིག་པ་གཉིས་ལྡན་གྱིས་དེབ་ཁག་ཅིག་བཏོད་ཡོད་ལ་་་་ད་དུང་མཁས་པ་གཞན་པ་ཚོས་ཀྱང་དཔྱད་རྩོམ་ཧ་ལས་པ་བྲིས་གནང་ཡོད་པ་བཅས་ལ་ལྟོས་ཤིག དེ་མིན་མི་སྐད་མི་གོ་བའི་ས་ཆ་འདི་ན་ཕན་ཐོགས་པའི་ལེགས་བཤད་ཅིག་རྣ་ལམ་ལ་ཡོང་རྒྱུ་ཡོད་ནི་མ་རེད་དོ།
མ་གཞི་ནས་འདྲེ་སྒྲུང་དང་་་གླིང་གེ་སར་སྒྲུང་གཉིས་གཅིག་པ་འདྲ་ཞིག་རེད། ཁ་བདེ་བོ་དང་རྟོག་བཟོ་ལ་མཁས་པ་སུས་བྲིས་བྲིས་དང་་་སུས་བཤད་བཤད་ཡིན་ནི་རེད། སྒྲུང་ནི་སྒྲུང་གི་ཐོག་ཏུ་འབབ་དགོས་པ་ལས་ཁུངས་འཕེལ་གྱི་ལོ་རྒྱུས་ཡོད་མི་སྲིད་དོ།
༸གོང་ས་མཆོག་གིས།
་་་་་ ཐ་མལ་པ་གཞིར་བཞག་ནས་བྱས་ན་བསམ་བློ་བཏང་བ་ཡིན་ན་ཐུན་མོང་གདུལ་བྱའི་སྣང་ངོའི་མཛད་པ་གཞིར་བཞག་བྱས་ནས་བསམ་བློ་གཏོང་དགོས། ཐུན་མོང་གདུལ་བྱའི་སྣང་ངོའི་མཛད་པ་གཞིར་བཞག་བྱས་ནས་བསམ་བློ་བཏང་བ་ཡིན་ན། གཟིམ་ཁང་གོང་གི་སྤྲུལ་སྐུ་དང་། ༸གོང་ས་ལྔ་པ་ཆེན་པོ་མ་འགྲིགས་པའི་གནས་ཚུལ་ཆགས་པ་རེད། ཤེས་སོང་ངམ། ་་་་་་
ཡང་༸གོང་ས་མཆོག་གིས།
་་་་་ ཡང་། ད་ལྟའི་རྒྱལ་ཆེན་ཁོག་བརླམས་འདི་པཎ་ཆེན་བསོད་ནམས་གྲགས་པའི་སྐྱེ་སྲིད་མིན་པ་དང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐྱེ་སྲིད་ཀྱང་མིན་པ་འདྲ། འོ་ན། ག་རེ་རེད་ཟེར་ན། སྨོན་ལམ་ལོག་པ་ཞིག་ཡིན་ཚོད་འདུག དེ་འདྲའི་རྐྱེན་གྱིས་རྒྱལ་ཆེན་བསྟེན་གསོལ་ཤུགས་ཆེན་པོ་བྱེད་མཁན་དེ་ལ་གང་བྱས་ཀྱང་མི་ཁ་འདྲ་ཡོང་མཁན་གཅིག་དང་། རྒྱལ་བ་རིན་པོ་ཆེས་འགོ་འཁྲིད་པའི་བོད་སྤྱི་པའི་དོན་ལ་སྐབས་རེ་ཁྲག་གེ་་འཁྲུག་གེ་ཡོང་བ་རྒྱུ་སྐྱེན་གཅིག་ཆོས་སྐྱོང་དེའི་ཆོ་འཕྲུལ་ཡིན་ཚོད་འདུག ་་་་་་
དེ་སང་གླིང་གེ་སེར་ཡང་ལྷ་དང་ཆོས་སྲུང་དུ་བཀུར་ནས་བསྟེན་མཁན་ཡོད་པ་འདྲ།
སྣང་བ་གང་དྲན་རེད་བྱ།
གླིང་གེ་སར་ལྷ་འདྲེར་སྐྱེས་ཡོད་ན། ལྟས་ངན་རང་རེད་དོ།། །།
་་་་་ བསོད་རིན་གྱིས་ཀྲུང་གོའི་བོད་ལྗོངས་སུ་གྲགས་པའི་དུས་དེབ་ཏུ་སྤེལ་རྩོམ་ནང་ ྋགོང་ས་མཆོག་ལ་འདི་ལྟར་ ༡༽ “ཁོས་བོད་མི་ཚོར་རྒྱལ་ཆེན་ཤུགས་ལྡན་ལ་མི་མཆོད་པར་བསྐུལ་བ་མ་ཟད་རྒྱ་གར་དུ་རྒྱལ་ཆེན་ཤུགས་ལྡན་ལ་མཆོད་པ་ནི་ཁྲིམས་དང་འགལ་བར་བསྒྲགས།”་་་་་་་ཟེར།
་་་་་་ ཕ་བོང་ཁ་རིན་པོ་ཆེས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལ་ཞུ་སྙན་འདི་ལྟར། “གུས་འབངས་ཕ་བོང་ཁའི་སྐྱེས་མིང་པ་ནས་ཞུ་བ།” ཞེས་སོགས་ནས་ “གུས་འབངས་པའི་མ་རྒན་དེ་ཉིད་ནས་ཤུགས་ལྡན་སྐྱེས་མའི་བརྒྱུད་ཀྱི་ལྷ་ཡིན་ཚུལ་གྱིས་ད་བར་བསྟེན་གསོལ་བྱ་དགོས་བྱུང་ཡང༌། ཕྱིན་ཆད་རང་ནོངས་ལ་འགྱོད་སྡོམ་དྲག་པོས་བསྟེན་གསོལ་བསྐང་འཕྲིན་ནམ་ཡང་མི་ཞུ་བ་ཞེ་དམ་ཤུགས་དྲག་སྙིང་དབུས་སུ་གུས་བཅངས་ཞུས་ཆོག་པ།” ་་་་་་་
སླེ་ལུང་བཞད་རྡོར་དྲག་ཤུལ་དབང་པོ་ཞེས་པའི་ལྷ་ཞིག་གི་སྐུར་བཞེངས་པའི་བཤད་རྒྱུ་ཞིག་འདུག
དེའི་ལོ་རྒྱུས་ཡིག་ཆ་ནི་མ་མཐོང་། མཁྱེན་མཁན་ཡོད་ན་བྲི་གནང་ཞུ།
༧གོང་ས་མཆོག་གིས་དོལ་འདྲེ་སྒྲུབ་པ་དག་དགགས་བསྣུབས་མ་ཐུབ་པ་དེས་བོད་མི་ཡོངས་ཀྱི་གྱོང་རྒུད་ཅིག་རེད། བོད་ལ་བདེ་སྐྱིད་པའི་ཉི་མ་མི་འབྱུང་བ་ཡང་འདྲེ་ལ་ཡིད་ཆེས་བྱས་པས་ལན་པ་རེད་སྙམ། ད་དུང་ང་ཚོས་རྒྱ་མིས་ངོས་ལན་ཡོད་མེད་དང་སྐྱོན་བརྗོད་བྱེད་པ་ནི་ང་ཚོ་ངོ་ཚ་དགོས་པའི་གནས་ཤིག་རེད་དྲན།
སླེ་ལུང་བཞད་རྡོར་དྲག་ཤུལ་དབང་པོ་ཞེས་པའི་ལྷ་ཞེས་པ་དེ་རིང་གོ་བ་ཐོག་མ་ཡིན། དེའི་སྐོར་ལ་ཡང་ཤེས་འདོད་ཡོད།