ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན།།
སྐྱབས་བླ་མ་པདྨ་འབྱུང་གནས་དང་།།
ལྷ་རྩ་གསུམ་ཆོས་སྐྱོང་སྲུང་མ་ཡིས།།
བུ་ཉམ་ཆུང་བར་དོའི་ལམ་སྣ་དྲོངས།།
སེམས་བསམ་པ་བཟང་པོའི་མི་རབས་ཤིག།
སྙིང་ལ་རྒྱ་ཅན་གྱི་ཕོ་རྒོད་ཅིག།
རྒྱལ་ཕྱི་ནང་འགྲིམས་པའི་སྒྱུ་རྩལ་འཁན།།
དུས་མི་རྟག་སྟོན་པར་མྱ་ངན་ཞུ།།
ཨ་མེས་པོའི་རྒྱུད་པའི་རལ་བ་ཅན།།
བདེན་དྲང་པོ་སྨྲ་བའི་ལྡོམ་པོ་བ།།
གཉེན་དགའ་དུང་ཅན་གྱི་གཤིས་ཀ་ཅན།།
ཚེ་འདིར་སྣང་བྲལ་བ་སྐྱོ་བས་གདུང་།།
བྱམས་བརྩེ་བའི་སྐུ་ཟླ་ཕ་མ་དང་།།
ཁོས་བསྐྱེད་པའི་བུ་དང་བུ་མོ་ལ།།
ངས་གདུང་སེམས་མཉམ་ཞུ་སྨོན་ལམ་འདི།།
དྲ་ཁ་བརྡ་རྒྱུད་ནས་གྲོགས་ལ་སྤྲིངས།།
ཚེ་འདི་སྣང་རྨི་ལམ་འདས་ན་ཡང་།།
གནས་བར་དོའི་འཇིགས་པ་ཀུན་སེལ་ནས།།
ནུབ་བདེ་ཆེན་དག་པའི་ཞིང་ཁམས་སུ།།
རྗེ་ཡིད་བཞིན་ནོར་བུའི་དྲུང་དུ་འཕོ།།
ཕ་བླ་མས་བྱིན་རླབས་དངོས་གྲུབ་སྩོལ།།
མགོན་རྒྱལ་བ་འོད་དཔག་མེད་མགོན་གྱིས།།
གསུང་དབུགས་དབྱུང་ལུང་བསྟན་རབ་ཐོབ་ནས།།
བསྟན་འགྲོ་བའི་དོན་ཆེན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་གནས་སྣྲོན་ཟླའི་མཁའ་འགྲོའི་དུས་ཆེན་ལ་གྲོགས་ཨ་རྡོ་འདས་རྐྱེན་ཐོས་ཧྲལ་ཤྲྰི་སྨྱོན་པས་གནམ་ཆོས་འཕོ་ཆོག་དང་བསྔོ་སྨོན་བཅས་སྙིང་ནས་བགྱིས་པར་དགེའོ།། ཕྱི་ལོ་30/06/2016 ལ་དབྱིན་ཡུལ་ཨ་ཏིའི་དགོན་པ་ནས་བྲིས་པར་དགེའོ།། །།