ཚེ་བཀྲ།
ད་ཐེངས་དུས་དབང་ཐེངས་ ༣༢ པའི་གོ་སྒྲིག་ཚོགས་ཆུང་གིས་གྲ་སྒྲིག་ཚགས་ཚུད་མ་བྱུང་བར་བསྙད་དེ་མི་མང་ནང་ལབ་གླེང་སྣ་ཚོགས་བྱུང་ཡོད། དེ་ནི་གུར་ནང་ཆུ་གློག་གི་དཀའ་ངལ་ཡོད་པས། གསང་སྤྱོད་རྣམས་བེད་མེད་དུ་གྱུར་བས་མི་རྣམས་ལ་དཀའ་ངལ་འཕྲད་པ་ཞིག་རེད། ཉིན་འགའི་སྔོན་ལོ་ངན་སྒང་ལ་ཟླ་ལྷག་ལྟར་ཆར་བ་ཞིག་ཀྱང་བབས་པས་གུར་ནང་འགྲོ་བསྐྱོད་ཀྱང་དཀའ་བ་ཆགས། དེ་ནས་མ་འགྱང་བར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མི་མང་གི་གུར་གྱི་རྒྱང་བསྒྲགས་ས་ཚིགས་ཆེད་བཅར་གྱིས་མི་མང་བསྡུ་སྐོང་གིས། ད་ཐེངས་གོ་སྒྲིག་གནང་ཕྱོགས་ཐད་དཀའ་ངལ་བྱུང་བར་བཟོད་གསོལ་དང་གསལ་བཤད་གནང་ཡོད། སྐབས་དེར་ཁོང་གིས། སྤྱིར་བཏང་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཞལ་མ་བཞུགས་པས་གཞུང་ཕྱོགས་ནས་མཐུན་འགྱུར་གནང་ཕྱོགས་ལ་འགྱུར་བ་ཐེབས་པ་དང་། ཁོང་གི་སྲས་སྐུ་ན་ཕྲ་བ། གོ་སྒྲིག་ཚོགས་ཆུང་ལ་ནུས་བ་ཞན་པ་བཅས་ལ་བརྟེན་ནས་བྱུང་བ་ཡིན་ཙང་། མི་མང་གི་འདོད་བློ་དང་འཚམས་པའི་ཞབས་ཞུ་མ་ཐུབ་པར་བཟོད་གསོལ་ཞུས་ཡོད། དེ་བཞིན་ད་རེའི་གུར་གྱི་རིན་འབབ་ཆ་ཚང་ཕྱིར་སྤྲོད་རྒྱུ་ཡིན་པའི་ཞལ་བཞེས་གནང་སྟེ། ཚེས ༡༠ བར་གུར་རིན་ཕྱིར་འབུལ་བྱེད་བཞིན་འདུག
གནས་ཚུལ་དེ་བྱུང་མ་ཐག མི་མང་ལ་ཡིད་འགུལ་ཐེབས་ཡོད་པ་དང་། མི་མང་གང་མང་གིས་རང་རང་གི་བློས་བཅད་ཞལ་འདེབས་ཀྱང་གནང་བཞིན་འདུག་ལ། ཁ་ཤས་ཀྱིས་གཞོན་ནུ་ལྷན་ཚོགས་སོགས་ཚོང་ལས་རང་བཞིན་གྱི་ལས་འགུལ་ལའང་རྩེད་མཚར་གྱིས་ཕྱིར་སློག་བྱེད་དགོས་པ་མེད་དམ་ཞེས་གླེང་བཞིན་པ་བཅས།
འདིའི་སྐོར་ལ་ངས་ཀྱང་གསར་འགྱུར་ཞིག་བྲིས་ཡོད། གཟིགས་འདོད་ན་གཤམ་གྱི་འབྲེལ་ཐག་སྟེང་མནན་ཏེ་གནས་ཚུལ་རྒྱས་པར་གཟིགས་ཐུབ།
http://tibettimes.net/blogs.php?id=6&post_id=18794
གནས་མཆོག་རྡོ་རྗེ་གདན་ནི་གནས་རྩ་ཆེན་པོ་ཞིག་ཡིན་ཡང་གནས་སྐོར་བ་དང་། ཆོས་ཞུ་བ་སོགས་ཀྱི་ཞུགས་གནས་སོགས་ཀྱི་མཐུན་རྐྱེན་ནི་སྐྱོ་བོ་ཡོད་པ་དངོས་ཡོད་ཡིན། ད་ལན་དུས་དབང་སྐབས་སུ་མི་འབུམ་ཕྲག་མང་པོ་དུས་གཅིག་ཏུ་འཛོམས་པ་དང་། གང་བྱས་ཚང་མ་ས་གནས་ཡུལ་མིར་རེ་དགོས་པ། མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར་ཆར་བཏང་བ་སོགས་ནི་ཟློག་ཏུ་མེད་པའི་གནས་ཚུལ་ཞིག་ཡིན་པས་ཚང་མ་དུས་འཁོར་གོ་སྒྲིག་ཚོགས་ཆུང་གི་ལས་དོན་འཐུས་ཚང་མ་བྱུང་བའི་ནོར་འཕྲུལ་ཡིན་པར་འདོད་ན་ཐལ་ཆེ་བར་སེམས།
༄། སྤྱིར་བཏང་ང་ཚོ་མི་རྣམས་ཆོས་ལ་དད་མོས་བྱས་པ་དེ་དག་ཡི་རང་ཞུས་དགོད་ཡག་འདུག་འོན་ཀྱང་གོམ་གཤིས་དང་ལག་ལེན་བསྟར་བཏང་ལ་གཞན་དང་མི་འདྲ་བའི་ཡ་མཚན་པ་ཞིག་རེད། དེ་ཡང་ལ་ལས་སྒེར་ནད་སྤྱི་ལ་གཡོག་ཏེ་དོན་མེད་ལ་སྡིག་ཚབ་པོ་ཞིག་འབྱུང་ཉེ་འདུག་དཔེར་ན་ཁ་སྔོན་དང་པོ་དུས་དབང་འགོ་འཛུག་དུས་སྐབས་སུ། ཡ་ད་ཡིན་གཞོན་ནུ་ཚོགས་པའི་ལས་ཀ ཚོང་ཟོག་རེད་ཟེར་བ་དང་། དང་བླང་མིང་བརྫུས་རེད་ཟེར་བ་སོགས་འདྲ་མི་འདྲ་བཤད་སོང་།ཡིན་ནའང་བདེན་པ་ལ་བདེན་པ་གཏོགས་མེད་ཙང་མི མང་གང་འདྲ་ཕོན་ཐོག་བྱུང་སོང་བས་སྐད་ཆ་ཞིག་དྲིས་དང་འདིར་ཡོད་མི་མང་ཡོངས་གྲགས་རེད། ༄། ཡང་ད་ཆ་གནས་ཚུལ་ཁ་ཡོ་ནས་དུས་དབང་འགན་འཛིན་ཚོགས་མི་རྣམས་མ་འཇོན་མ་འགྲུག་རབ་ཀྱང་བཤད་ཀྱིས་འདུག་བ། བསམ་བློ་ཡག་པོ་ཐོངས་། འབྱུང་བའི་རྐྱེན་ཁ་འདི་སུ་ཡིས་འགོག་ཐབས་བྲལ་བ་ཞིག་རེད། གཉིས་ནས་རང་ཉིད་ད་ལྟ་འདིར་བསམ་བློ་ཡག་པོ་བཏང་ཚོགས་བསགས་སྒྲིབ་སྦྱང་ལ་ཤི་ཆོས་ཞིག་བྱ་ཐུབ་རྒྱུ་ལ་བསླེབ་འདོག་རེད། བྱས་དུས་དཀའ་དང་ལེན་བྱས་ནས་གནས་ཁྱད་པར་ཅན་དང་བཤེས་གཉེན་སྤྱན་རས་གཟིགས་དངོས་སུ་ཕེབ་ཡོད་པར་ད་ལན་དཀའ་བ་དང་དུ་ལེན་ཐུབ་ན་ཚོགས་བསགས་འགྱུར་ཆེ་རྒྱུ་རེད་། ཡ་ཁྱེད་རང་ད་འགྲིག་མ་སོང་། ཡོང་ཉེན་རེད་སོང་བསམ་ན་ནི་ཚོགས་བསགས་ཡག་ཕར་ཞག་ཚོགས་ངན་རླབ་པོ་ཆེ་ལ་འགྲོ་ཉེན་ཡོད། བྱས་དུས་གཙོ་བོ་༧ སྐྱབས་མགོན་རིན་པོ་ཆེ་སྐུ་ཕྱིར་སྲུང་སྐྱོབས་སྤུས་དག་དང་ཞོར་དུ་བོད་བསྟན་པ་ཆབ་སྲིད་གང་འདྲ་ཁྱབ་སྤེལ་འགྲི་སོང་བས་དེ་ཚོ་་ཐུགས་བསམ་བཞེས་དང་དགའ་སྤྲོ་དགོད་ཡག་བྱུང་མ་སོང་ངམ། གུར་ལ་ཆུ་ཤོར་བ་དེ་གང་ཡོད་མ་རེད། ག་ལས་ཉི་མ་ཤར་སྐམ་འགྲོ་རྒྱུ་ངེས་ཅན་རེད་དོ།