རི་སྤྱང་ཁེར་འགྲོ་ནས
————-
གེ་སེར་རྒྱལ་པོའི་སྒྲུང་ཡིག་ཐོག་དུ་འཁོད་སྔ་ཤོས་ནི་དུས་རབས་བརྒྱད་པའི་སྟོད་དུ་མན་ཇི་གོང་མ་ཁང་ཞིས་བཀའ་བསྒོས་ལྟར་པེ་ཅིན་དུ་༡༧༡༦་ལོར་པར་སྐྲུན་བྱས་པའི་གེ་སེར་སོག་ཡིག་མ་དེ་ཡིན་འདུག གེ་སེར་ཧོར་ཡིག་མ་དེ་བོད་ཀྱི་གེ་སེར་རྒྱལ་བོའི་སྒྲུང་ནས་ཐད་ཀར་སྒྱུར་བ་འདྲ་མིན་པར་སོག་པོའི་དམངས་ཁྲོད་དུ་བོད་རྒྱུད་ནང་ཆོས་དང་ལྷན་དུ་དར་བའི་སོག་པོ་རང་གི་ཁྱད་ཆོས་ཡོད་པའི་གེ་སེར་རྒྱལ་བོའི་སྒྲུང་ཞིག་ཡིན་འདུག གོང་མ་ཁང་ཞིས་གེ་སེར་སོག་ཡིག་མ་འདི་པར་འདེབས་བཀའ་མངགས་ཕེབས་དོན་ནི་རྒྱ་ནག་བ་དང་མན་ཇི་གོང་མ་ཚོས་ལྷ་ཆེན་པོ་རྒྱ་ནག་གི་སྐད་དུ་ཁོན་ཐིས་ཞེས་དགྲ་འདུལ་ཞིང་གཉེན་སྐྱོང་བ། དཀར་བོ་སྲུང་ཞིང་ནག་པོ་འཇོམས་མཁན་ཞིག་ཡོད་པ་་དགྲ་ལྷ་དང་མགོན་ལྷ་ཡོད་ན་མེད་ན་ཞིག་ཏུ་གསོལ་གི་ཡོད་འདུག་ལ་གེ་སེར་རྒྱལ་བོ་འདི་དགྲ་ལྷ་ཁོན་ཐིས་ཀྱི་རྣམ་སྤྲུལ་ཡིན་པའི་བཤད་ཚུལ་ཞིག་ཀྱང་ཡོད་པས་ཡིན་འདུག གླིང་སྒྲུང་ཧོར་ཡིག་མ་ནི་ཁམས་ཕྱོགས་ཀྱི་གེ་སེར་སྒྲུང་ལྟར་ནང་ཆོས་ཀྱི་བསླབ་བྱ་རྩལ་དུ་འདོན་པར་གཞོལ་བ་མ་ཡིན་པར་གེ་སེར་གྱི་ཁྱད་དུ་འཕགས་པའི་དཔའ་མཛངས་རྟུལ་ཕོད་ཀྱི་གཤིས་ཀ་རྗེན་པར་ཐོན་ཡོད་པ་ཞིག་ཡིན་འདུག
༡༧༧༦ ལོར་ར་ཞི་ཡའི་རྒྱལ་ཁམས་འགྲིམས་པ་པོ་ཕ་ལ་སི་ཟེར་བས་སོག་པོའི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་ནང་གེ་སེར་རྒྱལ་བོའི་སྒྲུང་ངོ་སྤྲོད་གནང་ཡོད་འདུག་ལ། དེ་ནས་གེ་སེར་རྒྱལ་བོའི་སྒྲུང་ཧོར་ཡིག་མ་འདིའི་ར་ཞི་ཡིའི་འགྱུར་ཞིག་༡༨༣༦ལོར་་པར་བརྒྱབ་ཡོད་འདུག དེའི་འཕྲོར་༡༨༣༩ ལོར་ཨི་ས་ཀི་འཇའ་ཀོ་སྤི་སི་ཀི་མི་ཊི་ལགས་ནས་འཇར་མན་ཡི་གེ་ནང་འགྱུར་བསྡུས་བ་ཞིག་མཛད་ཡོད་འདུག
རྙིང་མའི་སྐྱེས་ཆེན་ཁ་ཤས་ཀྱིས་གེ་སེར་རྒྱལ་བོ་ཡིད་དམ་གྱི་ངོར་བསྐྱེད་ནས་གསོལ་མཆོད་བསྙེན་སྒྲུབ་གནངགི་ཡོད་སྐད་ལ། རྗེ་མི་ཕམ་འདི་ཚང་ཡང་གེ་སར་ལ་དབྱིངས་ཞུགས་ནས་གེ་སེར་གསོལ་འདེབས་གསོལ་མཆོག་འཕྲིན་ལས་མྱུར་འགྲུབ་ཞེས་བ་དགོངས་གཏེར་ལ་ཕེབས་པ་རང་ལོ་སུམ་ཅུའི་ནང་ལོ་ངོ་གསུམ་གྱི་རིང་ཡིག་ཐོག་ཏུ་ཕབ་ཡོད་འདུག་ལ་གསོལ་འདེབས་འདིའི་ནང་གེ་སེར་འཁོར་བཅས་ལ་གདུང་ཤུགས་དྲག་པོས་འབོད་པ་བཏང་ནས་ས་ལམ་མྱུར་དུ་འགྲུབ་པའི་སྡོང་གྲོགས་སུ་གསོལ་འདེབས་ཞུས་ཡོད་སྐད། རྗེ་མི་ཕམ་ནི་ ༡༨༤༦ལོར་བལྟམས་ནས་༡༩༡༢ལོར་འདས།
༡༩༣༠ནང་ནས་བཟུང་བོད་རིག་ཞིབ་འཇུག་པ་མཁས་དབང་རོའོ་ཧྥུ་སི་ཊན་ལགས་ཀྱིས་གླིང་སྒྲུང་ལ་ཉམས་ཞིབ་གནང་འགོ་བཙུགས་ཏེ་༡༩༥༦ལོརདུས་རབས་༡༩བའི་མཇུག་དང་དུས་རབས་༢༠བའི་མགོར་ཕྱོགས་བསྒྲིགས་མཛད་པའི་སྡེ་དགེ་གླིང་ཚང་གི་གེ་སར་གླིང་སྒྲུང་ཤིང་དཔར་མ་པོ་ཏི་གསུམ་མངའ་བ་ཅན་ཧྥ་རན་སའི་སྐད་དུ་འགྱུར་རགས་ཙམ་ཞིག་མཛད་ནས་༡༩༥༩་ལོར་གེ་སེར་གླིང་སྒྲུང་ལ་ཉམས་ཞིབ་ ཟབ་རྒྱས་གནང་བའི་བརྩམས་ཆོས་དེབ་རྒན་མ་ཤོག་ལྷེ་༦༠༠་ཅན་ཞིག་ཧྥ་རན་སིའི་ཡི་གེ་ནང་པར་སྐྲུན་གནང་ཡོད་འདུག བརྩམས་ཆོས་འདི་ཕྱི་གླིང་བའི་སྐད་ནང་གེ་སར་གླིང་སྒྲུང་ཐད་ཞིབ་འཇུག་ཐོན་པ་རྒྱས་ཤོས་དེ་ཡིན་འདུག
དེའི་རྗེས་སུ་་༡༩༦༥ལོར་སློབ་དཔོན་རབས་འབྱམས་པ་ཆེན་པོ་ཧེར་མན་སི་ལགས་ཀྱིས་ཨ་མདོ་ས་ཁུལ་གྱི་སྒྲུང་ཡིག་གཞིར་བཞག་ཏེ་གླིང་སྒྲུང་ཉམས་ཞིབ་རྒྱས་བ་ཞིག་འཇར་མན་སྐད་དུ་ཐོན་ཡོད་འདུག་ལ །སྐུ་ཞབས་ཧར་མན་ལགས་ཀྱིས་གླིང་སྒྲུང་ནི་བོད་བྱང་ཤར་གྱི་འབྲོག་པ་ཚོའི་དཔའ་མཛངས་རྟུལ་ཕོད་ཀྱི་བྱུང་བ་བརྗོད་་པ་ཞིག་རེད་ཅེས་གསུངས་ཡོད་འདུག
དུས་རབས༢༠་པའི་མགོར་ཡི་ཤུའི་ཆོས་སྤེལ་མཁན་ཧྥི་རན་ཀི་ལགས་ནས་ལ་དཱགས་དང་ཟངས་དཀར་ས་ཁུལ་གྱི་གླིང་སྒྲུང་ཕྱོགས་སྒྲིག་དང་འགྱུར་མཛད་ནས་ལ་དྰགས་ཞོལ་མའི་གེ་སེར་དཔའ་རྟུལ་གྱི་སྒྲུང་ཞེས་བ་ཐོན་ཡོད་འདུག།
ད་བར་དབྱིན་ཇིའི་སྐད་ནང་འཁོད་པའི་གླིང་སྒྲུང་དར་ཁྱབ་ཆེས་ཤོས་དེ་ཨ་ལའི་ཀི་ཛན་སྒྲི་ར་ཊེ་བའི་ཊི-ནེ་ལགས་ཀྱིས་ཐོག་མར་ཧྥ་རན་སའི་སྐད་དུ་མཛད་པ་༡༩༣༡་ལོར་པར་ཏུ་བཏབ་ནས་སླར་ཡང་་༡༩༣༣་ལོར་དབྱིན་སྐད་ནང་པར་སྐྲུན་ཞུས་བ་དེ་ཡིན་འདུག་ལ། ཧྥ་རྒན་མ་འདི་བོད་མ་ཤོར་གོང་རང་གི་འདེ་འཇགས་དང་ཕྱི་གླིང་བའི་རྣམ་པ་འགེབས་སྲུང་ཆེད་ནང་བའི་རྣལ་འབྱོར་མ་ཞིག་ཏུ་བརྫུས་ཤིང་རང་གི་བུ་ཚབ་བླ་མ་ཡོན་ཏན་ཟེར་བ་ཞབས་འབྲིང་དུ་འཁྲིད་ནས་བོད་ནང་ལ་བསྐྱོད་ནས་ཁམས་དང་ཨ་མདོ་དབུས་སོགས་སུ་བོད་ཀྱི་ཆོས་དང་ཤེས་རིག རང་བྱུང་གི་བཀོད་པ་སོགས་ལ་སྐོམ་པ་ཆུ་འདོད་པ་ལྟར་རྒྱུས་ལོན་གནང་འདུག ཁོ་མོར་ཤར་ཕྱོགས་རྒྱལ་ཁའི་ཆོས་རིག་དང་ཡུལ་གོམས་སྐོར་བརྩམས་དེབ ༣༠་ལྷག་ཡོད་པའི་ཁྲོད་བོད་ཀྱི་ཆོས་རིག་སྐོར་བརྩམས་ཆོས་ཁ་ཤས་ཤིག་ཡོད་ལ། གཅིག་དེ་ གླིང་གེ་སེར་གྱི་ཁྱད་དུ་འཕགས་པའི་མི་ཚེ་ཞེས་དབྱིན་འགྱུར་ནང་ཤོག་ངོས་༣༠༠་ལ་ཉེ་བ་འདི་སྐབས་དེར་མོ་བོད་ནང་དུ་གསང་སྟབས་སུ་བསྐྱོད་སྐབས་སྐྱེས་དགུ་མདོར་ཤན་པ་སྡིག་ཅན་གྱི་སྤྲུལ་བར་ཁས་འཆེས་མཁན་སྒྲུང་བ་རྒད་པོ་ཞིག་མོའི་ཤག་ཏུ་གདན་འདྲེན་གྱིས་ཟླ་བ་གཅིག་ལྷག་རིང་གེ་སེར་སྒྲུང་བཤད་དུ་བཅུག་བ་མོ་དང་བླ་མ་ཡོན་ཏན་གཉིས་ཀྱིས་ཟིན་བྲིས་སུ་འཁོད་པ་ད ང་སྐབས་དེར་ཞལ་མཇལ་ལག་སོན་བྱུང་རིགས་སྒྲུང་དཔེ་དང་གཞན་ཡང་སྒྲུང་བ་གཞན་གྱི་ངག་རྒྱུན་གེ་སེར་སྒྲུང་ཡང་གཞིར་འཞག་ཏེ་རྩོ་མ་སྒྲིག་བྱས་བ་ཞིག་རེད་འདུག མོེ་རང་ཨ་མདོར་བསྐྱོད་སྐབས་རྗེ་སྐུ་འབུམ་དུའང་ཟླ་བ་གསུམ་ཙམ་བཞུགས་ཤིང་། ཨ་མྱེས་རྨ་ཆེན་འདི་གེ་སེར་བླ་རི་ཡིན་པ་མཁྱེན་འདུག་ལ་གངས་སྐོར་ཡང་བྱས་འདུག་མོད། བོད་བྱང་ཤར་མཚོ་སྔོན་ན་འབྲོག་པ་དྲེལ་བོའི་ཚོ་ཁག་མང་པོ་འདུག་དང་མགོ་ལོག་གི་འབྲོག་པ་གླིང་གེ་སེར་ལ་དད་འདུན་ཆེན་པོ་ཡོད་སྐོར་ལས་ཨ་མདོ་ཡུལ་ན་ས་དར་རྡོ་དར་ཡིན་པའི་གླིང་སྒྲུང་རིག་པར་གསལ་ཁ་ཆེར་མེད་པར་གཞིགས་ན་ཁོང་མ་བུ་གཉིས་ཨམ་སྐད་ལ་གོམས་འདྲིས་ཞན་པ་ཤེས་ཐུབ།
གཞན་སོག་པོ་ཚོས་གེ་སེར་རྒྱལ་བོ་འདི་སོག་པོའི་གདུང་རྒྱུད་ལས་བོད་མི་ཡིན་པར་བརྩི་གི་ཡོད་ཚོད་མི་འདུག་ལ། རྒྱ་གར་བ་སྰ་ར་ཏི་ཟླ་བ་རྡ་སིས་མཛད་པའི་བོད་ཡིག་དང་སིང་ཊི་ཏའི་ཚིག་མཛོད་ནང་གེ་སེར་ནི་ཀྲུང་ཀོའི་ཧྲན་ཞི་ཞིང་ཆེན་དུ་སྲིད་དབང་མཛད་མྱོང་མཁན་རྒྱལ་བོ་ཞིག་རེད་ཅེས་དང་སོག་པོས་སོག་པོ་ཡིན་དང་ཁམས་པས་ཁམས་པ་ཡིན་ཞེས་གེ་སེར་སྐོར་ལ་རྩོད་གཞི་ཡོད་པ་རེད་ཞེས་འགྲེལ་ཡོད་ཚོད་འདུག ཕྱི་གླིང་བའི་ཁྲོད་གེ་སེར་རྒྱལ་བོའི་སྒྲུང་འདི་ཡོ་རོབ་གྱི་དཔའ་རྒོད་ཨ་ལའི་ཁུ་རྫན་སྒྲིར་གྱི་ཆེ་བ་བརྗོད་པའི་སྒྲུང་ཡིན་ཟེར་མཁན་ཡང་ཡོད་ཚོད་འདུག
ཕྲན་ལ་སྔོན་བྱོན་མཁས་དབང་གི།།
པོ་ཏི་བརྩིགས་པའི་རྣམ་དཔྱོད་མེད།།
དེང་གི་སྨྱུག་ཐོགས་ཁྱུ་ཚོགས་ལྟར།།
ཤར་མར་འབྲི་བའི་རྩལ་ཡང་བྲལ།།
བུ་་དང་ཆུང་མ་གཉིད་བའི་རྗེས།།
མཚན་གྱི་ལྷིང་འཇགས་གྲོགས་བསྟེན་ཏེ
རྩག་སྐྱ་འཚེམ་པའི་ངང་ཚུལ་འདིར།།
དཔྱོད་ལྡན་ཧེ་ཧེ་མ་དགོད་ཅིག
བུ་དང་ཆུང་མ་གཉིད་ཀྱི་ཞིང་ཁམས་འགྲིམ། །
ལོས་ཡིན་ཉི་མ་གཅིག་གི་ངལ་གསོའི་དུས། །
ཁྱོད་རང་ད་དུང་སྒྲོན་མེའི་འོག་ན་བྲེལ། །
ལོས་ཡིན་ཉི་མ་གཅིག་གི་ལྷིང་འཇགས་དུས། །
ཕྱི་གླིང་ལ་འཁྱར་བའི་ཡིག་ཚགས་ཐར་ཐོར་ལས་ཐར་ཐོར་ཞིག་བཏུས་ནས་འདི་རུ་བཀོད་པ་དགེ
སོག་པོའི་སྒྲུང་ནང་གི་མི་སྣ་གྲགས་ཅན་དེ་ལ་སོག་སྐད་ནང་དུའང་གེ་སར་ཟེར་གི་ཡོད་པ་རེད་དམ་ཡང་ན་མིང་གཞན་ཞིག་འབོད་གི་ཡོད་པ་རེད།
གེ་སར་ལྷ་ཁང་གི་རྒྱ་ལྷ་གེ་སར། གླིང་གེ་སར། གེ་སར་དམག་གི་རྒྱལ་པོ། སོག་པོའི་གེ་སར་སོགས་གེ་སར་གི་མིང་ཅན་མང་པོ་ཞིག་འདུག དོན་དམ་གེ་སར་ཟེར་ན་དོན་དག་ཅི་རེདད། གེ་སར་སར་སྡང་བའི་དགྲ་ལ་སར་ཟེར་ནས་དཔའ་བོའི་དོན་ལ་འགྲེལ་བ་དོན་ལ་གནས་སམ།
གེ་སར་ཟེར་ན་བོད་གི་ཐ་སྙད་དྭངས་མ་ཞིག་མིན་པ་འདྲ་བོ་འདུག གེ་སར་དམག་གི་རྒྱལ་པོའམ་གཞན་སོགས་ལ་དཔེ་བལྟས་ནས་གེ་སར་ནོར་བུ་དགྲ་འདུལ་ཟེར་ནས་མིང་བཏགས་པའང་ཡིན་མི་སྲིད་པ་མ་རེད་སྙམ།
གནའ་སྔ་མོའི་ལྷ་ཀླུ་གཉན་བཙན་སྟག་ཁྲི་སྟོང་སོགས་གི་མིང་ལས་་དྲས་པའི་ཁོངས་སུའང་མིང་འདི་མི་གཏོགས། རྗེས་གི་ནང་ཆོས་དང་འབྲེལ་བའི་མིང་འདོགས་སྲོལ་ནང་ལའང་འདི་མི་ཐེ། དོན་ངོ་མ་གེ་སར་ཟེར་ན་ཅི་ཡིན་ལ་ང་ཡོངས་སུ་རྨོངས་བར་གྱུར་ན་དཔྱོད་ལྡན་ཅིག་གི་ལན་ལ་རེ།
གངས་དཀརཏི་སིའི་དབུ་འཕངས་དགུང་ལ་བསྟོད།།
ཁ་འབབས་ཆུ་བོ་རྣམ་བཞི་འདི་ནས་འབབས།།
མ་ཕམ་གཡུ་མཚོའི་གསང་བ་འདི་ན་འཕྱོ།།
གངས་ལྗོངས་གདོས་མའི་ཤེས་རིག་འདི་ནས་བརྡོལ།།
ཤམ་པ་ལ་ཡི་ཞིང་ཁམས་འདི་ནས་འཚོལ།།
ཤིང་འགི་རི་ལའི་རྟོགས་སྒྲུང་འདི་ནས་མཆེད།།
བོན་དང་ནང་བ་ཧིན་རྡུ་འཇན་སི་ཡིས
ལྷ་ཡི་ཞབས་རྡུལ་འཚོལ་སའང་འདི་ཉིད་ཡིན།
གེ་སེར་རྒྱལ་བོའི་དཔའ་སྙིང་དགུང་ལ་བསྟོད།།
མའཇིགས་མེད་རྟུལ་ཕོད་དཔའ་ཆེན་རྒྱལ་མཚན་རྩེར།།
དྲང་བདེན་ཤེད་ཀྱིས་སྐྱོང་བའི་བ་དན་མཛེས།།
བོས་ན་གཡོལ་བ་མེད་པའི་གཞུ་མཆོག་ལ།།
འཕྲིན་ལས་མྱུརབ་ཐོག་གི་མདའ་མོ་འཛིན།།
གདོང་དམར་བཙན་པོ་བོད་ཀྱི་སྙིངས་སྟོབས་མཚོན།།
ཁ་བ་གངས་རིའི་ཡུལ་མིའི་གཤིས་ཀ་མཚོན།།
དཀར་བོའི་ལས་ལ་འཇུག་པའི་སེམས་དཔའ་ཆེ།།
ནག་པོའི་སྲོག་ལ་རྒོལ་པའི་གཉན་པོ་ཐོག།
སོག་པོའི་སྒྲུང་ནང་གེ་སེར་ཁན་ཟེར་གི་ཡིན་ཚོད། སོག་སྐད་དུ་ཁན་ཞེས་བ་རྒྱལ་བོ་མ་རེད་བས།
གངས་དཀར་ཏི་སིའི་དབུ་འཕངས་དགུང་ལ་བསྟོད།།
ཁ་འབབས་ཆུ་བོ་རྣམ་བཞི་འདི་ནས་འབབས།།
མ་ཕམ་གཡུ་མཚོའི་གསང་བ་འདི་ན་འཁྱིལ།།
གངས་ལྗོངས་གདོད་མའི་ཤེས་རིག་འདི་ནས་འབུས།།
ཤམ་པ་ལ་ཡི་ཞིང་ཁམས་འདི་ནས་འཚོལ།།
ཤིང་འགི་རི་ལའི་རྟོགས་སྒྲུང་འདི་ནས་མཆེད།།
བོན་དང་ནང་བ་ཧིན་རྡུ་འཇན་སི་ཡིས
ལྷ་ཡི་ཞབས་རྡུལ་འཚོལ་སའང་འདི་ཉིད་ཡིན།
གེ་སེར་རྒྱལ་བོའི་དཔའ་སྙིང་དགུང་ལ་བསྟོད།།
འཇིགས་མེད་རྟུལ་ཕོད་དཔའ་ཆེན་རྒྱལ་མཚན་རྩེར།།
དྲང་བདེན་ཤེད་ཀྱིས་སྐྱོང་བའི་བ་དན་མཛེས།།
བོས་ན་གཡོལ་བ་མེད་པའི་གཞུ་མཆོག་ལ།།
འཕྲིན་ལས་མྱུར་བ་ཐོག་གི་མདའ་མོ་འཛིན།།
གདོང་དམར་བཙན་པོ་བོད་ཀྱི་སྙིངས་སྟོབས་མཚོན།།
ཁ་བ་གངས་རིའི་ཡུལ་མིའི་གཤིས་ཀ་མཚོན།།
དཀར་བོའི་ལས་ལ་འཇུག་པའི་སེམས་དཔའ་ཆེ།།
ནག་པོའི་སྲོག་ལ་རྒོལ་བ་གཉན་པོ་ཐོག།
སོག་པོའི་གེ་སེར་ཁན་གཅིག་་བྱས་ན་ལོ་རྒྱུས་སྟེང་གི་མི་སྣ་ཞིག་ཡིན་ཀྱང་སྲིད།་སོག་པོའི་ལུགས་ལ་གེ་སེར་ཁན་ནི་གཡུལ་འབྱེད་དགྲ་ལྷ་དང་འབྲོག་པ་ཚོའི་མགོན་ལྷར་བརྩི་གི་ཡོད་ཚོད་ལ །འདི་ནི་ནང་བ་དང་སོག་པོའི་ཡུལ་ཆོས། སོག་པོའི་རྩོམ་རིག་སོགས་ནང་འདོེད་པ་གཅིག་མཚུངས་ཡིན་འདུག གེ་སེར་ཁན་གྱི་སྒྲུང་འདིར་སོག་པོའི་ལྷ་སྒྲུང་དང་སྲིད་པ་ཆགས་རབས་སོགས་ཀྱི་ཕྱུག་པར་བརྒྱན་ཡོད་སྐད།
གེ་སེར་ཁན་དང་ཐོག་དེར་ར་ཤི་ཡིའི་ཁོངས་སུ་ཡོད་པའི་སྤི་རི་ཡ་མོན་གྷོལ་ཚོ་ཁག་ནས་གསོལ་མཆོད་གནང་གི་ཡོད་སྐད་ལ།མོན་གྷོལ་ལི་ཡ་རང་ལ་དུས་རབས་༡༧་གི་མགོར་མ་གཏོགས་དར་ཡོད་མི་འདུག་སྐད།
སོག་པོའི་གེ་སེར་ཁན་གྱི་སྒྲུང་འདི་དབྱིན་འགྱུར་ཐན་ཐུན་ཞིག་མཇལ་མྱོང་བར་གདོད་མའི་འཚོ་བའི་བརྗིད་ཉམས་ཤིན་ཏུ་ཆེ་གི།
གླིང་གེ་སར་གྱི་སྒྲུང་གི་ྩ་བ་་འདི་རོམ་གྱི་གི་སི་སར་(Cesar of Rome) ཟེར་བའི་སྒྲུང་ལས་འཕེལ་རྒྱས་བྱུང་བའི་སྐོར་ཡང་ཤོད་སྲོལ་འདུག
སྒྲུང་འདི་ངག་རྒྱུན་ཐོག་དར་ཁྱབ་ཆེན་པོ་བྱུང་ནས་རྒྱལ་ཁབ་མང་པོའི་ནང་འཕེལ་རྒྱས་བྱུང་འདུག བོད་ལ་དེའི་ཤུལ་གྱིས་མི་རབས་ནས་མི་རབས་བར་དར་བ་མིན་འགྲོ་ྙམ། བོད་ནང་སྒྲུང་པ་རྣམས་ཕ་ཚ་བུ་རྒྱུད་ཐོག་དར་བ་ལས། གཉིད་ལམ་སོགས་ནས་གློ་འབུར་རྡོལ་བ་རེད་ཟེར་བ་འདི་ཁུངས་ལུངས་མིན་འདུག རྒྱུ་མཚན་ནི། སྒྲུང་པ་དྲང་པོ་ཁ་ཤས་ཀྱིས་མི་ཚེའི་རྗེས་ལ་གསང་བ་ཕྱི་ལ་རྟོལ་ནས། སྒྲུང་འདི་དག་ངའི་ཕས་ཆུང་བྱིས་པའི་སྐབས་ནས་མལ་སའི་ནང་བསླབས་བྱུང་། རྗེས་མ་ངས་སྣོན་མ་རྒྱབ་ནས་འཕེལ་རྒྱས་བཏང་བ་ཡིན་ཟེར་མཁན་ཡང་བྱུང་འདུག