གུས་བརྩི། བསོད་ནམས་ནོར་བུས་མཁོ་འདོན་བྱས། Posted on 2013-02-052013-02-05 By ཁ་བརྡ་ 13 Comments on གུས་བརྩི། བསོད་ནམས་ནོར་བུས་མཁོ་འདོན་བྱས། གཞས་འདི་ནི་བོད་ཀྱི་ན་གཞོན་གླུ་པ་ཁག་ཅིག་ནས་ཉེ་ཆར་རྒྱ་ནག་གིས་བཀྲམ་པའི་བརྙན་འཕྲིན་བོད་ཀྱི་གསང་བ་ཞེས་པར་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པ་ལ་དམིགས་ཏེ་བཏང་བ་རེད། གླུ་གཞས།
ནང་གི་པར་དག་ལ་བལྟ་བ་ཙམ་ལས་ཅི་ཞིག་བཤད་ཡོད་མེད་ཚག་གཅིག་མ་གོ་ཐལ། དེ་སུ་ལ་བཤད་རང་ལ་ཡོན་ཏན་མེད་པའི་ལན། དོན་གོ་ནི་ཚོས་ཚིག་དོན་ལ་འགྲེལ་བཤད་རེ་ཡོང་བའི་རེ་བ་ཆེ།
སྤྱིར་བཏང་གི་བཟང་གི ཡིན་ན་ཡང་གང་ཟག་སྒེར་ལ་དམིགས་ནས་སྐུར་བ་བཏབས་པ་དང་སྒྲོ་འདོགས་པ། འཕྱས་པ་སྨོད་པ་བྱེད་པ་དེ་གླུ་དང་གཟུགས་བརྙན་དུ་གྱེར་ནས་བསྒྲགས་ན་བོད་མི་རིགས་ཀྱི་སྤྱི་མཐུན་གྱི་སྦུས་ཚད་ལ་གནོད་པས་ཕ་རོལ་གཞན་ལ་གནོད་པའི་ཚིག ཤི་ཡང་སྨྲ་བར་མི་བྱའོ་ཞེས་པའི་བཅས་པ་དང་འགལ།
ཡག་པོ་ཞེ་དྲག་བཏང་འདུག ང་ཚོ་ཞལ་ཟས་ཁྱི་ཡིས་ཟས་ཀྱང་འཛུམ་དམུལ་དམུལ། མར་མེ་རླུང་གིས་ཟས་ཀྱང་འཛུམ་དམུལ་དམུལ་། བྱེད་མི་རིགས་ངན་པ་རྒྱ་ཡན་དུ་གཏོང་མི་རིགས། དེ་ཚོ་ལ་གོ་བརྡ་ཞིག་མ་སྤྲད་ན་ངན་པ་ལང་དུ་ཤོར་ནས་དངུལ་གྱི་ཆེད་མ་འོངས་པར་དེ་ལ་སྡུག་པ་འཁྲབ་སྲིད
གཞས་དེའི་ནང་དོན་གཙོ་བོ་ནི། མ་ཤེས་པའམ། སྐྱག་རྫུན། ཡང་ན་དམིགས་ཡུལ་གཞན་ཞིག་གི་དབང་དུ་ཡིན་ཀྱང་རུང་ང་ཚོའི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་མི་དགོས་ཞེས་པ་དང་། ང་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད། ང་ཚོའི་མི་རིགས་དང་རིག་གཞུང་ལ་ཁྱད་བསོད་མ་ཡིན་པར་གུས་བརྩི་གནང་རོགས་ཞེས་པ་རེད།
བོད་ལ་ཞེན་བཀའ་དྲིན་ཆེ། ཁྱེད་ཀྱི་འགྲེལ་བཤད་མ་གཏོགས་ཕྱོགས་ཙམ་ཡང་གོ་མ་སོང་། ང་ལྟ་བུ་ལ་གཞན་ཞིག་གིས་དགོད་བཞིན་དུ་རྒྱ་སྐད་ཀྱི་ཁྱོད་གསོད་རྒྱུ་ཡིན་ཟེར་ནའང་མགོ་གུག་གུག་བྱེད་རྒྱའི་ཉེན་ཁ་ཡོད། ང་ལ་རེ་བ་ཞུ་ཞིག་ཡོད་པ་ནི་རང་རིགས་ཁྲབ་སྟོན་པ་དག་ལ་སྐད་ཚོགས་མ་བཤད་ན་དགེ་མཚན་ཆེ་བ་འདོད། རྒྱུ་མཚན་ཁོང་ཚོ་ཚང་མས་གློག་བརྙན་འདིའི་བརྗོད་དོན་ཤེས་བཞིན་དུ་འདི་ལྟར་ཁྲབ་པ་ཨེ་ཡིན་འདོད། མ་ཤེས་པ་སུ་ལའང་ཡོད་ན་ཁོ་ཚོ་ལའང་ཁག་མེད་དུ་སྣང་། ད་དུང་འདིའི་སྐོར་ལ་བཤད་རྒྱུ་མང་མོད་དགོས་པ་ཡོད་ན་རྗེས་སུ་བཤད།
བླ་བཙོང་འདི་དག་གིས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་ཁོ་ཚོ་རྩེད་མོ་རྩེད་བྱེད་བྱས་པའང་ཤེས་མེད་པ་འདྲ།
ཨ་མ་མ། དངོས་གནས་ང་ཚོ་བོད་ཀྱི་གཞོན་ནུ་ཚོའི་དཔའ་སྟོབས་དང་ཤེས་རྩལ་འདི་འདྲ་མཐོང་དུས་སྤོབས་པ་འཕེལ་བ་དང་ཆབས་ཅིག་དགའ་མོས་ཡི་རང་ཡོང་གི་འདུག རྒྱ་ངན་དེ་ཚོས་ང་ཚོ་བོད་མི་ལྐུགས་པ་ཚོད་རྐྱལ་གྱི་ཚད་ལ་བཞག་ནས་བརྙས་བཅོས་གང་འདོད་བྱེད་རུང་བར་བསམས་མོད། གངས་སེང་གཞོན་སྐྱེས་ཀྱིས་རྒྱ་མིའི་མདའ་ཁ་ལ་མདུང་ལན་སྤྲད་ནས་རྒྱ་འདྲེ་ཀླད་ཟད་པ་དེ་ཚོར་རྒྱུག་རྡུང་ཚ་ཐག་ཆོད་ཞིག་བཏང་འདུག་པས། ད་ནས་བཟུང་རྒྱ་འདྲེ་གཉའ་སྦོམ་དེ་ཚོས་ཁ་ནས་མ་རང་བའི་སྐད་ཆ་ཤོད་ངེས་མོད་ཁོག་ན་བོད་མི་དེ་ཚོ་དེ་འདྲ་ལས་སླ་པོ་ཞིག་མེད་པའི་སྣ་བསུན་ཕོག་འདུག ཁ་དྲོ། གངས་ཅན་སྟག་ཤར་ཚོའི་ང་རོ་དེ་ལས་ལྷག་པ་གང་མང་མཐོང་རྒྱུ་ཡོང་བ་ཤོག །
ཧི་ཧི། འུ་ཅག་བོད་པའི་རྗེས་རབས་པ་ན་གཞོན་དེང་དུས་ཀྱི་ཤེས་ཡོན་ཡོད་པར་རློམ་པ་ཁག་གཅིག་ཆེས་བློ་ཕམ་པ་ཞིག་རེད། བོད་ཀྱི་ཆོས་དང་རིག་གནས་ཀྱིས་མཚོན་པའི་ལེགས་ཆ་དང་། བོད་མི་ནང་ཁུལ་ལ་སྐྱོན་བརྗོད་དང་སྨ་འབེབས་བྱེད་དུས་སྨྲ་ལྕེ་བདེ་ཞིང་དྲན་འཕྲུལ་རྒོད་ཅིང་། བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ཀར་རྩ་མེད་དུ་གཏོང་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དང་དེའི་རྗེས་འབྲང་པ་ཚོར་སྐད་ཆ་ཚིག་གཅིག་བཤད་མི་ནུས་པར་ངོ་མ་བློ་ཕམ་པ་ཞིག་རེད། དཔེར་ན་ཉེ་ཆར་རྒྱ་ནག་གིས་བཀྲམ་པའི་བརྙན་འཕྲིན་བོད་ཀྱི་གསང་བ་ཞེས་པར་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ལ་དྲ་འབུ་མཁས་པ་ཚོས་མཆན་གཅིག་ཀྱང་བྲིས་མི་འདུག ཧ་ཧ་ངོ་མ་་་་་་་་
༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས”་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་རེད་”ཅེས་སྡོམ་ཚིག་གནང་བ་ལྟར་དེང་སང་འཛམ་བུ་གླིང་བའི་མིག་ལྡན་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད་པར་མ་ཟད། ལོ་རྒྱུས་སྨྲ་བ་ཚོས་བོད་ནི་འདས་པའི་ལོ་རྒྱུས་ནང་རྩོད་མེད་ཀྱི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དེ་སྐྱེ་བོ་སུ་འདྲ་ཞིག་གིས་དཀྱོག་བཤད་བྱས་ཀྱང་རྣམ་དཔྱོད་ལྡན་པ་དག་དགོད་བྲོ་བཞིན་ཡོད། སྔོན་ཉི་ཧོང་གིས་རྒྱ་ནག་ནང་བཙན་འཛུལ་བྱེད་སྐབས་རྒྱ་རིགས་སྐད་བསྒྱུར་ཚུན་ཆད་ལ་”འཇར་པན་གྱི་རྒྱུག་ཁྱིའི”་མིང་བཏགས་པ་རེད། བོད་ཀྱི་གླུ་བའི་མིང་འཁུར་མཁན་ཚོས་ལེགས་པར་སོམས།
ནང་གི་པར་དག་ལ་བལྟ་བ་ཙམ་ལས་ཅི་ཞིག་བཤད་ཡོད་མེད་ཚག་གཅིག་མ་གོ་ཐལ། དེ་སུ་ལ་བཤད་རང་ལ་ཡོན་ཏན་མེད་པའི་ལན། དོན་གོ་ནི་ཚོས་ཚིག་དོན་ལ་འགྲེལ་བཤད་རེ་ཡོང་བའི་རེ་བ་ཆེ།
སྤྱིར་བཏང་གི་བཟང་གི ཡིན་ན་ཡང་གང་ཟག་སྒེར་ལ་དམིགས་ནས་སྐུར་བ་བཏབས་པ་དང་སྒྲོ་འདོགས་པ། འཕྱས་པ་སྨོད་པ་བྱེད་པ་དེ་གླུ་དང་གཟུགས་བརྙན་དུ་གྱེར་ནས་བསྒྲགས་ན་བོད་མི་རིགས་ཀྱི་སྤྱི་མཐུན་གྱི་སྦུས་ཚད་ལ་གནོད་པས་ཕ་རོལ་གཞན་ལ་གནོད་པའི་ཚིག ཤི་ཡང་སྨྲ་བར་མི་བྱའོ་ཞེས་པའི་བཅས་པ་དང་འགལ།
ཡག་པོ་ཞེ་དྲག་བཏང་འདུག ང་ཚོ་ཞལ་ཟས་ཁྱི་ཡིས་ཟས་ཀྱང་འཛུམ་དམུལ་དམུལ། མར་མེ་རླུང་གིས་ཟས་ཀྱང་འཛུམ་དམུལ་དམུལ་། བྱེད་མི་རིགས་ངན་པ་རྒྱ་ཡན་དུ་གཏོང་མི་རིགས། དེ་ཚོ་ལ་གོ་བརྡ་ཞིག་མ་སྤྲད་ན་ངན་པ་ལང་དུ་ཤོར་ནས་དངུལ་གྱི་ཆེད་མ་འོངས་པར་དེ་ལ་སྡུག་པ་འཁྲབ་སྲིད
གཞས་དེའི་ནང་དོན་གཙོ་བོ་ནི། མ་ཤེས་པའམ། སྐྱག་རྫུན། ཡང་ན་དམིགས་ཡུལ་གཞན་ཞིག་གི་དབང་དུ་ཡིན་ཀྱང་རུང་ང་ཚོའི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་མི་དགོས་ཞེས་པ་དང་། ང་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད། ང་ཚོའི་མི་རིགས་དང་རིག་གཞུང་ལ་ཁྱད་བསོད་མ་ཡིན་པར་གུས་བརྩི་གནང་རོགས་ཞེས་པ་རེད།
ངའི་རྒྱ་སྐད་ཀྱི་ཤེས་ཚད་ནི་ཟ་སྐད་འཐུང་སྐད་ཙམ་ཡིན་པས་ཅིས་ཕྱིན་པ་ཞིག་བསྒྱུར་མི་ཐུབ།
བོད་ལ་ཞེན་བཀའ་དྲིན་ཆེ། ཁྱེད་ཀྱི་འགྲེལ་བཤད་མ་གཏོགས་ཕྱོགས་ཙམ་ཡང་གོ་མ་སོང་། ང་ལྟ་བུ་ལ་གཞན་ཞིག་གིས་དགོད་བཞིན་དུ་རྒྱ་སྐད་ཀྱི་ཁྱོད་གསོད་རྒྱུ་ཡིན་ཟེར་ནའང་མགོ་གུག་གུག་བྱེད་རྒྱའི་ཉེན་ཁ་ཡོད།
ང་ལ་རེ་བ་ཞུ་ཞིག་ཡོད་པ་ནི་རང་རིགས་ཁྲབ་སྟོན་པ་དག་ལ་སྐད་ཚོགས་མ་བཤད་ན་དགེ་མཚན་ཆེ་བ་འདོད། རྒྱུ་མཚན་ཁོང་ཚོ་ཚང་མས་གློག་བརྙན་འདིའི་བརྗོད་དོན་ཤེས་བཞིན་དུ་འདི་ལྟར་ཁྲབ་པ་ཨེ་ཡིན་འདོད། མ་ཤེས་པ་སུ་ལའང་ཡོད་ན་ཁོ་ཚོ་ལའང་ཁག་མེད་དུ་སྣང་། ད་དུང་འདིའི་སྐོར་ལ་བཤད་རྒྱུ་མང་མོད་དགོས་པ་ཡོད་ན་རྗེས་སུ་བཤད།
བོད་ཡིན་པའི་ལ་ཞེན་ཡོད་པའི་ལྷ་མི་ཀུན་གཙུག་ཏུ་བཀུར་རོ། མཆོད་དོ། གསོལ་བ་འདེབས་སོ། ཕྱག་འཚལ་ལོ།
བླ་བཙོང་འདི་དག་གིས་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་ཁོ་ཚོ་རྩེད་མོ་རྩེད་བྱེད་བྱས་པའང་ཤེས་མེད་པ་འདྲ།
ཨ་མ་མ། དངོས་གནས་ང་ཚོ་བོད་ཀྱི་གཞོན་ནུ་ཚོའི་དཔའ་སྟོབས་དང་ཤེས་རྩལ་འདི་འདྲ་མཐོང་དུས་སྤོབས་པ་འཕེལ་བ་དང་ཆབས་ཅིག་དགའ་མོས་ཡི་རང་ཡོང་གི་འདུག རྒྱ་ངན་དེ་ཚོས་ང་ཚོ་བོད་མི་ལྐུགས་པ་ཚོད་རྐྱལ་གྱི་ཚད་ལ་བཞག་ནས་བརྙས་བཅོས་གང་འདོད་བྱེད་རུང་བར་བསམས་མོད། གངས་སེང་གཞོན་སྐྱེས་ཀྱིས་རྒྱ་མིའི་མདའ་ཁ་ལ་མདུང་ལན་སྤྲད་ནས་རྒྱ་འདྲེ་ཀླད་ཟད་པ་དེ་ཚོར་རྒྱུག་རྡུང་ཚ་ཐག་ཆོད་ཞིག་བཏང་འདུག་པས། ད་ནས་བཟུང་རྒྱ་འདྲེ་གཉའ་སྦོམ་དེ་ཚོས་ཁ་ནས་མ་རང་བའི་སྐད་ཆ་ཤོད་ངེས་མོད་ཁོག་ན་བོད་མི་དེ་ཚོ་དེ་འདྲ་ལས་སླ་པོ་ཞིག་མེད་པའི་སྣ་བསུན་ཕོག་འདུག ཁ་དྲོ། གངས་ཅན་སྟག་ཤར་ཚོའི་ང་རོ་དེ་ལས་ལྷག་པ་གང་མང་མཐོང་རྒྱུ་ཡོང་བ་ཤོག །
ཧི་ཧི། འུ་ཅག་བོད་པའི་རྗེས་རབས་པ་ན་གཞོན་དེང་དུས་ཀྱི་ཤེས་ཡོན་ཡོད་པར་རློམ་པ་ཁག་གཅིག་ཆེས་བློ་ཕམ་པ་ཞིག་རེད། བོད་ཀྱི་ཆོས་དང་རིག་གནས་ཀྱིས་མཚོན་པའི་ལེགས་ཆ་དང་། བོད་མི་ནང་ཁུལ་ལ་སྐྱོན་བརྗོད་དང་སྨ་འབེབས་བྱེད་དུས་སྨྲ་ལྕེ་བདེ་ཞིང་དྲན་འཕྲུལ་རྒོད་ཅིང་། བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། མདོར་ན་བོད་ཀྱི་སྣོད་བཅུད་གཉིས་ཀར་རྩ་མེད་དུ་གཏོང་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དང་དེའི་རྗེས་འབྲང་པ་ཚོར་སྐད་ཆ་ཚིག་གཅིག་བཤད་མི་ནུས་པར་ངོ་མ་བློ་ཕམ་པ་ཞིག་རེད། དཔེར་ན་ཉེ་ཆར་རྒྱ་ནག་གིས་བཀྲམ་པའི་བརྙན་འཕྲིན་བོད་ཀྱི་གསང་བ་ཞེས་པར་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ལ་དྲ་འབུ་མཁས་པ་ཚོས་མཆན་གཅིག་ཀྱང་བྲིས་མི་འདུག ཧ་ཧ་ངོ་མ་་་་་་་་
༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས”་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་རེད་”ཅེས་སྡོམ་ཚིག་གནང་བ་ལྟར་དེང་སང་འཛམ་བུ་གླིང་བའི་མིག་ལྡན་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད་པར་མ་ཟད། ལོ་རྒྱུས་སྨྲ་བ་ཚོས་བོད་ནི་འདས་པའི་ལོ་རྒྱུས་ནང་རྩོད་མེད་ཀྱི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དེ་སྐྱེ་བོ་སུ་འདྲ་ཞིག་གིས་དཀྱོག་བཤད་བྱས་ཀྱང་རྣམ་དཔྱོད་ལྡན་པ་དག་དགོད་བྲོ་བཞིན་ཡོད། སྔོན་ཉི་ཧོང་གིས་རྒྱ་ནག་ནང་བཙན་འཛུལ་བྱེད་སྐབས་རྒྱ་རིགས་སྐད་བསྒྱུར་ཚུན་ཆད་ལ་”འཇར་པན་གྱི་རྒྱུག་ཁྱིའི”་མིང་བཏགས་པ་རེད། བོད་ཀྱི་གླུ་བའི་མིང་འཁུར་མཁན་ཚོས་ལེགས་པར་སོམས།
གཉིས་མེད་སེང་གེ་བདེན།
སྔོན་རྒྱ་ནག་གིས་ནང་རུལ་པ་ཚར་བཅད་པའི་ལས་འགུལ་སྤེལ་ཡོད