ཤྲཱི་སྨྱོན་པ།
བླ་མ་མཁྱེན་ནོ།
རྩ་བའི་བླ་མ་བསྟེན་པ་དང་།།
ཆོས་ཀྱི་ཆེ་བ་འདོན་པ་དང་།།
ཚེ་ཆོས་སྨན་པའི་ཚོགས་འཁོར་ལ།།
གུ་ཡངས་གཏང་ན་ཅི་འདྲ་འདུག །
སྤྱིར་ན་དེང་དུས་ལ་བསམ་ཚེ་བདེན་པ་ལས་རྫུན་པ་རྒྱལ། བདག་པོ་ལས་རྐུན་མ་རྒྱལ་བའི་དུས་སུ་སྐད་ཆ་བདེན་རྫུན་གང་ཞིག་བཤད་རུང་སྙིང་པོ་དབེན་ཡང་། དྲི་བ་ཞིག་དང་དག་སྣང་གིས་རྩ་བ་འཇུས་ནས་ཚིག་གཅིག་བཤད་ན་འདོད་ཐལ།
དང་པོ། སྤྲུལ་སྐུའི་ཐ་སྙད་དང་གཞན་དོན་མཛད་པ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དང་སྤྲུལ་བའི་ཉན་ཐོས། སྤྲུལ་པའི་སེམས་དཔའ་བརྒྱད་སོགས་ནས་སྤྲུལ་སྐུ་པདྨ་འབྱུང་། སྤྲུལ་པའི་གུ་རུ་མཚན་བརྒྱད་སོགས་མཁས་གྲུབ་རིག་འཛིན་གྱི་སར་གཤེགས་པ་དག་ནི་དང་པོ་ཆོས་སྐུའི་དགོངས་པ་བརྙེས་ཞིང་ལོངས་སྐུའི་ཞིང་ཁམས་སྦྱངས་ཏེ་སྤྲུལ་སྐུའི་འགྲོ་དོན་མཛད་ནས་སེམས་ཅན་ལ་ཕན་བདེ་ཉག་གཅིག་གནང་བ་ཤ་སྟག་རེད།
ང་ཚོ་བོད་ལ་མཚོན་ན་ཐོག་མར་སྤྲུལ་བའི་ལོ་ཙཱ་བ་བེེ་རོ་ཙ་ན་དང་ལོ་ཙཱ་བ་རྣམས། སྲས་དར་མས་གྲོང་འཇུག་དང་དྭགས་པོ་ཟླ་འོད་གཞོན་ནུ། འབྲི་གུང་སྐྱོབ་པ། ས་སྐྱ་པཎ་ཆེན། ཀུན་མཁྱེན་རོང་ཀློང་རྣམ་གཉིས། རྗེ་རིན་པོ་ཆེ་དང་མཁས་གྲུབ་རྗེ། རྒྱལ་ཚབ་རྗེ་སོགས་བསམ་བཞིན་སྤྲུལ་སྐུ་འགྲོ་དོན་ལ་བྱོན་པ་ཡིན་ཚུལ་བཀའ་ལུང་དང་རྣམ་ཐར་དེ་དག་གསལ་བོ་བཤད་པར་སྨོས་ཅི་འཚལ།
བར་སྐབས་ཤིག་ནས་ཚད་ལས་བརྒལ་བའི་རབ་བཏགས་དང་རྒྱུ་ནོར་དཔུང་ཤུགས་སུ་བཏང་ནས་ཕན་གནོད་ཅི་རིགས་བྱུང་བ་ནི་རྒྱ་ནག་གོང་མ་རྣམས་འཇམ་དཔལ་དབྱངས་ཀྱི་སྤྲུལ་སྐུ་ཡིན་པར་བཤད་པ་དང་། ངོས་འཛིན་པ་དེས། ངོས་བཟུང་བའི་རྒྱུ་མཚན་གང་མང་བྱུང་། ཁྱད་པར་རྒྱ་ནག་ལས་ཐོབ་དང་། དབང་ཆས་ཆེ་རྟགས་སུ་སྐྱབས་སྡོམ་གྱི་མིང་བཞིན་དུ་གོང་མའི་དབུ་བླ་དང་། དབའ་འམ། ཏྰ་དབའ་དབའ་འམ་སོགས་བཏགས་ནས་བཟུང་། ཏཱ་ལའི་དང་། ཏཱའི་སི་ཏུ། ཨིར་ཏི་ནི། ཧོ་ཐོག་ཐུ། གཽ་ཤྲི། བཱ་ཝང་སོགས་གང་ནས་བྱུང་བ་རེད་དམ།
དེ་ཚང་མ་རྒྱ་སོག་གི་དཔོན་རིགས་དྲིན་ཆེན་དེ་དག་གིས་བོད་ལ་རྩ་ཆེན་བྱས་ནས་བྱུང་བ་རེད། ཕན་ཐོགས་ཀྱང་མི་དམན་པ་བྱུང་བར་བྱས་པ་ཤེས་ཤིང་དྲིན་བཟོ་བ་མ་ཡིན་ནམ། བདག་ཅག་གི་༧རྒྱལ་དབང་དོན་གྱི་བདག་པོ་མཆོག་གིས་ང་ཚོ་སུ་ཡིན་ན་ཡང་རྒྱ་ལ་དགྲ་མ་བཟོ། །གྲོགས་བཟོ་དགོས་པ་རེད། ཧ་གོ་སོང་ངམ། ཞེས་གསུངས་སོ།།
དེས་ན་ད་ཐེངས་རྒྱལ་བ་ཀཿ་ཐོག་པ་མོག་ཚ་སྤྲུལ་སྐུས་རྒྱ་རིགས་སྒྱུ་རྩལ་པ་དེ་ལ་མཚན་ལ་པདྨ་འོད་གསལ་དང་པདྨའི་རྒྱལ་ཚབ་ཏུ་སྨོན་པའི་ཞབས་བརྟན་བྲིས་པ་ལ་གུ་ཡངས་གཏོང་དགོས་པར་སྙམ་མོ།།
ལྔ་མཆོད་སྐབས་སུ་དགོས་རྒྱུ་ཆོས་ཀྱི་དྲི་བ་མེད་པར་དགོས་མེད་རྒྱ་མིའི་སྤྲུལ་རྫུན་ཞེས་པའི་བགྲོ་གླེང་ལ་བསྟེན་ནས་དབྱིན་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་དེ་ཉིད་དུ་གཏམ་བཤད་བྱས་པ་དག་རགས་ཙམ་ཡིག་ཐོག་ཏུ་ཟིན་བྲིས་སུ་ཤྲྰི་སྨྱོན་པས་བགྱིས་པར་དགེའོ།། །།
ཧཧཧཧ་་་་་་གུ་ཡང་ཨེ། ཏག་ཏག་རེད། ཀུན་དགའ་དོན་འགྲུབ་ཀྱི་ཆེད་དུ་ད་སྨྱོ་ཀི་འདུག་་་་་་ལྟས་ངན་འདི་ཚོ།
ཚེ་ཏན་ཞབས་དྲུང་མ་རེད། ཚེ་བརྟན་ཞབས་དྲུང་ཞེས་འབྲི་དགོས།
ཚེ་ཏན་ཞབས་དྲུང་དག་པར་སྐུ་ཞབས་ཚེ་ཏན་ཞབས་དྲུང་གི་གསུང་ཚང་མའི་མཛད་བྱང་ལས་གསལ།
གྲུབ་མཐའི་ཆགས་སྡང་དང་། ཁྱད་པར་དུ་རང་ཕྱོགས་ཀྱིས་འཛམ་གླིང་ན་ཞབས་འདྲེན་ཞུ་རྒྱུ་མང་སོང་སྟབས། དེ་ལ་སྡུག་རོགས་རེ་འཚོལ་རྒྱུའི་ཆེད་དུ་གཞན་སྐྱོན་ཁབ་ཀྱིས་བསྔོགས་ནས་དཔེ་མི་སྲིད་པའི་འུར་སྒྲ་ཆེན་པོ་སྒྲོག་ཁུལ་བྱེད་མཁན་དང་། རང་ངོ་ནས་གཡག་འགྲོ་བ་མི་མཐོང་བར་མི་ངོ་ནས་ཤིག་འཐུ་བའི་མི་ཚོ་ལ་འདི་ནས་གསལ་བཤད་སོགས་གང་ཡང་བྱ་རྒྱུ་མེད་ན་ཡང་། དཔལ་རྒྱལ་བ་ཀཿཐོག་རྡོ་རྗེའི་གདན་གྱི་བསྟན་འགྲོའི་ཁོ་ན་ལ་དམིགས་པའི་གལ་ཆེའི་གསལ་བསྒྲགས།
ཉེ་ཆར་ཆོས་རྗེའི་མཚན་སྙན་ཁུར་བའི་རྒྱ་མི་པདྨ་འོད་གསལ་ལམ་འུས་ཏ་རུང་གིས་རྫུན་བཟོ་ཡིན་པ་ལས་རྒྱལ་བ་ཀཿཐོག་ཚང་གི་སྐྱབས་རྗེ་ཞིང་སྐྱོང་གིས་རྒྱ་མི་དེ་ལ་སྦྱིན་བདག་གཅིག་གི་ཐོབ་ཐང་སྤྲད་པ་ལས་སྤྲུལ་སྐུ་སོགས་ཀྱི་ངོས་འཛིན་གང་ཡང་གནང་མེད་པ་དང་། དེ་བཞིན་རྨོག་རྩ་རིན་པོ་ཆེ་ཡི་གཞན་གྱིས་སྤྲུལ་སྐུ་ངོས་འཛིན་བྱས་ཟིན་པའི་པདྨ་འདོ་གསལ་ལ་མོས་མཐུན་ཡོད་གསུངས་པ་ཙམ་དང་ཁོ་རང་གིས་རེ་ཞུ་ལྟར་སྨོན་ཚིག་ཞིག་བྲིས་པ་ཙམ་ལས་སྤྲུལ་སྐུ་ག་གེ་མོའི་སྐྱེ་སྤྲུལ་ཡིན་ཚུལ་གསུངས་མེད་པར་སྐྱབས་རྗེ་རྣམས་གཉིས་ཀྱི་ཕྱག་བྲིས་ནང་གསལ་ལྟར་རེད་ཅེས་གསལ་བསྒྲགས་སྤེལ་འདུག ད་དུང་ཁོ་རང་སྒེར་ནས་བཙུགས་པའི་རྒྱལ་བ་ཀཿ་ཐོག་རྒྱལ་སྤྱའི་རྡོ་རྗེ་ཐེག་པའི་ལྟེ་གནས་ཟེར་བ་རྣམས་ཕྱིར་འཐེན་བྱ་རྒྱུའི་གྲོས་ཆོད་བྱུང་བ་ཡིན་པའི་མ་འོངས་པའི་གནས་དུས་གང་དུ་ཡང་རྒྱ་མི་པདྨ་འོད་གསལ་ཁོས་རྒྱལ་བ་ཀཿ་ཐོག་དགོན་པའི་མིང་འདི་བེད་སྤྱོད་གཏོང་མི་ཆོག་ཅེས་བསྒྲགས་འདུག
རྒྱལ་བསྟན་ལ་སྙིང་ནས་ཤ་ཚ་བའི་ཆོས་གྲོགས་གཟུར་གནས་གང་ན་སུ་བཞུགས་རྣམས་ཀྱིས་ཡི་གེ་འདི་དག་ལ་ལན་གཅིག་གཟིགས་འོས་ཤིན་ཏུ་ཆེ་བར་སྣང་།
https://www.facebook.com/Tbetanboy11?pnref=story
་་་་་་་་་ དེ་བཞིན་རྨོག་རྩ་རིན་པོ་ཆེ་ཡི་གཞན་གྱིས་སྤྲུལ་སྐུ་ངོས་འཛིན་བྱས་ཟིན་པའི་པདྨ་འདོ་གསལ་ལ་མོས་མཐུན་ཡོད་གསུངས་པ་ཙམ་དང་ཁོ་རང་གིས་རེ་ཞུ་ལྟར་སྨོན་ཚིག་ཞིག་བྲིས་པ་ཙམ་ལས་སྤྲུལ་སྐུ་ག་གེ་མོའི་སྐྱེ་སྤྲུལ་ཡིན་ཚུལ་གསུངས་མེད་པར་སྐྱབས་རྗེ་རྣམས་གཉིས་ཀྱི་ཕྱག་བྲིས་ནང་གསལ་ལྟར་རེད་ཅེས་གསལ་བསྒྲགས་སྤེལ་འདུག ་་་་་་་་་་
ཀརྡོ་ཚང་དཔར་བཤུས་མ་བཤུས་དང་གསར་འགོད་ལ་རྒྱུ་མཚན་ཅི་ཡོད་དམ། འཇིག་རྟེན་ཁམས་འདིར་རྫུན་ཟེར་བ་ཞིག་ཡོད་ན་སི་ཏུའི་ཀརྨ་པ་དང་།གངས་ཅན་བླ་མའི་པན་ཆེན། ཏྰ་ལའི་མཁན་པོ་འཇིགས་ཕུན་རྫུན་མ། ས་སྐྱ་གོང་མའི་རྡོ་རྗེ་འཆང་ཆེན་གསུམ་པ།ཀརྨ་པ་བཅུ་དྲུག་གི་རྒྱ་སྤྲུལ་གུ་རུ་རིན་པོ་ཆེ། གྲུབ་དབང་པད་ནོར་གྱིས་དབྱིན་མོ་མཁའ་འགྲོ་དང་།འབྲི་གུང་ཚང་གི་ཐེ་རྒྱ་རྒན། བཟོད་པ་རིན་པོ་ཆེས་དབྱིན་ཕྲུག། བསོ་རྒྱལ་རིན་པོ་ཆེས་དོལ་མོ་སོགས་སྤྲུལ་རྫུན་ཚང་མ་བཙན་བྱོལ་གཞུང་འབྲེལ་ཐོག་ནས་ཁྱབ་སྒྲག་མི་དགོས་པ་གང་ཡིན་ནམ་ཀརྡོ་ལགས།
#6 པདྨ ་ལགས་ཀྱིས་སྤེལ་དོན།:
December 6th, 2015 at 12:26 pm
པདྨ་ལགས།
ངས་འདི་འདྲའི་རྙོག་གྲ་མང་པོ་མི་ཤེས་ལ། ཧ་གོ་དོན་ཡང་མེད། དག་སྣང་གང་ཐུབ་ཐུབ་སྦྱོངས་མཁན་ཅིག་ཡིན་པས་་་་་་་་་་
རྒྱལ་བ་ཀཿཐོག་པའི་ཁྱབ་བསྒྲགས་དང་པན་ཆེན་སྲས་མོས་གསལ་བསྒྲགས་ཆེན་མོས་གོ་སྐབས་བཟུང་ནས་བོད་སྤྱི་དམངས་ནས་སྤྲུལ་རྫུན་ཚོ་ལ་འབོད་སྐུལ་གནང་རྒྱུ་དང་། བཟོ་མཁན་ཚོས་ཀྱང་དུང་ལེན་གནང་ནས་གསལ་བསྒྲགས་བྱས་ན་ལེགས་པོ་རེད།བོད་བཙན་བྱོལ་གྱི་སི་ཏུའི་ཀརྨ་པ་དང་། རྒྱ་གཞུང་གིས་གངས་ཅན་བླ་མའི་པན་ཆེན། སྐུ་སྒེར་རམ་ཏྰ་ལའི་མཁན་པོ་འཇིགས་ཕུན་རྫུན་མ། ས་སྐྱ་གོང་མའི་རྡོ་རྗེ་འཆང་ཆེན་གསུམ་པ་སོགས་ངོས་འཛིན་ལོག་པ་པ་སོང་བམ། གཞན་མི་ནག་ཚོས་མགོ་སྐོར་འོག་ཚུད་པ་འམ། དཔལ་འབྱོར་ཆེད་དུ་སྒེར་དོན་དུ་སྒྲུབ་པ་ཚང་མ་གསལ་གསལ་ཐང་ཐང་བྱས་ན་ཅི་མ་རུང་ན་སྙམ་མོ།
པདྨ་རང་། ཁ་རོག་བསྡད་ན། སྐྱིད་བགྱིད་རེད། བསམ་བགྱིད་འདུག
པདྨ་ལགས། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་རེད་དམ། འདིའི་སྐོར་ཤེས་མཁན་ཡོད་ན་གསལ་པོ་གསུང་རོགས་ཞུ། མ་གཞི་མཁན་པོ་ཚང་སྐུ་གཤེགས་ཁར་ཁོང་ལ་སྤྲུལ་སྐུ་མེད་གསུངས་པ་རེད་ཟེར་བ་ཞིག་ཐོས། བདེན་མིན་མི་ཤེས། །