ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ཟེར་བའི་གུང་སེང་འདི་མེད་པ་བཟོ་དགོས།
གསེར་རྟ་ཚུལ་ཁྲིམས་གྱིས་དེ་སྔོན་ནས་ཟིན་བྲིས་ནང་བཀོད་ཡོད་ཀྱང་ད་ཐེངས་བསྐྱར་དུ་དུས་ཚོད་དང་བསྟུན་ཁ་བརྡར་བཞག་ཡིན་་་་་་་་་་་་་་་་་་
བོད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་དུ་གྲགས་པའི་གུང་སེང་ངན་པ་དགུ་འཛོམས་དང༌། བཟང་པོ་བཅུ་འཛོམས་ཞེས་པ་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དུའང་གུང་སེང་གཏོང་སྲོལ་ཡོད་པ་དང༌། དེ་ཡང་དབུས་གཙང་གི་གོམས་སྲོལ་གཙོ་བོ་བྱས་པ་ཞིག་རེད། དེ་ཡང་དུང་དཀར་ཚིག་མཛོད་དུ་གསལ་བ་ལྟར་ན།
“བོད་དབུས་གཙང་གི་ས་གནས་མང་ཆེ་བར་ལོ་ལྟར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ཕྱེད་ནས་ཚེས་བདུན་ཉིན་ཕྱེད་བར་དུས་ཚོད་ངན་པ་དགུ་འཛོམས་པས། ཁ་སྒྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་རབས་མི་སྒྲོག་ཅེས་དེ་སྔའི་ལོ་ཐོའི་ནང་ཡང་དེ་ལྟར་འགོད་སྲོལ་ཡོད་པས། ཁྱོད་ངན་པ་དགུ་འཛོམས་ན་ང་བཟང་པོ་བཅུ་འཛོམས་ཞེས་དེ་ཡི་བཟློག་ཕྱོགས་རང་རང་གི་དགའ་ཉེ་བློ་དཀར་རྣམས་ཕན་ཚུན་མགྲོན་འབོད་ཐུགས་སྤྲོ་གཏོང་བས་མཚོན་གང་དགའ་གང་སྐྱིད་དུ་སྡོད་སྲོལ་ཡོད་”ཅེས་སོགས་འཁོད་ཡོད། སྤྱིར་ལོ་སར་ཕུད་པའི་བོད་པའི་སྲོལ་རྒྱུན་གྱི་གུང་སེང་ཁག་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་འབའ་ཞིག་ཡིན་མོད། ངན་པ་དགུ་འཛོམས་ཞེས་པ་འདི་ལ་མཚོན་ན་དེ་འདྲ་ཡང་མིན་པར་དོན་དངོས་རྣམ་རྟོག་རྐྱང་པ་ལས་གྲུབ་པའི་གུང་སེང་ཞིག་ཡིན་པ་དང༌། ཁུངས་ལུང་རྒྱུ་མཚན་གསལ་པོ་བགྲང་རྒྱུ་མེད་པར་གཞུང་འབྲེལ་གྱི་གུང་སེང་གཏོང་བ་འདི་རིགས་ནི་མ་འོས་པ་ཞིག་ཏུ་མཐོང༌། སྤྱིར་ད་ལྟའི་དུས་འདིར་གང་ཐུབ་ཐུབ་ལས་ཀ་བྱེད་དགོས་པ་ལས། གང་ཐུབ་ཐུབ་ཀྱིས་གོང་སེང་གཏོང་དགོས་པའི་དུས་ཚོད་ཅིག་མིན་ལ། འདས་པའི་དུས་སུ་བོད་མི་རིགས་ལ་མཚོན་ན་དུས་ཚོད་གཏན་འབེབས་ཀྱི་ལས་ཀ་བྱེད་སྲོལ་མེད་པར་དུས་རྒྱུན་གུང་སེང་ལྟ་བུ་ཡིན་པར་བརྟེན། བོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་འཐུས་ཤོར་དུ་གྱུར་པ་རེད། ངའི་བསམ་ཚུལ་བྱས་ན་ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ལྟ་བུར་གཞུང་འབྲེལ་གྱིས་གུང་སེང་གཏོང་མི་འོས་པ་དང༌། སླད་ཀྱི་ཆར་གུང་སེང་དེ་གཉིས་ཕྱིར་འཐེན་བྱེད་དགོས་པ་གལ་ཆེ་བར་སྣང༌། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་བྱེད་སོགས་མི་སྟོང་ཕྲག་མང་པོའི་ཉིན་གཅིག་གི་ལས་ཀའི་དུས་ཚོད་འཕྲོ་བརླག་ཏུ་བཏང་ནས་ཕན་ཐོགས་གང་ཡང་མེད། གནད་དོན་འདི་འདྲའི་རིགས་ནི་སྲོལ་རྒྱུན་ཡིན་པ་ཙམ་གཞི་རྩར་བཟུང་ནས་རྒྱུན་འཛིན་བྱེད་དགོས་པ་ཞིག་མིན་པར་བརྟེན། མཚམས་འཇོག་བྱེད་དགོས་པའི་རིགས་ཤིག་ཏུ་གྱུར་ཡོད་སྙམ། འོན་ཀྱང་དྲ་གྲོགས་རྣམ་པས་འདིའི་སྐོར་ལ་དགོངས་ཚུལ་འཛེམས་ཟོན་མེད་པར་གསུང་རོགས་ཞུ་བཞིན་ཡོད༎
ཤོ་རྒྱག་རྒྱན་ལྐུག་ཆང་འཐུང་ར་བཟི་བྱེད༎
དགོས་པའི་ལས་ཀ་སྣེ་གཅིག་མི་བྱེད་པ༎
ཕན་མེད་གནོད་པའི་གཞིར་གྱུར་གུང་སེང་འདི༎
དོན་གྱིས་ངན་པ་དགུ་འཛོམས་ཉིད་དུ་གྲུབ༎
གལ་ཆེའི་དུས་ཚོད་ཆུད་ཟོས་མི་གཏོང་བར༎
གཞུང་སྒེར་སོ་སོའི་འབྲེལ་ཡོད་ལས་དོན་ཀུན༎
འཐུས་ཤོར་མེད་པར་ཚུལ་བཞིན་བསྒྲུབས་པ་ན༎
དོན་གྱིས་བཟང་པོ་དགུ་འཛོམས་ཉིད་དུ་འགྱུར༎
ངས་བསམ་ན་ངན་པ་དགུ་འཛོམས་ཉིན་ལས་དཀའ་བྱས་ན་རྗེས་མ་བོད་ལ་ངན་པ་དགུ་འཛོམས་ངོ་མ་ཞིག་ཡོང་ན་ཐང་ཀི ནམ་ཨ་རིས་ཡི་ཤུ་སྐྱེས་ལ་སྐར་གཞུང་འབྲེལ་གྱི་གུང་སེང་གཏོང་བ་མཚམས་འཇོག་བྱས་ན་དེ་དུས་བོད་པས་མཚམས་འཇོགས། དེའི་ཆེ་ཚད་ད་ལོ་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲིད་འཛིན་གྱིས་འདྲེ་ཡི་དུས་སྟོན་བརྩི་སྲུང་བྱས་འདུག འདིའི་་ཡང་དམངས་གཙོ་དང་ལང་ཕྱོགས་ཞིག་མཚོན་ཐུབ་ཀི ཨ་རིའི་གཞུང་དམངས་གཉིས་ཀྱི་ལྷ་འདྲེ་འདུ་ཤེས་འདི་ནམ་དོར་ན་བོད་པས་དོར་ཆོག ཀི འདི་འབྲི་མཁན་བོད་ཀྱི་ཕྱི་ལོགས་སུ་སྐྱེས་མཁན་ཞིག་ཡིན་ན་ངས་དགག་པ་མི་བྱེད། འདི་འབྲི་མཁན་བོད་ནང་ནས་སྐྱེས་མཁན་ཞིག་རེད། འདི་ཁོའི་བསམ་བློའི་རྒྱབ་ལྗོངས་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་རེད། འདི་ན་ལྟ་གྲུབ་ངན་པ་ཞིག་གི་སླད་འདུག ཁྱེད་ཚོས་བལྟོས་དང་ཁོ་རྒྱབ་སྐྱོར་བྱེད་མཁན་ཡང་དམར་ལྟ་བ་དག་དག་ཡིན།
རེད་རེད། དམར་བོའི་ལྟ་བའི་དུག་ནག་ཀླད་པའི་ནང་དུ་སོང་པའི་ཀླད་རུལ་དེ་ཚོ་ལ། གཞུང་འབྲེལ་གོང་སེང་ཡིན་ན། བཞི་གཅིག ལྔ་གཅིག དྲུག་གཅིག བདུན་གཅིག བརྒྱད་གཅིག བཅུ་གཅིག་ལྟ་བུ་གུང་ཁྲན་གྱི་གུང་སེང་མ་གཏོགས་གཞན་བོད་པའི་གནའ་སྲོལ་གོང་སེང་ལ་ཆོ་མེད་པ་རེད།
རེད་རེད། དམར་བོའི་ལྟ་བའི་དུག་ནག་ཀླད་པའི་ནང་དུ་སོང་པའི་ཀླད་རུལ་དེ་ཚོ་ལ། གཞུང་འབྲེལ་གོང་སེང་ཡིན་ན། བཞི་གཅིག ལྔ་གཅིག དྲུག་གཅིག བདུན་གཅིག བརྒྱད་གཅིག བཅུ་གཅིག་ལྟ་བུ་གུང་ཁྲན་གྱི་གུང་སེང་མ་གཏོགས་གཞན་བོད་པའི་གནའ་སྲོལ་གོང་སེང་ལ་ཆོ་མེད་པ་རེད།
མི་ཚེ་ཕལ་ཆེར་ལས་ཀས་རྫོགས་ནས་གུང་སེང་གི་རྣམ་པ་རེག་པའི་སྐལ་བ་ཇེ་ཕྲ་དང་ཇེ་ཆུང་འགྱུར་བཞིན་པའི་སྐབས་འདིར། སྤྱི་ཚོགས་དང་རིག་གཞུང་ལ་ཕན་པའི་མེད་པ་གསར་བསྣོན་དང་ཞན་པ་ཡར་རྒྱས་ཀྱི་སྐོར་ལ་བློ་མིག་ལོང་ནས། གཏོར་བཤིགས་ཞིག་དང་། ཕ་མེས་ཀྱི་རིགས་གཞུང་ལ་དམའ་འབེབས། སྤྱི་ཚོགས་ལ་དཀྲུགས་གཞི་ཁོ་ནས་དུས་འདའ་བ་ཁྱེད་ཅག་ནི། གལ་སྲིད་སོ་སོའི་མིང་ཙམ་ཞིག་སྒྲོགས་པ་འདོད་པས་ཀུན་ནས་སློང་ཏེ། ཕན་ནུས་གང་ཡང་མེད་པའི་གཏམ་འདི་དག་སྤེལ་བ་ལ་མ་ཕྱོགས་ཅིག ཕ་མེས་ལ་མི་རུང་གི། མི་རབས་རྗེས་མས་ཁྲེལ་ཡོང་གི། དྲན་པ་རྣལ་དུ་ཞོག་ཅིག
ངན་པ་དགུ་འཛོམས་ལ་ལས་ཀ་བྱས་ན་ངན་པ་དགུ་འཁོར་ཡོང་ན། བཟང་པོ་བཅུ་འཛོམས་ལ་བཟང་པོ་བཅུ་འགྲུབ་ཡོང་གི་རེད་པ། ངན་པ་དགུ་ལ་གུང་སེང་བྱས་ནས་ཁྱིམ་ལ་འཛུལ་ནས་བསྡད། བཟང་པོ་བཅུ་འཛོམས་ལ་ལས་ཀ་སྣ་མང་ཚང་མ་གང་འགྲུབ་ཅི་འགྲུབ་བྱས་ན་མི་བཟང་ངམ། བཟང་པོ་
ཛོམས་པའི་ཉི་མ་འདི་འདྲ་ཞིག་ལ་ཡང་ལས་ཀ་ཅི་ཡང་མི་བྱེད་པར་གུང་སེང་བཏང་བསྡད་ནས་ཅི་བྱེད། ད་དུང་བཟང་པོ་བཅུ་འཛོམས་ཉིན་ལ་བོད་དོན་དང་འབྲེལ་ཡོད་ལས་དོན་མང་ཙམ་བྱས་ན་ཡག་ས་རེད་ཡ།
བཟང་ངན་གང་ཡིན་སོ་སོའི་སེམས་ལ་དྲིས།།
ཡག་ཉེས་གང་ཡིན་སོ་སོའི་འདམ་མ་ནོར།།
རྣམ་དོག་འཚང་ལ་དབྱེ་བ་མ་བྱས་ན།།
རིགས་རུས་ཟེར་བའི་མིང་ཚིག་སྐྲག་ས་མང་།།
དགུང་སེང་མེད་པ་བཟོ་འདོད་ན་སོ་སོའི་དུས་ཚོད་འཕྲོག་བརླག་མ་བཏང་པར་སྡོད། མནའ་བོ་ནས་ཡོད་པ་དེ་ཚོར་ལམ་སེང་འཚམས་འཇོག་དགོས་ཟེར་ན་རིགས་གཞུང་ཉམས་རྒྱུའི་རྐྱེན་རེད།
སྔ་མོའི་བོད་གཞུང་གི་ལས་ཀ་ཕལ་ཆེ་བ་མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་རྐྱང་བྱེད་ཀྱི་ཡོད་སྟབས། བོད་གཞུང་གི་སྐུ་དྲག་ཚོས་ཉི་མ་གཅིག་ལ་ལས་མ་ལས་ནའང་མི་དམངས་ལ་ཉི་མ་གཅིག་ལ་གཉའ་གནོན་དང་བཤུ་གཞོག་མེད་པའི་བདེ་སྐྱིད་ཀྱི་ཉི་མ་གཅིག་ཤར་གྱི་ཡོད་པ་རེད། དེའི་ཕྱིར་སྐུ་དྲག་ཚོར་མི་དམངས་ལ་བཤུ་གཞོག་གཉའ་གནོན་མི་བྱེད་པར་ཉིན་གཅིག་ལ་འབངས་མི་ཚོར་ངལ་གསོ་བརྒྱག་ཏུ་འཇུག་རོགས་ཞུ་ན་ཉན་གི་མ་རེད། དེའི་ཕྱིར་རྩིས་པ་བློ་ལྡན་ཞིག་རྣམ་རྟོག་འདི་སྤྱད་ནས་དུག་སྦྲུལ་ལྟ་བུའི་སྐུ་དྲག་ཚོ་ཉི་མ་གཅིག་ལ་གཞུང་འབྲེལ་གུང་གསེང་བཏང་སྟེ། འབངས་མི་ཚོར་ཉི་མ་གཅིག་ལ་ངལ་གསོ་བརྒྱག་བཅུག་པ་རེད་སྙམ། ད་ལྟ་འདི་དགོས་མིན་བོད་གཞུང་གི་སྐུ་ངོ་ཚོའི་ཕྱག་ལས་གནང་སྟངས་ལ་ལྟོས་ནས་ཐག་གཅོད་དགོས་པ་ཞིག་རེད། ཕྱག་ལས་ཡག་པོ་གནང་གི་འདུག་ན་ཉི་མ་གཅིག་ཀྱང་རྩ་ཆེན་པོ་རེད། ལས་ཀ་མ་རབས་དང་དྲང་མིན་གཡོ་སྒྱུ་རྐྱང་ལས་ཀྱི་འདུག་ན་གུང་གསེང་འདི་མུ་མཐུད་གནས་ན་ཕན་གི་རེད།
སྔ་མོའི་བོད་གཞུང་གི་ལས་ཀ་ཕལ་ཆེ་བ་མི་དམངས་ལ་བཤུ་གཞོག་དང་གཉའ་གནོན་རྐྱང་བྱེད་ཀྱི་ཡོད་སྟབས། བོད་གཞུང་གི་སྐུ་དྲག་ཚོས་ཉི་མ་གཅིག་ལ་ལས་ཀ་མ་ལས་པར་གུང་གསེང་བཏང་བ་ཡིན་ནའང་། མི་དམངས་ལ་ཉི་མ་གཅིག་ལ་གཉའ་གནོན་དང་བཤུ་གཞོག་མྱོང་མི་དགོས་མི་དགོས་པའི་བདེ་སྐྱིད་ཁེ་བཟང་ཡོད་པ་རེད། སྐུ་དྲག་ཚོར་མི་དམངས་ལ་བཤུ་གཞོག་གཉའ་གནོན་མི་བྱེད་པར་ཉིན་གཅིག་ལ་འབངས་མི་ཚོར་ངལ་གསོ་བརྒྱག་ཏུ་འཇུག་རོགས་ཞུ་ན་ཉན་གི་མ་རེད། དེའི་ཕྱིར་རྩིས་པ་བློ་ལྡན་ཞིག་གིས་རྣམ་རྟོག་འདི་སྤྱད་ནས་དུག་སྦྲུལ་ལྟ་བུའི་སྐུ་དྲག་ཚོ་ཉི་མ་གཅིག་ལ་གཞུང་འབྲེལ་གུང་གསེང་བཏང་སྟེ། འབངས་མི་ཚོར་ཉི་མ་གཅིག་ལ་ངལ་གསོ་བརྒྱག་བཅུག་པ་རེད་སྙམ། ད་ལྟ་འདི་དགོས་མིན་བོད་གཞུང་གི་སྐུ་ངོ་ཚོའི་ཕྱག་ལས་གནང་སྟངས་ལ་ལྟོས་ནས་ཐག་གཅོད་དགོས་པ་ཞིག་རེད། ཕྱག་ལས་ཡག་པོ་གནང་གི་འདུག་ན་ཉི་མ་གཅིག་ཀྱང་རྩ་ཆེན་པོ་རེད། ལས་ཀ་མ་རབས་དང་དྲང་མིན་གཡོ་སྒྱུ་རྐྱང་ལས་ཀྱི་འདུག་ན་གུང་གསེང་འདི་མུ་མཐུད་གནས་ན་ཕན་གི་རེད།
བསམ་ཚུལ་སྤེལ་བ་རང་དབང་ཡིན་རུང་། ལས་དོན་གང་ལའང་རྒྱུན་དུ་འབད་དགོས་པ་ལས་ཉི་མ་རེ་གཉིས་ལ་ཁྱད་པར་དེ་ཙམ་ཨེ་ཡོད། འཛམ་གླིང་སའི་གོ་ལ་འདིར་མི་རིགས་སོ་སོར་རིང་མོ་ནས་དར་བའི་སྲོལ་རྒྱུན་དག་གི་ལོ་རྒྱུས་རྒྱུ་མཚན་ཇི་ལྟར་ཡང་དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པ་ལས་ལྡོག་སྟེ་མེད་པར་བཟོ་བའི་གུན་སློང་འཛིན་པ་ནི་རིགས་ཞེན་དང་གཟུ་བོར་གནས་པའི་བློ་ཞིག་ག་ལ་ཡིན། བསམ་ཚུལ་འོག་གི་འདྲ་པར་འདེམས་སྟངས་ལ་བལྟས་ན་གཞོན་ནུ་ཟླ་མེད་དང་རྣམ་དག་གི་མཆན་ལའང་བསམ་བློ་གཏོང་རྒྱུ་ངེས་ཅན་ཞིག་འདུག
དེ་ནས་ཙནྡན་ལོ་མ་ལགས་ནས་སྐུ་དྲག་གི་སྐོར་ལ་རྒྱ་དམར་གྱི་འཁྱོག་བཤད་བྱས་པ་ལྟར་གྱི་སྐྱོན་བརྗོད་མང་པོ་བྱས་འདུག ངས་སྐུ་དྲག་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་དེ་སྐུ་དྲག་གིས་ཡག་པོ་བྱས་པའང་མེད་པ་ཨེ་ཡིན། སྐབས་དེའི་འཛམ་གླིང་ཡོངས་སུ་ལུགས་སྲོལ་དེ་འདྲ་ཞིག་སྤྱི་ཡོངས་ལ་དར་ཡོད། རྒྱ་ནག་ལ་མཚོན་ན་ཡང་སྔ་མོའི་སྐུ་དྲག་ཚོའི་ལོ་རྒྱུས་བོད་ལས་སྡུག་པ་ཡོད་ཚོད་རེད། བོད་ཀྱི་སྔ་མོའི་ལོ་རྒྱུས་སྐོར་ལ་མཁས་དབང་འཇམ་དབྱངས་ནོར་པུ་ལགས་ནས་བཀའ་སློབ་གནང་བ་དུམ་བུ་དགུ་ཅན་ཞིག་ཡུའུ་ཊུབ་ན་འདུག་པའི་དྲྭ་བྱང་གཤམ་གསལ་ལ་གཟིགས་རོགས།
དགོངས་དག་དྲྭ་བྱང་འགོད་རྒྱུ་ལུས་འདུག གཤམ་དུ་བཀོད་པ་ལྟར་ཡིན།
http://www.youtube.com/watch?v=jnFYhtQGt6k&feature=related
དེ་རིང་བཟང་པོ་བཅུ་འཛོམས་ཉིན་ང་ཕོད་ངག་དབང་འཇིགས་སྐུ་གཤེགས་འདུག
ཆུ་ཚོད་༡༢གོང་ལ་ཤི་ན་ངན་པ་དགུ་འཛོམས་ལ་ཤི་བ་ཡིན།
ངན་པ་དགུ་ཡི་ནང་ནས་གཅིག་དེ་རིང་ཤི་ནི་རེད།
ད་བཟང་པོ་བཅུ་འཛོམས་ཆོག་ཆོག་རེད། ཨོཾ་ན་ཎི་པདྨེ་ཧཱུཾ
ཀླུ་སྨྱོན་ཡ། ལོ་འདི་དགུ་བའི་ཉེར་གཉིས་དེར་ངས་སྒོར་༢༠༠༠༠ གྱིས་ཨ་མའི་དུས་ཆེན་བརྩི་སྲུང་ལས་འགུལ་ཅིག་སྤེལ་བ་ཡིན། དེ་ཡང་དང་པོ་དགུ་བའི་ཉེར་གཉིས་དེ་ཨ་མའི་ཉིན་མོ་དང་འབྲེལ་བ་ཅི་ལྟར་ཆགས་ཡོད་མེད་ཀྱི་རྩོམ་ཡིག་དང་གཏམ་བཤད་འདྲ་སྤེལ། དེ་ནས་བཤད་ལ་དགའ་དང་རྒྱུགས་ལ་དགའ་མང་པོ་ཅིག་ལ་ཨ་མར་རྔན་པ་སྤྲད་བཅུག ང་ཚོ་ཕྱོགས་ན་དར་སོ་ཆེ་རུ་འགྲོ་གི་ཡོད་ཚོད་དུ་སྣང་།